གཡག་ལྡོམ་གྱིས་
བཀའ་བློན་ཁྲི་བས་༼བོད་པར་མགོ་ལུས་གཉིས་ཀ་ཡོད་པ་གསལ་བོ་ཆགས་ཡོད།༽ཞེས་བའི་གཏན་བཤད་གནང་དེ་། ད་རིས་ཀྱི་དམིག་གསལ་ཚོགས་ཆེན་དེ་ཚོགས་དགོས་བའི་དམིག་ཡུལ་དང་། འབྲེལ་མོལ་ཐེངས་བརྒྱད་པའི་འཇུགས་འབྲས་གསལ་བཤད་བྱས་ཡོད་པས་། ཅིག་བྱས་ན་ད་རེས་དམིག་གསལ་ཚོགས་ཆེན་གྱི་ཚོགས་གཅར་བ་ལ་ལས་། རྡ་ཤོལ་གྱི་རླང་མཁོར་ནང་འཛུལ་ཞོར་དུ་། དེ་རིང་གསུང་པས་ཚོགས་ཆེན་ཚོགས་དགོས་པའི་དམིག་ཡུལ་དང་། ཁ་སང་བཤདཚར་བའི་རང་གི་བསམ་ཚུལ་གཉིས་གཅིག་དུ་ཁེལ་ཡོད་མེད་ལ་བསམ་བློ་མཁོར་བཞིན་ཕེབ་གི་ཡོད་སྲིད་། རང་སྲོག་འཕངས་མེད་དུ་ཕུལ་པའི་ལུས་ཡོད་ལ། སྟོང་གསུམ་གཟི་བྱིན་གྱི་གནོན་པས་མགོ་ཡོད་། དེ་འབྲེལ་འཐུད་ཀྱི་སྐེ་ཕྲ་བུ་ཞིག་ལས་མེད་པས་། དོན་དངོས་ནི་བོད་པར་མགོ་ལུས་གཉིས་ག་ཡོད་ཀྱང་སྐེ་མེད་། ཞེས་ཞུ་ན་ག་འདྲ་འདུག།
ཁྱེད་ཉིད་ཀྱིས་བོད་པར་མགོ་ལུས་གཉིས་ཀ་ཡོད་ཀྱང་སྐེ་མེད་གསུངས་པའི་རྒྱུ་མཚན་དེ་འཐད་མིན་ཇི་ལྟར་ཡང་།ཁྱེད་ཉིད་ཀྱིས་གང་བྲིས་པའི་དག་སྡེབ་ཀྱི་ཐོག་ལ་ཐུགས་སྣང་མ་གནང་ཚེ།
ཁྱེད་ཉིད་ཀྱི་མགོ་ལུས་གཉིས་ཀ་མེད་པར་འགྱུར་བ་མ་ཟད།
རང་ཉིད་ཀྱི་གྲིབ་གཟུགས་ཀྱང་མེད་པར་འགྱུར་ཉེན་ཆེ།
ང་ལ་མཚོན་ན་བོད་མི་རིགས་བླ་སྲོག་ནི་བོད་ཀྱི་སྐད་ཡིག་ཉིད་ཡིན་བསམ་བཞིན་ཡོད།
དེས་ན་རང་ཉིད་སྐད་ཡིག་གིས་རང་ཉིད་ཀྱི་བསམ་བློ་མཚོན་པར་བྱ་དགོས་ན་སྐད་ཡིག་དེའི་དག་སྡེབ་ལ་ཐུགས་སྣང་དགོས་པར་མཐོང་།
དོན་གྱི་རྒན་པོ་ཚིག་འཁར་བ་ལ་བསྟེན་དགོས་པའི་ཕྱིར་རོ།།
གཡག་ལྡོམ་ལགས།
གོ་ཐོས་ལ་ཁྱེད་ཉིད་ཀྱི་བོད་ཡིག་གི་ཤེས་ཚད་ནི་ཀུན་གྱི་གོང་བཀུར་ཞུ་ས་ཞིག་དང་ཁྱེད་ཉིད་ཀྱི་འདས་པའི་མི་ཚེའི་ནང་རྩོམ་སྒྲིག་པའི་འགན་འཁུར་ཡང་བཞེས་མྱོང་བ་རེད་ཅེས་གསུང་གིས།གལ་སྲིད་དེ་བདེན་ན་ནི་ཁྱེད་ཉིད་ཀྱི་བྲིས་པའི་རྩོམ་ཐུང་དེའི་ནང་དག་སྡེབ་ཀྱི་ནོར་འཁྲུལ་མང་དག་ཤིག་འདུག་པས་ངོ་མི་ཚའམ།་་་་་་མ་འོངས་པར་དེ་འདྲ་མི་ཡོང་བའི་ངའི་ཁྱེད་ལ་རེ་བ་ཞུ་རྒྱུ་དང་ངས་སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་སྨོན་ལམ་འདེབས་ཆོག་་་་བདེ་མོ་བྱས།
ཁ་བརྡ་དྲ་ཚིགས་སུ་ཕེབས་མཁན་གྱི་དྲ་གྲོགས་རྣམས་ལ་ཞུ་རྒྱུར།
ང་ཚོ་ལྷན་དུ་བོད་མི་རིགས་ལས་དབང་གླེང་དགོས་ལ།
བོད་མི་རིགས་ཀྱི་སྐྱིད་སྡུག་བསམ་དགོས།
ལྷག་པར་ཤེས་ཡོན་ཅན་ནམ་སྨྱུག་ཐོགས་པ་ཚོས་ལྷག་པར་
ལས་དོན་བསྒྲུབ་དགོས་པའི་དུས་ལ་བབས།
དུས་རབས་ཉེར་གཅིག་མི་ཁོམ་དུས་ཡིན་ལ།།
དུས་རབས་ཉེར་གཅིག་དཔལ་འབྱོར་དུས་ཡིན་པས།།
མི་ཁོམ་དཔལ་འབྱོར་གཉིས་ཀྱི་བར་དོ་ནས།།
ང་ཚོའི་ཤེས་ཡོན་ཅན་ཚོ་ཡལ་བར་དོགས།།
གཡག་ལྡོམ་ཡག་པོ་བྲིས་བཞག ཧཧཧཧཧཧཧཧ།
གངས་ཅན་མགོ་ནག་བོད་ལ།
མཇིང་སྐེ་མེད་པ་མ་རེད།
མགོ་ལུས་གཉིས་ཀ་ཚང་ན།
མཇིང་སྐེ་སང་ལོ་བདམ་ཆོག
བོད་རིགས་སུ་སྐྱེས་པ་ནས་ངེད་ཅག་ལ་བོད་ཀྱི་ལས་དབང་གླེང་བས་འགན་ཡོད་སྟབས། ངེད་ཅག་གིས་རང་རང་གི་བསམ་ཚུལ་གང་ཡོད་ཐད་གར་སྤེལ་བ་ནི་དངོས་ནས་དགའ་འོས་པ་ཞིག་ལོས་ཡིན། འོན་ཀྱང་། ཡིད་གཟབ་ངང་སྐད་ཆ་རེ་རེ་བཤད་དགོས་པ་ནི་འགན་ཞིག་བླངས་པར་བཤད་ཆོག
ངའི་དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ་བསྟེན་མ་ཐུབ་པ་འདི་ལ་ཁྱོད་བློ་མ་ཕམ། ང་ནི་སློབ་ཆུང་ཙམ་ཡང་འགྲིམ་མ་མྱོང་བས་འབྲོག་རྒན་ནོར་འདྲ་བ་ཞིག་ཡིན་། ངའི་བོད་ཡིག་ཆག་གེ་ཆག་གེ་ཞིག་འབྲི་ཁུལ་བྱས་བ་འདི་ཡང་། ཕ་དམ་པ་དེས་ངག་སྒྲོས་ལས་སླབས་ཞིང་། རང་ཉིད་ཀྱི་ནོར་རྫ་ལུག་རྫ་ནས་ས་ཐོག་རྡོ་ཐོག་ལ་འབྲི་སྦྱང་བྱས་བ་ཞིག་ཡིན་པ་ལས་། དོན་གླིང་བུ་ནས་ཚིག་གླིང་བུ་བུས་བ་ལྟར་། ཤེས་ཚད་གོང་བཀུར་། རྩོམ་བསྒྲིག་འགན་ཁུར་གཏན་ནས་མ་རེད་། བོད་མི་རིགས་ཀྱི་བླ་སྲོག་ནི་བོད་ཀྱི་སྐད་ཡིག་ཉིད་ཡིན་པར་དགོང་པ་ནི་ཐུག་དག་པ་རེད་། ཡིན་ན་ཡང་དཔེ་དོན་དེ་འབྲོག་རྒན་ངའི་སྟེང་ལ་སྦྱར་ན་ཧ་ཅང་ཐལ་ཆེ་བ་རེད་།
དུར་རབས་ཉེ་གཅིག་པས་ནང་ཁྱོད་ཚོ་ཤེས་ཡོན་ཅན་ཚོ་ཡལ་བར་ཡང་ཐུགས་ཚགས་མ་གནང་། གསེར་ས་ན་ཡོད་ན་འོད་ནམ་མཁའ་ན་ཡོད་པས་དཔེ་རེད་།
སྙིང་སྟོབས་ཞིན་པ་མེད་པས་མི་དམངས་དང་། དགོངས་པ་མུ་མཐའ་མེད་པའི་དབུ་ཁྲིད་འདི་གཉིས་ཀྱི་སྐུ་ཚབས་བྱེད་ཐུབ་པས་འགྲིན་ཚབས་པ་ཡག་པོ་ཞིག་མི་འདུག་པས་། རྒྱལ་བོའི་རྒྱལ་ས་མ་བདེ་ན་། སྤྲང་པོ་ཉལ་ས་མི་བདེ་པས་དཔེ་ལྟར་མི་དཀྱིལ་མ་ཞིག་གི་བསམ་བློ་གོང་མ་ཞིག་བཅང་ནས་ཁ་བརྡ་ཞིག་བྱེད་ཀྱི་ཡོད་མ་གཏོག་། ང་གཡག་རྒན་གྱི་བོད་ཡི་དག་སྦྱོར་ག་འདྲ་འདུག་ཞེས་ཞུ་གི་མེད་པས་། མགོ་ལ་ག་རེ་བྱས་སོང་ཞེས་ཞུ་དུས་། རྐུབ་ལ་ལུག་གི་རྡོང་སོང་མ་གསུང་རོགས།
ཨ་ལགས་གླིང་བུ་ལགས་། ཁྱོད་ནི་རང་བཞིན་གྱི་རྨྱུག་མ་སྐམ་པོ་ཞིག་ཡིན་ཚུལ་མི་འདུག་ག་། བྱིན་རླབས་ཀྱི་མཚན་ཁ་ཆེ་ཙམ་ཡོད་ས་རེད་། ཡིན་ན་ཡང་། ངའི་དོན་དུ་སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་སྨོན་ལམ་འདེབས་མི་དགོས་། ནམ་ཞིག་གི་དུས་སུ་གྲོས་མོལ་ཐེངས་དགུ་བ་ཞིག་ངེས་པར་དུ་ཡོད་ལ་། དེ་དུས་སུ་ང་ཚོ་བོད་དབུ་དམངས་གཉིས་ཀྱི་སྐུ་ཚབས་དེ་བོད་མི་དམངས་གི་བསམ་ཚུལ་ཕར་བཤད་མཁན་ཞིག་ཡིན་པ་ལས་། རྒྱ་རྒན་ཚང་གི་ཁ་རྡོང་ལ་ཡག་ཐག་གཅོད་ཞིག་ཉན་། ཁ་ལགས་ཡག་ཐག་བཅོད་ཞིག་མཆོད་ནས་ཕེབས་མཁན་ཞིག་མི་ཡོང་བའི་ དོན་དུ་སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་སྨོན་ལམ་རྒྱོབ་།
གཡག་ལྡོམ་པོ་ཞིག་གིས་སྐད་ཆ་ཚ་བོ་ཞིག་བཤད་འདུག་སྟབས། མི་ཁ་ཤས་ཀྱི་སྣང་བ་འགྲོ་བཞིན་མི་འདུག་པ་འདྲ། དེ་ནི་དངོས་ནས་དགོད་བྲོ་བ་རང་རེད། ང་ཚོ་ལ་སྐད་ཆ་ཚ་བོ་དང་དོན་དག་ཚ་བོ་དགོས། གཡག་རྒན་ཞུམ་མེད་ཀྱི་སྙིང་སྟོབས་འཁུར་ནས་མུ་མཐུད་དུ་བསམ་ཚུལ་སྤེལ་དང་ངེད་ཅག་གིས་ཁྱེད་རང་ལ་གླེང་མོལ་བྱེད་འདོད་འདུག
གཡག་ལྡོམ་ལགས།
དགོངས་འགལ་མེད་པར་ཞུ།
ངའི་བསམ་པ་བཞིན་ཁྱེད་མིན་པས་དགོངས་འགལ་མེད་པར་ཞུ།་་་་་་་་་ཁྱེད་ལ་སློབ་གྲྭ་འགྲིམས་པའི་གོ་སྐབས་མི་འབྱུང་བར་
ད་དུང་རྩ་ཐང་གི་སྟེང་ན་གཡང་དཀར་ལུག་དང་འགྲོགས་ཁྱེད་ཉིད་ཕ་དམ་པའི་ངག་སྒྲོས་ལས་བོད་ཡིག་སྦྱོང་ནས་ད་ལྷ་དེ་ལྟར་
འབྲི་ཐུབ་པར་ངའི་ཡིད་སེམས་འཕྲོག་་་་་ཁྱེད་ལ་གལ་སྲིད་སློབ་གྲྭ་འགྲིམས་པའི་སྐལ་བ་བྱུང་ཡོད་ན་ད་ཟོད་རང་རེའི་
སྤྱི་ཚོགས་འཁྲོད་ན་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བ་ལ་ཐེ་མི་ཚོམ།་་་་་་བྱས་ཙང་ད་དུང་ཡང་རང་ཉིད་ནུས་པ་ཇི་ཡོད་ཀྱིས་
སློབ་སྦྱོང་ལ་དོ་སྣང་བྱེད་ནས་མི་རིང་བར་ཁྱེད་ཉིད་ཀྱི་སྙན་གྲགས་ཀྱི་བ་དན་བཙན་བྱོལ་གྱི་ཁྲོད་ན་གཡོ་བའི་སྨོན་ལམ་གྲངས་མེད་ཞུ།
བཀྲ་་་་ཤིས་བདེ་ལེགས་ཡོད་ལ་བདེ་མོ་བྱོས།
དོན་གླིང་བུས།
བོད་ཡིག་གི་དག་ཆ་ཡག་པོ་མེད་ཟེར་ནས་དྲ་གནས་ཐོག་བསམ་ཚུལ་འདོན་མི་ཐུབ་པ་ཚོས་གཡག་སྡོམ་ལ་སློབ་སྦྱོང་བྱོས། མང་པོ་ཞིག་འབྲི་སྦྱོང་བྱས་ན་དག་ཆ་དང་འབྲི་རྩལ་ཡར་རྒྱས་འགྲོ་གི་རེད། མ་གཞི་ང་རང་གིས་ཀྱང་ཡིག་ནོར་མང་པོ་བྲིས་འདུག
འདིར་བོད་ཡིག་འབྲི་སྦྱོང་བྱེད་མཁན་མང་པོ་ཡོང་རྒྱུར་དགའ་བསུ་ཡོད་པ་མ་ཟད་གལ་སྲིད་ཁྱེད་རང་ཚོར་རོགས་རམ་དགོས་ན་ཡང་བྱེད་ཆོག་ཨང་གསར་ཡིན།
ཉིན་རེར་བསམ་ཚུལ་ཐུང་ངུ་ཞིག་ལས་འབྲི་མི་ཐུབ་ཀྱང་དེ་བྲིས། དེ་ནས་དེ་ལ་གཞན་ཞིག་ལ་ཞུ་དག་གཏོང་བཅུག་དེ་འདྲ་བྱས་ཕྱིན་པ་ཡིན་ན་ཟླ་གཅིག་ནང་ཚུད་ལ་ཡར་རྒྱས་ཆེན་པོ་ཡོང་རྒྱུ་ཡིན་པའི་ཡིད་ཆེས་ཡོད།
མགོན་པོ་ཕྱག་གཉིས་ལྟ་བུ་སྲུང་མ་ཞིག་བོད་ལ་དགོས་ཡོད་ལ། དམིགས་གསལ་གྱི་དྲ་གནས་འདི་ལ་ཡང་དགོས་འཁོ་ཡོད་མེད་ག་ལེར་བཤད་ཆོག ཡིན་ཡང་། བཤད་ཤེས་པ་ཐམས་ཅད་ཀྱི་བསམ་ཚུལ་རེ་བཤད་དེ་འོང་ན་ད་གཟོད་བོད་པ་ཚང་ལ་ཡང་བསམ་བློ་གཏོང་མཁན་མང་བོ་བྱུང་ངེས་ཡིན། དེ་མིན་བོད་པ་ཚང་གི་མི་འདི་དག་ནི་ཉལ་བསྡོད་སྒྱིད་ལུག་ལ་གོམ་པ་ཆེ་སྟབས། ད་དུང་ཉལ་ས་ནང་ནས་ཡར་བླངས་མེད་པ་ཧ་ཅང་མང་བོ་ཞིག་ཡོད།