ཨེ་མ་ཧོ།
ཨ་མ་གཡུགས་ནས་བླ་མ་གནང་འཁན་མོད།།
བུ་ངས་ཨ་མ་གཡོགས་ནས་བླ་མ་སྒྲུབ།།
དྲིན་ཆེན་དྲིན་ལན་བཟོ་མཁས་ཨེ་མ་ཧོ།།
འདི་ཕྱིའི་བདེ་སྐྱིད་འབྱུང་གནས་ང་མིན་སུ།།
འགའ་རེས་རབ་བྱུང་ཟེར་ནས་འཇིག་རྟེན་བརྩོན།།
བུ་ངས་ཁྱིམ་བདག་བྱས་ནས་ཨ་མ་གཡོགས།།
དྲིན་ཆེན་ཨ་མའི་ཚེ་གཡོག་ཨེ་མ་ཧོ།།
བྱང་ཆུབ་སེམས་དཔའི་འབྱུང་གནས་ང་མིན་སུ།།
རིས་མེད་ཟེར་ནས་ཆོས་ལུགས་ནང་རུལ་རྩོད།།
བུ་ངས་དག་སྣང་ཉིན་མཚན་འོད་གསལ་ངང་།།
ཡང་དག་དག་ཞིང་མཇལ་བའི་ཨེ་མ་ཧོ།།
གསང་ཆེན་བསྟན་པའི་བདག་པོ་ང་མིན་སུ།།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་སུམ་འཛོམས་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་དྲིན་ཆེན་ཨ་མ་ལ་ནང་ཇ་དང་གསོལ་རྩམ་འབུལ་ཞོར་དུ་ཤྲཱིས་ང་རྒྱལ་གྱི་དཔའ་གླུ་ཐུང་ཐུང་འདི་ཉིད་དབྱིན་ཡུལ་མ་ཁྱིམ་ལྷ་ཁང་ནས་བླངས་པར་དགེའོ།། ཕྱི་ལོ་༡༤/༥/༢༠༡༧ལའོ།
ཨ་མ་ལ་ཞབས་འདེག་ཞུས་པ་རྗེས་སུ་ཡི་རང་ཡོད། ད་དུང་ང་དང་། ང་མིན་ན་སུ་ཡོད་སྙམས་པའི་བདག་འཛིན་རྡོ་རྗེ་ཕ་ལམ་འཇོམ་ཐབས་ཀྱི་ལམ་ལ་འབད་བརྩོན་བྱོས་ཨ།
ཨ་མར་མ་ཚད་མནའ་མར་གཡོག
རབ་བྱུང་ཆས་བཟུང་བག་མ་བསུས།
བདག་འཛིན་འགོང་པོ་འགོ་མ་གནོན།
ང་ང་ཟེར་ནས་འཇིག་ལྟས་བཏུམས།