སྐར་ཆེན། ཡོ་རོབ།
དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་ནས་ངེད་ཀྱིས་དབྱིན་ཡིག་ཐོག་དམིགས་བསལ་ཚོགས་ཆེན་དེ་དང་འབྲེལ་བའི་རྨོངས་འཆར་ཞིག་སྤེལ། ངེད་ཀྱིས་འདི་འདྲ་ཞིག་ལབ་པ་ཞིག་ཡིན། ཚོགས་ཆེན་དེ་ལ་མ་ཚང་བ་གསུམ་འདུག་ཡིན་ལབ་པ་ཡིན། དེ་རིང་བསྐྱར་དུ་བོད་ཡིག་གི་ལམ་ནས་རང་གི་རྨོངས་འཆར་དེ་སྤེལ་འདོད་བྱུང༌། ཚོགས་ཆེན་འདིའི་མ་ཚང་བ་གསུམ་ནི། ཚོགས་མིའི་གྲངས་འབོར་དང་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་སྟངས། གནས་ཚུལ་གྱི་བཀག་རྒྱ་གསུམ་རེད། བོད་མི་རིགས་ཀྱི་བདེ་སྡུག་གླེང་ན། བོད་མི་མང་གི་མངོན་འདོད་ཤེས་དགོས། བོད་མི་མང་གི་བསམ་ཚུལ་ཤེས་དགོས།་ བོད་ནང་གི་བོད་མི་ཚོའི་རེ་བ་མདུན་ཅོག་སྟེང་ལ་འཇོག་དགོས། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་ན་ཚ་མདུན་ལ་འཇོག་དགོས། ང་ཚོར་སྐུ་ངོ་ཚོའི་མངོན་འདོད་མི་དགོས། མཁས་དབང་ཚོའི་ལྟ་གྲུབ་མི་དགོས། བཀའ་བློན་ཚོའི་གཞུང་ལུགས་ཀྱི་ལག་རྟེན་མི་དགོས། སྐབས་འཚོལ་བ་ཚོའི་ཁ་ཤོམ་མི་དགོས། བོད་ནང་གི་བོད་མི་ཚོའི་མངོན་འདོད་དགོས༌། བོད་ནང་གི་བོད་མི་ཚོའི་རླབས་ཆེན་གྱི་སེམས་ཤུགས་དེ་དགོས།
བོད་མི་མང་གི་སྐུ་ཚབ་ཡིན་ཟེར་མཁན་མི་གྲངས་ལྔ་བརྒྱ་ལྷག་རྡ་ལམ་ས་ལའི་རི་ཆུང་ཆུང་དེའི་སྒང་ལ་འཛོམས།
མི་མང་གི་མངོན་འདོད་་དང་བསམ་ཚུལ་མ་བཤད་པར་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་བོ་གླེང༌། དབུ་མའི་ལམ་་དང་རང་བཙན་གྱི་སྐད་ཆ་འདྲ་བོ་བཤད། ཉིན་དྲུག་འདི་ལྟར་རྫོགས། མི་མང་གི་མངོན་འདོད་དང་བསམ་ཚུལ་གང་ན་ཡོད།
ངེད་ལ་མཚོན་ན། མི་མང་གི་བསམ་ཚུལ་དང་མངོན་འདོད་གླེང་སྟངས་འདི་འདྲ་ཞིག་མ་རེད་བསམ། སྐུ་ཚབ་འདི་ཚོས་མི་མང་གི་བསམ་ཚུལ་ཇི་ལྟར་བསྡུས་ཡོད་དམ། མི་མང་ལ་ལྟ་གྲུབ་ཀྱི་སྐད་ཆ་འདྲ་བོ་ཞིག་མར་བཤད། དེ་ནས་ལྟ་གྲུབ་དེའི་སྒང་ལ་འོས་འཕེན་ཏུ་བཅུག། འདི་བསམ་ཚུལ་དང་མངོན་འདོད་བསྡུ་སྟངས་ཤིག་རེད་དམ།
ངེད་ཀྱི་རྨོངས་འཆར་ལྟར་ན།
རྒྱ་བོད་འབྲུག་གསུམ་དུ་བོད་མིའི་གཞིས་ཆགས་ཁག་བཞི་བཅུ་ཞེ་བདུན་ལྷག་ཡོད།
ཐོག་མར་གཞིས་གྲོངས་རེ་རེར་ཕྱིན་ནས་བོད་རྒྱ་འབྲེལ་མོལ་ལ་ད་ལྟ་བར་དུ་གྲུབ་འབྲས་ཅི་ཡང་མ་བྱུང་ཚུལ་དང་ལྷག་པར་དུ་འབྲེལ་མོལ་གྱི་སྔ་ཕྱིའི་བརྒྱུད་རིམ་ཚང་མ་ཕྱི་གསལ་ནང་གསལ་བཟོས།
དེ་ནས་གཞིས་གྲོང་རེ་རེ་ནས་བསམ་ཚུལ་བསྡུས། བསམ་ཚུལ་འདི་སྟངས་དེ་ཡང་ཁྱིམ་ཚང་རེ་རེར་ཕྱིན་ནས་བསྡུས། གཞིས་གྲོངས་རེ་རེའི་ཁོངས་ནས་ཉུང་མཐར་ཡང་མི་གྲངས་བཅུ་ལས་མ་ཉུང་བ་དང་བཞི་བཅུ་ལས་མ་མང་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཟོས། སྐུ་ཚབ་ཀྱི་གྲངས་ཀ་དེ་གཞིས་གྲོངས་མི་མང་གི་གྲངས་འབོར་ལ་གཞིགས་ནས་ཐག་བཅད། དེ་ནས་ཚོགས་ཆུང་དེ་ཚོ་ཚང་མ་མཐའ་མར་རྡ་ལམ་ས་ལར་འཛོམས། ཟླ་ངོ་གཅིག་ལ་ཚོགས་འདུ་ཚོགས། མཐའ་མའི་བསམ་ཚུལ་དང་ཐག་གཅོད་དེ་གོང་ས་མཆོག་ལ་ཐད་ཀར་ཕུལ། བསམ་ཚུལ་གྱི་ངོ་བཤུས་རེ་བོད་མི་མང་སྤྱི་འཐུས་དང་བཀའ་ཤག། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་དང་ཚོགས་པ་ཁག། དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་བཀྲམས། ད་དུང་དགོན་སྡེ་ཁག་ལ་ཡང་བསམ་ཚུལ་དེ་མཚུངས་སུ་བསྡུ་དགོས། གཞན་སློབ་གྲྭ་ཁག་ལ་ཡང་དགེ་རྒན་དང་སློབ་ཕྲུག་ལོགས་སུ་དབྱེ་ནས་བསམ་ཚུལ་བསྡུས། ཕྱི་རྒྱལ་ཁག་ནས་ཡང་དེ་ལྟར་བྱས། མི་མང་གི་བསམ་ཚུལ་དངོས་གནས་བ་ཞིག་བསྡུ་བ་ལ་ལོ་ངོ་གཅིག་འགོར་རུང་ཕྱི་མེད༌། འདི་ལྟར་བྱས་ན་མི་མང་གི་བསམ་ཚུལ་དང་མངོན་འདོད་དངོས་གནས་བ་དེ་གོང་ས་མཆོག་གི་མདུན་ལ་སླེབས་ཐུབ་ཀྱི་རེད། ངེད་ཀྱི་རྨོངས་འཆར་ལྟར་ན་བསམ་ཚུལ་འདི་ལྟར་བསྡུ་དགོས་སྙམ༌།
འོན་ཀྱང༌། བཙན་བྱོལ་བོད་གཞུང་གིས་དེ་ལྟར་བྱས་མི་འདུག། ད་དུང་ངེད་ལ་རྨོངས་འཆར་གཞན་ཞིག་ཡོད།
དམིགས་བསལ་ཚོགས་ཆེན་ལ་མི་མང་གི་བསམ་ཚུལ་འཁྱེར་མཁན་ཡིན་ཟེར་མཁན་འདི་ཚོས་མི་མང་གི་བསམ་ཚུལ་དང་མངོན་འདོད་གླེང་མི་དགོས། འདི་ཚོས་ཉིན་དྲུག་དེ་བོད་ནང་ལ་འཛུགས་བསྐྲུན་བྱེད་སྟངས་སྐོར་ལ་གཏོང་དགོས། བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་ནང་གི་བོད་མི་ཚོའི་འཚོ་སྡོད་དང་ཤེས་རིག། རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཐད་ལ་ཇི་ལྟར་རམ་འདེགས་ཞུ་དགོས་ཚུལ་དང་རོགས་རམ་བྱེད་ཕྱོགས་ཀྱི་འཆར་གཞི་གཏིངས་དགོས། ལག་ལེན་འགོ་འཛུགས་དགོས། ཆུང་ས་ནས་བཤད་ན་བོད་གཞུང་གིས་དཔལ་འབྱོར་བསྲི་ཚགས་བྱས་ཏེ་བོད་ནང་གི་གྲོང་གསེབ་ཁག་ལ་གཏོང་དགོས།
ད་ནས་བཟུང་བཙན་བྱོལ་སྲ་བརྟན་ལས་བོད་ནང་གི་བོད་མི་ཚོ་སྲ་བརྟན་བཟོ་རྒྱུར་་ལས་གཞི་རྩོམ་དགོས། དེ་ནས་བཟུང་སྤྱི་འཐུས་ལྷན་ཁང་དེ་བོད་ནང་གི་བོད་མི་ཚོའི་བདེ་སྡུག་གླེང་ས་ཆགས་དགོས་ལ་གྲོས་ཚོགས་ཀྱི་གྲོས་ཆོད་དེ་ཚོ་ཡང་བོད་ནང་ལ་དམིགས་ནས་འཇོག་དགོས།
འདི་ལྟར་བྱས་ན་མི་མང་བསམ་ཚུལ་བསྡུས་བ་དང་བསམ་ཚུལ་བཤད་པ་ལ་དགེ་ཕན་ཡོང་གི་རེད། ངེད་ལ་རྨོངས་འཆར་མང༌། འོན་ཀྱང༌། ངེད་ཀྱིས་ཀྱང་རྟག་ཏུ་རྨོངས་འཆར་གླེང་ནས་འདུག་མི་འདོད། རང་གི་ནུས་ཚོད་ཀྱིས་བོད་ནང་གི་བོད་མི་ཚོར་ཕན་པའི་ལས་ཀ་རེ་བྱེད་རྒྱུར་བསམ་བློ་གཏོང་གི་ཡོད། འཆར་གཞི་འདིང་གི་ཡོད། ལག་ལེན་ཆུང་ས་ནས་འགོ་འཛུགས་ཀྱི་ཡོད།
ཕྱི་ལོ༢༠༠༨ལོའི་ཟླ༡༠པའི་ཚེས༢༧ཉིན་སྤེལ།
ཉིད་ཀྱི་རྨོངས་འཆར་དེ་ཞིབ་ཏུ་བཀླགས་ཟིན། ཡིན་ན་ཡང་ང་ནི་རིགས་པ་སྐྱོ་བོ་ཞིག་ཡིན་པས་ལམ་སེང་ལམ་སེང་ལྟ་ཚུལ་འདོན་ཐུབ་པ་ཞིག་མིན། ཉི་མ་འགའ་ལ་བསམ་བློ་བཏང་ནས་ཉིད་ཀྱི་རྨོངས་འཆར་དེ་ལ་ངའི་རྨོངས་འཆར་གྱི་ཁ་སྣོན་རྒྱག་ཨེ་ཐུབ་བལྟ།
འགན་ཚང་མ་༧རྒྱལ་བ་རིན་པོ་ཆེ་ལ་ཡར་གཡོག དཀའ་སྡུག་དང་ཉེན་ཁ་ཚང་མ་གཞིས་ལུས་བོད་མའི་མྱངས། བར་ན་བོད་ནང་གི་གཞས་གཅིག་ཀྱང་ཉན་མ་མྱོང་ཞིང་། བོད་ནང་གི་པར་ལེབ་གཅིག་ཀྱང་ལྟ་མ་མྱོང་མཁན་ཚོ་བོད་མའི་འཐུས་མི་དང་འཐུས་ཚབ། སྐུ་ངོ་དང་སྐུ་ཚབ་སོགས་ཀྱི་མིང་གནས་ཁྱེར་ནས་བྲེལ་བ་ཆེ་མདོག་གིས་ཚོགས་ཆེན་དང་ཚོགས་ཆུང་མང་བོར་སོང་ནས་དཔོན་ཉམས་དོད་ནས་བཤད་བཞིན་མང་པོ་དང་ཆེན་པོ་ཚང་མ་ཐག་གཅོད་བཞིན་པ་བདེན་པ་ག་ལ་ཡིན། ངོ་ཚ་མེད་པའི་ལོག་འཚོ་མཁན་འདི་ཚོ་་་་་་་་་་་་་་
དངོས་་གནས་སྐར་ཆེན་གྱིས་བཤད་པ་འདི་ཚོ་བདེན་པ་རེད ། མི་མང་བསམ་ཚུལ་བསྡུ་ལེན་བྱེད་པ་ལ་ལོ་གཅིག་ལྷག་ཕྱིན་ཡང་ཅི་སྐྱོན ། རྒྱ་གར་ནས་མཚར་ལོངས་བྱུང་བས་བོད་མི་འགའ་རེས་གཞིས་ལུས་བོད་མིའི་གནས་སྟངས་བཤད་པ་ནི་དགོད་བྲོ་བ་ཞིག་རེད ། ཁོ་པ་ཚོས་གཞི་ལུས་་བོད་མའི་དཀའ་སྡུག་བཤད་པ་ཁ་མཁས་པ་ཙམ་ཡིན་པར་ཐག་གཅོད་ཐུབ ། 《 བསམ་ཚུལ་གྱི་ངོ་བཤུས་རེ་བོད་མི་མང་སྤྱི་འཐུས་དང་བཀའ་ཤག། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་དང་ཚོགས་པ་ཁག། དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་བཀྲམས། ད་དུང་དགོན་སྡེ་ཁག་ལ་ཡང་བསམ་ཚུལ་དེ་མཚུངས་སུ་བསྡུ་དགོས། གཞན་སློབ་གྲྭ་ཁག་ལ་ཡང་དགེ་རྒན་དང་སློབ་ཕྲུག་ལོགས་སུ་དབྱེ་ནས་བསམ་ཚུལ་བསྡུས། ཕྱི་རྒྱལ་ཁག་ནས་ཡང་དེ་ལྟར་བྱས། མི་མང་གི་བསམ་ཚུལ་དངོས་གནས་བ་ཞིག་བསྡུ་བ་ལ་ལོ་ངོ་གཅིག་འགོར་རུང་ཕྱི་མེད༌། འདི་ལྟར་བྱས་ན་མི་མང་གི་བསམ་ཚུལ་དང་མངོན་འདོད་དངོས་གནས་བ་དེ་གོང་ས་མཆོག་གི་མདུན་ལ་སླེབས་ཐུབ་ཀྱི་རེད། ངེད་ཀྱི་རྨོངས་འཆར་ལྟར་ན་བསམ་ཚུལ་འདི་ལྟར་བསྡུ་དགོས་སྙམ །》ཞེས་པ་འདི་གནད་ལ་ཁེལ་བ་ཅིག་རེད ། བུ་ཁྱོད་འདྲ་བོད་ལ་དགོས་མཁོ་ཆེ །
དྲ་གྲོགས་སྐར་ཆེན་གྱི་རྩོམ་ཡིག་འདི་བོད་མི་དྲང་མོ་ཞིག་གིས་བསམ་འཆར་རེད་འདུག་ལ །གཞི་ལུས་བོད་མིའི་བདེ་སྡུག་ལ་བསམ་གཞིགས་བཏང་ནས་བཤད་པ་མ་ཟད ། བཀའ་ཁྲི་བཀའ་བློན་དགེ་སློབ་འཁོར་དང་བཅས་པ་ལ་ལམ་སྟོན་གནང་འདུག
ཐོ་རེང་སྐར་ཆེན་ཤར་ཡོང་གི་ཡོད་པ་ལ་ལྟས་ན། ནམ་ལང་གི་ཡོད་པ་འདྲ་། ང་གཡག་རྒན་ཡང་ཡར་ལ་ལང་ནས་ལྕི་ཞིག་བཏང་ནས་རྩ་ཞིག་ཟ་གི་འགྲོ་། ཧ་ཧ་ཧ།
སྐར་ཆེན་ལགས་དགོང་ཚུལ་ཡག་པོ་གསུང་འདུག། ངའི་ཀྱང་རྨོང་འཆར་གཅིག་སྣོན་།
བཙན་བྱོལ་གཞུང་མང་གཉིས་གྱི་དངོས་ནས་རྒྱ་ནག་མི་དམངས་ལ་ནང་ཆོས་དང་འབྲེལ་བའི་སྒོ་ནས་། འབྲེལ་ལམ་ལོ་རེ་ནས་ལོ་རེར་ཆེ་རུ་གཏོང་རྒྱུ་།
སྔོན་མ་ཡང་མདོ་སྟོད་སྨད་གཉིས་ནས་རྒྱ་དམག་ལ་དམག་འཁྲུག་བརྒྱག་ནས་ཉི་མ་རེ་ལ་སྐྱེས་ཕོ་མོ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བཞིན་པའི་སྐབས་སུའང་། བོད་གཞུང་གི་སྐུ་དྲག་ཚོས་མངོན་གསལ་མེད་པའི་ལྐོག་ལས་རྐྱང་བྱས་ཏེ་ལྷ་སར་རྒྱང་ལྟ་བྱེད་ཀྱིན་རྒྱ་དགའ་བོད་དགའི་རྣམ་འགྱུར་ཉིས་འགལ་མ་ཞིག་སྟོན་བཞིན་བསྡད་པ་དང་། ཛ་དྲག་བྱུང་ན་རྒྱ་གར་ལ་འབྲོ་རྒྱུའི་གྲ་སྒྲིག་ནས་བསྡད་པ་རེད་ཟེར་ལ། དེང་སྐབས་ཡང་བོད་ནང་དུ་སྲོག་ལ་མ་འཛེམས་པར་རྒྱ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཀྱང་། ཟམ་གདོང་རིན་པོ་ཆེས་དང་སྐུ་ངོ་ལྟོ་རོ་ཚོས་དོན་རྐྱེན་དེར་ང་ཚོ་འབྲེལ་བ་མེད་ལུགས་གསལ་སྒྲག་བྱེད་པ་གོ་ནས་སེམས་པ་སྡུག་བསྔལ་གྱི་ནོན་སོང་། ང་ཚོར་དོན་རྐྱེད་དེར་འབྲེལ་བ་མེད་ན་སུ་ཞིག་ལ་འབྲེལ་བ་ཡོད་པ་རེད་དམ། མཁས་པ་འཕྱུགས་ན་འདོམ་གང་དང་བླུན་པོ་འཕྱུགས་ན་མཐོ་གང་ཟེར་བ་ཅི་མ་བདེན་ནམ། ད་ལོ་གཞིས་ལུས་མི་དམངས་ལ་གདུངས་སེམས་མཉམ་སྐྱེས་ཀྱིས་ཐ་ན་འཇིགས་སྐུལ་བའི་ཚོགས་པ་རེད་ཟེར་བའི་ཉེས་མིང་ཡང་ཁུར་བཟོད་མཁན་གྱི་གཞོན་ནུའི་ལྷན་ཚོགས་ཤ་ཚ་རུས་པའི་གཏིང་ནས་སྐྱེས་སོང་། འོན་ཀྱང་ད་དུང་གཞོན་ནུས་ཀྱང་ཁ་གཅིག་པོ་མ་ཡིན་པར་ལས་འགུལ་དངོས་ཀྱི་ཐོག་ནས་གཞིས་ལུས་བོད་མིར་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུའི་རེ་བ་འདོན་གྱི་ཡོད། ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ཞིག་སྤེལ་བ་ཡིན་པ་སྟག་སྨྱོན་ན་སྲོག་ཆུང་ཆུང་ཞིག་ཡོད་པ་ནམ་མཁོ་ན་ཁྱེར་ནས་ཡོང་ཆོག
ཨ་ཨ། ཨ་མའི་བུ་། ཁྱོད་སྟག་སྨྱོན་ཞིག་མ་རེད་། ཁྱོད་སྟག་རྒོད་ཞིག་། དེ་བྱོས་དང་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་མཁན་ཞིག་་ཡོད་ན། ང་གཡག་རྒན་ས་མཐའ་ནས་རྩྭ་མེད་ཆུ་མེད་གྱི་ངང་རྐང་བ་ཀྱོག་ནས་རྭ་ཅོ་སྐམ་དེ་བསྡད་ཡོད་པས་། ཤི་མ་རེན་པ་ཅི་ཡང་མེད་།m མུག་སྲོག་རྟ་རྔ་འདྲ་བོ་སུ་དགོས་ན་སྟེར་ར་།
དྲ་གྲོགས་གཡག་སྡོམ་ལགས །
དུས་བབ་དགུན་ས་ན ། གཡག་རྒན་ཁེར་ཉལ་ཡིན་པ་མ་ཟད་རྩ་ཆུ་ཆད་ནས་ཟླ་བ་གཅིག་ལྷག་འགོར་སོང་ །
ཡ་མཚན་གཡག་རྒན་དེས་ཁ་བརྡའི་དབྱར་ས་ན་རྩ་མ་ཟོས་ཆུ་མ་འཐུང་ནས་ལྕི་བ་བཏང་འདུག
གོང་དུ་ཨ་རིག་དགེ་མཐོང་ཡིན་ན་དེས་བྱེས་ཀྱི་བོད་མི་འགས་གཞིས་ལུས་མི་མང་གི་གནས་སྟངས་བཤད་པ་ནི་དགོད་བྲོ་བ་ཞིག་རེད་ཅེས་དང་། ཡང་དེ་དག་གིས་གཞིས་ལུས་བོད་མིའི་དཀའ་སྡུག་བཤད་པ་ནི་ཁ་ཙམ་ཡིན་པ་ཐག་གི་གཅོད་ཐུབ་ཟེར། ཁྱོད་ལ་སྐད་ཆ་དེ་འདྲའི་ཐག་ཆོད་པོ་བཤད་ཡའི་གདེངས་ཤིག་གང་ནས་སླེབས་སོང་། ངུ་བའི་ཁ་ལ་བལྟས་ན་ངུ་དང་དགོད་པའི་ཁ་ལ་བལྟས་ནས་དགོད་ཤོར་བ་མིན་ནམ། དེ་མིན་གུང་ཁྲན་གྱིས་༧གོང་ས་མཆོག་གི་གཙོས་བྱེས་སྡོད་བོད་མི་རྣམས་ཀྱིས་བོད་མི་མང་གི་འཐུས་ཆབ་བྱེད་པའི་ཐོབ་ཐང་ཡོད་མ་རེད་ཟེར་བ་འདིར་དཔེ་བླངས་ནས་གཏམ་བཤད་བྱས་པ་ཨེ་ཡིན།