གངས་དཀར་རྒྱལ་སྲས།
—-ཁ་ཤགས་སྒྱུ་རྩལ་བ་མགོ་ལོག་འཇམ་དབྱངས་བློ་གྲོས་ལ་སྤྲིངས་པ།
ཁ་ཤགས་བཤད་ཅིང་བཤད་གར་འཁྲབ་དུས་སུ།།
སྤྱི་ཕན་བསམ་བློའི་མེ་ཏོག་མཛེས་པར་སྙམ།།
བྱེས་བཞུགས་བོད་མིར་སྤྱི་སྡིག་བྱས་པ་ཡིས།།
ཡིན་མདོག་མདོག་གི་གདོང་འབག་ས་ལ་ལྷུང་།།
རེད་དེ། ནམ་རྒྱུན་སྤྱི་ཚོགས་ཀྱི་མིག་མདུན་དུ་སློབ་གསོ་དང་རིག་གཞུང་ལ་སོགས་ཀྱི་སྐོར་ནས་བཞད་གར་འཁྲབ་ནས་མིའི་སྣང་ངོར་འཇམ་དབྱངས་བློ་གྲོས་ཟེར་ན་མི་ཚད་ལྡན་ཞིག་རེད་སྙམ་པའི་སྣང་བརྙན་ཞིག་སྐྲུན་ཡོད་མོད། སྐད་འཕྲིན་ཚོགས་པ་ཞིག་ནས་དོན་དག་ཆུང་ཆུང་ཞིག་བརྩད་དེ་བོད་ཀྱི་བདེན་མཐའ་རྩོད་བཞིན་པའི་བྱེས་བཞུགས་བོད་མི་ཚོ་ལ་སྤྱི་སྡིག་བྱས་པས་ཁོའི་ཟོལ་བཅོས་ཀྱི་རྣམ་པ་འཇིག་ཏེ་རང་གཟུགས་ངོ་མ་ལྷང་ལ་འབུད་འགོ་བརྩམས།
མི་བསད་གྱོད་ཕམ་རྐུ་བྱས་བུ་ལོན་སོགས།།
མེད་པའི་སྤྱི་ཚོགས་གང་དུ་མ་མཆིས་བཞིན།
འདི་ན་ཡོད་སྲིད་དེ་ན་ཧ་ཅང་མང་།།
རི་འདྲ་བཞག་ནས་ཤིག་འདྲ་གླེང་དོན་ཅི།།
མི་བསད་གྱོད་ཕམ་ཐམས་ཅད་རྒྱ་གར་བྲོས་སོགས་ཟེར་བ་ནི་དོན་དངོས་དང་མི་མཐུན་ཏེ། ཁོས་བཤད་པ་ལྟར་ན་གཞིས་ལུས་བོད་མིའི་ཁྲོད་ན་མི་བསད་གྱོད་ཕམ་སོགས་གཅིག་ཀྱང་མེད་དེ་ཐམས་ཅད་རྒྱ་གར་ལ་བྲོས་སོང་། དེ་འདྲ་ཡིན་སྲིད་དམ།མི་བསད་གྱོད་ཕམ་རེ་ཟུང་རྒྱ་གར་སོགས་ལ་བྲོས་ཡོད་ཀྱང་སྲིད་མོད། ཐམས་ཅད་བྲོས་སོང་ཟེར་ན་སུས་ཁས་ལེན་ཐུབ། འདི་ནི་དོན་དངོས་ཀྱི་གནས་ལུགས་ཀྱི་ངོ་གདོང་ལ་རྨོངས་པའི་འོལ་ཚོད་ཀྱི་སྐད་ཆ་རེད་ལ་རང་གི་མི་གཞིའི་ཚད་ཐིག་ཅིག་ཀྱང་རེད། ཁྱེད་ཚོ་མྱི་ཞིག་མ་རེད་ཁྱི་ཞིག་རེད་ཅེས་པའི་སྐད་ཆ་འདི་ལབ་པ་ཙམ་གྱིས་ཁོ་མི་རིགས་མཐུན་སྒྲིལ་དང་རིགས་ཞེན་གྱི་ཕྱོགས་ལ་ཧ་ཅང་ཐག་རིང་བ་ཤེས་ཐུབ་པས་ཁོའི་ནམ་རྒྱུན་གྱི་གདོང་འབག་དེ་རང་གི་ཁེ་བཟང་ཞིག་དང་རང་ཉིད་ཁོ་ན་ལ་ཕན་པ་ཞིག་ལས་གཞན་ཕན་དང་ལྷག་བསམ་སོགས་ལ་འབྲེལ་བ་གཏན་ནས་མེད་པ་ཤེས་སོང་།
རྒྱུ་མཚན་ནི་སྤྱི་ཚོགས་ལ་ཕན་སེམས་ཀྱི་ཁ་གཏད་ནས་བྱ་བ་ལས་མཁན་ཞིག་གིས་སྐད་ཆ་འདི་འདྲ་བཤད་སྲིད་ནི་མ་རེད། གལ་ཏེ་བཤད་པའི་དབང་དུ་བཏང་ནའང་། བཀྲ་ཤིས་དང་རིན་ཆེན་ཡང་ན་ཚེ་རིང་འཚོ་སོགས་ཟེར་ནས་མི་སྒེར་བ་ལ་མ་གཏོགས་སྤྱི་ཚོགས་སྟེ་ཡུལ་ཁམས་ལ་ཁ་གཏོང་མཁན་ཞིག་གང་ན་ཡོད། ད་དུང་གནས་འདི་ན་༸གོང་ས་ཡིད་བཞིན་ནོར་བུ་གངས་ཅན་བོད་ཀྱི་རྩ་བའི་བླ་མ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོའང་བཞུགས་པ་མ་ཡིན་ནམ། ཆོལ་གསུམ་བོད་ཀྱི་དད་པས་གཙུགས་སུ་བཀུར་ཀྱང་མགོ་ལོག་འཇམ་བློས་མ་དད་པ་ནི་ཡངས་པའི་རྒྱལ་ཁམས་མ་མཐོང་བའི།། མགོ་ལོག་འཇམ་བློར་རང་སྣང་མཐོ་བ་ལོས་ཀྱང་ཡིན། རྒྱུ་མཚན་ནི། ཁོས་ཁྱོད་ཚོ་མྱི་ཞིག་མ་རེད་ཁྱི་ཞིག་རེད་ཟེར་བའི་ཁྱོད་ཚོ་ཞེས་པའི་ཚིག་ཁོངས་སུ་རྒྱལ་དབང་ཡིད་བཞིན་ནོར་བུ་ཁོང་ཡང་ཚུད་པས་སྐད་ཆ་དེད་ནས་སོང་ན་ཁོས་༸གོང་ས་མཆོག་ཁྱི་ཞིག་རེད་ཅེས་པ་དང་གཅིག་རེད། སྐབས་འདིར་སྐད་ཆ་དེ་ཕྱིར་ཁྱོད་ལ་ར་སྤུའི་འུར་རྡོ་ར་མའི་སྐེ་ལ་ཕོག་པའི་དཔེ་ལས་མ་འདས་སོ།
མང་བོ་འཁྲིས་ན་ཡོད་ཀྱང་མ་མཐོང་བར།།
རིང་སར་སྡུག་སྐད་རྒྱག་པ་ཨ་རེ་མཚར།།
འདི་ནས་བོད་དོན་འཛམ་གླིང་ཡོངས་ལ་བསྒྲགས།།
འདི་ནས་ནང་ཆོས་ཡིག་རིགས་མང་བོར་བསྒྱུར།།
འདི་ནས་ཆོལ་གསུམ་བོད་མི་འདྲིས་ཤིང་མཐུན།།
འདི་ན་བོད་དོན་སྲོག་གི་རྣམ་ཤེས་ཡོད།།
ཕྲག་དོག་ཨུ་ཚུགས་མ་བྱེད་ངལ་བའི་རྒྱུ།།
ཅོལ་ཆུང་ཀུ་ཅོ་མ་འདོན་འཇམ་མིང་ཅན།།
འཇམ་བློ་ཡ་འཇམ་བློ། ཁྱོད་ཀྱིས་མི་བསད་གྱོད་ཕམ། རྐུ་བྱས་བུ་ལོན་མ་སོད་པ་ལྟ་བུའི་ཐ་ཤལ་དང་མ་རབས་ཀྱི་ལས་དག་བྲིས་ནས་རྒྱན་ལྐུགས་ཤོ་རྒྱག་མ་བྲིས་པ་གང་ཡིན་ནམ། ཞེ་སྡང་མདུང་རྩེ་གཞན་ལ་ཤུགས་ཀྱིས་གཏད་ཀྱང། རང་གི་སྙིང་ལ་ཕོག་པའང་མི་ཤེས་པར་བལྟས་ན་འཇམ་བློའི་རང་ཉིད་ངོས་ཟིན་གྱི་མེད་པ་འདྲ།
ནོར་བུ་སྤུངས་འདྲའི་རྡ་སའི་རི་གྲོང་ནས།། རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་གྲགས་པ་ཡིས།།
འཛམ་གླིང་ཞི་བདེར་བསྐུལ་བའི་མཛད་རྣམ་དག།། ཁྱོད་ལ་བཤད་ན་བློ་ལ་མི་ཤོང་ངོ །།
ལས་ཀ་ཆུང་ཆུང་གཉེར་བའི་སྒོར་མོ་དང་།། ལས་བྱེད་ལས་ཀ་གཉེར་བའི་སྒོར་མོ་གཉིས།།
གང་དུ་སོང་ཡང་ཆེ་ཆུང་མ་མཆིས་ཡང་།། ལས་རིགས་དབྱེ་འབྱེད་བསམ་བློ་ཆུང་བའི་རྟགས།།
ཁོས། ཨ་རིར་སོང་ནས་མགོ་སེར་སྐྱག་ཁང་བཀྲུ་དང་ཡོ་རོབ་སླེབས་དུས་ཟས་ལྷག་འཕོ་གླ་ལེན་ཟེར་ཚུལ་ལ་དཔག་ན་ཁོ་རང་གི་འཚོ་བ་ནི་འབད་མེད་ལྷུན་གྲུབ་ཡིན་པ་འདྲ་བོ་འདུག འདི་ལས་ཤེས་ཐུབ་པ་ནི་ཁོའི་བསམ་བློའི་ནང་ན་ལས་རིགས་དབྱེ་འབྱེད་ཀྱི་ལྟ་བ་དང། དབུལ་ཕྱུག་གི་ལྟ་བ། ད་དུང་ཕོ་མཆོག་མོ་དམན་གྱི་ལྟ་བ། ང་བཟང་ཁྱོད་ངན་གྱི་ལྟ་བ་སོགས་ཡོད་པ་གསལ་བོར་ཤེས་ཐུབ། རྒྱུ་མཚན་ནི། ཁོས་གསེར་བཙགས་ནས་བསགས་པའི་སྒོར་མོ་བཅུ་དང་ངས་སྐྱག་ཁང་བཀྲུས་ནས་བསགས་པའི་སྒོར་མོ་བཅུ་གང་ཡིན་ཡང་ཁྲོམ་རར་སོང་ན་རིན་ཐང་གཅིག་ཡིན་པས་ལས་རིགས་ཀྱི་དབྱེ་འབྱེད་བྱེད་པ་ནི་ཁོ་ལ་བསམ་བློའི་ན་ཚ་ཚབས་ཆེ་ཞིང་ཡངས་པའི་རྒྱལ་ཁམས་མ་མཐོང་བའི་སྟོང་ཆ་ཧ་ཅང་ཆེ་བའི་རྟགས་སོ།
སྤྱིར་བཏང་དོན་དག་འདི་ལ་ལན་རྒྱག་འདོད་མེད་མོད། ཁོས་་སྡུག་གྱོང་རེད་ཅེས་པའི་རྩོམ་ཡིག་གི་མཇུག་ཏུ་་་མུ་འགོད་་་ཅེས་བྲིས་འདུག་པས་གོ་བརྡ་ཙམ་སྤྲད་པ་ཡིན།
དེ་རིང་ང་ར་ཁོམ་ཡོད། འཇམ་བློའི་ཁ་རྩེས་གོ།
ཕ་ས་སྲུང་བའི་མཛད་པ་རླབས་པོ་ཆེ།།
དྲན་པ་ཙམ་གྱིས་སྨོན་པ་ཡང་ཡང་འཆོར།།
ཕ་མས་བསགས་པའི་རྒྱུ་དང་ནོར་གྱི་མཛོད།།
ཁ་དང་ལྟོ་ལ་བརྗེས་བར་ཡིད་སུན་སྐྱེས།།
ཁྱི་དང་སྐྱག་པ་ཇག་པ་རྐུན་མ་སོགས།།
འོག་ནས་ཡར་ལ་འཐུས་བའི་ཐ་སྙད་དག།
ཨུ་ཚུགས་བཙན་གྱིས་བསྒྲིགས་ཏེ་བྲིས་བའི་གཏམ།།
མགོ་ནས་མར་ལ་བརྩིས་ན་གླེན་རྟགས་རེད།།
གོམ་པ་བཅུ་ལ་འགྲོ་ན་རླངས་འཁོར་གཉིས།།
སྐྱག་བཤད་བྱེད་སའི་ལས་ཁུངས་ཆེན་པོ་ཞིག།
བླ་མ་གཉིས་ཀྱི་རྣམ་ཤེས་བསྣན་པའི་སྐུ།།
སྐུ་བདག་མེད་པའི་སྐུ་ལོ་ཤོ་རྒྱག་ཅིག།
གསལ་ཞིང་དྭགས་པའི་ཁ་ལྕེ་བདེ་མོ་ཞིག།
འཇམ་དབྱངས་ཐོག་ན་ད་དུང་བློ་གྲོས་ཤིག།
རང་མིང་ཐོག་ན་སྤྲུལ་མིང་ཐོལ་བ་ཞིག།
མཐོང་ཐོས་མེད་པའི་ཀླད་པ་སྟོང་བ་ཞིག།
གྲྭ་ལོག་ཇོ་ལོག་མང་སའི་རྒྱ་གར་ནས།།
མ་ལོག་ཆགས་པ་སྤྱོད་སའི་མགོ་ལོག་ན།།
མ་དགའ་མིད་ཐག་འགག་པའི་རང་སྡུག་ཅན།།
འཇམ་དབྱངས་བློ་གྲོས་འབོད་པ་དེ་ལ་བྲིས།།
ཧཧཧ
མགོ་ལོག་འཇམ་དབྱངས་བློ་གྲོས་ཟེར་ན་སུ་རེད།
མགོ་ལོག་ཟླ་བྷེ་རེད་པས།
༔
འཇམ་བློས་གཟེར་རྟ་བླ་རུང་ནས་གློག་རིན་དང་ལྷམ་བརྐུས་བ་འདིར་བྲིས་མེད་ཀ
བཀླགས་ཡོད།