དོལ་སྨྱོན།
ཀརྨ་སྒྲོལ་མ།
སྤྱི་གླིང་མཚོ་གླིང་ཡོད་ཚད་ཞབས་ཀྱིས་བཅགས།།
མིག་གིས་མཐོང་ཚད་པར་དང་བརྙན་དུ་ལེན།།
སྐད་འཕྲིན་བར་སྟོང་མ་ལུས་འགེངས་པ་མོ།།
ཀརྨ་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།།
པདྨ་སྒྲོལ་མ།
སྐྲ་དང་མཆུ་ལ་དམར་སེར་མཚོན་གྱིས་བྱུགས།།
དེང་རབས་གྱོན་ཆས་སྣ་ཚོགས་ལུས་ལ་བརྒྱན།།
སྐད་འཕྲིན་ངོ་པར་ཡང་ཡང་བརྗེ་བ་མོ།།
པདྨ་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།།
བློ་བཟང་སྒྲོལ་མ།
སྐུ་གཟུགས་ཐུང་ཡང་ཕུགས་བསམ་རིང་པོ་ཅན།།
ཨ་མར་གྱུར་ཀྱང་མཛེས་མའི་ལང་ཚོ་ཅན།།
ཁྱིམ་གྱི་བྱ་བཞག་ཡོད་དགུ་ལེགས་སྐྱོང་བའི།།
བློ་བཟང་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།།
ཆོས་བཟང་སྒྲོལ་མ།
ཞི་བ་དུལ་བ་འཇམ་པའི་བསམ་སྤྱོད་ཅན།།
ཕྲ་བ་སྦོམ་པ་རན་པའི་རྣམ་པ་ཅན།།
འདེགས་པ་འཇོག་པ་དབྱངས་ཀྱི་གསུང་སྐད་ཅན།།
ཆོས་བཟང་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།།
ཟླ་བ་སྒྲོལ་མ།
ཁ་ཁུ་སིམ་ཞིང་ལས་ལ་བརྩོན་པ་མོ།།
ཕྱི་ཐག་རིང་ཞིང་གྲོགས་ལ་དུང་བ་མོ།།
ཞིམ་རྒུ་ཟས་ཀྱི་གཡོས་སྦྱོར་མཁས་པ་མོ།།
ཟླ་བ་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།།
བསྟན་འཛིན་སྒྲོལ་མ།
གནག་སྣུམ་སྐྲ་ལོ་རྒྱ་ལྕང་ལོ་མ་ཅན།།
འཛུམ་པའི་ཞལ་རས་དཀར་གསལ་ཟླ་བ་ཅན།།
བོད་པའི་ལུས་ལ་”ཀོར་ཡའི་”གདོང་པ་ཅན།།
བསྟན་འཛིན་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།།
བསོད་ནམས་སྒྲོལ་མ།
ཀུ་རེ་མཚར་གཏམ་གླེང་བའི་ཁ་ཤགས་ཅན།།
སེམས་ལ་གང་དྲན་ཤོད་པའི་སྙིང་སྟོབས་ཅན།།
སྣང་བ་སྐྱིད་པོའི་ངང་ནས་འཚོ་མཁས་ཅན།།
བསོད་ནམས་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ།།
26-06-2017
ཀརྨ་པདྨ་བློ་ཆོས་ཟླ་བསྟན་བསོད་།
ཀརྨའི་མཚན་གྱིས་ས་གསུམ་འགུལ་དུ་བཅུག་།
པདྨའི་མཚན་གྱི་མ་རུང་འཇིག་པ་སྐྱབས་།
བློ་བཟང་གྲགས་པས་ཆོས་ཀྱིས་རྒྱལ་མཚན་བཙུགས་།
ཆོས་ཀྱིས་རྒྱལ་པོའི་ཆོས་ཁྲིམས་དར་གྱིས་བདམས་།
ཟླ་བའི་འོད་ཀྱིས་མུན་པ་གསལ་བར་མཛད་།
བསྟན་པ་འཛིན་པའི་སྐྱེ་བུ་ས་བསྟན་ཁེངས་།
བསོད་ནམས་ཡེ་ཤེས་ཚོགས་ལ་ཟད་མཐའ་མེད་།
ཕོ་ཡི་ལུས་ལ་མོ་ཡི་མིང་ཅན་ཀརྨ་སྒྲོལ།
བུ་གསུམ་མ་ལ་ན་ཆུང་གདོང་རྫུས་བློ་བཟང་སྒྲོལ།
བཙུན་པའི་གཟུགས་ལ་དྲ་པར་མོར་རྫུས་པདྨ་སྒྲོལ།
སྒྲོལ་མའི་མིང་ལ་གདོན་བགེགས་གཟུགས་སྤྲུལ་ཉེར་གཅིག་དུས།
ཉིན་མཚན་བར་མེད་འདོད་ཆུ་འཛགས་པའི་ཉི་མ་སྒྲོལ་མ།
ཟླ་མཚན་ལྡན་ཡང་ཁྲིག་སྲེད་ཅན་གྱི་ཟླ་བ་སྒྲོལ་མ།
མིག་སྔར་སྐྱེས་པ་མཐོང་ཚད་སྦྱོར་འདོད་ཅན་གྱི་མིག་དམར་སྒྲོལ་མ།
ལྷག་པར་ཆགས་པས་བུ་ལའང་སྤྱོད་འདོད་ལྷག་པ་སྒྲོལ་མ།
ཕུར་བ་ལྟ་བུའི་མཇེ་མགོ་ཚོལ་བའི་ཕུར་བུ་སྒྲོལ་མ།
པ་ཝ་བཟང་འདྲའི་རང་ཁྱོ་བཞག་ནས་མཇེ་ནག་སྙོགས་མ་པ་སངས་སྒྲོལ་མ།
སྤེན་པ་ཉི་མར་ཁྱིམ་དུ་ལོག་ནས་འདོད་རྒུར་སྤྱོད་འདོད་སྤེན་པ་སྒྲོལ་མ།
འཇིགས་པ་བརྒྱད་ལས་སྐྱོབ་མཛད་སྒྲོལ་མ།
སྐྱེས་དགུའི་གདུང་བ་ཀུན་སེལ་ཕྱག་འཚལ།
གཏི་མུག་ཞེ་སྡང་ང་རྒྱལ་ཐེ་ཚོམ།
སེར་སྣ་འདོད་ཆགས་ལྟ་ངན་ཕྲག་དོག།
་
བརྒྱད་པོ་འདི་ཡིས་བདག་ཡིད་གང་མ།
སྒྲོལ་མའི་ཁྱུ་ཚོགས་ལས་ལ་རེམ་མས།
མེད་པར་གྲོགས་མཛོད་ཡིད་ཅན་མ།
གཏི་མུག་སོགས་སྟོངས་སྒྲོལ་མའི་ཁྱུ།
གཡོ་ཟོལ་མིག་གི་མདའ་མོ་ཀུན་ལ་འཕེན།།
དུང་བ་སེམས་ཀྱི་གཞུ་མོ་ནོར་ལ་འབུལ།།
སྐབས་རེར་བརྩེ་ཞིང་ལན་རེར་ཁྲོ་བ་མོ།།
མི་རྟག་སྒྱུ་མའི་རྐུབ་ལ་མཇེས་ཕྱག་མཚལ།།