ཁ་བ་རི།
བོད་ཀྱི་བོད་མི་ལ་དུངས་ཞེན་ཡོད་ན།
དུངས་ཞེན་དེ་བོད་སྐད་དང་བོད་ཡིག་དུ་སྦྱོར་རོགས།
སྐད་དང་ཡི་གེ་ལ་བསྟེན་ནས།
ང་ཚོའི་མི་རིགས་འདིར་སྣང་བ་དང་གཟི་བྱིན་སྤྲོས་ཡོད།
ཉིན་གཅིག་གི་རིང་དུ་བོད་ཡིག་མ་སྤྱད་ན།
སེམས་ནས་འཚུབ་ཆ་དང་བྲེལ་བ་ལངས་པས།
རང་ཉིད་བོད་པ་རུ་མཚོན་ཕྱིར་དུ།
བོད་ཡིག་དང་འབྲེལ་བའི་ལས་ཚེགས་གང་ལའང་སྡུག་རུས་བསྐྱེད་རོགས།
སུས་ཀྱང་མ་བསླབ་གང་གིས་ཀྱང་མ་སྤྱད་ན།
ཉི་མ་དང་སྐར་མའི་འགྲོས་རིམ་བཞིན་ནུབ་འགྲོ་བས།
ངས་མིང་ཚིག་དང་ཐ་སྙད་བསོགས་ནས།
སྐད་དང་ཡི་གེའི་དྲྭ་རྒྱ་ཞིག་ཇི་འདྲའི་བཟོ་འདོད།
ང་ཚོ་ཐུན་མོང་གི་ནོར་བུ།
སྒང་བ་བོད་པའི་སྐད་ཆ་དང་སྐད་ཆའི་རི་མོ།
གླེགས་བམ་ཀྱི་རི་གཏོས་ལྟར་བརྩིགས་པའི་ཤེས་པའི་འོད་སྣང་།
འོད་སྣང་འདི་ལ་བསྟེན་ནས་ང་ཚོ་གླིང་བཞིར་བསྐྱོད་ཆོག
མཁས་པའི་ཞལ་གསུངས་སུ་གཏམས་པའི་ཡི་གེ
བློ་རིག་གི་སྒོ་མོ་འབྱེད་པའི་ལྡེ་མིག
ཡབ་རྗེ་གོང་མ་རྣམས་ཀྱི་རིང་ལ་དར་ཅིང་སྤྱད་པས།
ང་ཚོས་རི་མོ་དང་དབྱངས་རྟ་དེ་ད་དུང་བཙལ་ནས་རྙེད་པར་འགྱུར་ངེས།
བོད་ཡིག་བཀོལ་སྤྱོད། བོད་སྐད་སྤྱོད་རོགས།
འདི་ནི་ང་ཚོའི་རུས་རྐང་ལས་མཆེད་པའི་བླ་སྲོག་ཡིན་ངེས།
འདི་ནི་ང་ཚོའི་མི་རིགས་ལ་འོད་སྣང་བསྩོལ་བའི་གཟི་བྱིན་ཡིན།
རང་མི་རིགས་ཀྱི་རང་ངོ་ཟིན་པའི་ཐུན་མིན་གྱི་ཁྱད་ཆོས་ཡིན
འདི་མེད་ན། ང་ཚོར་གོད་ཆག་དང་བར་ཆད་འབྱུང་ངེས།
འདི་མེད་ན། ང་ཚོའི་འགྲོད་ལམ་ནོར་ཅིང་ལོག་འཚོ་འབྱུང་ངེས།
འདི་མེད་ན། ང་ཚོར་ཐབས་སྡུག་དང་དབུལ་བོར་འགྱུར་ངེས།
འདི་མེད་ན། ང་ཚོ་མི་རིགས་གཞན་དང་ཚེ་སྲོག་གཞན་དུ་འགྱུར་ངེས།
ཁ་བ་བོད་པའི་ཕུ་ནུ་མིང་སྲིང་ཚོགས།
རང་ལ་དབང་པའི་སྐད་དང་ཡི་གེ་འདི་སྤྱོད་རོགས།
ངག་ནས་བརྗོད་དེ་ཁ་བའི་ངོས་ལ་འབྲི་རོགས།
རྡོ་རིང་དང་བརྩིགས་པའི་ངོས་ནས་ཡང་ཡང་མཇལ་བར་ཤོག
དེ་ཕྱིར་ང་ཚོས། སེམས་ནས་སྒོམ་ཅིང་ངག་ནས་བརྗོད་རོགས།
དེའི་ཕྱིར་ང་ཚོས། ངག་ནས་བརྗོད་ཅིང་དབྱངས་སུ་འདྲེན་རོགས།
དེའི་ཕྱིར་ང་ཚོས། ངག་ནས་བརྗོད་བཞིན་ཕྱིར་སེམས་སུ་འཇོག་རོགས།
བོད་མི་རིགས་ལ་རྒལ་ཚིག་ཡོད་ན་བོད་ཡིག་སྦྱོངས་།
བོད་མི་རིགས་ལ་ཁྲག་རྩ་ཡོད་ན་ནང་ཆོས་བསློབ་།
བོད་མི་རིགས་ལ་སྙིང་ཞེན་ཡོད་ན་རང་རིག་སྲུང་།
བོད་མི་རིགས་ལ་རུས་ཞེན་ཡོད་ན་བོད་ཆས་གྱོན་།
བོད་མི་རིགས་ལ་རྒྱལ་ཞེན་ཡོད་ན་རང་ས་རྩོད་།
བོད་མི་རིགས་ལ་ལྷག་བསམ་ཡོད་ན་གཅིག་སྒྲིལ་ཟབ་།
གཞེན་སྐུལ་གནང་བ་ཤིན་ཏུ་ལེགས། སྒང་པ་བོད་ཅེས་བྲིས་བརྗོད་ན་ཁྱེད་ཀྱིས་མི་ཉན། གཞན་རྣམས་འདི་ལྟར་དགོས་སོ་སྙམ།
བོད་ཡིག་༼ཏུ༽སྦྱོར་རོགས།
སྐད་དང་ཡི་གེ་ལ་བརྟེན་ནས།
ཐ་སྙད་བསགས་ནས།
དྲྭ་རྒྱ་ཞིག་ཅི་འདྲའི་བཟོ་འདོད་
མཁས་པའི་ཞལ་གསུང་དུ་གཏམས་པའི་
གླེགས་བམ་གྱི་
རང་ལ་དབང་བའི་
སེམས་ནས་སྒོམ་ཞིང་
ང་ཚོའི་བགྲོད་ལམ
ང་ཚོར་ཐབས་རྡུགས་དང་
རྩིག་པའི་ངོས་ནས་
བོད་པ་ཡིན་ན་བོད་ཡིག་སྦྱོང་།
བོད་པ་ཡིན་ན་བོད་སྐད་བཤོད་།
བོད་པ་ཡིན་ན་བོད་ཆས་གྱོན་།
བོད་པ་ཡིན་ན་བོད་ཟས་ཟོ་།
བོད་པ་ཡིན་ན་བོད་ཇ་་འཐུང་།
བོད་པས་བོད་ཡིག་མ་སྦྱང་ན་།
བོད་པའི་གྲལ་དུ་ངོས་འཛིན་དཀའ་།
བོད་པས་བོད་སྐད་མ་བཤད་ན་།
བོད་པའི་གྲལ་དུ་ངོས་འཛིན་དཀའ་།
བོད་པས་བོད་ཆས་མ་གྱོན་ན་།
བོད་པའི་གྲལ་དུ་ངོས་འཛིན་དཀའ་།
བོད་པའི་ལས་ཁུང་ཡིན་ན་བོད་ཡིག་བྲིས་།
བོད་པས་བོད་ཡིག་མ་སྦྱངས་།
བོད་པས་བོད་སྐད་མ་བཤད་།
བོད་པས་བོད་ཆས་མ་གྱོན་།
བོད་པས་བོད་ཟས་མ་ཟོས་།
བོད་པས་བོད་ཡིག་བཀོལ་སྤྱོད་མ་བྱས་།
ད་དུང་རིག་གཞུང་སྲུང་སྐྱོབས་།
ད་དུང་རིག་གཞུང་སླར་གསོ་།
ནམ་རིང་སྒྲུང་གི་མི་འཁྱོལ་།
བོད་པ་བོད་པ་བོད་པ་བོད་པས། །
བོད་སྐད་བོད་སྐད་བོད་སྐད་མི་ཤེས། །
བོད་ཡིག་བོད་ཡིག་བོད་ཡིག་མི་འབྲི། །
བོད་པར་བོད་སྐད་བོད་ཡིག་མི་དགོས། །
བོད་པར་ཤོད་དུས་བོད་སྐད་མི་ཤེས། །
བོད་པ་གསོན་དུས་བོད་ཡིག་མ་སྦྱང་། །
བོད་པ་འཆི་དུས་བོད་སྐད་མི་ཤེས། །
བོད་པ་བོད་སྐད་བོད་ཡིག་ལས་ངན། །
༄༅། བོད་པ་ཡིན་ཡང་བོད་ཆས་གྱོན་ས་མེད།
བོད་སྐད་ཤེས་ཀྱང་དེ་ཙམ་བཤད་ས་མེད།
བོད་ཡིག་སྦྱང་འདོད་ཡོད་ཀྱང་བོད་སློབ་མེད།
བོད་ཟས་བཟའ་སྙིང་འདོད་ཀྱང་བོད་ཟས་མེད།
རང་ཡུལ་བཙན་པོས་འཕྲོག་ནས་སེམས་རེ་སྐྱོ།
སྐད་ཡིག་སྦྱང་འདོད་ཡོད་ཀྱང་སྦྱང་ས་མེད།
བོད་སྐད་རིམ་བཞིན་ཉམས་འགྲོ་སེམས་རེ་སྐྱོ།
སེམས་སྐྱོ་བའི་སྙིང་གཏམ་སུ་ལ་བཤད།
༄༅། བོད་པ་ཡིན་ཡང་བོད་ཆས་གྱོན་ས་མེད།
བོད་སྐད་ཤེས་ཀྱང་དེ་ཙམ་བཤད་ས་མེད།
བོད་ཡིག་སྦྱང་འདོད་ཡོད་ཀྱང་བོད་སློབ་མེད།
བོད་ཟས་བཟའ་སྙིང་འདོད་ཀྱང་བོད་ཟས་མེད།
རང་ཡུལ་བཙན་པོས་འཕྲོག་ནས་སེམས་རེ་སྐྱོ།
སྐད་ཡིག་སྦྱང་འདོད་ཡོད་ཀྱང་སྦྱང་ས་མེད།
བོད་སྐད་རིམ་བཞིན་ཉམས་འགྲོ་སེམས་རེ་སྐྱོ།
སེམས་སྐྱོ་བའི་སྙིང་གཏམ་སུ་ལ་བཤད།