མིང-བཀྲ་ཤིས་རྡོ་རྗེ། དཔེ་སྟོན་སློབ་གྲྭ འཛིན་གྲྭ-༨
དངངས་སྐྲག་གི་ཁེངས་པའི་ཞོགས་པ་ཞིག་ལ་གནམ་གཤིས་གྲང་ངར་ཆེ་ཞིང་ཉི་མ་དལ་གྱིས་ཤར་བྱུང། ངས་དྲན་གསོ་བྱས་པ་ན་ཁ་སངས་ཚོགས་ཐེངས་གསུམ་པ་ལ་རྒན་ཟླ་བ་ཚེ་རིང་མཆོག་གིས་འཛིན་རིམ་བརྒྱད་པའི་སློབ་མ་ཡོངས་ལ་རང་མོས་ཐོག་རྩོམ་རེ་རེ་འབྲི་དགོས་པའི་བཀའ་བཏང། རྒྱུན་གཏན་རྒན་ལགས་ཚང་མས་ང་ལ་ཕུལ་བྱུང་སློབ་མ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ང་ལ་མཚོན་ན་ཕུལ་བྱུང་སློབ་མ་ཟེར་བའི་མིང་བྱང་འདི་ཐེག་དཀའ་བར་མ་ཟད། དེ་ལས་ཀྱང་རྩོམ་ཡིག་འབྲི་པ་ནི་ལས་ཀ་ལས་སླ་པོ་ཞིག་མ་ཡིན། ད་དུང་རྩོམ་འབྲི་པ་ནི་ཕྲུ་གུ་ཆུང་ཆུང་གིས་ཀ་ཁ་ག་ང་འབྲི་པ་དང་གཞས་བཏང་པ་ནང་ བཞིན་གང་དྲན་དྲན་འབྲི་ཆོག་པ་དང་གང་དྲན་དྲན་བཤད་ཆོག་པ་ཞིག་ག་ལ་ཡིན།
གལ་སྲིད་རང་གིས་དོན་སྙིང་ལྡན་པའི་རྕོམ་ཞིག་འབྲི་དགོས་ན་རང་ཉིད་ཀྱི་བསམ་བློའི་ནུས་པ་ཡོད་ཚད་བེད་སྤྱོད་གཏོང་དགོས་པའི་སྐད་ཆ་དེ་རྣམས་ངས་རང་ཉིད་ཀྱི་སེམས་ནང་བཞག་སྟེ་དོན་སྙིང་ལྡན་པའི་རྩོམ་ཞིག་འབྲི་རྒྱུ་འབད་འགོ་བརྩམས། ང་ཡི་བརྩེ་བའི་སྙིང་སྡུག་ནི་བུ་མོ་གཞན་དང་མི་འདྲ་བར་གཤིས་ཀ་བལ་ལས་འཇམ་པ་དང་རྣམ་པ་ལྷ་མོ་ལས་མཛེས་པ་ཡོད། མོ་ལ་མཛེས་མའི་གཟུགས་བྱད་ལྡན་པ་དང་དཀར་གསལ་ཟླ་བའི་ངོ་གདོང་འཁྱེར་ཡོད། ཁོ་མོའི་ཞལ་གྱི་གཡས་ཟུར་དུ་སྨེ་བ་ཞིག་ཡོད་པ་དང་དྭངས་གསལ་གྱི་སྤྱན་ཤེལ་སྒོར་མོ་ཞིག་མནབས་ཡོད།
མོས་རྟག་ཏུ་སློབ་སྦྱོང་ཐོག་འབད་བརྩོན་ཆེ་ཞིང་མོ་དང་འདྲ་བའི་ཕུལ་བྱུང་སློབ་མ་ཞིག་ངས་ད་བར་མཐང་མ་མྱོང། མོ་ནི་སློབ་སྦྱོང་ལ་མ་ཟད་རྩེད་མོ་ལའང་མོ་དང་འགྲན་ཟླ་བྱེད་ཐུབ་མཁན་མེད། ད་དུང་མོ་ཆོས་ལ་དད་པ་ཆེ་ཞིང་རྟག་ཏུ་ཡར་ལྷ་ལ་མཆོདད་པཔ་ཕུལ་བ་དང་མར་སྤྲང་པོ་ལ་སྦྱིན་པ་གཏོང་རྒྱུ་དགའ། ཁོ་མོ་ནི་ངའི་ཆེད་དུ་མ་ཟད་གྲོང་མི་ཡོངས་ཀྱི་ཆེད་དུའང་བུ་མོ་བཟང་པོ་ཞིག་ཡིན།
ང་མོ་ལ་བརྩེ་བ་ཧ་ཅང་ཆེ་ཞིང་ངས་མོ་ཆེད་དུ་རང་ཉིད་ཀྱི་སྲོག་ཀྱང་བློས་ཐུབ་གཏོང་ཐུབ་པའི་སེམས་ཚོར་ཞིག་གིས་ནམ་རྒྱུན་ང་ལ་དྲན་གསོ་བཞིན་ཡོད་པས། ངས་བསམ་ན་མོ་ནི་ངའི་མི་ཚེའི་ནང་དུ་མེད་ཐབས་མེད་པའི་གང་ཟག་ཅིག་ཡིན་པ་ཤེས་སོང།
འཛིན་གྲྭ་བརྒྱད་པ་ཡིན་དུས་ལོ་༡༣ ཡིན་རྒྱུ་རེད། ཡག་པོ་བྲིས་འདུག ཡར་ལ་མཐའ་མེད། མུ་མཐུད་ཤུགས་རྒྱོབས། ལོ་ཆུང་ཆུང་ཞིག་གིས་བརྩེ་བ་ཟབ་མོ་འཁྲབ་ཤེས་འདུག ད་ལྟ་ནས་སེམས་ཀྱི་ཚོར་བ་རྣོ་ཤོས་དེ་ཕོ་མོའི་བརྩེ་དུང་ཡིན་པ་འདྲ་གཟབ་གཟབ་བྱོས། ཨ་་་བུ་གོ་སོང་ངམ།
ཡག་པོ་བྲིས་ཤག་ཡིན་ནའང་ད་ལྟ་ནས་ཕོ་མོའི་བརྩེ་དུང་འབྲི་རྒྱུ་སྔ་དྲག་རེད། རྟག་པར་ཁྱོད་ཀྱིས་ཁྱེད་རང་གིས་མཐོང་བའི་ལྷ་མོ་དེ་ཡིད་ལ་དྲན་ནས་སློབ་ཚན་ལ་བསམ་བློ་རྩེ་གཅིག་ཏུ་གཏོད་ཐུབ་ཀྱི་མ་རེད་བྱས་ཙང་ད་ལྟ་ནས་བརྩེ་དུང་གི་ཟློས་གར་དེ་མ་འཁྲབ་ན་ཡག་གི་རེད། དེ་ཞུ་འདོད་བྱུང། མ་གཞི་ནས་ཁྱོད་ཀྱིས་མཐོང་བའི་ལྷ་མོ་དེ་ཁྱོད་རང་གིས་མཐོང་ཚུལ་ཙམ་རེད། ངས་ལྟས་ན་དེ་ལྷ་མོ་ཡིན་བཟོ་མི་འདུག ལྷ་མོ་ཡིན་ན་ལྷ་མོའི་རྟགས་མཚན་ཚང་དགོས་པ་རེད། མོ་ལ་དཔྱད་ན་རྟགས་མཚན་ཡག་མོ་ཞིག་ཡོད་ས་མ་རེད། གནའ་བོད་མིའི་གཏམ་དཔེར། ཕོ་གདོང་སྨེ་ཅན་གྱིས་དགྲ་དགུ་འདུལ། མོ་གདོང་སྨེ་ཅན་གྱིས་ཁྱོ་དགུ་ཟ། ཟེར་བ་རེད་བྱས་ཙང་བོད་ཀྱི་གཏམ་དཔེ་དེར་བསམ་གཞིགས་གཏོང། ཕོ་གདོང་སྨེ་ཅན་གྱིས་དགྲ་དགུ་འདུལ་ཟེར་བ་བདེན་མི་བདེན་་་མ་ཧོ་ཚེ་ཏུང་ལ་ལྟོས་དང་ཁོ་ཡི་ཁ་ཡིས་ཟུར་དུ་སྨེ་བ་ཞིག་ཡོད་པ་རེད་ཁོས་ཅི་བྱས་ང་ཚོས་ཤེས་གསལ་རེད་པ།
འཛིན་གྲྭ་བརྒྱད་པའི་ཕྲུ་གུས་སྙིང་སྡུག་སྐོར་བྲིས་ཡོང་དུས་དཔེ་སྟོན་སློབ་གྲྭའི་དགེ་རྒན་ཕལ་ཆེ་བ་གྲྭ་ལོག་ཡིན་སྲིད། ཧཧཧ
ཡག་པོ་བྲིས་ཤག།
རང་བཙན་བུ་ལགས་ཁྱེད་རང་དེའི་ཐོག་ཇུས་ཏོག་ཡོད་མ་རེད། ངོ་མ་ལོ་ཚེ་ཆུང་ཆུང་ཞིག་ལ་རྩོམ་ཡག་པོ་དེ་འདྲ་ཞིག་བྲིས་ཐུབ་པ་ང་ཚོར་སྤོབས་པ་ཞིག་སྐྱེས་དགོས་པ་མ་རེད་དམ། ཁྱེད་ཀྱིས་བུ་དེར་རྒྱབ་སྐྱོར་བྱ་རྒྱུར་ཕར་ཞོག། ད་དུང་དགེ་རྒན་རྣམས་ལ་གྲྭ་ལོག་རེད་ཅེས་ལབ་ཐུབ་བམ།