གནས་ཚུལ་གཏོང་མཁན། ཆོས་ཉིད།
ད་ལོ་དམིགས་གསལ་གྱིས་བརྡ་ཆད་སྐོར་གྱི་སྒྲིག་སྟངས་སུ་བརྡ་ཆད་ཀྱི་རྩ་བའི་དབྱེ་བ་༡༦ལས་ནང་སྲས་༡༡༠ལྷག་ཅིག་བགར་བའི་སྐོར་ལ་ཟབ་སྦྱོང་དང་བགྲོ་གླེང་། བསམ་ཚུལ་བསྡུ་ལེན་བྱས་ཡོད་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ སྟེང་། བཞུགས་སྒར་ངྷ་སའི་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་༥པ་ཉིན་གཉིས་རིང་བསྐོང་པ་མཇུག་ལེགས་གྲུབ་ཅིང་། རྒྱ་བལ་གཉིས་ཀྱི་ཕྱོགས་མཐའ་ཁག་ནས་ཕེབས་པའི་རྩོམ་སྒྲིག་པ་༤༥ལྷག་འབྱོར་ཡོད་པ་དང་།
འདི་ག་གསར་འགོད་པས་དགེ་བཤེས་སྨོན་ལམ་ལགས་སུ། ཉིན་གཉིས་རིང་ཚོགས་འདུར་གྲུབ་འབྲས་ཇི་འདྲ་བྱུང་བ་དང་ལས་འཆར་གྱི་ངོ་བོར་ཕན་པའི་ལག་སོན་ཅི་ཞིག་བྱུང་ཡོད་མེད་སྐོར་ལ་བཅར་འདྲི་བྱས་དོན། དགེ་བཤེས་ལགས་ཀྱིས་བརྗོད་དོན། གཅིག ད་རེས་ཚོགས་ཞུགས་རྩོམ་སྒྲིག་པ་༤༥ཞིག་མཉམ་འདུས་ཀྱིས་རྩོམ་སྒྲིག་ཚོགས་ཆུང་སོ་སོས་ལོ་གཅིག་རིང་ལས་ཀ་བྱས་པའི་གྲུབ་འབྲས་རྩིས་ལེན་བྱས་པ་དང་ཚོགས་ཆུང་ཁ་ཤས་ཀྱིས་དུས་ལྟར་ཕུལ་མ་ཐུབ་བྱུང་ཡོད། གཉིས་ནི་ང་ཚོས་ཚིག་མཛོད་རྩོམ་སྒྲིག་བྱེད་སྟངས་ཀྱི་རིམ་པ་ཞིག་འདས་པའི་ལོ་ངོ་རྣམས་ཀྱི་རིང་ནས་ལས་ཀྱི་ཡོད་ལ། ད་ལོ་དམིགས་གསལ་གྱིས་བརྡ་ཆད་སྐོར་གྱི་སྒྲིག་སྟངས་སུ་སྔོན་མའི་སྤྱི་ཡོངས་ཀྱི་སྒང་ལ་ཞིབ་ཚགས་སུ་བཏང་སྟེ། བརྡ་ཆད་ཀྱི་རྩ་བའི་དབྱེ་བ་༡༦ལས་ནང་སྲས་༡༡༠ལྷག་ཅིག་བགར་བའི་སྐོར་ལ་ཟབ་སྦྱོང་དང་བགྲོ་གླེང་། བསམ་ཚུལ་བསྡུ་ལེན་བྱས་པ་ཡིན། གསུམ་པ་ནི་ཚིག་མཛོད་རྩོམ་སྒྲིག་གི་མཉེན་ཆས་བེད་སྤྱོད་གཏོང་སྟངས། ལས་ཀའི་ཉམ་མྱོང་དང་སྦྲགས་མ་འོངས་པའི་ལས་འཆར་སྐོར་ལ་བསམ་ཚུལ་དང་ང་ཚོས་ག་རེ་བྱེད་ཐུབ་མིན་སོགས་ཀྱི་སྐོར་ནས་ཧ་ཅང་གིས་བགྲོ་གླེང་འཁྲུགས་པོ་དང་ཡག་པོ་བྱུང་སོང་།
གལ་ཆེ་ཤོས་ཤིག་ལ་རྩོམ་སྒྲིག་པ་རྣམས་ཆོས་བརྒྱུད་གྲུབ་མཐའ་ཡོངས་སུ་རྫོགས་པ་ནས་གྲྭ་དྲག་གྲོས་རྣམས་ཕེབས་པ་ཡིན་ཙང་། ཕན་ཚུན་ངོ་ཤེས་དང་མཐུན་ལམ་སྒྲིག་པ་ནི་སོ་སོའི་ངོས་ནས་ཀྱང་ཧ་ཅང་གིས་རྩ་ཆེན་པོ་ཞིག་ཏུ་བརྩི་ཡི་ཡོད། རྩ་བའི་ཚོགས་འདུའི་དམིགས་ཡུལ་ནི་ལོ་རྟག་པར་ཚོགས་བཞིན་པ་དང་གཅིག་ཡིན་པ་དང་། མ་འོངས་པར་ག་རེ་བྱེད་དགོས་མིན་སྐོར་ལ་གྲོས་བསྡུར་གཙོ་བོ་བྱས་པ་ཡིན། ཞེས་དང་།
གཞན་ཡང་སྐབས་འདིའི་ཚོགས་འདུའི་བརྗོད་གཞི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ཐ་སྙད་བརྡ་ཆད་གཏན་འབེབས་སུ་ཐ་སྙད་ག་ཚོད་ཀྱི་སྔོན་དཔག་ཚོད་རྩིས་ཡོད་དམ། ཁོང་གིས་བརྗོད་དོན། འདས་པའི་ལོ་གསུམ་གྱི་རིང་ལ་ངྷ་སའི་རྩོམ་སྒྲིག་ཆུང་གི་ངོས་ནས་ཐ་སྙད་ཁྲི༩དང་ཆོས་བརྒྱུད་ཁག་ནས་ཐ་སྙད་ཁྲི་༢བཅས་སྤྱི་ཚོགས་སུ་བཀྲམས་ཚར་ཡོད་པ་དང་། དེ་ལ་ཞུ་དག་ཐེངས་དགུ་བྱས་ཡོད། རྗེས་མའི་ལོ་དྲུག་པར་ཐོན་དུས་ཆོས་བརྒྱུད་གྲུབ་མཐའ་ཁག་གི་མི་སྣ་དང་ལོ་རྒྱུས་ཀྱི་ཐ་སྙད་ཁྲི་༥ནས་༦བར་རག་པའི་འབད་བརྩོན་བྱེད་ཀྱི་ཡོད། ཅེས་དང་།
དེ་མིན་ད་རེས་ཀྱི་ཚོགས་འདུའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་ཐ་སྙད་བརྡ་ཆད་གཏན་འབེབས་བརྗོད་གཞིར་བགྲོ་གླེང་བྱས་ཏེ་རྩ་བའི་ལས་གཞིར་དགོས་མཁོ་ཆེ་བཞིག་བྱུང་སོང་ངམ། ཁོང་གིས་བརྗོད་དོན།
འདིར་ཕྱོགས་མཐའ་ཁག་གི་རྩོམ་སྒྲིག་ཚོགས་ཆུང་༣༣ཞིག་ཡོད་པ་ལས་༥ནས་༦མ་གཏོགས་ཆ་ཚང་ཕེབས་ཐུབ་ཡོད་པ་དང་། ཕེབས་པའི་རྩོམ་སྒྲིག་པ་ཚང་མ་རྣམ་དཔྱོད་ཅན་རྐྱང་རྐྱང་ཡིན་པས་ན། བསམ་ཚུལ་དང་བགྲོ་གླེང་ཕྱོགས་ནས་ང་ཚོར་ཕན་ཆེན་པོ་ཐོགས་སོང་བ་དང་། དེ་བཞིན་རིམ་པས་ང་ཚོས་ཐག་གཅོད་བྱུང་སོང་བ་ཡིན་ན། བཙན་བྱོལ་ནང་གི་མཁས་པ་དག་མཉམ་དུ་སྐོང་བའི་འཆར་གཞི་ཡོད། རྒྱལ་སྤྱིའི་སྒང་ནས་ཀྱང་བརྡ་ཆད་གཏན་འབབས་འདི་ཡིན་ཟེར་བ་ཞིག་མེད་པ་དང་། རིམ་པ་བཞིན་ག་ལེར་མ་སོང་ན་ལམ་སང་གཏན་འབེབས་བྱས་ཆོག་ཆོག་མིན་པ་དང་། བརྡ་ཆད་འདིའི་རྩ་བའི་དབྱེ་བ་༡༦ནི་སྔོན་ནས་གཏན་འབེབས་བྱས་ཡོད་པ་དང་ནང་སྲས་ཀྱི་དབྱེ་བར་ལོ་གཅིག་མ་གཏོགས་འགྲོ་མེད། ཅེས་འགྲེལ་བརྗོད་གནང་སོང་བ་བཅས།།
གསར་འགོད་པ་ཆོས་ཉིད།
ཱམ་འོངས་པར་ག་རེ་བྱེད་དགོས་མིན་སྐོར་ལ་གྲོས་བསྡུར་གཙོ་བོ་བྱས་པ་ཡིན།༽
བོད་ཀྱི་བོན་གྱི་ཆོས་ལུགས་སྐོར་ལ་མཐོང་ཆུང་དང་བརྙས་བཅོས་གྱི་ཚིག་འཁྱལ་ཁག་སྔར་རྒྱུན་ཇི་མ་ཇི་བཞིན་བཞིན་བཞག་འདུག་ཟེར་ནས་སྐད་ཆ་གོ་རྒྱུ་མང་པོ་འདུག དེ་ཚོའི་སྐོར་ལ་དགོངས་བཞེས་ཡག་པོ་གནང་རོགས་གནོངས། བོན་གྱི་མཁས་དབང་ཚོ་ལ་གོ་སྐབས་ཚད་ལྡན་ཡོད་པའི་ཐོག་ནས་སྐད་ཆ་ཚད་ལྡན་བྱས་ནས་འདྲི་རོགས། མིའི་སྔུན་ལ་སྟོན་རྒྱུ་ཡོད་པ་ཙམ་གྱིས་འགྲིག་གི་མི་འདུག གཏད་སོ་མེད་པའི་གནས་ཚུལ་རྫུན་བསྒྲིགས་བྱས་པ་ཁག་ལ་དབུ་འཁོར་མི་ཉན། ང་ཚོ་ཚང་མར་སྨོན་ལམ་ཚིག་མཛོད་འདི་ཀུན་སྨོན་ཚིག་མཛོད་ཅིག་ཏུ་འགྱུར་བའི་རེ་བ་ཆེན་པོ་ཡོད། ལྷག་པར་དུ་བོད་རང་ས་ནས་བྱུང་བའི་བོན་དང་རིག་གནས་ལོ་རྒྱུས་དང་བཅས་པའི་མིང་ཚིག་ཁག་བོད་རང་སྐད་རང་ལུགས་སོར་བཞག་བྱས་པ་ཞིག་བྱུང་ན་ཨེ་མ་ངོ་མཚར་ཆེའོ། །
༼ངྷ་སའི་རྩོམ་སྒྲིག་ཆུང་གི་ངོས་ནས་ཐ་སྙད་ཁྲི ༩ དང་ཆོས་བརྒྱུད་ཁག་ནས་ཐ་སྙད་ཁྲི་ ༢ བཅས་སྤྱི་ཚོགས་སུ་བཀྲམས་ཚར་ཡོད་པ་དང་། དེ་ལ་ཞུ་དག་ཐེངས་དགུ་བྱས་ཡོད།༽གསུངས་འདུག དེ་ཧ་ཅང་རྩ་ཆེན་པོ་རེད།
ཞུས་དག་ཐེངས་དགུ་བཏང་བའི་ཚིག་མཛོད་དེ་དྲ་ལམ་ནས་ཕབ་ལེན་ཞུ་ཐུབ་ཀྱི་ཡོད་དམ། མཁྱེན་མཁན་ཡོད་ན། དྲ་ཚིགས་ཀྱི་ཁ་བྱང་འདིར་བཞག་གནང་རོགས།
དམིགས་གསལ་གྱིས་བརྡ་ཆད། ཅེས་པ་གོ་རྟོགས་མ་སོང་། མིང་ཚིག་དག་ཁ་ནས་གང་འབྱུང་གཙོ་བོར་མ་འཛིན་པར་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པ་དེ་རྣམས་གཙོ་བོར་བཀོལ་སྤྱོད་དགོས་པ་གལ་ཆེ།
་
དགེ་བཤེས་སྨོན་ལམ་མཆོག་གིས་བོད་ཀྱི་བརྡ་མིང་ཚིག་བསྡུས་སྒྲུབ་ཀྱི་བྱ་བ་རྣམས་ས་སྟེང་འདིར་འཆད་པ་དང་། རྩོད་པ་དང་། རྩོམ་པ་ལ་ཕན་ཐོགས་མཛད་པར་དགའ་བསུ་ཞུ་འོས་ཏེ།
བོད་ཀྱི་མཁས་དབང་། དགེ་འདུན་ཆོས་འཕེལ་མཆོག་གིས། དབུས་སྤར། ཤོག་གྲངས་༣༢་མདུན་ཤོག་དང་རྒྱབ་ཤོག་བར་དང་། གསུང་འབུམ་དེབ་༣་པ། ཤོག་གྲངས།༢༧༡ དང་ ༢༧༢་དག་ན། “དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་[ཀློག་ཅིང་]གོ་ཐུབ་པ་ཡིན། དེ་མིན་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་བ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གིས་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།” ཞེས་གསུངས།
༄༅། དགེ་བཤེས་སྨོན་ལམ་མཆོག་ནས་བོད་ཀྱི་སྐད་ཡིག་སྐོར་ལ་དཔེ་མི་སྲིད་པའི་ཕྱག་ལས་གང་ལེགས་གནང་བ་བཀའ་དྲིན་ཆེ། ཐུགས་རྗེ་ཆེ་། ཁྱེད་ཀྱི་མཛད་རྗེས་ནི་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ནས་ནམ་ཡང་བརྗེད་མེད་ཡིད་ལ་དྲན་་པལགས།
ཁྱེད་སྐུ་ཚེ་རིང་བ་ཤོག་ཅེས་དཀོན་མཆོག་གསུམ་ལ་སྨོན་ལམ་འདེབས་ཀྱི་ཡིན།
BONPO ལགས། ཁྱེད་རང་ནས་བོན་ཕྱོགས་ཀྱི་རྩོམ་སྒྲིག་སྡེ་ཚན་ནང་ཆ་ཤས་ལེན་རྒྱུ་གལ་ཆེན་རེད། བསམ་ཚུལ་གང་ཡོད་བོན་ཕྱོགས་ཀྱི་རྩོམ་སྒྲིག་པར་ཞུ་རྒྱུ་གལ་ཆེ། ཉིད་ནས་བཤད་པ་ཙམ་མ་ཡིན་པར་དངོས་སུ་ལས་ཀ་བྱེད་པར་རེ་བ་ཞུ།
རང་ཅག་གིས་ཆོས་སྐད་དུ་བྲིས་པའི། ཞེས་པར་རང་ཅིག་གི ཞེས་འབྲེལ་པའི་སྒྲ་དགོས་སོ།
bonpo་ག་དུས་ཡིན་ཕྱོགས་ཞེན་རྐྱང་རྐྱང་བཤད་ཀི
ལ་དྭགས་པ། བརྡ་ཆད་ལབ་ན་ཁྱོད་ཀྱིས་གོ་གི་མ་རེད། དཔེར་ན་སྦར་བྱི་དང་། མཐེབ་སྡེར་ཟེརནའང་གོ་མདོག་མི་འདུག
ངས་རྟག་པར་བོད་ཡིག་ལེགས་པར་སྦྱོངས་ཟེར་བ་འདི་ལ་ཟེར་བ་ཡིན། བོད་ཀྱི་མིང་ཚིག་ཇེ་ཕྱུག་ནས་ཇེ་ཕྱུག་ཏུ་འགྱུར་གྱིན་ཡོད།
དགེ་ཆོས་ཀྱི་གསུངས་དེ་དགོངས་པ་ཅན་རེད། དེང་སང་གི་གནས་སྐབས་འདི་འདྲ་མཐོང་ན་ཁོང་གིས་དེ་འདྲ་གསུངས་མི་སྲིད།
དྲང་པོ་བཤད་ན་མི་མི་དགའ། རྒྱུགས་པ་གཡུག་ན་ཁྱི་མི་དགའ། ཅིའི་མི་བདེན།
རང་ཉིད་བོད་ལུས་སུ་སྐྱེས་པའི་མི་བུ་ཞིག་གིས་བོན་ལ་ཕྱོགས་ཞེན་བྱས་ན་བྱེད་རིན་ཡོད་པ་དང་བྱེད་འོས་པ་ཞིག་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དངོས་གནས་དེ་རེད་དོ། འདིས་མ་འོངས་བོད་ཀྱི་སོན་རྩ་ཚོ་ཐ་ངན་དུ་མི་ཐོན་པར་ཕན་ན་མ་གཏོགས་གནོད་མི་ཡོང་།
སྤྱིར་སྟངས་མཁྲིས་ནད་ཅན་གྱི་མིས་དུང་སེར་པོར་མཐོང་སྲོལ་ཡོད་རེད།
ཆོས་ལུགས་ར་མ་ལུག། སྐད་ར་མ་ལུག། ལུང་པ་ར་མ་ལུག། མི་ར་མ་ལུག།
འཇིགས་རྟེན་འདིར་ཕྱོགས་ཞེན་མེད་པའི་མི་ཞིག་སྟོན་རྒྱུ་ཡོད་ན་ད་ལྟ་རང་སྟོན་ཤོག། བལྟ་འདོད་ཡོད། དགའ་བྱེད་ཚང་ལ་ཕྱོགས་ཞེན་ཟེར་བ་བཀའ་ཕུག་གི་ཡོད་ལེ་མ་རེད། ངོ་མ་མི་གསེར་འདྲ་ལེ་ཞིག་ཡིན་ལེ་རེད། ཧཧཧ
དམིགས་གསལ་གྱིས་བརྡ་ཆད། ཅེས་པའི་དོན་འཆད་དགོས་པ་ལས། བཤད་མ་ཐུབ་པར་བབ་ཅོལ་སྨྲ་བ་ནི།
་
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལས།
གླུད་ནུབ་སྒོར་སྐྱེལ་བཞིན་དོན་རེ་ཆུང་།།
དེ་བས་ད་ལྟ་ཨ་རི་ནས་བསྐུར་འབྱོར་ཁམས་སྡེ་དགེའི་སྤར་ཁང་ལ་གཟིགས།
https://www.nytimes.com/2017/03/21/world/asia/tibet-derge-parkhang-buddhist-texts-ancient-printing-press.html?
ངས་ཐེངས་ཁ་ཤས་ཤིག་ལ་སྨོན་ལམ་ཚིག་མཛོད་ཁོང་གི་དྲ་ཐོག་ནས་ཕབ་ལེན་བྱས་པ་ཡིན། འོན་ཀྱང་ལེགས་གྲུབ་གཅིག་ཀྱང་བྱུང་མ་སོང་། གལ་ཏེ་ངའི་གློག་ཀླད་ཀྱི་ཆ་རྐྱེན་གྱིས་མ་འདང་བ་རེད་ཟེར་ན། ངས་དྲ་ཐོག་གཞན་ནས་བོད་ཡིག་འཕྲུལ་དེབ་བརྒྱ་ཕྲག་ཙམ་ཕབ་ལེན་བྱས་པ་ཡིན། དཀའ་ངལ་གང་ཡང་ཕྲད་མ་སོང་། ཅི་ཕྱིར་སྨོན་ལམ་དྲ་ཐོག་ནས་འཕྲུལ་དེབ་ཕབ་ལེན་བྱེད་ན་དཀའ་ངལ་ཕྲད་དགོས་པ་རེད། དྲི་བ་འདི་ནི་ཡང་ནས་ཡང་དུ་སེམས་ལ་ཤར་གྱི་འདུག ངའི་གློ་ཀླད་ཀུ་ཤུ་རྟགས་ཅན་གསར་ཤོས་གྲལ་རེད། །
བོན་ཆོས་སུ་སྐད་པ་འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དངོས་གནས་དེ་ག་འདྲ་སེ་ཆགས་པ་རེད།
བོན་ཆོས་དེ་ཁུངས་མེད་ལུང་མེད།
བོན་ཆོས་ཟེར་བ་སུས་བསྒྱུར་བ་རེད། གང་ནས་བྱུང་བ་རེད།
སྔོན་མ་སྐད་ཡིག་གང་དུ་ཡོད་པ་རེད། སྐད་ཡིག་དེ་ག་རེ་རེད།
སྐད་ཡིག་དེ་འདྲ་ཞིག་ཡོད་པའི་ཁུངས་ག་བ་ཡོད།
བོན་པོ་ཟེར་བ་དེ་གསལ་བོ་ཞིག་བཤད་རོགས།
རེ་རེ་བཞིན་གསལ་པོ་བཤད་དགོས། ལྷ་སྒྲུང་ལྟ་བུ་དང་གནའ་སྒྲུང་དེ་འདྲ་སྔར་ཡང་ཁས་མ་བླངས་ལ་ད་ཡང་ཁས་མི་ལེན་ནོ།།
ཁུངས་ལུང་མེད་པར་གྱུར་ཟིན་པའི་མི་བུ་ང་མིན་ང་འདྲ་ཞིག་ལ། ཁུངས་ལུང་ཅན་གྱི་ཡབ་མེས་གོང་མའི་མཛད་འཕྲིན་གླེང་ན་དགོས་པ་རྒྱུ་མཚན་ཡོད་པ་ཆེར་མ་མཐོང་། བོད་ཡུལ་ཁུངས་ལུང་མེད་པར་བཟོས། བོད་སྐད་ཡིག་ཁུངས་ལུང་མེད་པར་བཟོས། བོད་ཀྱི་རིག་གནས་ལོ་རྒྱུས་དང་བཅས་པ་ཁུངས་ལུང་མེད་པར་བཟོས། ད་དུང་ཁུངས་ལུང་གླེང་ན་ངོ་མི་ཚའམ། །