-དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་བྷོ་དྷི་ས་ཏྭ་ཡེ།
ཤར་ཕྱོགས་གངས་དཀར་རི་བོའི་རྩེར།།རྟེན་འབྲེལ་གཡང་སེང་དཀར་མོ་མཛེས།།སྤྲིན་དཀར་མེ་ཏོག་བཞད་པ་ནས།།དོན་གྲུབ་ལྷ་མོའི་ཟློས་གར་རོལ།།
ཤར་ལྷོ་དྲི་ཟའི་གྲོང་ཁྱེར་གཡས།།དགེ་བཅུ་འཛོམས་པའི་ཞིང་འབྲོག་མཚམས།།རུས་ཆེན་དྲུག་ལས་ཁྱད་འཕགས་པ།།སེ་ཁྱུང་རྒྱལ་པོ་ཁྱེད་ཉིད་འཁྲུངས།།
ལྷོ་གླིང་དབུས་མའི་དཀྱིལ་འཁོར་དུ།།སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུ།།གངས་ལྗོངས་སྐྱོབ་པའི་ལྷ་སྐལ་བ།།བསྟན་འཛིན་རྒྱ་མཚོ་ཡོངས་སུ་གྲགས།།
ལྷོ་ནུབ་ནགས་ཀློང་བཙན་པོའི་གདུང་།།མཁར་དམར་གྲུ་འཛིན་བདག་པོའི་ཞིང་།།ཕྱུགས་བདག་དགའ་མའི་རྟུལ་ཞུགས་ཅན།།ཤིང་རྟ་འདྲེན་པའི་དཔལ་དུ་བྱོན།།
ནུབ་ཕྱོགས་ཉི་མ་ལྷ་སའི་གནས།།ནོར་བུའི་གླིང་གི་དགའ་ཚལ་དུ།།སྐྱབས་གནས་དམ་པའི་གདན་ས་ཉིད།།རྒྱ་སྟག་ངར་མའི་དཔུང་བ་ངོམས།།
ནུབ་བྱང་དབང་གཞུ་རི་མོའི་དཔལ།།མཛེས་མའི་རླབས་ཆེན་ཟླ་བའི་འོད།།མུན་པའི་བླ་རེ་གྱོན་པའི་ཚེ།།གཡུ་འབྲུག་སྔོན་མོའི་མགྲོན་དུ་ཕེབས།།
བྱང་ཕྱོགས་ཚན་རྩལ་རིག་པའི་མཐུས།།དམ་ཆོས་འཁོར་ལོ་རིན་པོ་ཆེ།།འཛམ་བུ་གླིང་དུ་གདལ་མཁས་པའི།།ངེས་དོན་རྒྱལ་བའི་དབང་པོ་རྒྱལ།།
བྱང་ཤར་སྐར་མ་སྨེ་བདུན་མས།།རྒྱལ་ཐབས་འཛིན་མའི་བརྡ་ཀླུང་དུ།།གཟི་བརྗིད་འཛུམས་མའི་གར་སྟེགས་སུ།།ཞི་བདེའི་དེད་དཔོན་མངོན་པར་བསྟོད།།
སྐུ་ཚེ་ཞབས་པད་རབ་ཏུ་བརྟན།།གསུང་ཆོས་འགྲོ་ཁམས་མོས་པར་སྨིན།།ཐུགས་རྗེ་མ་འདྲིས་མཛའ་བཤེས་མཆོག།སྐྱེ་དགུའི་མགོན་དུ་རིང་འཚོ་ཤོག།
ཞེས་པ་འདི་ཡང་རབ་གནས་སྣྲོན་ཟླའི་བཟང་པོ་གཉིས་པར་༸ གོང་ས་༸ རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོས་དད་གུས་པས་སྐུལ་ངོར་གང་ཤར་དུ་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་དུ་གང་ཤར་བ་དག་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྨོན་པར་དགེའོ།། །།
ཁ་བྱང་དུ་ཐོ་རངས་ཀྱི་སྐར་རྒྱན་ཟེར་བ་གོ་མ་མྱོང།
ཐོ་རངས་ཀྱི་སྐར་ཆེན་ཅེས་པ་ཞིག་ཡོངས་སུ་གྲགས།
དོན་གྲུབ་ལྷ་མོའི་ཟློས་གར་རོལ།
འདི།
ལྷ་མོ་དོན་གྲུབ་ཟློས་གར་རོལ།།
རྒྱ་སྟག་ངར་མའི་དཔུང་བ་ངོམས།།
འདི།
རྒྱ་སྟག་ངར་མའི་དཔུང་པ་ངོམས།།
མེ་ཏོག་གང་བབ་སྤྱན་རས་གཟིགས། །
གངས་ཅན་སྐྱོང་མཁས་རྒྱལ་དབང་ཕྲེང་། །
དུས་སུ་ལྷ་མོ་དོན་གྲུབ་འཁྲུངས། །
དགོས་དུས་ཏྰ་ལའི་བླ་མས་བསྐྱབས། །
ཐུབ་པས་བོད་དང་སྤྱན་རས་གཟིགས། །
སྔར་གྱི་ལུང་བསྟན་དངོས་སུ་བྱུང་། །
སྐུ་ཕྲེང་ཐམས་ཅད་གཅིག་བསྡུས་པའི། །
བསྟན་འཛིན་རྒྱ་མཚོ་ཡུན་བརྟན་ཤོག །
ནམ་རྒྱུན་ཁོང་གི་རྩོམ་ལ་མཆན་འབྲི་མཁན་དཀོན་ཡང་། ད་རེས་མཆན་མང་མདོག་མཐོང་སྟེ་བསྔོགས་པར། ཀརྡོའི་མཆན་ཉོག་ཚོ་རེད་འདུག ལྷོ་ནུབ་ནགས་ཀློང་བཙན་པོའི་གདུང་།
མཁར་དམར་གྲུ་འཛིན་བདག་པོའི་ཞིང་།
ཕྱུགས་བདག་དགའ་མའི་རྟུལ་ཞུགས་ཅན།
ཤིང་རྟ་འདྲེན་པའི་དཔལ་དུ་བྱོན།
ཟེར་བ་འདི་ཕྱུགས་བདག་དགའ་མ་ནི་དབང་ཕྱུག་གི་ཆུང་མར་གོ་བས་ཚིགས་བཅད་འདིའི་མ་རྟོགས།
#6 ཨ་ཁུ་འབྲོག་པ། ་ལགས་ཀྱིས་སྤེལ་དོན།:
July 7th, 2017 at 9:52 am
ནམ་རྒྱུན་ཁོང་གི་རྩོམ་ལ་མཆན་འབྲི་མཁན་དཀོན་ཡང་། ད་རེས་མཆན་མང་མདོག་མཐོང་སྟེ་བསྔོགས་པར། ཀརྡོའི་མཆན་ཉོག་ཚོ་རེད་འདུག ་་་་་་་་་་་ ཟེར།