རྒྱལ་བ་ཀརྨ་པ་མཆོག་ལ་བཅར་འདྲི། Posted on 2017-07-092017-07-09 By ཁ་བརྡ་ 15 Comments on རྒྱལ་བ་ཀརྨ་པ་མཆོག་ལ་བཅར་འདྲི། བཅར་འདྲི།
ངས་མཆན་བཞི་པ་འདེབས་དགོས་དོན་ནི། ང་རང་མ་འདས་སྤྲུལ་སྐུ་ལ་ཡིད་མི་ཆེས་ཤིང་། འོ་ན་སྔར་མ་འདས་སྤྲུ་སྐུ་བྱུང་འདུག ཟེར་ན། འདས་མཁན་དེ་དང་མ་འདས་པ་གཉིས་ཀ་ནང་གི་རྟོགས་པའམ། ཚོས་ཀྱི་མཛད་ཕྲིན་མཉམ་པ་ཙམ་ལ། དགོངས་ནས་གནས་སྐབས་གདུལ་བྱའི་རེ་བ་སྐོང་བའི་དོན་ཙམ་མོ།།
་་་་་་་་་ མིང་དང་སྒོར་མོ་ཡོད་ན་འཇིག་རྟེན་འདི་ནས་ག་རེ་བྱས་ནའང་བདེན་བདེན་འདྲ་བ་ལ། ཧཧཧཧཧཧ ཐུགས་ལ་མི་ཕོག་པར་ཞུ། དངོས་ཡོད་ཞུས་ཡོད། ཀུན་སློང་གཙང་མ་ཡིན། སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པར་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག བོད་ལ་ཕན་ཐོགས་པར་ཤོག་ཅེས་སྨོན་པའོ།། ་་་་་་་་ ཟེར།
བླ་ཆེན་ཚོས་མི་གསུང་རྒྱུ་ཞིག་མེད། ཉན་ཡོང་རྒྱུ་ཞིག་ཅང་མེད། ང་ཚོ་ལ་དགོས་པ་དེ་ཁོང་རྣམ་པས་གསུངས་ཀྱང་མི་ཤེས། གསུངས་ཤེས་ཀྱང་མི་གསུངས།
རྒྱལ་བ་ཀརྨ་པ་ལ་གུས་པ་ཡོད། །བསྟན་འགྲོར་སྨན་པའི་རེ་བ་ཡོད། །སྐུ་ཚེ་མཐའ་རུ་ཕྱིན་པ་དང་། །ཡབ་ཡུམ་མཇལ་བའི་སྨོན་ལམ་འདེབས། ། ང་ལ་རེ་བ་ཆེ་སའི་གཞོན་སྐྱེས་དང་པོ་ཚུལ་ཁྲིམས་བློ་གྲོས་ཡིན། གཉིས་པ་ཀརྨ་པ་ཡིན། འོན་ཀྱང་རང་ལ་རེ་བ་ཆེ་བས་སྐྱོན་བརྗོད་མི་བྱེད་པར་གཅེས་ལང་དུ་འཇོག་མཁན་དང་། སྐྱོན་ཀུན་ཟད་དུ་འདོད་མཁན་ཡང་མིན། །ཁོང་གཉིས་ཀྱིས་བསྟན་འགྲོར་སྨན་པའི་བྱ་བ་ད་ལྟའི་གནས་སྟངས་འདི་ལས་མ་འགྱུར་ན་ངའི་མིག་དང་་ལག་པ་ཡ་གཅིག་བཅད་ནས་འབུལ་དགོས་ཀྱང་དོགས་པ་གཏན་ནས་མེད། ། སྐྱོན་བརྗོད་དགོས་པ་དུ་མ་ཡོད་པས་དངོས་དང་བརྒྱུད་ནས་ཞུ་རྩིས་ཡོད། ། ༄། །སྤོབས་པས་བཤད་པ་ལ་བསམ་ཞིག་བྱེད་དགོས། བོད་འདི་སྐྱོབས་མཁན་བླ་མ་ཡིན་ལ། ཕོངས་མཁན་ཡང་བླ་མ་ཡིན། ། བོད་སིལ་བུར་འཐོར་བ་ནས་བཟུང་བོད་ཀྱི་བླ་མ་མང་པོས་རང་གི་ཐོབ་དང་མངའ་ཐང་། ཆོས་རྒྱུན་རྒྱ་བསྐྱེད་ཆེད་གང་ལ་དབང་ཆེ་བ་རྒྱབ་རྩར་དྲངས་ནས་བོད་ཕུང་ལ་སྦྱར་བའི་ལོ་རྒྱུས་ཤིན་ཏུ་མང་པོ་བྱོན། ། ཆོས་ལུགས་ཀྱི་ངོས་ནས་བསམ་ན་བསམ་མི་ཁྱབ་པའི་ཡུལ་ཡིན་པས་དག་སྣང་བྱ་དགོས་མོད། ལོ་རྒྱུས་ཀྱི་ངོས་ནས་གཞིག་ན་འདི་ཕྱིའི་སྐྱབས་གནས་རྣམས་ཀྱིས་རང་གི་ཐོབ་ཐང་དང་། ཆོས་རྒྱུན་གྱི་ཆེད་དུ་བོད་འདི་ཚོང་ཟོང་ནང་བཞིན་བཙོང་འདུག །ཁྱད་པར་དུ་དགེ་ལུགས་དང་བཀའ་བརྒྱུད་པ་གཉིས་ཀྱི་བླ་མ་མང་པོ་ཞིག་གིས་གསུབ་ཏུ་མེད་པའི་ཕྱག་ལས་ཚབ་ཆེན་གནང་བ་རྒྱ་བོད་ཡི་གེ་གཉིས་སུ་གསལ། དཔེར་ན། ཀརྨ་པ་སྐུ་ཕྲེང་ཁ་ཤས། འཇམ་དབྱངས་བཞད་པ། ལྕང་སྐྱ། །ཛ་ཡ་པཎྜི་ཏ། འགར་བ་མ་བླ་མ། འབོ་གངས་དཀར། དགེ་སྟག་སྤྲུལ་སྐུ་སོགས་ཀྱིས་གནང་པའི་ཕྱག་ལས་ལ་དག་སྣང་སྦྱང་རྒྱུ་ལས་གཞན་མི་འདུག ། ང་ནི་དབུ་རང་གཉིས་ལ་མི་གཏོགས། བོད་མིའི་གྲྭས་སུ་མི་སླེབས། གཅིག་པུར་གྲོགས་མེད་དུ་འཁྱམས་མཁན་གྱི་སྤྲང་པོ་ཞིག་དང་། ལོ་རྒྱུས་གླེང་བརྗོད་པ་ཞིག་གི་ངོས་ནས་བཤད་པ་ཡིན། ༄། ། ཀ་རྡོས་བཤད་༎ ༼མིང་དང་སྒོར་མོ་ཡོད་ན་འཇིག་རྟེན་འདི་ནས་ག་རེ་བྱས་ནའང་བདེན་བདེན་འདྲ་བ་ལ། ཧཧཧཧཧཧ༽ འདི་ཆོས་སྲིད་གཉིས་ཀྱི་དབུ་ནས་སྡོད་མཁན་མཐོན་པོ་ཀུན་གྱིས་ཐུགས་ལ་འཛིན་དགོས་པའི་བསླབ་བྱ་ཞིག་རེད། མགོ་ལེགས་ལ་མཇུག་མ་འཁྱོག་འགྲོ་བ་དང་། ཐོབ་དང་དཔལ་འབྱོར་ཡོད་ཚེ་རང་ཉིད་སུ་ཡིན་བརྗེད་འགྲོ་བ་འདི་འཛམ་གླིང་གི་སྐྱེ་འགྲོ་ཕལ་མོ་ཆེ་རང་བཞིན་ཡིན་པས་ངེས་པར་དུ་གཟབ་དགོས་པར་སྣང་།
རྒྱུ་དང་དཔལ་འབྱོར་ཡོད་པ་དེ་བྱུང་ནམ་མཁའ་དང་ཐིམ་ས་གཞི་ཡིན་ན་འགྲིག་འདུག །དཔེར་ན་ཏཱ་ལའི་བླ་མའི་སློབ་ཆེན་བོད་ཀྱི་མ་འོངས་པའི་གསོན་རྩ་རྣམས་བསྐྱེད་འཕེལ་བྱེད་སའི་ལྟེ་གནས་ལྟ་བུ་དང་། སྤྱི་ཚོགས་བདེ་རྩ་སོགས་ཀྱི་ཆེད་དུ་བཏང་གནང་ཡོད་ན་རྒྱུ་ལོས་དགོས། དེ་མིན་གོང་གིས་བཤད་པ་ལས་མ་འདས།
ཀརྨ་པ་ཁོང་ལ་གུས་ཞབས་ཡོད། བླ་མས་ཆབ་སྲིད་མ་ཤེས་ན་ལེགས། མཁྱེན་དགོས་ཡ་དེ་འགྲོ་དོན་རེད། བླ་ཆེན་སྤྲུལ་སྐུའི་ནང་ནས་ཆོས་ལུགས་ལ་ཕྱོགས་ཞེན་གྱིས་སྡང་ཟུག་མེད་མཁན་ཀརྨ་པ་ཁོང་འདྲ་བོ་མཐོང་སོང། ད་བར་དུ་ཆོས་ལུགས་གཞན་ལ་ཟུར་ཟ་གནང་བའི་ཡིག་ངག་གང་ནས་ཀྱང་མ་མཐོང་དྲང་པོར་བཤད་པ་ཡིན། ཁོང་གིས་གསུངས་པ་ལྟར་མ་འོངས་པ་ལ་བོད་ལ་གཏན་བཞུགས་གནང་ཐུབ་ན་ཡག་ཤོས་རེད། བོད་ཀྱི་མི་ནི་ཕ་མེས་ཡང་མེས་ནས་ཆོས་ལུགས་ཀྱིས་རྩིས་ཟིན་ཡོད་བསྡད་པ་ཞིག་རེད། དེ་མིན་ཕྱི་རྒྱལ་དང་རྒྱ་ནག་དེ་ཚོ་ནི་གནས་སྐབས་ཙམ་རེད། ཆོས་བྱེད་ཕ་མ་དེ་ཚོ་ཤི་ཟིན་དུས་ཆོས་ཆས་དེ་ཚོ་སྲང་མདོར་གཡུག་པའམ་ཡང་ན་ཆུ་ལ་བསྐྱུར་ཡང་ན་གསང་སྤྱོད་དང་སྐྲས་གདང་དེ་ཚོར་འཇོག་ངེས་རེད། ཁྱེད་སྐུ་ཚེ་བརྟན། དུས་རབས་ཉེར་གཅིག་པའི་ནང་པའི་བླ་མ་ཞིག་ཡོང་བའི་རེ་བ་ཡོད། ཆོས་ལུགས་གཞན་ལ་དག་སྣང་དང་རིས་མེད་མཛད་པའི་རེ་བ་ཡོད། དེ་མིན་བླ་ཆེན་མི་ཆེན་དེ་ཚོ་སུ་ཡག་སུ་སྡུག་མི་བཤད།
་་་་་་་་་་ ༄། ། ཀ་རྡོས་བཤད་༎ ༼མིང་དང་སྒོར་མོ་ཡོད་ན་འཇིག་རྟེན་འདི་ནས་ག་རེ་བྱས་ནའང་བདེན་བདེན་འདྲ་བ་ལ། ཧཧཧཧཧཧ༽ ་་་་་་་་་་ ཟེར། ངས་ནི་འདི་འདྲ་བཤད་པ་མི་དྲན།
རང་ཉིད་ཁོ་ནའི་བྱ་བ་དང་། བྱ་བ་མིན་ལ་བརྟག་བྱ་ཡི། གཞན་གྱི་གོ་རིམ་ལོག་པ་དང་། བྱ་དང་བྱ་མིན་དག་ལ་མིན།། མཆན་བུ་འདེབས་པ་པོ་རྣམས་ཀྱིས་ཚིགས་སུ་བཅད་པ་འདི་ཡི་དོན་ལྟར་དུ། མཆན་བུ་འདེབས་པ་ཡོད་དམ། ཡང་ན། རི་བོང་ཅལ་སྒྲོགས་ཡིན། དཔལ་༧རྒྱལ་བ་ཀ་རྨ་པ་དུས་གསུམ་མཁྱེན་པས་བདག་སོགས་རྨོངས་པ་རྣམས་ལ་སྤྱནརས་་ཀྱིས་གཟིགས་པར་མཛོད་ཅིག ཅེས་དད་མོས་ཀྱི་སྒོ་ནས་ཞུ་དགོས། དད་མོས་མེད་ན། ཨ་གུ་ནེ་ཙོའི་འདོན་པ་འདྲ་བ་མ་ཡིན་ནམ། ཞེས་སོ།
ཁ་བརྡ་དང་། ཁ་བརྡའི་ནང་ལ་འགན་མ་འཁྱེར་བར། ཆོལ་ཁ་དང་། ཆོས་བརྒྱུད་དཀྲུགས་མཁན་མང་དྲགས་དགྱིད་འདུག དེས་ཁ་བརྡའི་དྲྭ་བདག་སྟངས་འཛིན་གནང་བཞིན་འདུག་ཀྱང་། ད་དུང་སྟངས་འཛིན་དེ་ལས་ཆེ་ཙམ་མ་གནང་ན། ཁ་བརྡ་དྲུ་བ་ཟེར་དུས་མི་ངན་གདུག་རྩུབ་ཅན་གྱི་དྲྭ་རྒྱ་ཡིན་པ་མཐོང་ཚུལ་དང་། མིང་ངན་མི་ཐོགས་པའི་ངེས་པ་མི་འདུག རྩོམ་མཆན་པར། ང་རང་མཆན་མང་ཤོས་རྒྱག་མཁན་གྲས་ཡིན་ན་ཡང་། གང་ཟག་སྒེར་པ་སུ་གཅིག་ལ་ཡང་སྐྱོན་འདོན་བྱས་མེད། ལེགས་བཤད་ལ་ཡི་རང་དང་། ངན་ཤེས་ལ། ་་་་་ཟེར། ཞེས་མ་རངས་བཀོད་པ་དང་། ཡི་གེའི་དག་ཆ་ནས་བཟུང། ཆོས་སྲིད་སྐོར་ལ་རང་ནུས་ཀྱིས་ནོར་བ་མཐོང་བ་དག་ནོར་བཅོས་བྱས་པ་དང་། དགག་ལན་བྲིས་དུས་ཚིག་ཁ་མཐོ་དམན་ཤོར་བ་ཙམ་ལས། སུ་གང་ལ་གནོད་བསྐྱལ་མེད་སྙམ་བཞིན་ཡོད་ཀྱང་། འགའ་ཤས་ཀྱིས་སྒྲོ་བསྐུར་དང་ཚིག་ངན་མང་པོ་ཤོད་མཁན་འདུག་ན། དོ་དག་སོ་སོས་དྲན་ཤེས་བརྟེན་ན་མི་ལེགས་སམ་སྙམ་མོ།།
མཆན་5་པ་། ཀ་རྡོས་བཏབ་པ་ཐུགས་བརྗེད་ཤོར་བ་འདྲ། གཞི་མེད་ཀྱི་སྐྱོན་བརྗོད་དང་སྒེར་ལ་ཚིག་རྩུབ་བརྗོད་པ་གཏན་ནས་མི་ལེགས་པས་འགོག་ངེས་པར་དགོས་མོད། འོན་ཀྱང་ལྡོག་ཕྱོགས་ཀྱི་བསམ་འཆར་དང་གླེང་མོ་གཏན་ནས་འགོག་མི་རུང་། ཚང་མ་རང་གི་འདོད་ཕྱོགས་གཅིག་པུ་ལས་བརྗོད་མི་ཆོག་ཚེ་ཁ་བརྡ་མ་རེད། སྨྲ་བརྗོད་རང་དབང་འཕྲོག་པའི་གཅིག་སྡུད་རིང་ལུགས་པའི་སྲོལ་རེད། ཡང་ན་ལྷ་དབང་རིང་ལུགས་པའི་བཀའ་ཤོག་རེད། གཞི་འཛིན་ས་ཡོད་པ་དང་། བརྗོད་གཞི་གཏིང་ཟབ་མོའི་སྒོ་ནས་བགྲོ་གླེང་དང་གནས་ཚུར་གསར་ཐོན་སོགས་བརྗོད་དགོས་པར་མཐོང་། །དེ་སུ་ལ་ཕོག་ཀྱང་བྱ་ཐབས་ཟད། ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་ཁ་ཕྱོགས་བགྲོ་གླེང་དེ་ལོ་ཉི་ཤུའི་སྔོན་ལས་ཀྱང་སྟངས་འཛིན་ཆེ་རུ་སོང་འདུག་པས། དམངས་གཙོ་ཕྱིར་ལོག་བྱེད་པའི་ལམ་ཁ་ལ་འགྲོ་རྩིས་སམ། ཡང་ན་ཚང་མ་དངུལ་གྱི་བྲན་གཡོག་ཏུ་གྱུར་བས་རང་དབང་གི་ཀླད་པ་བརྗེས་ཚར་བ་འདྲ། སྔོན་ཆད་དམར་ཕྱོགས་ཀྱི་སོ་བ་དང་། རྒྱ་ནག་གི་རྒྱུགས་ཁྱི་དང་། ཐེ་ཝན་གྱི་ལྐོག་དངུལ་ཟ་མཁན། རྒྱ་ནག་གི་བླ་མ་ཟེར་བའི་་བདུད་ཀྱི་ཁྲམ་ཤིང་ནག་པོ་ཞིག་སྤྲད་རྒྱུ་ཡོད་པ་དེའི་ཚབ་ཏུ། ད་ལྟ་རང་བཙན་པ། དམངས་གཙོ་བ། དོལ་རྒྱལ་ཚོགས་པ་ཟེར་བ་ཞིག་ཏུ་གྱུར་ཡོད། ལོ་ཉི་ཤུའིསྔོན་ཆད་རང་བཙན་མི་དགོས་ཟེར་ན་རྒྱལ་བཙོང་པ་རེད། ད་ལྟ་རང་བཙན་དགོས་ཟེར་ན་རྒྱལ་བཙོང་པ་རེད། སྔོན་གྱི་ཚག་པར་ལ་ལྟོས་དང་། གླིང་ཚང་དཔོན་པོ། ཀཿཐོག་དྲི་ཞིང་། པྲའུ་དཔོན། བྱ་རྒོད་དོན་ཡོད་སོགས་ཀྱིས་རང་བཙན་མི་དགོས་བྱས་པས་རྒྱལ་བཙོང་པ་གྱུར་པ་རེད། ད་ལྟ་དེ་དག་གི་བཤད་པའི་སྟེང་དུ་སོང་འདུག་པས་དཀར་འདོན་དགོས་པར་སྣང་མོད། ཆོས་ཕྱོགས་ནས་བསམ་ན་འཁོར་བ་མི་རྟག་པ་རེད། དེ་ལ་ཧ་ལས་དགོས་རྒྱུ་ཡང་མི་འདུག ། ལྷག་བསམ་གྱི་མེ་ཏོག་སྐྱོན་བརྗོད་ཀྱི་མདའ་རུ་འཛིན་པའི་སྤྱི་ཚོགས་ཀྱི་རང་བྱས་ལས་ཀྱི་རྣམ་སྨིན་མྱོང་བ་སུ་ཞིག་གིས་སྐྱོབས། དཀོན་མཆོག་མཁྱེན།
༡༩༥༩ ནས་ ༡༩༧༤ བར། བོད་མི་ཞིག་གིས་བོད་པར་རང་བཙན་མི་དགོས་ལབ་ན། རྒྱལ་བཙོང་པའི་གྲལ་ལ་བཞག་ཆོག་བགྱིད་རེད། ༧༤ ནས་ ༢༠༡༧ བར་གྱི་རང་བཙན་རྩོད་མཁན་ཚོ་ཁ་ཡོད་ལག་མེད་རྐྱང་རྐྱང་རེད་མི་འདུག་གམ། ལགས།།
གསུངས་བདུད་རྩི།
༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་སྟེ། །
རྒྱལ་དབང་ཀརྨའི་བསྟན་པ་འབར་གྱུར་ཅིག །
ལས་གང་གི་བྲེལ་ནས་དུས་ཚོད་མེད་པ་ཡིན་ནམ། རང་བཙན་དང་དབུ་མ་གང་རུང་ཞིག་ད་ལྟ་རང་ལ་ཐོབ་ཡོད་པ་ཨ་ཡིན་ན།
ངས་མཆན་བཞི་པ་འདེབས་དགོས་དོན་ནི། ང་རང་མ་འདས་སྤྲུལ་སྐུ་ལ་ཡིད་མི་ཆེས་ཤིང་། འོ་ན་སྔར་མ་འདས་སྤྲུ་སྐུ་བྱུང་འདུག ཟེར་ན། འདས་མཁན་དེ་དང་མ་འདས་པ་གཉིས་ཀ་ནང་གི་རྟོགས་པའམ། ཚོས་ཀྱི་མཛད་ཕྲིན་མཉམ་པ་ཙམ་ལ། དགོངས་ནས་གནས་སྐབས་གདུལ་བྱའི་རེ་བ་སྐོང་བའི་དོན་ཙམ་མོ།།
་་་་་་་་་ མིང་དང་སྒོར་མོ་ཡོད་ན་འཇིག་རྟེན་འདི་ནས་ག་རེ་བྱས་ནའང་བདེན་བདེན་འདྲ་བ་ལ། ཧཧཧཧཧཧ
ཐུགས་ལ་མི་ཕོག་པར་ཞུ། དངོས་ཡོད་ཞུས་ཡོད། ཀུན་སློང་གཙང་མ་ཡིན། སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པར་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག བོད་ལ་ཕན་ཐོགས་པར་ཤོག་ཅེས་སྨོན་པའོ།། ་་་་་་་་ ཟེར།
བླ་ཆེན་ཚོས་མི་གསུང་རྒྱུ་ཞིག་མེད། ཉན་ཡོང་རྒྱུ་ཞིག་ཅང་མེད། ང་ཚོ་ལ་དགོས་པ་དེ་ཁོང་རྣམ་པས་གསུངས་ཀྱང་མི་ཤེས། གསུངས་ཤེས་ཀྱང་མི་གསུངས།
སྤོབས་མཐའ་ལགས་ལ། དགོས་ཡ་དེ་བོད་རང་བཙན་ཡིན་པ་འདྲ། ཡང་བོད་རེ་བས་མ་ཕོངས། དེ་བས་དབུ་མར་ཤར་བསྐྱོད་གྱིས།
རྒྱལ་བ་ཀརྨ་པ་ལ་གུས་པ་ཡོད། །བསྟན་འགྲོར་སྨན་པའི་རེ་བ་ཡོད། །སྐུ་ཚེ་མཐའ་རུ་ཕྱིན་པ་དང་། །ཡབ་ཡུམ་མཇལ་བའི་སྨོན་ལམ་འདེབས། ། ང་ལ་རེ་བ་ཆེ་སའི་གཞོན་སྐྱེས་དང་པོ་ཚུལ་ཁྲིམས་བློ་གྲོས་ཡིན། གཉིས་པ་ཀརྨ་པ་ཡིན། འོན་ཀྱང་རང་ལ་རེ་བ་ཆེ་བས་སྐྱོན་བརྗོད་མི་བྱེད་པར་གཅེས་ལང་དུ་འཇོག་མཁན་དང་། སྐྱོན་ཀུན་ཟད་དུ་འདོད་མཁན་ཡང་མིན། །ཁོང་གཉིས་ཀྱིས་བསྟན་འགྲོར་སྨན་པའི་བྱ་བ་ད་ལྟའི་གནས་སྟངས་འདི་ལས་མ་འགྱུར་ན་ངའི་མིག་དང་་ལག་པ་ཡ་གཅིག་བཅད་ནས་འབུལ་དགོས་ཀྱང་དོགས་པ་གཏན་ནས་མེད། ། སྐྱོན་བརྗོད་དགོས་པ་དུ་མ་ཡོད་པས་དངོས་དང་བརྒྱུད་ནས་ཞུ་རྩིས་ཡོད། །
༄། །སྤོབས་པས་བཤད་པ་ལ་བསམ་ཞིག་བྱེད་དགོས། བོད་འདི་སྐྱོབས་མཁན་བླ་མ་ཡིན་ལ། ཕོངས་མཁན་ཡང་བླ་མ་ཡིན། ། བོད་སིལ་བུར་འཐོར་བ་ནས་བཟུང་བོད་ཀྱི་བླ་མ་མང་པོས་རང་གི་ཐོབ་དང་མངའ་ཐང་། ཆོས་རྒྱུན་རྒྱ་བསྐྱེད་ཆེད་གང་ལ་དབང་ཆེ་བ་རྒྱབ་རྩར་དྲངས་ནས་བོད་ཕུང་ལ་སྦྱར་བའི་ལོ་རྒྱུས་ཤིན་ཏུ་མང་པོ་བྱོན། ། ཆོས་ལུགས་ཀྱི་ངོས་ནས་བསམ་ན་བསམ་མི་ཁྱབ་པའི་ཡུལ་ཡིན་པས་དག་སྣང་བྱ་དགོས་མོད། ལོ་རྒྱུས་ཀྱི་ངོས་ནས་གཞིག་ན་འདི་ཕྱིའི་སྐྱབས་གནས་རྣམས་ཀྱིས་རང་གི་ཐོབ་ཐང་དང་། ཆོས་རྒྱུན་གྱི་ཆེད་དུ་བོད་འདི་ཚོང་ཟོང་ནང་བཞིན་བཙོང་འདུག །ཁྱད་པར་དུ་དགེ་ལུགས་དང་བཀའ་བརྒྱུད་པ་གཉིས་ཀྱི་བླ་མ་མང་པོ་ཞིག་གིས་གསུབ་ཏུ་མེད་པའི་ཕྱག་ལས་ཚབ་ཆེན་གནང་བ་རྒྱ་བོད་ཡི་གེ་གཉིས་སུ་གསལ། དཔེར་ན། ཀརྨ་པ་སྐུ་ཕྲེང་ཁ་ཤས། འཇམ་དབྱངས་བཞད་པ། ལྕང་སྐྱ། །ཛ་ཡ་པཎྜི་ཏ། འགར་བ་མ་བླ་མ། འབོ་གངས་དཀར། དགེ་སྟག་སྤྲུལ་སྐུ་སོགས་ཀྱིས་གནང་པའི་ཕྱག་ལས་ལ་དག་སྣང་སྦྱང་རྒྱུ་ལས་གཞན་མི་འདུག ། ང་ནི་དབུ་རང་གཉིས་ལ་མི་གཏོགས། བོད་མིའི་གྲྭས་སུ་མི་སླེབས། གཅིག་པུར་གྲོགས་མེད་དུ་འཁྱམས་མཁན་གྱི་སྤྲང་པོ་ཞིག་དང་། ལོ་རྒྱུས་གླེང་བརྗོད་པ་ཞིག་གི་ངོས་ནས་བཤད་པ་ཡིན།
༄། ། ཀ་རྡོས་བཤད་༎ ༼མིང་དང་སྒོར་མོ་ཡོད་ན་འཇིག་རྟེན་འདི་ནས་ག་རེ་བྱས་ནའང་བདེན་བདེན་འདྲ་བ་ལ། ཧཧཧཧཧཧ༽ འདི་ཆོས་སྲིད་གཉིས་ཀྱི་དབུ་ནས་སྡོད་མཁན་མཐོན་པོ་ཀུན་གྱིས་ཐུགས་ལ་འཛིན་དགོས་པའི་བསླབ་བྱ་ཞིག་རེད། མགོ་ལེགས་ལ་མཇུག་མ་འཁྱོག་འགྲོ་བ་དང་། ཐོབ་དང་དཔལ་འབྱོར་ཡོད་ཚེ་རང་ཉིད་སུ་ཡིན་བརྗེད་འགྲོ་བ་འདི་འཛམ་གླིང་གི་སྐྱེ་འགྲོ་ཕལ་མོ་ཆེ་རང་བཞིན་ཡིན་པས་ངེས་པར་དུ་གཟབ་དགོས་པར་སྣང་།
རྒྱུ་དང་དཔལ་འབྱོར་ཡོད་པ་དེ་བྱུང་ནམ་མཁའ་དང་ཐིམ་ས་གཞི་ཡིན་ན་འགྲིག་འདུག །དཔེར་ན་ཏཱ་ལའི་བླ་མའི་སློབ་ཆེན་བོད་ཀྱི་མ་འོངས་པའི་གསོན་རྩ་རྣམས་བསྐྱེད་འཕེལ་བྱེད་སའི་ལྟེ་གནས་ལྟ་བུ་དང་། སྤྱི་ཚོགས་བདེ་རྩ་སོགས་ཀྱི་ཆེད་དུ་བཏང་གནང་ཡོད་ན་རྒྱུ་ལོས་དགོས། དེ་མིན་གོང་གིས་བཤད་པ་ལས་མ་འདས།
ཀརྨ་པ་ཁོང་ལ་གུས་ཞབས་ཡོད། བླ་མས་ཆབ་སྲིད་མ་ཤེས་ན་ལེགས།
མཁྱེན་དགོས་ཡ་དེ་འགྲོ་དོན་རེད། བླ་ཆེན་སྤྲུལ་སྐུའི་ནང་ནས་ཆོས་ལུགས་ལ་ཕྱོགས་ཞེན་གྱིས་སྡང་ཟུག་མེད་མཁན་ཀརྨ་པ་ཁོང་འདྲ་བོ་མཐོང་སོང། ད་བར་དུ་ཆོས་ལུགས་གཞན་ལ་ཟུར་ཟ་གནང་བའི་ཡིག་ངག་གང་ནས་ཀྱང་མ་མཐོང་དྲང་པོར་བཤད་པ་ཡིན། ཁོང་གིས་གསུངས་པ་ལྟར་མ་འོངས་པ་ལ་བོད་ལ་གཏན་བཞུགས་གནང་ཐུབ་ན་ཡག་ཤོས་རེད། བོད་ཀྱི་མི་ནི་ཕ་མེས་ཡང་མེས་ནས་ཆོས་ལུགས་ཀྱིས་རྩིས་ཟིན་ཡོད་བསྡད་པ་ཞིག་རེད། དེ་མིན་ཕྱི་རྒྱལ་དང་རྒྱ་ནག་དེ་ཚོ་ནི་གནས་སྐབས་ཙམ་རེད། ཆོས་བྱེད་ཕ་མ་དེ་ཚོ་ཤི་ཟིན་དུས་ཆོས་ཆས་དེ་ཚོ་སྲང་མདོར་གཡུག་པའམ་ཡང་ན་ཆུ་ལ་བསྐྱུར་ཡང་ན་གསང་སྤྱོད་དང་སྐྲས་གདང་དེ་ཚོར་འཇོག་ངེས་རེད། ཁྱེད་སྐུ་ཚེ་བརྟན། དུས་རབས་ཉེར་གཅིག་པའི་ནང་པའི་བླ་མ་ཞིག་ཡོང་བའི་རེ་བ་ཡོད། ཆོས་ལུགས་གཞན་ལ་དག་སྣང་དང་རིས་མེད་མཛད་པའི་རེ་བ་ཡོད། དེ་མིན་བླ་ཆེན་མི་ཆེན་དེ་ཚོ་སུ་ཡག་སུ་སྡུག་མི་བཤད།
་་་་་་་་་་ ༄། ། ཀ་རྡོས་བཤད་༎ ༼མིང་དང་སྒོར་མོ་ཡོད་ན་འཇིག་རྟེན་འདི་ནས་ག་རེ་བྱས་ནའང་བདེན་བདེན་འདྲ་བ་ལ། ཧཧཧཧཧཧ༽ ་་་་་་་་་་ ཟེར། ངས་ནི་འདི་འདྲ་བཤད་པ་མི་དྲན།
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།།
མཆན་བུ་འདེབས་པ་པོ་རྣམས་ཀྱིས་ཚིགས་སུ་བཅད་པ་འདི་ཡི་དོན་ལྟར་དུ། མཆན་བུ་འདེབས་པ་ཡོད་དམ། ཡང་ན། རི་བོང་ཅལ་སྒྲོགས་ཡིན།
དཔལ་༧རྒྱལ་བ་ཀ་རྨ་པ་དུས་གསུམ་མཁྱེན་པས་བདག་སོགས་རྨོངས་པ་རྣམས་ལ་སྤྱནརས་་ཀྱིས་གཟིགས་པར་མཛོད་ཅིག ཅེས་དད་མོས་ཀྱི་སྒོ་ནས་ཞུ་དགོས། དད་མོས་མེད་ན། ཨ་གུ་ནེ་ཙོའི་འདོན་པ་འདྲ་བ་མ་ཡིན་ནམ། ཞེས་སོ།
ཁ་བརྡ་དང་།
ཁ་བརྡའི་ནང་ལ་འགན་མ་འཁྱེར་བར། ཆོལ་ཁ་དང་། ཆོས་བརྒྱུད་དཀྲུགས་མཁན་མང་དྲགས་དགྱིད་འདུག དེས་ཁ་བརྡའི་དྲྭ་བདག་སྟངས་འཛིན་གནང་བཞིན་འདུག་ཀྱང་། ད་དུང་སྟངས་འཛིན་དེ་ལས་ཆེ་ཙམ་མ་གནང་ན། ཁ་བརྡ་དྲུ་བ་ཟེར་དུས་མི་ངན་གདུག་རྩུབ་ཅན་གྱི་དྲྭ་རྒྱ་ཡིན་པ་མཐོང་ཚུལ་དང་། མིང་ངན་མི་ཐོགས་པའི་ངེས་པ་མི་འདུག
རྩོམ་མཆན་པར།
ང་རང་མཆན་མང་ཤོས་རྒྱག་མཁན་གྲས་ཡིན་ན་ཡང་། གང་ཟག་སྒེར་པ་སུ་གཅིག་ལ་ཡང་སྐྱོན་འདོན་བྱས་མེད། ལེགས་བཤད་ལ་ཡི་རང་དང་། ངན་ཤེས་ལ། ་་་་་ཟེར། ཞེས་མ་རངས་བཀོད་པ་དང་། ཡི་གེའི་དག་ཆ་ནས་བཟུང། ཆོས་སྲིད་སྐོར་ལ་རང་ནུས་ཀྱིས་ནོར་བ་མཐོང་བ་དག་ནོར་བཅོས་བྱས་པ་དང་། དགག་ལན་བྲིས་དུས་ཚིག་ཁ་མཐོ་དམན་ཤོར་བ་ཙམ་ལས། སུ་གང་ལ་གནོད་བསྐྱལ་མེད་སྙམ་བཞིན་ཡོད་ཀྱང་། འགའ་ཤས་ཀྱིས་སྒྲོ་བསྐུར་དང་ཚིག་ངན་མང་པོ་ཤོད་མཁན་འདུག་ན། དོ་དག་སོ་སོས་དྲན་ཤེས་བརྟེན་ན་མི་ལེགས་སམ་སྙམ་མོ།།