གངས་སྒྲོན་གྱིས་བརྩམས།
(ཡིག་གཟུགས་བརྗེ་སྒྱུར་གྱི་བར་ནས་འཁྲབ་གཞུང་འདིའི་པར་ངོས་ཀྱི་བཀོད་སྒྲིག་དེ་རྩོམ་པ་པོའི་རེ་འདོད་ཇི་བཞིན་དུ་ཡོང་མ་ཐུབ་པས་དགོངས་འགལ་མེད་པ་ཞུ། རྩོམ་སྒྲིག་པས།)
མི་སྣ། བསྟན་འཛིན། (རང་ལོ་༢༣)
ཌ་ན། (རང་ལོ་༣༥)
ས་གནས། ཁོང་གཉིས་ཀྱི་ཁྱིམ་དུ། མལ་ཁང་གི་ཁང་མིག་ཏུ་གྱེན་ལངས་མེ་ལོང་གཅིག་དང་དེའི་གཤམ་དུ་ཌ་ན་ཡི་ངོ་༌། སྣུམ་དང་དབྱུག་རྩི་སྒྲིག་སའི་ཤིང་སྒྲོམ་གྲུ་བཞི་ཞིག་དང་དེའི་སྟེང་དུ་ཁྱིམ་སྤྱོད་ཁ་དཔར་ཅིག་བཞག་འདུག དེའི་གཡོན་ཟུར་གྱི་ཀླད་ཐོད་ཏུ་ང་གཉིས་ཀྱི་གཉེན་སྒྲིག་དཔར་སྒྲོམ་ཞིག་དང་དེར་ཁོང་གཉིས་ཀའི་བོད་ཆས་སྤྲས་ཡོད། མགྲོན་ཁང་དུ་འབོལ་གདན་རིང་བོ་ཞིག་དང་གཟུགས་མཐོང་བརྙན་འཕྲིན་གཅིག་དང་གློག་ཀླད་བཅས་ཁྱིམ་ཆས་སྟབས་བདེ་འབའ་ཞིག་གང་སར་འགྲམ།
དུས་ཚོད། ཞོགས་པའི་ཆུ་ཚོད་༧ཡས་མས་སུ།
ཁོང་གཉིས་ནི་རང་མོས་ཐོག་སྤྱི་ལོ་༢༠༠༦ལོར་རྒྱ་གར་རྡ་རམ་ས་ལ་ནས་ཁྲིམས་མཐུན་ཐོག་གཉེན་སྒྲིག་བྱས་ཤིང༌། ད་ལྟ་ཨ་རི་རུ་འཚོ་བ་བསྐྱེལ་གྱི་ཡོད།
བསྟན་འཛིན། (མལ་ཁྲི་སྟེང་ན་བསྟོད་ཧྲང་དུ་ཡས་རྒྱས་ཤིང་མལ་ཆས་ཀྱིས་རྐང་བ་བསྟུམས་ཡོད)ཌ་ན་་་་་་་ ཐུགས་རྗེ་གཟིགས། ཐོར་རོགས་གནང༌།
ཌ་ན། (གོན་པ་གྱོན་རྒྱུར་བྲེལ་ཤིང་ཧ་ཅང་གིས་སུན་སྣང་གི་ཉམས་དང་བཅས) ཁ་བཙུམ་མི་ཐུབ་བམ། ཉིན་རྟག་པར་རྙོག་དྲ་བཤད་རྒྱུ་ལས་མི་ཤེས་དོན་ཅི།
བསྟན་འཛིན། (སྐྲའི་ལན་བུ་འགྲམ་པ་དང་སྐེ་རུ་དཔྱངས་ཤིང་གཟེང་བཞིན)ཐུགས་རྗེ་གཟིགས། ང་ངོ་མ་་་་་་་་་ཐབས་ཤེས་མི་འདུག།
ཌ་ན། (འུ་ཐུག་གི་ཉེན་བརྡའི་མིག་ཆེར་བསྐྲད་ནས) རྨི་ལམ་མ་གཏོང༌། གོ་སོང་ངམ།
བསྟན་འཛིན། (ཤི་མ་གསོན་གྱིས) ཐུགས་རྫེ་གཟིགས། ཐོར་རོགས་གནང༌།
ཌ་ན། (མེ་ལོང་གི་མདུན་དུ་ལངས་ནས་མགོ་སྐྲ་ཨར་ཅོག་གིས་སྐམ་ཕྱིས་བྱེད་ཀྱིན)
འོ། ལྷ་མཁྱེན། ཇེ་འདྲའི་མི་ལེ་ལོ་གླེན་གཏུག་ཅན་ཞིག་ཨང༌། ངས་སྔར་བཤད་ཟིན་པ་མིན་ནམ། འདི་ནི་ངའི་ཆང་ས་གཉིས་པ་རེད། ཐེངས་གསུམ་པ་བཀྱོན་ཆོག་གི་མེད། དེ་ཁྲིམས་རེད།
བསྟན་འཛིན། (རེ་བ་ཟད་པའི་འུ་ཐུག་གི་ངོ་གདོང་གློད་ནས) ཁྱེད་ཅག་ནུབ་ཕྱོགས་པ་རྣམས་ལ་གཉེན་སྒྲིག་དང་གཉེད་ཐོར་རང་མོས་ཟེར་པའི་སྐད་ཆ་གང་དུ་ཕྱིན་པ་རེད།
ཌ་ན། (ནན་ཏན་གྱིས) དེ་ནི་སྔོན་མའི་དུས་སུ་རེད། ད་ལྟ་དེ་འདྲ་མ་རེད། རྒྱབ་ཁབ་ཀྱི་རྩ་ཁྲིམས་ལ་གྱུར་པ་ཕྱིན་པ་རེད། གོ་སོང་ངམ། ང་ཁྱེད་ཀྱི་ཆེད་དུ་སོ་སོའི་རྒྱལ་ཁབ་དང་བྲལ་ཐུབ་ས་མ་རེད།
བསྟན་འཛིན། (མིག་ཟུང་ཤུགས་ཀྱིས་བཙུམ་ནས) ངས་ཁྱེད་ལ་ཞུ་བ་འཐེན། ཐོར་རོགས་གནང༌། གལ་སྲིད་མི་ཐོར་ན། ང་རང་བྲོས་འགྲོ་ངེས་ཡིན།
ཌ་ན། (སྒོ་རྩ་ནས་ཚུར་ཁ་འཁོར་ནས) ཧུན། ཁྱི་བཞིན་སྲང་དང་སྲང་ལམ་བརྒྱུད་ནས་འགྲོ་རྒྱུ་ཡིན་ཨེ། འདི་ས་ཨ་མེ་རི་ཁའི་རྒྱབ་ཁབ་རེད། ཐ་ན་ཁྱི་ལའང་སྒྲིག་གཙོ་ཡོད་པ་རེད། ཡང་རྒྱ་གར་ནང་བཞིན་མི་དང་མ་ཧེ་ཚང་མ་རྒྱ་ལམ་དུ་འཚིང་ཆོག་ གི་ཡོད་མ་རེད། མ་ཧེ་ཚང་མ་རྒྱ་ལམ་དུ་འཚིང་ཆོག་གི་ཡོད་པ་མ་རེད།གོ་སོང་ངམ།
བསྟན་འཛིན། (འཚིག་པའི་མིག་ཟུང་ཆེར་གདེང་ཞིང་ལག་པའི་སྤར་མས་མལ་ཆས་དམ་པར་བཙིར) ཁྱེད་ཚད་ལས་བརྒལ་སོང༌།
ཌ་ན། (ཕྲག་པར་ལག་ཁྱེར་གོ་ཁུག་གི་ཐག་པར་ལག་པར་འཇུ་ཙམ་བྱས་ནས་སྣ་དགོད་དང་བཅས) ཅི་རེད། ངས་བཤད་པ་ནོར་སོང་བ་རེད་དམ།
བསྟན་འཛིན། (ཅུང་ཟད་འགྱོང་བའི་ཉམས་ལ་སྤྲེལ་ལད་བསྲེས་ནས) ཧུན། དགོངས་དག། ངེད་གཉིས་འདི་ལྟར་བྱས་ན་ངེད་གཉིས་ཀ་མི་སྐྱིད་པས། ཐོར་ན་་་་་་་་་
ཌ་ན། (མིག་འབུར་ཚུགས་སུ་ལྟོས་ནས) ཅི་རེད། ལེ་ལོ་ཉམ་ཐག་ཅན་གྱི་བོད་པ་ཁྱེད་ཀྱི་ཆེད་དུ། ང་ངའི་རྒྱབ་ཁབ་ནས་ཕྱིར་བུད་བྱེད་དུ་འཇུག་དགོས་པ་རེད་དམ། འ་་་་་་་་ཞལ་ཁ་བཙུམ་ནས་མལ་ལས་ལངས། ནང་ཁྱིམ་གཙང་བཟོ་བྱས། འོ་རེད། ངའི་རྐང་ཐུང་སོགས་ཆུ་སྣོད་དུ་རྫོངས་ཡོད། དེ་འཕྲོ་བཀྲུ་རྒྱུར་མ་བརྗེད། མ་མཐར་དེས་ལས་ཐུབ་པ་བྱས། ངས་ཁྱེད་ཟས་རིན་དུ།
མོས་ཁྱིམ་གྱི་སྒོ་ཤུགས་ཀྱི་རྡེབ་ཅིང་བྲལ་ནས་སོང༌། བསྟན་འཛིན་ཨ་ཆད་འུ་ཐུག་གི་དབུགས་རིང་ཞིག་དང་ལྷན་དུ་སླར་མལ་ཁྲི་སྟེང་གནམ་བགྱེལ་དུ་རིལ་ཞིང༌། མགོ་བོ་མལ་ཆས་ཀྱིས་བསྟུམས། ཅུང་མ་འགོར་བར་མགོ་བོ་མལ་ཆས་ལས་ཕྱིར་བཏོན་ནས། ཁོས་ཁོ་དང་གྲོང་ཁྱེར་གཅིག་པ་ནིཡག་ཏུ་ཡོད་པའི་གྲོགས་པོ་བཀྲ་ཤིས་ལ་ཁ་པར་གཏོང༌།
བསྟན་འཛིན། (བསམ་བློ་གསར་པ་ཞིག་རྙེད་པའི་དགའ་ཉམས་དང་བཅས) ལྤེ། བཀྲ་ཤིས། ཁྱེད་དེ་སྔོན་ཁྱེད་ཀྱི་མོ་དོ་དང་ཅི་ལྟར་བཟའ་ཐོར་ཐུབ་སོང༌།
བཀྲ་ཤིས། ཧེ་ཧེ་་་་་ ཅི་རེད། ཁྱེད་་་་་་ མྱངས་ཀྱི་འདུག་པས།
བསྟན་འཛིན། (བྲེལ་འཚུབ་དང་ལྐུགས་འདུག་བསྐྱོར་རྒྱབ་)་འ་ལ་་་་་་་མགྱོགས་སུ་ཤོད་དང་ངའི་ཁ་པར་དུ་དངུལ་རྫོགས་གྲབས་ཡོད།
བཀྲ་ཤིས། དེ་ནི་ང་ཚོའི་ཕོ་གསར་ཚོས་ཉེ་སྔོན་གསར་དུ་རྙེད་པའི་ཐབས་ཤེས་ཤིག་རེད། དེར་བརྟེན་ནས་ལམ་འགྲོ་སོང་བ་མི་ཉུང་བ་ཞིག་ཡོད་པ་རེད། དེ་་་་་་་ དེ་ ཧེ་ཧེ་གཙང་སྤྱོད་ནང་དུ་སྐྱག་པ་ཆེན་པོ་ཞིག་གཏོང་ནས་དེ་མ་འཁྲུས་པར་བཞག་ནས་དྲི་མ་བྲོ་རུ་འཇུག་རྒྱུ་དེ་རེད།
བསྟན་འཛིན། (དགའ་འུར་ལང་ཡང་ནན་ཏན་གྱིས) ཧེ་ དེ་་་་་་དངོས་ནས་ཕན་ཐོགས་ཤིག་ཨི་བྱུང་ན།
བཀྲ་ཤིས། དེ་ཕན་གྱི་ཡོད། ཅི་ཙམ་ཆེ་བ་དེ་ཚོད་ཀྱི་བཟང༌། དྲི་མ་ག་ཚོད་ཙོག་ན་དེ་ཙམ་གྱི་ཕན།
བསྟན་འཛིན། (བྱིས་པ་ལྟར་ཕག་ཚགས་དང་དེ་མུར་མལ་ཁྲི་ལས་ལ་མཆོང༌) ཧཧཧ་་་་་་ ངས་ཚོད་ལྟ་ཞིག་བྱས་ཆོག། ཐུགས་རྗེ་ཆེ།
བཀྲ་ཤེས། འོ་ཁེ། པེ།
དགོང་མོ་ཆུ་ཚོད་དགུ་བ་ཡས་མས་སུ་ཌ་ན་ཕྱིར་ཁྱིམ་དུ་ལོག། མོ་གཅུན་པ་ཤོར་ན་ཉེ་བ་འདྲ༌། མོས་ཕྲག་གི་གོ་ཁུག་དེ་མུར་འབོལ་གདེན་སྟེང་དུ་གཡུག་རྗེས་ཐག་ཀར་གཙང་སྤྱོད་དུ་རྒྱུག། མིག་ཨག་སྐད་ཅིག་དང་ལྷན་དུ་བསྟན་འཛིན་གྱི་གམ་དུ་རྒྱུག་ནས་སླེབས། དེ་མུར་གཙང་སྤྱོད་འཁྲུས་པར་བཀའ་བསྒོས་ཀྱང༌། ཁོས་མལ་ཆས་མགོ་ནས་ཕྱིས་ཤིང་ན་མདོག་བསྟན། མོས་ངུ་ངག་དང་བཅས་སྒོ་ཕྱིར་བུད་ནས་སོང༌། བསྟན་འཛིན་གྱིས་ལག་པ་ཁུར་ཚུར་བཅིང་ནས་ ཡེསེ་ རླུང་ད་རྒྱུགས་སོང་་ཟེར་རྗེས་སོང་ཉིན་གྱི་ཐོར་ཚིག་ལ་སྒུག་ནས་བསྡད། མོ་ཕྱི་ཉིན་གཞི་ནས་ཞོགས་པ་ཕྱིར་ཡོང་བ་ན། ཁྱིམ་ནང་གི་་སྐྱག་དྲི་སྔར་བས་ཆེ་བ་ཚོར། མོ་ཁོང་ཁྲོ་དང་འུ་ཐུག་ཐབས་ཟད་ཀྱི་མིག་ཆུ་བར་མེད་དུ་ཐོར་གྱིན། ཁོའི་འདོད་དོན་བཞིན་བཟའ་འཐོར་ཡི་གུ་ལེན་དུ་སོང༌།
བསྟན་འཛིན། (མགོ་སྒུར་ནས) ཐུགས་རྗེ་་་་་་་་
ཌ་ན། (ཧ་ཅང་ཁྲོས) ཐུགས་རྗེ་ཆེ་ཨེ། ཁྱེད་ཅག་དྲིན་ཅན་དྲིན་གཟོ་མེད་པར་མི་རིགས་ཤིག། ང་་་་་ང་་་་་་་་་་ ཡིན་ན་་་་་་་ ང་ངོ་མ་ཐབས་ཤེས་མི་འདུག
ཌ་ན། (ཁོང་ཁྲོ་གཅིན་ཞོར) རེད། ཁྱེད་ལ་ཁོག་མི་འདུག འོན་ཀྱང༌། ཁྱེད་ཐོག་མར་ང་དང་ཆང་ས་བཀྱོད་དོན་ཡང་ཨ་རི་ཡོང་ཆེད་ཡིན་པ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང༌། ང་དང་མུ་མཐུད་དུ་གནས་ཐབས་མེད་ཚེ། ཨ་རི་ནས་འདུག་རྒྱུ་རྨི་ལམ་ཡང་མ་གཏོང་ཤིག ང་རང་ཉིད་སོ་སོའི་འདུག་དབང་མ་མཆིས་པ་འདི་དང་་བསྡུར་ན། ད་དུང་ཁྱེད་ཀྱི་ཉེས་པ་འདིཆུང་དྲགས་པ་རེད། གང་ལྟར། བདེ་མོ།
ཌ་ན་ཡིས་ཁྲིམས་གཏུག་བྱས་པ་ལྟར། བསྟན་འཛིན་ཕྱི་ཉིན་དེ་ག་རང་ལ་ཨ་རི་དོན་གཅོད་བརྒྱུད་སླར་ཡང་རྒྱ་གར་རྡི་ལི་ལ་གཡུག ཁོས་རྗེས་ཕྱིན་ཕོ་གསར་སུ་ལ་ཐུག་ཀྱང་སོ་སོའི་བོད་པའི་བུ་མོ་ཞིག་ཟོ་ཐུབ་པ་བྱེད་དགོས་དང་སོ་སོ་དབྱིན་མོ་ཟོ་རུ་བཅུག་པ་ལས་ཤི་ན་དྲགས་ཅེས་བསླབ་བྱ་གནང་སྲོལ་ཡོད།
བསྟན་འཛིན་ཁོས་ཐོར་ཟེར་དོན་ཅི་རེད།
དེ་གསང་བ་ཨི་རེད། དེང་གི་ཕོ་གསར་ཡིན་ཟེར་མཁན་ཚོའི་མེ་མདའ་དང་ལག་ཆས་མ་འབྱོན་པར་དབྱིན་མོ་དང་ཐོར་པ་མང་པོ་ཡོད་ཚུལ་འདུག་པས་དེ་འདྲ་ཨི་རེད།
ཁྱོའི་མཁལ་མ་མཚང་ར་ནད་པ་རེད།།
འོག་སྤུན་ཆུང་དེ་ནི་ལས་ངན་རེད།།
ཕུར་ཕུར་ན་མ་གཏོགས་མི་ལངས་གི།
དགོས་མཁོ་ན་རྒྱག་ཡུན་མི་རིང་གི།
བཙུར་བཙུར་ན་མ་གཏོགས་མི་ཡོང་གི།
ཅུང་ཡོང་ནོ་གཡའ་ཆུ་སྐྱུར་མོ་རེད།
དེ་ཐོག་ལ་སྒྱུ་རྩལ་ཁྱོས་མི་ཤེས།
ད་ཨ་རིར་འགྲོ་རྒྱུའི་ལས་མེད་རེད།
གངས་སྒྲོན།
སྒྲུང་དངོས་གནས་སྙན་པོ་འདུག ལེགས་སོ་མང་པོ་ཡོད་དོ། ཡིན་ནའི་སྐད་ཆ་དང་པོ་དེ་སུས་བཤད་པ་རེད་སྙམ་པའི་དོགས་པ་ཡོང་གི་འདུག དེ་ཤོད་མཁན་ཌ་ན་རེད་དམ་བསྟན་འཛིན་རེད། གསལ་པོ་མིན་འདུག གལ་ཏེ་བསྟན་འཛིན་གྱིས་བཤད་པ་ཡིན་ན། འདི་ལྟར་བཀོད་ན་ཇི་འདྲ་རས།
བསྟན་འཛིན་གྱིས། ཌ་ན་་་་་་་ ཐུགས་རྗེ་གཟིགས། ཐོར་རོགས་གནང༌།
དྲ་ངོས་འདིར་པར་འགོད་མི་ཐུབ་པ་ལ་རྩོམ་པས་གསལ་བཤད་ཅིག་བྱེད་དགོས་ཀྱི་འདུག དེ་ནི་དྲ་ངོས་འདིའི་ཤོང་ཚད་ལ་ཚོད་འཛིན་བྱས་པ་ཡིན་ནམ་པར་རྩོག་རེ་དགོད་ཡོང་བའི་སེམས་ཁྲལ་གྱིས་ཡིན། དེབ་རབས་རྩོམ་ཡིག་གི་གྲུབ་ཆ་གཅིག་ནི་རྩོམ་ཡིག་དེ་དང་མཉམ་དུ་ཡོད་པའི་འདྲ་པར་དག་རེད། ངོ་མ་བཤད་ན་འདིར་འདྲ་པར་འཇོག་ན་ལེགས། ཝིན་སྒྲི་ཨེ་ཁེ་སི་ཕུ་རེ་སི་དྲ་རྒྱ་འདིའི་སྟེང་ནས་མི་སྒེར་གྱི་ཟིན་བྲིས་དོ་ར་གཉེར་ན་འདྲ་པར་འཇོག་ཐུབ་ཀྱི་འདུག དྲ་བ་ཨ་མ་དང་དེའི་ཁོངས་གཏོགས་སུ་གྱུར་པའི་དྲ་ཚིགས་འདི་གཉིས་ལ་དེ་ཙམ་གྱི་དབུལ་ཕྱུག་གི་ཁྱད་པར་ཤོར་དགོས་དོན་ངོ་མ་དེ་གང་ཡིན་ནམ། རྩོམ་སྒྲིག་པ་ཁྱེད་ཅག་གིས་འདྲ་པར་འཇོག་གིན་འདུག་ལ་ང་ཚོས་འཇོག་མི་ཐུབ་པའི་འདྲ་མཉམ་མིན་པའི་གནས་སྟངས་འདི་ལ་གསལ་བཤད་ཅིག་དགོས་པས་མི་ཚད་འཕྱིས་དྲགས་པའི་ཉེན་ཁ་ཞིག་མི་འདུག་གམ།
ཆད་ནོར།
རྩོམ་པས། རྩོམ་སྒྲིག་པས།
འཇོག་ན། འཇོག་ཐུབ་ན།
ཝིན་སྒྲི། ཝིན་སྒྲོ།
སོ་སོ་དབྱིན་མོ་ཞིག་ལ་གསོ་རུ་འཇུག་པ་ལས་ཤི་ན་དགའ་བས། བོད་མོ་ཞིག་གསོ་ཐུབ་པ་བྱེད་དགོས་ཅེས་པའི་བསླབ་བྱ་འདི་བརྒྱག་འདོད་ཀྱི་ཀུན་སློང་ཤུགས་དྲག་པོ་ཙམ་མ་གཏོགས། དེ་མཚོན་གཞིའི་འཚོ་བ་དངོས་ལ་ཆ་ཡོད་བྱས་མེད་པར་བརྟེན། བྱིས་སྒྲུང་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་ཚོར་སྣང་བྱུང་། སྒྲུང་བཤད་མཁན་གྱིས་ཐོག་མར་རང་གིས་སྒྲུང་ཅི་ཞིག་བཤད་རྒྱུའི་སྐོར་གྱི་བརྗོད་བྱ་དེ་ལ་ཞིབ་ཆ་མེད་ན། སྒྲུང་དེ་ནི་དགོད་ཁ་སློང་བྱེད་ཁོ་ན་ཙམ་རེད། གཅེས་ཕྲུག་ཅེས་པའི་སྒྲུང་དེ་ནི་འདི་ལས་ལྡོག་སྟེ། གངས་སྒྲོན་གྱིས་སློབ་མ་ཕོ་མོ་དེ་ཟུང་གི་འཚོ་བ་ལ་ཞིབ་ཆ་གང་འཚམས་ཞིག་བཏོད་ཡོད་པས། ཀློག་མཁན་ཚོར་མུ་མཐུད་ནས་སྒྲུང་གི་ཁ་སྐོང་འདོད་ཀྱི་སེམས་ཚོར་སྤྲད་པ་ལྟ་བུ་རེད།
ནུབ་གླིང་གི་བུད་མེད་ཚོས་བོད་པའི་ཕོ་གསར་ཚོ་གསོ་དགོས་ན། ག་རེ་བྱེད་ནས་བོད་པའི་ཕོ་གསར་ཚོས་བོད་མོ་གསོ་དགོས་རེད། བོད་པའི་བུད་མེད་ཚོ་ག་རེ་བྱེད་ནས་གཞན་ལ་ཁེན་དགོས་པ་རེད། ངས་ལྟས་ན་མི་རེ་རེ་ཡིས་རང་གི་འཚོ་བའི་རྩ་དོན་གླེང་བ་ནས་བོད་མོ་ནི་རང་བཞིན་གྱིས་ཉམས་ཞན་པོ་ཞིག་ལ་ངོས་འཛིན་གནང་འདུག
ངས་བལྟས་ན་བུ་དང་བུ་མོ་སུ་ཞིག་ལ་མཚོན་ན་ཡང་། ཕན་ཚུན་གསོས་ནས་བསྡད་ཟེར་བ་ལས་འཇོན་ཐང་སུ་ཆེ་དེ་ལ་བརྟེན་དགོས་བ་རེད། དེ་ལ་ཕོ་མོའི་ཁྱད་པར་དབྱེ་དགོས་དོན་མི་འདུག བཟའ་ཚང་ཞིག་ཡིན་པས་དབང་དུ་བཏང་ན་གཅིག་ལ་གཅིག་བརྟེན་བྱས་ན་ཡག་པ་ལས་མི་གཅིག་གི་དཀའ་ལས་བརྒྱབ་པ་མི་གཅིག་གིས་ལོངས་སུ་སྤྱད་བསྡད་པ་ཡིན་ན། དེ་ནི་གཏན་ནས་མ་འོས་པ་ཞིག་རེད།
བོད་པའི་ཕ་རྒན་ཚོས་བོད་པའི་ཨ་མ་ཚོ་གསོ་བསྡད་པར་གོ་བ་ལེན་མཁན་ཚོ་ནོར་བ་རེད། རྒྱལ་ཁབ་ཅིག་ལའང་ཕྱི་སྲིད་དང་ནང་སྲིད་ཀྱི་འགན་ཁུར་མཁན་གྱི་བློན་ཆེན་མི་འདྲ་རེ་བ་ཡོད་ལ། ཕྱི་སྲིད་བློན་ཆེན་གྱིས་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུའི་འགན་དང་དབང་ཆ་མེད་ནང་བཞིན། བོད་མའི་ཁྱིམ་ཚང་ཚོའི་ལས་རིགས་ཁག་གཉིས་སུ་བགོས་ནས། ཁྱི་ལས་དང་རི་ལས་གཉིས་ཡོད་པ་ལས། ཞི་འཇམ་དང་དང་བདེ་འཇགས་ཡིན་པའི་ཁྱིམ་ལས་ཀྱི་འགན་ཡོངས་རྫོགས་ཆུང་མས་ཁུར། ཉེན་ཆེ་དང་བདེ་འཇགས་མ་ཡིན་པའི་རི་ལས་ཚང་མ་ཁྱོ་གས་ཁུར་བ་རེད། དེ་ནི་བོད་པའི་སྤྱི་ཚོགས་ལ་མཉམ་ཞིབ་ཡག་པོ་བྱས་ན་ཤས་སླ་བ་རེད། དཔེར་ན་ཁྱིམ་ཚང་ཞིག་ལ་རྒྱུ་ནོར་མེད་པར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཀྱི་ཡོད་ན་ཆུང་མར་ངན་ཁག་མེད་པར་ཁྱོ་གའི་ངོ་ཚ་ཞིག་ཏུ་བརྩི་བ་དང་། ཡང་ཁྱིམ་ཚང་ཞིག་ལ་རྒྱུ་ནོར་ཡག་པོ་ཡོད་ཀྱང་འབུད་རྒྱུ་མེད་པ་དང་།
ཁྱིམ་གྱི་གཙང་སྦྲ་དང་ཟ་མ་གཡོ་སྐོལ་སོགས་ཡག་པོ་བྱེད་མ་ཐུབ་པར་ནང་ལ་དཀའ་ངལ་ཡོད་ན་དེ་ནི་ཨ་མ་རུལ་ཞིག་ཡིན་པའི་ངོ་ཚ་ཁྱེར་དགོས་པ་ལས། ཨ་ཕར་འགན་ཆེན་པོ་མེད། མདོ་དོན་ཁྱོ་ཤུག་གཉིས་ཀྱིས་ཁྱིམ་ཚང་ཆེད་ངོ་བོ་མི་འདྲ་བའི་ལས་ཀ་རེ་རེ་བྱེད་ཀྱི་ཡོད་པ་ལས་གཅིག་གཅིག་གི་གཡོག་པོ་མ་ཡིན་པ་ཤེས་སླ།
དཔོན་གཡོག་གི་ཁྱད་པར་མེད་ཀྱང་ཕོ་མོའི་བཙན་གཉོམ་གྱི་དབྱེ་བ་ཁྱིམ་ཚང་ཁ་ཤས་ནང་ཚབས་ཆེན་ཆགས་ཡོད་སྲིད།
སྤྱིར་བཏང་གི་གནས་ལུགས་ཡོད་མེད་བཤད་དེ་རྒྱུ་མཚན་མང་པོ་ཞིག་བཤད་དགོས་བྱུང་ན། གནའ་ནས་ད་ལྟའི་བར་དུ་བཤད་དེ་རྩོད་དེ་འོང་བ་ཞིག ངེད་ཅག་གིས་ཉིན་མ་གཅིག་གཉིས་དང་དུས་ཚོད་གཅིག་གཉིས་ཤིག་གི་རིང་དུ་བཤད་ཐུབ་མེད་ཀྱང་། ཕོ་མོ་ཟེར་བ་འདིས་སྟེང་གི་གནད་དོན་དེ་ནི་ཕྱོགས་གཅིག་གི་གནད་དོན་གཏན་ནས་ཆགས་མེད། ལན་པ་ཕྱོགས་གཉིས་ནས་མགོ་འཛུགས་བྱས་པ་ཡིན་ན། ང་ཚོས་ཕོ་མོ་གཉིས་ཕྱོགས་ནས་རང་རང་གི་ཕན་ཚུན་ལ་ལྟ་བྱེད་ཀྱི་བསམ་བློ་དེ་ལ་འགྱུར་བ་གང་འདྲ་ཞིག་གཏོང་དགོས་མིན་རེ་གླེང་ན་འོས་པ་ལས། གཅིག་གི་མནར་ཚུལ་དང་གཅིག་ནས་མ་འཇོན་ཚུལ་བཤད་ན་རྒྱུ་མཚན་མེད་པ་ནས་དུས་ཚོད་འཕྲོ་བརླག་རེད།
རང་རེའི་ཤེས་ཡོན་ཏོག་ཙམ་ཡོད་ཟེར་མཁན་ཚོས་ཕོ་མོའི་འདྲ་མཉམ་གྱི་སྐོར་གླེང་སྐབས་དགའ་འོས་པ་ཞིག་རེད། ཡིན་ན་ཡང་ལག་ལེན་གྱི་སྟེང་ནས་ཁོ་རང་ཚོས་བུད་མེད་ག་འདྲ་ཞིག་ལེན་རྒྱུ་ཡིན་མིན་སྐོར་གླེང་དུས་བོད་པའི་བུ་མོ་ཉམ་ཆུང་གང་ཐད་ནས་རང་གི་ཁར་ཉོན་མཁན་རེ་ལེན་འདོད་ཡོད་ཅེས་ཤོད་མཁན་མི་ཉུང་བ་ཞིག་འདུག མཐོ་སློབ་ཏུ་འགྲོ་མྱོང་མཁན་དང་རྒྱལ་ཁམས་འགྲིམ་ཚར་མཁན་ཚོར་གླགས་ཁེལ་གྱི་མ་རེད་ཅེས་ལབ་ཀྱིན་འདུག དེ་ཡག་རྟགས་ཤིག་མ་རེད། བུད་མེད་ཉམ་ཆུང་ཟེར་བ་དེ་དོན་དུ་རང་གི་གང་བཤད་དེའི་རྗེས་སུ་འབྲངས་མཁན་དང་རང་ཉིད་གོང་དུ་འཁུར་མཁན་ཞིག་དགོས་ཀྱིན་ཡོད་པ་རེད། མདོར་ན་རང་རེའི་ཤེས་ཡོན་ཏོག་ཙམ་ཡོད་ཟེར་མཁན་ཚོ་ཡང་ཕོ་མོ་འདྲ་མཉམ་གྱི་ལྟ་སྟངས་དངོས་གནས་དེ་ད་དུང་ཡང་སྲོལ་རྒྱུན་གྱི་རྒྱ་ལས་ཐར་ཐུབ་མི་འདུག འདིའི་སྐོར་ལ་ཅིག་གླེང་རྒྱུ་རེ་ཡོད་དམ།
བོད་པའི་ཤེས་ཡོན་ཡོད་ཟེར་མཁན་ག་རེ་བྱས་ནས་བུ་མོ་ཤེས་ཡོན་ཅན་རང་ཉིད་ཀྱི་ཐོབ་ཐང་དང་ཆེ་མཐོང་བརྩི་སྲུང་བྱེད་མཁན་ཚོ་དང་མཉམ་དུ་བཟའ་ཚང་སྒྲིག་འདོད་མེད་པ་རེད། སྐྱེས་པ་དབུས་སུ་བཞག་པའི་སྲོལ་རྒྱུན་འདི་ད་དུང་སྙིང་དབུས་ན་མེ་ལྟར་འབར་ཞིང་ཆུ་ལྟར་འཁྱིལ་བསྡད་ཡོད་པའི་རྐྱེན་གྱིས་རེད། དངོས་གནས་ཕོ་མོ་འདྲ་མཉམ་ལ་ཡིད་ཆེས་ཡོད་ན་བུད་མེད་རང་གི་ཐོབ་ཐང་དང་རང་གི་ཆེ་མཐོང་ལ་རྩི་སྲུང་བྱེད་མཁན་ཚོ་ལ་དགའ་འོས་པ་དང་དེ་ཉིད་དང་མཉམ་དུ་བཟའ་ཚང་བསྒྲིགས་ན་རྒྱུ་མཚན་ཡོད་ལ་རྒྱུ་འབྲས་དང་མཐུན་པའི་ཁྱིམ་ཚང་ཞིག་འཛུགས་ཐུབ་པའི་རེ་བ་ཡོད། དེར་བརྟེན་བོད་མི་ཤེས་ཡོན་ཅན་ཚོས་བུད་མེད་རང་གི་ཆེ་མཐོང་དང་རང་གི་ཐོབ་ཐང་སྲོག་ལྟར་འཛིན་མཁན་རེ་དང་མཉམ་དུ་བཟའ་ཚང་སྒྲིགས་རོགས། ཕོ་མོའི་འདྲ་མཉམ་གྱི་ལག་ལེན་དེ་རང་རེའི་ཤེས་ཡོན་ཅན་ཚོས་རང་ཉིད་ཀྱི་བཟའ་ཚང་སྒྲིག་པ་ནས་མགོ་བཙུགས་དགོས་པ་གལ་ཆེན་པོ་རེད།
ཡོད་ཡོད། སྔོན་མའི་ངའི་གྲོགས་པོ་བོད་ཕྱི་ནང་གཉིས་ན་རང་མོས་སྙན་ངག་པའི་གྲགས་པ་ཏོག་ཙམ་ཡོད་མཁན་དགེ་ཐོན་སློབ་གྲྭ་མཐར་ཕྱིན་ལ་ཁད་ཅིག་རྡ་ས་ན་ཡོད་པ་དང་ཁ་བརྡ་བྱས་ཤིང་། ངའི་གྲོགས་པོ་གཞན་ཞིག་གིས་ཁོའི་ཆུང་མ་ལ་ཉིན་རེར་ལན་གཅིག་གཉིས་རེ་རྡུང་གིན་ཡོད་པ་དེ་ཡག་པོ་མི་འདུག་ལབ་པ་ན། ཁོས་ལམ་སེང་། དེ་འགྲིག་ད་འགྲིག སྐྱེས་དམན་ད་ཚོར་དེ་ལྟར་མ་བྱས་ན་ཉི་མ་གཅིག་ཁྱོད་ཀྱི་མགོ་ལ་གཅིན་པ་གཏོང་གི་རེད། ད་འོ་ན་ཁྱེད་ཀྱིས་ཀྱང་ཉི་མ་གཅིག་ལ་རང་གི་སྐྱེས་དམན་རང་གི་གཉའ་བར་ཞོན་དུ་འཇུག་རྩིས་རེད་ཟེར། སྐྱེས་དམན་ལ་ཐོབ་ཐང་འདྲ་མཉམ་མིན་པའི་ལྟ་བ་འདི་རང་རེའི་ཤེས་ལྡན་མི་སྣ་དང་ནོར་ལུག་གི་རྫི་བོ་གཉིས་ཀའི་ཕྱོགས་སུ་ད་དུང་འདུག ང་ལྟ་བུར་མཚོན་ན་ནུབ་ཕྱོགས་པ་ཚོ་ལྟ་བུར་སྐྱེས་དམན་རང་གི་མགོ་ཐོག་ཏུ་ཤོར་འཇུག་འདོད་མེད་པར་རང་དང་ཐོབ་ཐང་འདྲ་མཉམ་གྱི་ལྟ་བ་ཞིག་ལ་དགའ་བསུ་ཞུ་གིན་ཡོད།
རང་རེའི་ཤེས་ཡོན་ཅན་ཚོས་སེམས་ཁྲལ་བྱ་དགོས་པ་དེ་བུད་མེད་ཉམ་ཆུང་ཞིག་རག་མི་རག་མ་ཡིན་པར་རང་རེའི་སྤྱི་ཚོགས་འདིའི་ནང་ན་དངོས་གནས་དྲང་གནས་བུད་མེད་རང་གི་ཐོབ་ཐང་དང་ཆེ་མཐོང་གི་རིན་ཐང་ཤེས་མཁན་གྱི་བུད་མེད་ཅིག་རག་གི་འདུག་དང་མི་འདུག་དེ་སེམས་ཁྲལ་བྱ་དགོས་པ་ཞིག་ཏུ་གྱུར་འདུག གལ་སྲིད་བུད་མེད་རང་གི་ཐོབ་ཐང་དང་རང་གི་ཆེ་མཐོང་གི་རིན་ཐང་ལ་བརྩི་བསྲུང་མི་བྱེད་མཁན་དང་ཞིག་དང་བཟའ་ཚང་བསྒྲིགས་ན་ཁྱིམ་ཚང་དེ་ཐོག་མ་ནས་རྒྱུ་མཚན་དང་རྒྱུ་འབྲས་དང་མི་མཐུན་པར་གྱུར་ཟིན་སྟབས་ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཞིག་མ་རེད། ངས་བསམ་ན་བོད་མི་ཤེས་ཡོན་ཅན་མང་པོས་ཕྱི་རྒྱལ་བུད་མེད་ལ་བཟའ་ཚང་བསྒྲིགས་ནས་ཤོར་འགྲོ་བ་དེ་ཡང་བོད་པའི་སྤྱི་ཚོགས་ནང་དུ་འདྲ་མཉམ་གྱི་རིན་ཐང་ཤེས་པའི་བུད་མེད་ཉུང་སྟབས་བོད་མི་ཤེས་ཡོན་ཅན་ཚོའི་འདོད་པ་མ་ཁེངས་པ་མིན་ནམ་སྙམ།
དངོས་གནས་བྱས་ན་རང་རེའི་སྤྱི་ཚོགས་ནང་དུ་བུད་མེད་ཆུང་མར་ལེན་ཆོག་པ་ཡང་ཧ་ཅང་དཀོན་པོ་རེད། གསོ་མཁན་དང་རྒྱོ་མཁན་ཞིག་རག་ན་ཐབ་ཚང་ནང་གི་ཚེ་གཡོག་བྱེད་མཁན་གྱི་བུད་མེད་ཐབས་སྡུག་འདི་འདྲ་རེ་ལ་ཚེ་རོགས་ཀྱི་མིང་འདོགས་དགོས་ན་ཐབས་སྐྱོ་བོ་རེད། བོད་ཀྱི་བུད་མེད་ཕལ་མོ་ཆེར་རིན་ཐང་དེ་ཙམ་ལས་མེད་པ་རེད། ཤེས་ཡོན་ཅན་ཞེས་པ་དེ་མི་རིན་ཐང་ཅན་ལ་དགའ་དགོས་པ་རེད། གལ་སྲིད་ཁེར་རྐྱང་དུ་སྡོད་མ་ཐུབ་ན་རང་ཉིད་དང་མཚུངས་པའི་སྐྱེས་པ་ཤེས་ཡོན་ཅན་ཞིག་དང་མཉམ་དུ་མཚན་མཐུན་བཟའ་སྒྲིག་བྱས་ན་འདྲ་མཉམ་གྱི་བདེ་སྐྱིད་ལ་རོལ་ཐུབ་ས་རེད།
ཕོ་མོའི་འདྲ་མཉམ་ལ་ལོངས་སུ་སྤྱོད་སྐྱེ་བ་གཅིག་པོས་འཇོན་ཐང་དང་བསམ་ཕྱོགས་ཀྱི་ཁ་ལོ་བསྒྱུར་ཐུབ་པ་ཞིག་ག་ལ་ཡིན། དེ་དང་འདྲ་བར་ཤེས་ཡོན་པ་རེ་ཟུང་གིས་བུད་མེད་ཤེས་ཡོན་པ་ཆུང་མར་ལེན་འདོད་མེད་པ་དེ་ཡང་མི་རེ་ཟུང་གི་བསམ་ཚུལ་ཙམ་ལས་མང་མོས་ལ་འགྲོ་ཐབས་མེད། མང་མོས་ལ་འགྲོ་དགོས་ན་ཕན་ཚུན་གཉིས་འབྲེལ་གྱི་བསམ་བློ་ཞིག་གི་སྟེང་ནས་བྱུང་དགོས་ཀྱི་ཡོད། འདྲ་མཉམ་ཟེར་བའི་མིང་ཚིགས་སྙན་པོ་དེ་ཡང་ག་ཚོད་བཤད་ཀྱང་འདྲ་མཉམ་ཡོད་མཁན་གྱི་ཁྱིམ་ཚང་ནང་དུ་འདྲ་མཉམ་ཟེར་བས་མིང་ཚིགས་དེ་གླེང་མ་གླེང་གི་ཁྱད་པར་གང་ཡང་མེད་པར་ཉིན་རྒྱུན་གྱི་འཚོ་བའི་ནང་དུ་འདྲ་མཉམ་ལོངས་སུ་སྤྱོད་བཞིན་ཡོད། དེ་མིན་འདྲ་མཉམ་ལ་ལོངས་སུ་སྤྱོད་མི་ཐུབ་པས་གྲངས་དེ་ལ་འདྲ་མཉམ་ནི་གླེང་བཞིན་པའི་རྣ་ལ་སྙན་པའི་གཏམ་ཞིག་ལས། ག་དུས་ཡིན་ཡང་ཁོང་ཚོ་ལ་འདྲ་མཉམ་ཡོང་གི་མེད། དེ་ཡིན་ནོ། མ་གོ་ན་ག་ལེར་ཤོག་དང་བཤད་ངེས་ཡིན།
སུ་ཞིག་གིས་ཕོ་མོ་འདྲ་མཉམ་གླེང་ན། དེ་ནི་ཕོ་མོ་འདྲ་མཉམ་ལ་སེམས་འཁུར་ཡོད་མིན་དངོས་ནས་བཤད་རྒྱུ་དཀའ་ན་ཡང་། ཕོ་མོ་འདྲ་མཉམ་ལ་སེམས་འཁུར་ཡོད་མཁན་དག་གིས་ནམ་རྒྱུན་དུ་དེ་ལ་དོ་སྣང་དང་འགན་ལེན་གྱི་ཡོད་སྟབས། དེའི་ཐད་དུ་རྙོག་དྲ་དང་ལབ་གླེང་གང་ཡང་མེད་པར་བསྡད་ཡོད། ཕོ་མོ་གང་ཞིག་ནས་ཕོ་མོ་འདྲ་མཉམ་ལ་བརྩི་བཀུར་དང་ངོས་ཤེས་སྐྱེས་ཡོད་ན། དེ་ནི་དངོས་ནས་དགའ་འོས་པ་ཞིག་ལས་འཕྱ་དམོད་བྱེད་ས་ཞིག་མིན་མོད། འོན་ཀྱང་། ཕོ་མོ་འདྲ་མཉམ་ཟེར་བ་ནི་ཅི་ཞིག་གི་དབང་གིས་བྱུང་གི་མེད་པ་རེད། དེ་ལ་དྲ་གྲོགས་རྣམ་གྱི་ལན་རེ་གྱོན་རོགས་ཞུ།
བོད་ཀྱི་མཆན་པུ་འདེབས་མཁན་ཡོངས་ལ་འཚམ་འདྲི་ཡོད། ཕྲན་ནི་མཆན་པུ་འདེབས་མཁན་གསར་བ་ཞིག་ཡིན། མཆན་འདེབས་མཁན་རྒན་པ་ཚོས་སློབ་སྟོན་རེ་གནོང་རོགས་ཞུ།
ཕྱི་རྒྱལ་གྱི་མི་དང་ལྷན་དུ་འདུག་མཁན་ཚོ་ལ་དེ་ལས་གཞན་པས་དཀའ་ངལ་གང་ཞིག་ཡོད་མེད་བསྐོར་ལ་ཞིབ་འཇུག་བྱས་མྱོང་མཁན་ཡོད་དམ། ཡོད་ན་དེའི་བསྐོར་རེ་གསུང་ན་དངོས་ནས་སྙན་བོ་ཡོད་ས་རེད།
ཁ་བརྡའི་ལས་བྱེད་རྣམ་ལ་ལགས། ཕྲན་ལ་མཆན་འདེབས་ཆོག་པས་བཀའ་གྲོལ་ཡོད་པ་ཞུ།
དགོངས་དག་རྣམ་པ་ཟེར་བས་ཚབ་དུ་རྣམ་ལ་ཞེས་བྲིས་ནོར་ཤོར་འདུག
སྙིང་རེ་རྗེ། བོད། ལྷ་ཀླུ་གཉན་གསུམ་འདི།
ཕོ་ཡིས་མོ་ལ་མཐོང་ཆུང་བྱེད། རྒྱ་ཡིས་བོད་ལ་མཐོང་ཆུང་བྱེད། མི་དཀར་པོས་རྒྱ་ལ་མཐོང་ཆུང་བྱེད། གཅིག་གིས་གཅིག་གནོན་ཐབས་ཀྱིས་རང་ཉིད་ཆེ་མདོག་བྱེད་པ་འདི་མིའི་རང་བཞིན་ཞིག་རེད་ལགས། དེ་ནི་ཕོ་མོ་དང་མི་རིགས་ཀྱི་འགལ་བ་ཁོ་ན་ཙམ་ག་ལ་ཡིན། ལྷོ་རྒྱ་ཚོས་བྱང་རྒྱ་ལ་མཐོང་ཆུང་བྱེད་ཅིང་། གྲོང་ཁྱེར་པ་ཚོས་གྲོང་གསེབ་ལ་མཐོང་ཆུང་བྱེད། བུད་མེད་ནང་ཁུལ་དུའང་རྒྱུ་དང་རྣམ་པ། རིགས་བཅས་ཀྱི་ཐོག་ནས་མཐོང་ཆུང་གཏོང་རེས་བྱེད་པས། མཐོང་ཆུང་འདིའི་འབྱུང་རྩ་གང་ལ་ཐུག་ཡོད་དམ།
སྙིང་རེ་རྗེ། ང་རང་གི་མིང་དང་འདྲ་བས། བོད། ལྷ་ཀླུ་གཉན་གསུམ་ཟེར་བ་འདི། ཁ་བརྡའི་ནང་གི་སྐུ་མགྲོན་དུ་གྱུར་ངེས་ཡིན་ནམ། ཕལ་ཆེར་་་་
ཁ་བརྡ་ལ་དགའ་བས་བོད། ལྷ་ཀླུ་གཉན་གསུམ་ང་རང་། ཁ་བརྡ་ཚང་གི་ལས་བྱེད་དག་གིས་ངོས་ལེན་ཡོད་པ་ཞུ།
མཐོང་ཆུང་གི་འབྱུང་རྩ་དེ་ནི་མིའི་རྣམ་དཔྱོད་དང་ཤེས་རབ་བཅས་ལ་རེག་ལས་ཡོད་པ་རེད། མཐོང་ཆུང་དེ་གཉའ་གནོན་མེད་པ་ཆགས་དགོས་ན། མིའི་རིགས་ཀྱི་རྣམ་དཔྱོད་དང་ཤེས་རབ་གོང་འཕེལ་དུ་འགྲོ་དགོས་པ་ཡིན། དེ་ལྟར་མ་སོང་བ་དེའི་བར་དུ་མཐོང་ཆུང་དང་གཉའ་གནོན་སོགས་ལ་རྒྱུན་མི་ཆད།
ཁ་བརྡ་ལགས། ང་རང་གིས་སྒུག་ཡུན་ཅི་ཙམ་ཞིག་ཡིན་མིན་མི་ཤེས་ཀྱང་། ངས་སྒུག་ངེས་ཡིན།
བོད་ཡིག་འབྲི་སྤྱོད་བྱེད་སའི།།
ཁ་བརྡའི་སྐུ་མགྲོན་བྱེད་རྒྱུར།།
ཐག་རིང་རྒྱལ་ཁབ་གཞན་ན།།
བོད་ཀྱི་ལྷ་ཀླུ་གཉན་གསུམ།།
འབོད་པ་ང་ཡིས་སྒུག་ཡོད།།
ཁ་བརྡ་དྲ་བདག་ཚང་ལ་ཐུགས་རྗེ་ཆེ། ང་རང་ད་ནས་བཟུང་གང་འདོད་ཀྱི་བོད་ཡིག་གི་རྩེད་འཇོ་ལ་རོལ་ཆོག
བོད། ལྷ་ཀླུ་གཉན་གསུམ་ཁྱེད་རང་ལ་འཇོན་ཐང་ཡོད་ན། ད་ནི་ཁྱེད་རང་ལ་ཁ་བརྡའི་གནས་ཚང་རེག་འདུག ང་ཚོས་ཁྱེད་རང་ལ་ལྟད་མོ་བལྟས་ཡོད།
བོད། ཤ་ཁྲག་རུས་གསུམ་ལགས། ངས་ཁྱེད་རང་ལ་གུས་མེད་གང་ཡང་བྱས་མེད་མོད། ཁྱེད་ཀྱིས་ང་རང་ལ་དེ་འདྲའི་ཚིགས་རྣོ་པོ་འཕེན་འདོད་གང་ཡིན་ནམ། ངས་ཁྱེད་རང་དང་འདྲ་བའི་མིང་ཞིག་སྤྱད་སྟབས་ཡིན་ནམ། དེ་ནི་ང་རང་ཡང་བོད་རིགས་ཤིག་ཡིན་སྟབས། ངས་ཀྱང་རང་གི་མིང་གི་མགོ་དེར་བོད་མིང་ཞིག་བཏགས་པ་དེར་ཁྱེད་རང་མི་དགའ་དོན་གང་ཡང་མི་སྙམ། གལ་སྲིད། ནོར་འཁྲུལ་རེ་ཤོར་ཡོད་ན་ངས་ཁྱེད་རང་ལ་དགོངས་དག་ཞུ་དགོས་པ་གང་ཡང་མེད། དེ་ནི་ང་རང་མི་ལ་དགོངས་དག་ཞུ་རྒྱུར་མི་དགའ་བས་ཡིན།
ངས་འདིར་ཕོ་མོ་འདྲ་མཉམ་ཟེར་ནས་ཕོ་མོ་གཉིས་ཀྱི་མིང་བེད་སྤྱོད་གཏོང་འདོད་མེད། ག་རེ་རེད་ཟེར་ན་ཕྱོགས་ཞེན་དང་དབྱེ་འབྱེད་ཀྱི་ཚིག་ཅིག་ཆགས་འགྲོ་གི་འདུག་པ་མ་ཟད་བྱེ་བྲག་གི་དོན་ཞིག་ཏུའང་ཆགས་འགྲོ་གི་འདུག
དེས་ན་གཙོ་བོ་ནི་འགྲོ་བ་མིའི་བློ་རྒྱུད་ན་འདྲ་མཉམ་ཟེར་བ་འདི་ཡོད་མེད་ལ་ཐུག འགྲོ་བ་མིའི་བློ་རྒྱུད་ན་འདྲ་མཉམ་མེད་པར་བརྟེན་སྟོབས་ཤུགས་ཅན་གྱིས་ཉམ་ཆུང་དབང་སྒྱུར། ཕྱུག་པོས་དབུལ་བོ་བཀོལ་སྤྱོད། བསམ་རྒྱ་ཆེ་བ་ཡོད་མཁན་དེས་བསམ་བློ་མེད་མཁན་ལས་ཁེ་བཟང་ལེན་པ་སོགས་རེད།
ཡིན་ན་ཡང་ཆོས་ལུགས་དང་རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བ་ལ་བརྟེན་ནས་མི་རིགས་ཁག་བར་འདི་ལ་ཁྱད་པར་ཡོད་པ་རེད་སྙམ།
ཕོ་མོ་གཉིས་ཀྱི་འདྲ་མཉམ་གླེང་རྒྱུར་དགའ་བའི་ནུབ་གླིང་འདིར་ངས་ནམ་ཡིན་ན་འདི་ནི་ཕོ་མོ་གཉིས་ཀྱི་གནད་དོན་ཞིག་མིན་པར་འདི་ནི་སྤྱིར་བཏང་མི་དང་མིའི་བར་འདྲ་མཉམ་ཡོད་མེད་ཀྱི་གནད་དོན་ཞིག་རེད་ཅེས་བརྗོད་ཀྱི་ཡོད། སྐྱེས་སྨན་འགའ་ཤས་རེས་འདྲ་མཉམ་སྐོར་གླེང་སྐབས་སྐྱེས་པ་ཕོའི་སྐོར་ལ་སེམས་གཏིང་ནས་དགའ་བོ་མེད་པའི་རྣམ་འགྱུར་མཐོང་གི་འདུག འདི་ནི་མི་རིགས་དང་ཤ་མདོག་གི་དབྱེ་འབྱེད་མིན་པའི་དབྱེ་འབྱེད་གཞན་ཞིག་གི་ནང་དུ་ལྷུང་ཚར་ཡོད་པ་མ་ཡིན་ནམ།
བོད་ནང་གི་ཕོ་མོའི་འདྲ་མཉམ་ནི་འཛམ་གླིང་གི་ཕོ་མོའི་འདྲ་མཉམ་གྱི་ཆ་ཤས་ཤིག་ལས་མིན། དེ་ནི་གཤམ་གྱི་གཏམ་དཔེ་འདི་གཅིག་པོས་མཚོན་ཐུབ་པས་མང་པོ་འབྲི་བའི་ངལ་བ་ཅི་ལ་བྱེད།
ཁྱིམ་ཆུང་མ་རང་གི་མན་ཞིག རྟ་འདོ་བ་རང་གི་ཡན་ཞིག