ད་ལྟ་བཙོན་འོག་ན་ཡོད་པའི་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་ཀྱི་བརྩམས་ཆོས་༼ གནམ་ས་གོ་འབྱེད ༽ ཞུ་བ་དེར་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་ཀྱང་། སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་ཏེ་ཟླ་འགའ་ཕྱིན་མ་ཐག་རྒྱ་ནག་གི་སྒེར་གཅོད་བཙན་དབང་གི་སྲིད་ལུགས་འོག དཔེ་དེབ་དེ་ཕྱིར་བསྡུ་དང་བཀག་བསྡོམས་བྱས་ཡོད་པ་མ་ཟད། རྩོམ་པ་པོ་ཁོང་ཡང་བཙོན་འཇུག་བྱས་ཡོད་སྟབས། དུས་ཡུན་ཐུང་ཐུང་ནང་བལ་ཡུལ་གྱི་བོད་མི་ལ་ཞེན་ཅན་ཁག་ཅིག་གིས་དཔེ་དེབ་དེ་བསྐྱར་དཔར་བྱས་ཏེ། ཁ་སང་ཕྱི་ཚེས་ ༡༩ ཉིན་བལ་ཡུལ་སྲོང་བཙན་སློབ་གྲྭ་རུ་མི་མང་འདུ་འཛོམས་ཐོག སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་མཆོག་དང་ཚེ་བརྟན་ནོར་བུ་རྣམ་གཉིས་ཀྱིས་དབུ་འབྱེད་གནང་སྟེ། ད་ཆར་རིན་མེད་ཐོག་དེབ་དེ་འགྲེམས་སྤེལ་བྱེད་ཀྱིན་ཡོད་འདུག
དཔེ་དེབ་དབུ་འབྱེད་མཛད་སྒོའི་སྟེང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་མཆོག་གིས་རྩོམ་པ་པོ་ཞོགས་དུང་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་ཆེ་པའི་གཟི་བརྗིད་ཅན་གྱི་རྒྱལ་གཅེས་དཔའ་བོ་ཞིག་ལ་ངོས་འཛིན་བྱ་དགོས་བའི་སྐོར་གྱི་བསྔགས་བརྗོད་གནང་ཡོད་པ་དང་། སྤྱི་འཐུས་ཚེ་བརྟན་ནོར་བུ་མཆོག་གིས་ཞོགས་དུང་དང་ཞོགས་དུང་ལྟ་བུའི་བོད་ནང་གི་རྩོམ་པ་པོ་རིགས་ཞེན་དང་དཔའ་ངར་ཅན་འདི་དག་གི་བརྩམས་ཆོས་མ་འོངས་པར་བོད་ནང་ནས་པར་བསྐྲུན་བྱེད་ཐུབ་པའི་དུས་ཚོད་ཞིག་མ་བྱུང་བར། ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོའི་དམིགས་ཡུལ་འགྲུབ་མེད་པ་དང་དེ་འགྲུབ་པར་ང་ཚོ་རང་གིས་ནུས་བ་འདོན་དགོས་པ་སོགས་གསུངས་ཡོད་འདུག དེབ་འདི་བསྐྱར་དཔར་གྱི་འགྲོ་གྲོན་སྦྱིན་བདག་གནང་མཁན་ས་དཀར་བསྟན་འཛིན་དང་ཅོང་རྒྱམ། བལ་ཡུལ་བོད་ཀྱི་ལྟེ་གནས་ཁང་གི་གཙོ་འཛིན་ཚེ་བརྟན་ནོར་བུ་བཅས་ཡིན་འདུག་ལ། ད་ལྟ་དཔེ་དེབ་དེ་ཀློག་འདོད་མཁན་དང་དོ་སྣང་ཅན་ཚང་མར་རིན་མེད་ཐོག་ས་མཚམས་མེད་པར་སྤྲོད་བཞིན་ཡོད་འདུག
གནམ་ས་གོ་འབྱེད་སྐྱབས་བཅོལ་དུ་འབྱོར་དགའ་བསུ་ཞུ་རྒྱུ།
ད་ཕྱི་སྡོད་བོད་མི་ཚོས་བསྐྱར་པར་བྱས་ནས་འཇོག་རྒྱུ་ཙམ་མ་ཡིན་པར་དོ་སྣང་ཆེན་པོས་ཀློག་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ལ་ལྷག་པར་གཞི་ལུས་བོད་མི་ཚོའི་སྙིང་སྟོབས་སེམས་ཤུགས་དང། ལ་ཞེན་བྱས་རྗེས་ཚང་མར་རྩིས་རིན་ཡོད་པ་བྱེད་དགོས། སྤྱི་འཐུས་དེས་ཞོགས་དུང་དཔའ་པོ་རེད་ཟེར་བ་ལས་ཁོང་གི་བདེ་སྡུག་ཐད་གསུངས་ནན་མོ་ཞིག་མ་བྱོན་པ་སྐྱོ་བོ་རེད།
དུས་བབ་དྲྭ་ཐོག་ཏུ་ཞོགས་དུང་གིས་ལྟ་བ་ལ་འགྱུར་བ་ཕྱིན་འདུག ད་སྐབས་ཡིན་ན་ཞོགས་དུང་གི་རྗེས་འབྲང་བ་ཚོ་ངོ་ཚ་དགོས་ཡ་ཆགས་འདུག་ཅེས། གཅིག་གིས་བྲིས་བཞག་དེ་འདྲ་ཡིན་ན་མི་ཤེས། གཞན་ཞོགས་དུང་གི་དེབ་ལ་སྦྱང་ཡོང་ཡ་གང་མེད། བལྟ་འདོད་ཀྱང་མེད། དེ་ལ་བལྟས་ནས་གསར་བ་ཞིག་གོ་ཡོང་རྒྱུ་གང་ཡང་མེད་ངེས་ཡིན། ཆོས་ནི་ཁས་མི་ལེན་ལ་ཁོས་ཆོས་ཁྱོན་ནས་མི་ཤེས། བོད་ཀྱི་ཆབ་སྲིད་ནི་ང་ཚོ་བོད་པའི་སྟོབས་ཤུགས་དང་ནུས་པས་རྒྱ་ནག་ལ་ཡ་ལན་མི་ཡོང་བ་རེད་མ་གཏོགས་ཁ་ནས་བཤད་མི་ཤེས་མཁན་གཅིག་ཀྱང་མེད། དེས་ན་ཞོགས་དུང་གིས་ཆབ་སྲིད་ལམ་ལུགས་གསར་བའམ། འཐད་རྩོད་བྱེད་ཐབས་ལ་བློ་སྒོ་འབྱེད་ཐུབ་པའི་རྩོམ་ཡིག་ཅིག་བྲིས་ཡོད་སྙམ་པ་རྨི་ལམ་དུ་ཡང་མེད། རྒད་དང་སྙིང་རྗེ། རྒྱ་མིས་རྡུང་གི་མ་བསྡད་ན་བཟང་གི ཨོཾ་མ་ཎི་པདྨེ་ཧཱུཾ༔ ད་ཉལ་གྱི་ཡིན།
གོང་ནས་སེམས་ཤུགས་ཅན་འགས་མ་བསྐུལ་དྭངས་བླངས་ཀྱིས་གནམ་ས་གོ་འབྱེད་བསྐྱར་པར་གནང་བ་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཡིན་ནའང་རིན་མེད་ཐོག་འགྲེམས་སྤེལ་གནང་བ་དེར་ངོ་རྒོལ་དང་བློ་ཕམ་ཡོད། རྩོམ་པ་བོ་གང་ཞིག་གིས་ལོ་ངོ་དུ་མའི་རིང་ལ་སེམས་ནང་གི་ན་ཟུག་དང་སྡུག་བསྔལ་གྱི་ཉིང་ཁུ་ཡོད་ཚད་གཅིག་ཏུ་གྲུབ་པའི་རླབས་ཆེན་གྱི་དེབ་ཆུང་དེ་ཉིད་ཕྱུགས་བདག་འགས་རྒྱུ་ཤེད་གྱིས་རིན་མེད་ཐོག་འགྲེམས་སྤེལ་བྱས་ན་རྩོམ་པ་བོའི་ནང་མིའི་དཀའ་སྡུག་དང་བསམ་བློའི་ནུས་པར་སྣང་མེད་བྱས་པའི་ཚོར་སྣང་བྱུང་། ཕྱིས་སུ་དེ་དོན་ཡིད་འཇགས་དང་བཅས་མུ་མཐུད་གོ་བསྡུར་ཡོང་པར་ཞུ།
སྤྱིར་དེབ་དེ་ཉིད་བསྐྱར་དཔར་བྱས་པར་སྙིང་ཐག་པ་ནས་དགའ་བསུ་བྱེད་ཀྱིན་ཡོད། ཡིན་ནའང་རིན་མེད་དུ་འགྲེམ་སྤེལ་བྱེད་བཞིན་ཡོད་པ་ཐོས་པས་སེམས་ཁྲལ་འཕར་མ་ཞིག་གིས་གཙེས་སོང་། དེ་ལྟར་རིན་མེད་དུ་བཀྲམ་ན་དེབ་དེ་ཉིད་ཀློག་འདོད་ཡོད་མཁན་དག་གི་ལག་ཏུ་མི་འོང་བར་ཅི་མ་ཡིན་ལ་ལྟ་འདོད་མེད་པ་དག་གིས་ཐོབ་རྩོད་བྱེད་ངེས་རེད། ད་དུང་རྩོམ་པོ་ཁོང་གིས་དཀའ་སྡུག་ཁྲི་ཁྲི་འབུམ་འབུམ་ལས་བསགས་པའི་དངུལ་ཁྲག་དེ་ཉིད་འབྱོར་ལྡན་འགས་དེ་ལྟར་གད་སྙིགས་སུ་བསྟིམས་བཞག་ན་དེ་ལས་ཀྱང་ཡིད་ཕམ་པའི་གནས་ཤིག་མ་ཡིན་ནམ།
ཞོགས་དུང་གི་ཁྱིམ་དུ་མཆོད་པ་བཤམས་ཡོད་པ་དང་ཁོ་ནང་ཆོས་ལ་དད་མི་དད་གཉིས་མཉམ་དུ་སྦྱོར་མི་ཐུབ། རྒྱུ་མཚན་ནི་ཞོགས་དུང་གི་བཟའ་ཟླ་ནི་ཡི་གེ་ན་གཅིག་མི་ཤེས་པའི་བོད་རིགས་བུད་མེད་དཀྱུས་མ་ནང་ཆོས་ལ་དད་པ་རྩེ་གཅིག་བྱེད་མཁན་ཞིག་རེད། ཞོགས་དུང་ལྟ་བུའི་ཤེས་ཡོན་ཅན་ཞིག་གིས་རང་གི་བཟའ་ཟླའི་ཆོས་དད་རང་མོས་ལ་བརྩི་བཀུར་ལོས་བྱེད། ཤེས་སོང་ངམ། གང་ལྟར་ཞོགས་དུང་བོད་མི་རིགས་ཀྱི་ཆེད་དུ་འཛིན་བཟུང་བྱས་པའི་དུས་ཚོད་ནག་པོ་འདིའི་ནང་དུ་ཁྱོད་ཚོས་ཁོ་ཆོས་ལ་དད་མི་དད་ཀྱི་རྩོད་པ་སྐྱུག་བྲོ་བོ་འདི་དྲུད་ཡོང་ནས་ཅི་བྱེད། ཁྱོད་ཚོ་འདིས་ངོ་མ་རོ་མགོ་མེད་ཀྱི་སྟེང་དུ་བྲོ་འཁྲབ་ཀིན་འདུག ཞོགས་དུང་གིས་བརྗོད་པའི་མི་གཞི་མེད་པ་དང་སྒལ་ཚིགས་མེད་པ་ཟེར་བ་དེ་ནི་ཁྱེད་ཅག་མིན་ན་གང་ཡིན།
ཆོས་ལ་དད་པ་བྱེད་པ་དང་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་པ་གཉིས་ལ་འབྲེལ་བ་ཡོད་ཆོག་ལ་མེད་ཀྱང་ཆོག ཡིན་ན་ཡང་ཀླད་པའི་ནང་དུ་ཉོག་མ་གཏོགས་མེད་པ་ཚོས་འདི་གཉིས་ནམ་ཡང་མཉམ་དུ་དྲུད་ཡོང་གིན་འདུག
ཤར་རལ་གྲིས་གསུངས་དོན་ལ་ངོས་ལེན་མེད། རྒྱུ་མཚན་ནི།
༡༽ ཐོག་མར་ཞོགས་དུང་གི་དེབ་དེ་བརྩམས་པའི་ཀུན་སློང་ངོ་མ་ཡང་་དེབ་འདིའི་ནང་གསལ་བ་བཞིན་རང་དབང་རྩོད་ལེན་བྱེད་དགོས་པ་དང་བྱེད་ཚུལ་ཤེས་གལ་ཆེ་བ་དེ་ཉིད་བོད་གཞིས་བྱེས་གཉིས་ཀྱིས་ཤེས་བཅུག་དེ་རེད།
༢༽ དེབ་རིན་མེད་ཕུལ་བ་དེ་སྦྱིན་བདག་ཁོང་དག་དངུལ་མང་ཐལ་ནས་རྩེད་མོ་མིན་པར་ཞོགས་དུང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་ཞིག་རེད།
༣༽ དངོས་ནས་ཤེས་ཡོན་ཅན་དང་ལྷག་བསམ་ཅན་ཤ་ཞེན་ཅན་གྱི་བོད་རིགས་མི་ཉུང་བ་ཞིག་འབྱོར་ལྡན་མིན་པར་ཤོག་དངུལ་གྱི་དཀའ་ངལ་ཡོད་པ་ཤེས་དགོས།
༤༽ གོང་ཆེན་པོ་བྱེད་ནས་བཙོང་ན་དེ་ཉིད་ཐང་ཆེ་དགོས་དོན་དང་། རིན་མེད་ཕུལ་ན་ཐང་མེད་འགྲོ་བ་ཞིག་མིན་པའང་ཤེས་དགོས།
༥༽ ནང་མི་ལ་དཀའ་སྡུག་ཡོད་པ་བསལ་ཆེད་འགྲོ་སོང་གཏོང་དགོས་གལ་ཆེ་ཡང་། དེ་ལས་ཀྱང་དེབ་འདི་ཉིད་ས་ཁྱབ་རྡོ་ཁྱབ་བྱུང་བའི་ཆེད་འགྲོ་སོང་གཏོང་དགོས་གལ་ཆེ་སྟེ། རྩོམ་པ་པོ་རང་ཉིད་ཀྱིས་ཀྱང་རང་དང་རང་གི་ནང་མི་རྩིས་ཆེན་དུ་མི་བརྩི་བར་ཁོང་གི་ལྟ་གྲུབ་གང་ཡིན་པ་བོད་མི་ཡོངས་ཀྱི་ཤེས་སུ་བཅུག་པ་དེ་ཡིན་པས་སོ། །རང་གར་སྨྲ་བ་ཉུང་ན་མཛེས་སོ།
ཞོགས་དུང་གི་སྐོར་ལ་གནས་ཚུལ་གཅིག་ཀྱང་གོ་ཡ་མི་འདུག ཧ་གོ་མཁན་རེ་བྱུང་ན་དྲ་ཐོག་ཏུ་གནས་ཚུལ་འགོད་རོགས། ཞོགས་དུང་གི་ཕ་ཡུལ་ཕྱོགས་ནས་མི་མང་པོ་ཞིག་འདུ་འཛོམས་ཀྱིས་རྫོང་རིམ་པ་དང་། ས་ཁུལ་སྤྱི་བདེ་ལས་ཁུང་ཁག་ལ་ཞུ་གཏུགས་བྱེད་པར་ཕྱིན་ནའང་ད་དུང་ལན་གང་ཡང་སྤྲད་མི་འདུག།
ངོ་མ་དགའ་བསུ་ཞུ།
གནམ་ས་གོ་འབྱེད་མི་ཡུལ་དུ་འབྱོར་བར།
ངོམ་ཡིད་རེ་སྐྱོ།
རྩོམ་པ་པོ་མུན་བཙོན་དུ་བཅུག་པར།
ངོ་མ་ཡིད་རེ་དགའ།
མི་ཡུལ་དུ་བསྐྱར་པར་བྱས་པར།
ངོ་མ་ཡིད་རེ་སྨྲེང་།
རིན་མེད་དུ་སྦྱིན་པ་གཏང་བར།
་་་་་། ༥༽ ནང་མི་ལ་དཀའ་སྡུག་ཡོད་པ་བསལ་ཆེད་འགྲོ་སོང་གཏོང་དགོས་གལ་ཆེ་ཡང་། །་་་་་
རྒྱབ་ལྗོང་ཀུན་སློང་བཟང་ངན་གང་ཡོད་ཀྱང་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཐེབས་སྐབས་རྒྱ་གཞུང་གིས་རོགས་སྐྱོབ་གང་ལེགས་ཙམ་བྱས་བྱུང་སྙམ། དཔེར་ན་མྱུར་སྐྱོབ་དམག་མི་མངགས་པ། གནམ་ས་གཉིས་ཐད་ནས་སྐྱེལ་འདྲེན་འཕྲུལ་འཁོར་བཏངབ། སྦྲ་གུར་སོགས་སྡོད་གནས་གྲྭ་སྒྲིགས་བྱས་པ། སྨན་པ་དང་སྨན་གཡོག་བཀོད་སྒྲིག་བྱས་པ། བཟའ་འཐུང་གི་མཐུན་རྐྱེན་སྦྱར་བ། རྒྱ་གཞུང་གི་དབུ་ཁྲིད་རིམ་པ་མི་འདྲ་བ་སྐབས་མཚམས་གནོད་ཐེབས་ས་ཁུལ་དུ་ཕྱིན་ཏེ་ལུས་ངག་གི་ཐོག་ནས་སེམས་གསོ་དང་འཚམས་འཕྲིན། མ་འོངས་ལས་འཆར་བཀོད་སྒྲིག་བྱེད་པ་བཅས་ལ་ལྟོས་ན་མཐའ་གཅིག་ཏུ་དེ་དག་ངན་པ་ཞིག་ཏུ་བརྩི་ཨེ་རུང་སྙམ། ྋགོང་ས་མཆོག་གིས་ཀྱང་སྐབས་དེར་རྒྱ་གཞུང་གི་རོགས་སྐྱོབ་ལ་བསྔགས་བརྗོད་མཛད་ཡོད་པ་ལས་མཐའ་གཅིག་ཏུ་དམའ་འབོད་རྐྱང་རྐྱང་བྱས་མེད་པ་རེད།
གོད་ཆགས་ལ་རོགས་སྐྱོབ་ཐད་རྒྱ་གཞུང་དམངས་གཉིས་ལ་ངས་ངོས་ནས་བསྔགས་བརྗོད་ཡོད།
ད་དུང་ལས་ཟིན་ལས་ལས་རྒྱུ་མང་བ་ལྷག་ཡོད་སྟབས་སྔར་མུས་བཞིན་རོགས་པ་གང་ཐུབ་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ།
་་སྤྱི་འཐུས་རྒྱལ་ནོར་ཚེ་དབང་མཆོག་གིས་རྩོམ་པ་པོ་ཞོགས་དུང་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་ཆེ་་་་།
་་་སྤྱི་འཐུས་ཚེ་བརྟན་ནོར་བུ་མཆོག་གིས་ཞོགས་དུང་དང་ཞོགས་དུང་ལྟ་བུའི་བོད་ནང་གི་རྩོམ་པ་པོ་རིགས་ཞེན་དང་དཔའ་ངར་ཅན་་་་་།
་་་་འགྲོ་གྲོན་སྦྱིན་བདག་གནང་མཁན་ས་དཀར་བསྟན་འཛིན་དང་ཅོང་རྒྱམ། བལ་ཡུལ་བོད་ཀྱི་ལྟེ་གནས་ཁང་གི་གཙོ་འཛིན་ཚེ་བརྟན་ནོར་བུ་བཅས་ཡིན་འདུག་ལ། ་་།
ཞོགས་དུང་བཅས་འབྲེལ་ཡོད་ཚང་མར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ།
དེབ་འདི་དཔར་བསྐྲུན་བྱས་པར་ཐུགས་རྗེ་ཆེ། རིན་མེད་དུ་སྤྲད་པ་འདིས་དེབ་ཀྱི་མཐོང་བརླགས་མི་ཐུབ་པ་འདྲ། གང་ཡིན་ཟེར་ན་ཞོགས་དུང་ཁོང་འདི་ལྟར་གྲགས་ཅན་མི་སྣར་གྱུར་ཟིན་པས་སོ། འོན་ཀྱང་དེབ་འདི་དགོས་སར་མི་སླེབས་པར་མི་དགོས་སར་མང་པོ་འབྱོར་ངེས་པ་ཞིག་ཡིན་པ་དེར་བློ་ཡིད་སྐྱོ་བ་ཞིག་རེད།
གཞན་ཡང་ཞོགས་དུང་གི་བསམ་བློ་དང་ལྟ་བ་སོགས་གླེང་དུས་མི་འགའ་ཞིག་གིས་གང་ཞིག་གླེང་གིན་ཡོད་པ་དེར་དོ་སྣང་དང་བགྲོ་གླེང་གང་ཡང་མི་བྱེད་པར་གླེང་པ་པོར་སྡིག་དམོད་བྱེད་པ་འདི་ཞོགས་དུང་ལ་རྒྱབ་སྐྱོར་བྱས་པའི་ཁུལ་རེད་མོད། ཞོགས་དུང་གིས་ཐོས་ན་སེམས་སྐྱོ་ངེས་རེད། དེས་ན་དྲ་གྲོགས་ཚོས་གླེང་མཁན་དང་གླེང་རྒྱུ་གཉིས་ལས་གང་ཞིག་གལ་ཆེ་མིན་ལ་ཐུགས་སྣང་གནང་རོགས། ཞོར་དུ་ཞུ་རྒྱུར། ཞོགས་དུང་གི་གནས་ཚུལ་གསར་པ་འདྲ་ཡོད་ན་དྲ་ཐོག་ཏུ་འགོད་རོགས་གནང་། ཐུགས་རྗེ་ཆེ།