ཨ་རིག་དགེ་མཐོང་།
ཁ་སང་ཞོགས་ཀ་སེ་ར་བླ་སྤྱིའི་སྒོ་འགྲམ་དུ་གསལ་བསྒྲགས་ཤིག་སྦྱར་འདུག་ལ་མི་མང་གིས་འཚང་ཁ་ཤིག་ཤིག་ལྟ་གིན་འདུག ངས་ཀྱང་གསལ་བོར་བྱས་ནས་བལྟས་ཡིན། རྩོམ་དེབ་གསར་པ་<<གནམ་ས་གོ་འབྱེད>>་འགྲེམ་སྤེལ་གསར་བསྒྲགས་ཞེས་བྲིས་ཡོད་ཁུ། རྣམ་གྲོལ་གླིང་སྔ་རིག་དཔེ་མཛོད་ཁང་ན་ཡོད་ཅེས་ལབ་འདུག ངས་ལག་འཕྲིན་ཁ་པར་ཐོག་བཏང་བ་ཡིན། ཁོ་ཚོ་ལ་ཁ་སང་སྔོན་མ་དཔར་ལོག་བརྒྱབས་ནས་བཙོང་གིན་འདུག་དེ་འདྲ་ཨེ་རེད་ཅེས་ལབ་ཡིན། མ་རེད་དངོས་གནས་དཔར་སྐྲུན་བྱས་ཚོར་ཡོད་ཟེར། དེ་ནས་གྲོགས་པོ་ཞིག་དང་ངེད་གཉིས་ཉོ་རུ་ཕྱིན་པ་ཡིན། སོང་ནས་ལྟ་དུས་རིན་གོང་སྒོར་༡༦༠་རེད། ངས་ཉོ་ནི་མ་དགོས་སེམས་སྐྱོ་བ་དང་ཁོང་ཁྲོ་ལངས་ཀྱིན་འདུག ངའི་རོགས་པས་གཅིག་ཉོས་སོང་། དེ་ལ་དཔར་སྐྲུན་ཞེས་པའི་ཐ་སྙད་ཇི་ལྟར་སྦྱོར་བསམ་བྱུང་། གཤམ་ནས་དེའི་དཔར་དང་། དེ་ལྟར་དཔར་སྐྲུན་བྱས་པ་དེས་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལ་ཕོག་ཐུག་བཏང་ཡོད་པ་ཁོང་གི་རྩོམ་དེབ་ལས་ཚིག་འགའ་ཤས་བཀོད་འདོད་བྱུང་། ཉེ་སྔོན་ངྷ་ས་ནས་ཀྱང་དེ་ལས་སྐྱོ་བོ་ཞིག་དཔར་ལོག་རྒྱག་ཁུལ་བྱས་ནས་ཧིན་སྒོར་༡༥༠་བྱས་ནས་བཙོང་བཞིན་པའི་གནས་ཚུལ་ཕྲན་ལ་གྲོགས་པོ་ཞིག་གིས་གསལ་བོར་བརྗོད།
ཞོགས་དུང་གི་<<རིགས་ཤེས་ཀུན་གྲོལ>>་ནང་གི་ཤོག་ངོས་༢༠༠་སྟེང་དུ་༼ནང་གི་སྤུས་ཀར་འགན་འཁུར་བ་དང་། ཕྱིའི་སྤུས་ཀར་འགན་འཁུར་བ་གཉིས། གཉིས་པ་ནི། དེབ་གཞིའི་བཟོ་འགོད་ལ་ཟེར་ཏེ། དཔེ་ཆའི་མདུན་ཤོག་ནས་རྒྱབ་ཤོག་བར་གྱི་ཡིག་རིས་ཇུས་འགོད་ཀྱི་འཇམ་རྩུབ་དང་ལྕི་ཡང་། རགས་ཞིབ་སོགས་གཟུགས་འབྲས་ལ་ལྟ་བ་དང་། ཤོག་བུའི་སྲ་མཉེན་དང་སྲབ་མཐུག དཀར་ནག ཤོག་ཁ། བཅད་གཏུབ། འཚེམ་བཟོ། སྦྱར་སྤྱིན། ལྗིད་གནོན། སྐམ་གསེད་སོགས་ཚད་ལྡན་བཟོ་བར་འགན་འཁྲིའི་འདུ་ཤེས་དགོས་པ་རེད། སྐབས་འདིར་ངས་ང་རང་ལ་དཔེ་བཞག་ནས་བཤད་ན། གཞུང་ཕྱོགས་ཀྱི་རྩོམ་སྒྲིག་ལས་འགན་འཁུར་བའི་དཔེ་ཆ་རྣམས་ཕུད། བདག་དཔེ་ཚོགས་དཔེ་སྐྲུན་མ་བྱས་སྔོན་ལ། ང་ཚོས་རང་རང་གི་བྲིས་རྩོམ་ལ་སོ་སོའི་ས་ནས་མ་མཐར་ཡང་ཐེངས་བདུན་བརྒྱད་རེ་ལ་བལྟས་ཡོད་པ་དང་། མ་རྩོམ་བརྗེ་རེས་ཀྱིས་ཀྱང་ཐེངས་དུ་མ་རེར་བཟོ་བཅོས་བརྒྱབ་ཡོད་པ་ཡིན། དེའི་མཚུངས་སུ་དེབ་གཞིའི་བཟོ་འགོད་དང་ཤོག་བུའི་བཟང་ངན། དཔེ་དེ་དང་མཚུངས་པར་རྩོམ་སྒྲིག་པས་འགན་འཁྲིའི་འདུ་ཤེས་ཀྱིས་དཔེ་ཆ་གང་ཡང་མི་རྣམས་ཀྱི་མིག་ལ་མཛེས་ཤིང་བློ་ལ་འབབ་ཅིང་སྤྱོད་ཡུན་རིང་བའི་སྤུས་དག་གམ་སྤུས་གཙང་རེ་པར་སྐྲུན་བྱས་པ་ཡིན་ན། མི་རྣམས་ཀྱི་བསམ་བློ་དང་ཤེས་བྱ། རྩོལ་ནུས་སོགས་ཡར་རྒྱས་འགྲོ་བར་ཕན་པའི་སློབ་གསོའི་ནུས་པ་མི་ཐོན་རང་ཐོན་རེད། དཔེ་ཆ་ཞེས་པའི་ཐོན་རྫས་ཐུན་མོང་མ་ཡིན་པ་དེའི་རང་སྟེང་གི་ནུས་པའང་དེ་འདྲ་ཡིན་དགོས་ཀྱི་རེད་ལ་དེ་དུས་ཐོན་སོང་བ་ཞིག་ཀྱང་རེད།༽་ཅེས་བྲིས་འདུག་ན་ང་ཚོ་ཕྱི་སྡོད་བོད་མི་ཚོང་དགའ་རང་ཉིད་བསམ་མཁན་འགའ་རེས་རྩོམ་པ་པོ་འདི་དག་གི་སེམས་ཁམས་དོན་མེད་རྡོག་རོལ་བཏང་ན་གཞིས་བྱེས་གཉིས་ཀྱི་དབར་དུ་འགལ་ཟླ་ཐེབས་ངེས་ཡིན། ད་དུང་དེ་བས་ཀྱང་གསལ་བོར་བཤད་རྒྱུའི་སྐད་ཆ་ཞིག་ཀྱང་ཡོད། ཉེ་སྔོན་ཞིག་ལ་བོད་ནང་གི་རྩོམ་པ་པོ་སེང་རྡོར་ངེད་གཉིས་ཀྱིས་QQ ་བརྒྱུད་ནས་ཁ་བརྡ་བྱས་པ་ཡིན། ངས་ཁྱེད་ཀྱི་<<རྟུལ་ཕོད>>་དཔེ་དེབ་ཡོད་ན་མཚོ་སྔོན་དཔེ་སྐྲུན་ཁང་དུ་འཕྲོད་ཐུབ་བྱོས་དང་དེ་ནས་ངའི་གྲོགས་པོ་ཞིག་གིས་བོད་ནང་གི་དེབ་རིགས་ལེན་གི་ཡོད་ཅེས་ལབ་ཡིན། སྐབས་དེར་སེང་རྡོར་གྱིས་ངའི་<<རྟུལ་ཕོད>>་རྫོགས་སོང་། དེ་ནས་བོད་ནང་གི་མང་བོ་ཞིག་གིས་ཁྱེད་ལ་ཚོགས་གཏམ་འདྲ་བོ་གཏོང་གིན་འདུག འོན་ཀྱང་ཕྱི་སྡོད་སྤུན་ཟླ་དག་གིས་ཁྱེད་ཀྱི་ལ་དེབ་ལ་གདེང་འཇོག་བྱེད་ཀྱིན་འདུག་ཅེས་ལབ་ཡིན། སྤྱིར་བཏང་སེང་རྡོར་ངེད་གཉིས་ཧི་གཟུགས་ཟིན་བྲིས་བརྒྱུད་ནས་ངོ་ཤེས་པ་ཡིན། དེ་ནས་ངས་མ་རྩ་གློག་ཀླད་ནང་དུ་ཡོད་ན་བསྐུར་དང་དཔར་སྐྲུན་བྱེད་ཨེ་ཐུབ་ལྟ་ཞེས་ལབ་ཡིན། སེང་རྡོར་གྱིས་བཀའ་དྲིན་ཆེ། ངས་ཁྱེད་ལ་འཕྲོད་ཐབས་བྱེད་དགོས་ཟེར། འོན་ཀྱང་རེ་སྐུལ་གཙོ་བོ་ཞུ་རྒྱུ་ཞིག་ལ། དེབ་འདིའི་རྒྱབ་ཤ་དང་ཚོན་མདོག་ནང་དོན་བཅས་སྔོན་མ་ནང་བཞིན་དཔར་རྒྱུ་མཁྱེན། དེ་མིན་ཡིག་ནོར་དང་གཏགས་ཤོག་བུ་ཇེ་སྡིག་སོང་ན་དེབ་འཕྲོ་བརླག་ཅེས་ཟེར། འདི་དག་ལ་དཔོག་ན་ང་ཚོས་ཁོ་ཚོའི་དེབ་དངོས་གནས་ཤིག་དཔར་སྐྲུན་བྱེད་མ་ཐུབ་ན་ཁོ་ཚོ་ལ་ན་ཟུག་ཅི་ཙམ་ཡོད་པ་ཧ་གོ་ནུས་པ་རེད། ཀི་རྟིའི་ཛ་དྲག་ཚོགས་ཆུང་ནས་ཐེའུ་རེང་གི་དཔེ་དེབ་<<ཁྲག་ཡིག>>་ནང་བཞིན་དཔར་ན་འགྲིག་གི དེ་མིན་བལ་ཡུལ་བོད་མི་འགའ་རེས་<<གནམ་ས་གོ་འབྱེད>>་དཔར་སྐྲུན་བྱས་པ་དེ་འདྲ་ཡིན་ན་བཟང་གི གོང་གི་སྔ་རིག་དཔེ་མཛོད་ཁང་དང་ངྷ་སའི་མི་སྐྱ་འགའ་རེའི་སྤྱོད་ཚུལ་འདི་ཐལ་ཆེ་འདུག རིན་གོང་ཆ་ནས་ལྷག་པར་ཧམ་པ་ཆེ་སོང་བ་རེད། བོད་ནང་གི་དཔེ་རིན་ཐང་ཅན་ཚོ་བཙན་བྱོལ་ནང་ནས་རིན་མེད་དགྲམ་པ་དང་དཔར་ལོག་བརྒྱབ་ནས་དེབ་སྤུས་སྐྱོ་རུ་གཏོང་བའི་ལས་འགུལ་ཚབས་ཆེན་རིགས་མཚམས་འཇོག་རོགས།
ཨ་ཁུ་དགེ་བཤེས་དགེ་མཐོང་ལགས། དེ་འདྲ་ཡིན་ན་ཐབས་སྐྱོ་བ་ལ། དུས་བབས་དྲ་སྟེང་རིན་མེད་དུ་སྦྱིན་པ་གཏོང་གི་ཡོད་བཤད་འདུག ང་ནི་ཡིད་ཆེས་དེ་ཁྱེད་ལ་བྱས་ཡོད། གདན་ས་ཆེན་པོ་ཚང་ཁ་ཤིག་ཤིག་དགོས་ས་ཞིག་ཅི་མ་རེད། འདི་དག་དྷར་ས་གཞུང་དང་རྣམ་གྲོལ་དགོན་གྱིས་འགན་ཁུར་རེ་དགོས་པ་འདྲ། བཀྲ་ཁོ་རྒད་པོ་ད་ལྟ་དམ་འོག་ཏུ་ཚུད། རང་ཡུལ་གོད་ཆག་དང་སྟོན་པའི་དུས་ཆེན་སྐབས་འདི་ཚོ་སྣང་མེད་དུ་བཞག་རྒྱུ་མེད་པར་རེད་དྲན་ནོ།
ཨ་རིག་དགེ་མཐོང་ལགས་བདག་དགའ་ཡོད། རྒྱུ་མཚན་ནི་ཁྱོད་ཀྱིས་ནག་ཉེས་ཀྱི་རིགས་ཐེར་འདོན་བྱས་ཏེ་སྤྱི་ཚོགས་སྟེང་གསལ་གསལ་ཐིང་ཐིང་བཟོས་པས་རེད། འདི་ལྟ་བུའི་རིགས་ནམ་ཡང་གུ་ཡངས་སུ་གཏོང་རྒྱུ་མེད་ཡ
ཡ་ཡ། སྐད་ཆ་སྙན་པོ་ཅང་མེད་གི
འདི་ལྟར་བྱས་ན་ངོ་མའི་མི་བཟང་གི རྩོམ་པ་པོ་དང་རྩོམ་ཡིག་གཉིས་ལ་གདེངས་འཇོག་མ་བྱས་པ་རེད།
སྐྱོན་མི་འདུག སེམས་འཚབ་དེ་འདྲ་མ་གནང་ཨ་དགེ་ལགས།
རྣམ་གྲོལ་གླིང་ན་དགེ་ཆོས་དང་དོན་འགྲུབ་རྒྱལ་སོགས་ཀྱི་བརྩམས་ཆོས་ལ་དགའ་སྣང་བྱེད་མཁན་འབྲུག་པ་བ་ཤེས་ལྡན་པ་ཁག་ཅིག་ཡོད།
ད་ཐེངས་གནས་ས་གོ་འབྱེད་ཀྱི་ཡང་སྤྲུལ་དེ་གར་བྱོན་པ་བསྟོད་པའི་མཐེ་བོང་བསྒྲེངས་བར་འོས།
ཨ་རིག་དགེ་ལགས། མིཚོས་དྲ་ཐོག་ནས་ཀྱང་རིན་མེད་དུ་འགྲེམས་ཀྱིན་འདུག་ཁྱོད་ཀྱིས་དེ་ལ་
ཕྲག་དོག་མ་བྱེད།
རི་བོང་གནམ་བརྡིབ་ཀྱི་ཐུགས་དོགས་མི་དགོས་པར་ཁ་རོག་གེར་བཞུགས་དང་མཛེས།
ཨ་རིགས་དགེ་ཆོས་ལགས། ཁྱོད་ཀྱི་བརྩམས་ཡིག་མཐོང་འཕྲལ་ངས་དེའི་དོན་རྩད་གཅོད་ལན་གཅིག་བྱེད་དགོས་བྱུང་།
འོན་ཀྱང་དེའི་གནས་ཚུལ་ངོ་མ་ནི། གནམ་ས་སྒོ་འབྱེད་ཅེས་པའི་དེབ་དེ་བཤད་གྲྭའི་སློབ་གཉེར་བ་མང་དག་ཅིག་གི་ཧ་ཅང་བལྟ་འདོད་ཆེན་ནའང་། དེ་ངོ་མ་རྙེད་པ་དཀའ་ཁག་ཆེ་བར་བརྟེན། བཤད་གྲྭ་བ་རེ་ཟུང་ནས་རིག་མཛོད་དཔེ་དེབ་ཚོང་ཁང་དུ་གནས་སྐབས་སྟབས་བདེ་འདྲ་བཤུས་ཞིག་དགོས་མཁོ་ཡོད་ཚུལ་ཞུས་པ་བཞིན། ཁོང་ཚོས་བཤད་གྲྭ་སློབ་གཉེར་བས་བལྟ་རྒྱུ་ཁོ་ནར་དམིགས་ནས་རེ་བཟུང་ཞིག་བཟོས་པ་ཡིན་འདུག དེ་ལས་གཞན་ཁེ་བཟང་སོགས་ཀྱི་དམིགས་ཡུལ་ཆེན་པོ་གང་ཡང་མི་འདུག
ཨ་རིག་དགེ་མཐོང་ལགས། ངུ་སྐད་མ་རྒྱག་གི་མ་འདུག དུས་བབ་དྲ་ཐོག་ཏུ་
ཨ་རིག་དགེ་མཐོང་།
༢༠༡༠/༠༥/༢༠ ཉིན་འདོན་སྤེལ་བྱས།
༼༼༼༼༼ཁྱེད་ཅག་གི་ལྷག་བསམ་དང་འབད་བརྩོན་ལ་རྗེས་སུ་ཡི་རངས་ཞུ། གནམ་ས་གོ་འབྱེད་དེབ་གསར་དུ་དཔར་སྐྲུན་བྱས་པ་ཧ་ཅང་བཟང་གི རིན་མེད་ཐོག་དགྲམ་རྒྱུ་ཟེར་བ་འདི་ལ་ཕྲན་མོས་མཐུན་དེ་ཙམ་མེད། གཅིག་ནས་རྩོམ་དེབ་ཀྱི་མཐོང་བརླག་འགྲོ་བ་དང་། གཉིས་ནས་དེབ་ཀློག་འདོད་ཡོད་མེད་ཀུན་གྱིས་འཕྲོགས་བརྩད་བྱས་ནས་ཁྱེར་འགྲོ་བ་རེད། དེ་ཡིན་དུས་དེབ་ཀློག་མཁན་དག་གི་ལག་ཏུ་ཐོན་མི་སྲིད་པ་རེད། དཔེར་ན། རྩོམ་པ་པོའི་མཐུན་ཚོགས་་ཀྱིས་དཔར་སྐྲུན་བྱས་པའི་ལྷང་འཇགས་མེད་པའི་ཧི་མ་ལ་ཟེར་བའི་དེབ་དེ་ཀློག་མཁན་དག་གི་ལག་ཏུ་མ་འབྱོར་བར་ངྷ་སའི་ཟ་ཁང་དང་ཇ་ཁང་དག་གི་སྒོ་འགྲམ་ན་གད་སྙིགས་ལྟ་བུའི་ཚུལ་གྱི་གང་འདུག གདན་སའི་གྲྭ་བ་དག་གིས་གཅིག་རག་ན་དེ་གཡར་ནས་ཕན་ཚུན་དུས་ཚོད་བཟུང་ནས་སྤྲད་རེས་བྱེད་ཀྱིན་ཡོད་པ་རེད། མདོ་སྨད་ཀྱིས་དཔར་སྐྲུན་བྱས་པའི་ས་བྱི་ཆེན་མོའི་ཞི་རྒོལ་ཟེར་བའི་དེབ་ཡང་དེ་འདྲ་བོ་ཆགས་པ་རེད།
ངས་ཁ་སང་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་གནམ་ས་གོ་འབྱེད་དཔར་སྐྲུན་བྱེད་རྒྱུ་ཡིན་ཟེར་དུས་འབྲེལ་ཡོད་དང་གནད་ཡོད་མི་སྣ་ཁག་ཅིག་ལ་ཁ་པར་བརྒྱུད་ནས་བསམ་འཆར་འདི་བཤད་ཡོད། གལ་སྲིད་རྗེས་སུ་དེ་འདྲ་ཐོག་ཏུ་མ་སོང་ན་དུས་ལན་འདེབས་ངེས་ཡིན། ༽༽༽༽༽
ཞེས་འབྲི་མཁན་དེ་ཁྱོད་མ་རེད་དམ། རིན་གོང་ཆེན་པོས་བཙོང་ན་མ་འགྲིག རིམ་མེད་ཐོག་སྦྱིང་གཏོང་བྱས་ན་མ་འགྲིག ད་ཁྱེད་ལ་ག་རེ་དགོས་ཡོད་རེད།
དེ་ནས་རྣམ་གྲོལ་གླིང་ལ་བསམ་འཆར་གཅིག་ཞུ ཞོགས་དུང་ཆོས་མེད་སྨྲ་བའི་རྩོམ་ཡིག་ལ་བལྟ་ཡ་ག་རེ་ཡོད་རེད། ངས་བལྟས་ན་ཕལ་ཆེར་མགོ་ལོག་པ་རེ་ཟུང་ཡིན་སྲིད། དེ་མིན་མི་གཞན་པ་ཚོས་དེ་ལ་བལྟ་རྒྱུ་མ་རེད་བསམ། ཁྱེད་ཚོས་ད་ལྟ་བར་དུ་རྙིང་མ་རྒྱུད་འབུམ་རིན་པོ་ཆེ་སྡེ་དགེའི་དཔར་མ་དེ་བསྐྱར་དཔར་ཙམ་ཡང་བྱེད་མ་ཐུབ་པར་ལྷག་ཡོད་ཚུལ་ད་ལོ་གོ་སོང་། ལྭ་དག་པའི་བླ་མ་ཞིག་གིས་རྣམ་གྲོལ་གླིང་དང་། སྨིན་གྲོལ་གླིང་ལ་རྒྱུན་འབུམ་བསྐྱར་དཔར་བྱེད་དགོས་པའི་རེ་སྐུལ་ཞུས་སོང་ཟེར། བདེན་མིན་མི་ཤེས།
ཞོགས་དུང་གི་དེབ་དཔར་བརྒྱབ་ནས་ག་རེ་བྱེད་ཡ་རེད། ཁྱེད་ཚང་གི་ཐེངས་རེ་ནི་ཆབ་སྲིད་ལ་དོ་སྣང་མེད་མདོག་ཀྱང་་བཤད་ཡོང་གི་འདུག དེ་ཡིན་ན་ཡང་འགྲིག་གི་རེད། ཆོས་པ་ཞིག་གི་ངོས་ནས་ཆབ་སྲིད་ལ་དོ་སྣང་དགོས་དོན་གང་ཡང་མེད་པ་འདི་སངས་རྒྱས་ཀྱིས་བཀས་བཅད་པ་རེད། ངས་རྣམ་གྲོལ་གླིང་ལ་རྗེས་སུ་ཡི་རིང་བྱས་ཡོད།
ད་ནི་ཞོགས་དུང་རྩོམ་དེབ་བསྐྱར་དཔར་བྱེད་ཀི་འདུག་ཟེར་བའི་ཐན་སྐད་ཅིག་གོ་ཡོང་གི་འདུག ཨོ་ད་མ་འགྲིག་པ་རེད། བཀྲ་མ་ཤིས་པ་རེད། ཤེས་རབ་འཆལ་བ་རེད། བལྟ་ཐུབ་ན་བལྟ་སའི་ཡི་གེའི་ཕུངས་པ་ཡོད་མ་རེད་དཱ། ད་ཕྱིན་ཁྱེད་ཚང་གི་ངེས་པར་དུ་ཆབ་སྲིད་ཀྱི་དེབ་ཞིག་ལ་གཅིག་བལྟ་དགོས་ན་༸གོང་ས་མཆོག་དང་། ཟམ་གདོང་བླ་མ་གཙོས་པའི་མྱི་ཤེས་རབ་དང་ལྡན་ཞིང་ལུགས་གཉིས་ཀྱི་གནས་ལ་མ་རྨོངས་པའི་མཁས་པ་དག་གི་ཡིག་ཆ་ལྟོས་ཤིག ཞོགས་དུང་ལྟ་བུའི་བླུན་པོ་ཆོས་མེད་སྨྲ་བ། ཤེས་རབ་འཆལ་བ་དག་གི་རྩོམ་ཡིག་ཁྱི་རིན་མ་ལ་མ་བལྟ་རོགས། བལྟ་ཐུབ་ན་བལྟ་སའི་ཡིག་ཆ་ཡོད་རེད། རང་རེའི་ཡིག་ཆ་ལ་མཐའ་མེད་པ་ཅིག་ཡོད་རེད།་
དེ་དག་གི་ནང་དུའང་རྒྱང་འཕེན་པ་སོགས་ཀྱི་འདོད་པ་ཧ་ཅང་མང་པོ་བཤད་ཡོད་པས་སོ།།
ཁོ་རེ་ཐུབ་བསྟན་ད་དུང་སྡོད་ལ་ཉོན་ཅིག
མུ་སྟེགས་རྒྱང་འཕེན་པས།
ཉི་ཤར་ཆུ་བོ་ཐུར་བུ་འབབ་པ་དང་།།
སྲན་ཟླུམ་ཚེར་མ་གཟེར་རིམ་རྣོ་བ་དང་།།
ལྟ་ན་སྡུག་པ་རྨ་བྱའི་མདངས་བཀྲ་བ།།
སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།
ཞེས་སོགས་ཀྱི་སྒོ་ནས།
༡༽རྒྱུ་མེད་པའི་དཔེ་པང་ལ་ཤ་མོང་བརྡོལ་བུ།
༢༽ འབྲས་བུ་མེད་པའི་དཔེ་ཐལ་བ་རླུང་ལ་བསྐུར་བ་ལྟ་བུ།
༣༽ ངོ་བོ་ཉིད་ལས་བྱུང་བའི་དཔེ་ཉི་ཤར་ཆུ་བོ་མཐུར་དུ་བབ་པ། དེ་དང་དེ་ལ་སོགས་པའི་རིགས་པ་བཤད་པའི་ང་ཚོའི་གཞུང་དག་ལ་ཐོས་བསམ་བྱེད་མི་ཆོག་པ་ཡིན་ནམ། དེ་དག་གིས་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་བཤད་པའི་ཕྱིར་རོ།།
དེ་བཞིན་དུ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་མུ་སྟེགས་པའི་གསང་ཚིག་ཤེས་པའི་ཆེད་བྲམ་ཟེར་ཤན་ཀར་དེ་བའི་ཆུང་མའི་ལག་གཡོག་ཏུ་འདུག་པའི་ལོ་རྒྱུས་ཡང་དྲན་པ་གྱིས་ཤིག
ཐུབ་བསྟན་ལགས།
༼ཆོས་པ་ཞིག་གི་ངོས་ནས་ཆབ་སྲིད་ལ་དོ་སྣང་དགོས་དོན་གང་ཡང་མེད་པ་འདི་སངས་རྒྱས་ཀྱིས་བཀས་བཅད་པ་རེད།༽
ཁྱོད་ཀྱི་གོང་གསལ་གྱི་ལུང་འདྲེན་འདི་ཉིད།
བོད་གཞིས་བྱེས་གཉིས་ཀྱི་སྐྱབས་དང་རེ་སའི་མགོན་དཔུང་གཅིག་པུར་གྱུར་འཛམ་གླིང་ཞི་བདེ་དད་དཔོན་༧གོང་ས་ཡིད་བཞིན་ནོར་བུ་མཆོག་དང་གཅིག།
སྐྱབས་བཅོལ་བོད་མིའི་མགོ་ཁྲིད་དཔལ་ལྡན་བཀའ་བློན་ཁྲི་པ་ཟངས་གདོང་རིན་པོ་ཆེ་དང་གཉིས།
ཆོས་ལུགས་བཞི་བོན་དང་བཅས་པའི་མགོ་འཛིན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་གསུམ་ལ་དང་པོ་ལུང་འདྲེན་དེ་གྱིས་དང་དེ་ནས་གཞི་ནས་ཤེ་ཡོང་།།
སྔོན་མ་ཟངས་མདོག་དཔལ་རི་སྒོ་འབྱེད་མ་བྱས་གོང་ལ་ཟངས་མདོག་དཔལ་རིའི་པར་ཚོང་འགྲེམ་བྱས་པས་གྲ་པ་འགའ་ཞིག་གནས་དབྱུང་བཏང་རབས་ཤིག་གོ་སོང་། ད་སྐབས་ཀྱང་གྲ་པ་དེ་ཚོ་གནས་དབྱུང་གཏོང་ནི་རེད། ཤེས་འཆལ་དེ་ཚོ་དཔེ་མ་རབ་རེད།
མེ་ཏོག་དཀར་པོ་དང་རྩམ་གཟན། ཐུབ་བསྟན་ཞུ་བ་གསུམ་གྱི་མཆན་བུ་འགའ་གནས་སྐབས་རིང་བཀག་ཡོད།
ལྷག་པར་དུ། ཐུབ་བསྟན་ཞུ་བས་མགོན་ཕྱུག་ཟེར་བའི་མིང་གཞན་ཞིག་བེད་སྤྱོད་གཏོང་བཞིན་པ་དེ་ཡང་བཀག་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཁ་བརྡ་ལགས།
ང་འདི་ནང་ཡོང་དུ་བཅུག་དང་།
ཨ་རིག་གི་གྲ་རྒན་དེས་སེང་རྡོར་ལ་གདེངས་འཇོག་བྱས་ཡོད་ཚོད་རེད། ཁྱོད་ཀྱིས་༼༼དེ་ནས་བོད་ནང་གི་མང་བོ་ ཞིག་གིས་ཁྱེད་ལ་ཚོགས་གཏམ་འདྲ་བོ་གཏོང་གིན་འདུག འོན་ཀྱང་ཕྱི་སྡོད་སྤུན་ཟླ་དག་གིས་ཁྱེད་ཀྱི་ལ་དེབ་ལ་གདེང་འཇོག་བྱེད་ཀྱིན་ འདུག་ཅེས་ལབ་ཡིན།༽༽ཞེས་བྲིས་བཞག ཁྱོད་ཀྱོད་ཀྱིས་སེང་རྡོར་ལ་གདེང་འཇོག་བྱས་པ་ཡིན་གྱི་རེད་དེ་བྱེས་སྡོད་བོད་པ་ཚང་མ་ཁྱོད་ཀྱིས་མཚོན་ཐུན་གི་རེད་པས། སྐད་ཆ་བཤད་འགན་ཁུར་དགོས་ཀྱི་རེད་དཱ།
ཨ་རིག་ལགས། ཕྱི་སྡོད་སྤུན་ཟླ་དག་གིས་སེང་རྡོར་ལ་གདེང་འཇོག་བྱས་ཡོད་པའི་ཁུངས་སྐྱེལ་གང་འདྲ་ཡོད་དམ།
དེང་སང་བྱེས་སྡོད་བོད་མི་ཁག་ཅིག་གིས་ཞོགས་དུང་རླུང་དར་འཕར་བའི་གོ་སྐབས་དང་བསྟུན་ནས་ལ་ལས་གཏམ་དང་གྲགས་པ་ཐོབ་གོ་ས་བཅས་ལ་ཆགས་ཏེ་རང་ཉིད་སྤྱི་ཚོགས་ནང་གཟེངས་སུ་ཐོན་པ་དང་དེ་ལ་བརྟེན་ནས་མི་མང་གིས་རང་ཉིད་ལ་ཆ་འཇོག་ཡོང་བར་རེ་བ་བྱེད་ཀྱིན་འདུག
ལ་ལས་གནམ་ས་གོ་འབྱེད་བསྐྱར་པར་ཡང་པར་བྱས་ཏེ་དཔལ་འབྱོར་གྱི་རྒྱབ་རྟེན་ཆེན་པོ་ཡོང་བར་བརྩོན་པ་བསྟེན་བཞིན་པ་མཐོང༌། ཕྱོགས་དང་པོའི་དབང་དུ་བྱས་ན་ཟིན་བྲིས་དང་མཆན་བུ་འདེགས་ཤེས་ཙམ་མམ་རྩོམ་པ་པོ་མིང་འཛིན་ཐེབས་ཆག་མི་ཉུང་བ་ཞིག་ཡོད་པ་ཚོར།
ཕྱོགས་གཉིས་པའི་ནང་མི་དམངས་མཐོ་དམན་ཅི་རིགས་འདུག་ལ། ཚོགས་པ་ཆེ་གེ་མོ་འགའ་ཞིག་ཀྱང་ཡོད་ཚོད་རེད། འོན་ཀྱང་མི་དམངས་རྣམས་མགོ་མ་མཐོངས་བར་སྤྱང་གྲུང་དཽད་པོས་ཐོག་ཁོང་ཚོའི་གཡོ་ཇུས་རེ་རེ་བཞིན་ཤེས་པ་བྱས་ཏེ་གར་སྟེགས་འདྲ་མིན་ཐོག་ཐེར་བཏོན་བྱེད་དགོས། འདི་ཡང་བོད་མི་རིགས་ལ་ཞལ་འདེགས་གཅིག་རེད།
སྐུ་ཞབས་ཞོགས་དུང་གློད་ཐབས་ཀྱི་གྲོས་གཞི།
དང་པོ། བོད་མི་གཞིས་པ་ཚོས་སྒྲུབ་དགོས་པའི་དོན་ཚན།
སྐུ་ཞབས་ཞོགས་དུང་གི་བུ་མོས་བཅར་འདྲི་བརྒྱུད་ནས་བཤད་པ་ལ་གཞིགས་ན། བོད་ནང་ན་ཁོང་གློད་ཐབས་ལ་ལས་དོན་སྒྲུབ་པ་དེ་ཕྱིར་མ་བསྒྲགས་པའམ་ཤུགས་ཆེར་བསྒྲུབས་མེད་པར་གྲགས།
དེ་འདྲ་ཡིན་པའི་དབང་དུ་བཏང་ན་བོད་མི་གཞིས་པ་ཚོས་སྒྲུབ་དགོས་པ་གཤམ་དུ།
གཅིག བོད་ནང་གི་ཤེས་ཡོན་པ་ཚོས་ཐབས་མཁས་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཁག་སྟེ། མི་དམངས་སྲིད་གཞུང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། ཉེན་རྟོགས་ལས་ཁུངས། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཁང་། མི་དམངས་ཁྲིམས་ཁང་སོགས་ལ་ཞུ་གཏུགས་ཡེ་གེ་འབུལ་བ།
གང་ཡིན་ཞེ་ན། ཤེས་ཡོན་པའི་རྒྱ་ནག་གཞུང་ལ་སྙན་ཞུ་ཕལ་བ་དེས། མ་མཐར་ཡང་ཞོགས་དུང་ཁོང་ལ་ཤེས་ཡོན་པའི་སྡེ་ན་དོ་སྣང་ཡོད་པ་གསལ་བོར་སྟོན་ཐུབ་པ་དང་། སྟབས་ལེགས་ན་རྐྱེན་དེ་ལས་གློད་ཀྱང་སྲིད།
གཉིས།
ཁོང་གི་གཉེན་ཉེ་འབྲེལ་ཚོ་ལ་གཞིས་པ་བོད་མི་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རོགས་དངུལ་སྤྲོད་པ། ཁོང་ཚོར་སེམས་གསོ། ཁྲིམས་རྩོད་པ་ཞུ་རྒྱུར་རོགས་རམ་བྱེད་པ། ཁོང་ཚོ་དང་མཉམ་དུ་མི་སྐོར་ཁག་བྱས་ཏེ་རེ་མོས་ཀྱིས་བཀག་ཉར་ཁང་ལ་འཚམས་འདྲི་དང་། མཚོ་སྔོན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་གློད་གྲོལ་རེ་ཞུར་འགྲོ་བ།
གསུམ།
མི་མང་གིས་ཀྱང་གོང་གསལ་འབྲེལ་ཡོད་ལས་ཁུངས་དག་ལ་ཁ་པར་དང་འཕྲིན་ཡིག་བརྒྱུད་ནས་གློད་གྲོལ་རེ་འབོད་བྱེད་པ། དྲ་རྒྱ་དང་མི་ཁ་ནས་གླེང་སློང་ཤུགས་ཆེར་བྱེད་པ།
རྒྱུ་མཚན་ནི་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་པ་སོགས་གསང་བའི་འཛིན་བཟུང་བྱས་པའི་ཚེ། མི་མང་གིས་དོ་སྣང་དང་གླེང་སློང་ཤུགས་ཆེར་བྱས་ཏེ་གློད་གྲོལ་བྱུང་བ་ཡོད་སྲིད་པས། གཞུང་དེ་ལ་མི་མང་གིས་སུན་གཙེས་གཏོང་པའི་ཐབས་འདི་རང་རེས་ཀྱང་བསྟེན་དགོས།
བཞི།
རྒྱ་རིགས་ཤེས་ཡོན་པ་དྲང་བདེན་སྐྱོང་མི་དག་ལ་འབྲེལ་བ་བྱས་ཏེ་ཁོང་ཚོར་ཞོགས་དུང་གློད་ཐབས་ལ་རོགས་རམ་ཞུ་བ་དང་། རྒྱ་ཡིག་གི་དྲ་རྒྱ་ལྟ་བུའི་འཕྲིན་ལམ་ནས་ཁོང་གི་སྐོར་གླེང་སློང་ཚད་ཇེ་ཆེར་གཏོང་བར་རེ་སྐུལ།
གཉིས་པ།
བཙན་བྱོལ་བོད་མིས་སྒྲུབ་དགོས་པའི་དོན་ཚན་ཁག་ནི།
གཅིག
ཐད་ཀར་ངོ་རྒོལ་སྐད་འབོད་མི་བྱེད་པར་བརྒྱུད་ནས་གློད་ཐབས་བྱ་བ་ལ། དཔེར་ན། རྒྱལ་ཁབ་སོ་སོའི་གཞུང་དང་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་ སྐུ་ཞབས་ཞོགས་དུང་གློད་གྲོལ་ཡོང་བར་རེ་འབོད་བྱེད་པ་སྟེ། རྒྱལ་ཁབ་དེ་ཚོས་སྐུ་ཞབས་ཁོང་གློད་ཐབས་ལ་རང་གི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་དབུས་དང་མཚོ་སྔོན་ས་གནས་སྲིད་གཞུང་ལ་ཁ་པར་གཏོང་བ།
གཉིས།
བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཕུད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱ་ནག་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྙན་ཞུ་ཕུལ་ནས། ཚོགས་པ་དེ་ཚོས་རྒྱ་ནག་གཞུང་ལ་ཐད་ཀར་དང་རྒྱལ་ཁབ་ཁག་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོ་སོར་གློད་གྲོལ་ཆེད་དུ་ཁ་པར་དང་འཕྲིན་གཏོང་བར་རེ་སྐུལ།
གསུམ།
བདེ་འཇགས་ཀྱི་ལམ་ཁ་རྙེད་ན་བརྒྱུད་ནས་སྐུ་ཞབས་ཞོགས་དུང་གི་ནང་མིར་རོགས་དངུལ་སྤྲོད་པ།
གསུམ་པ།
བཙན་བྱོལ་བོད་མི་ཚོས་གཟབ་དགོས་པའི་དོན་ཚན་ནི། སྐུ་ཞབས་ཞོགས་དུང་གི་ནང་མིར་ཁ་པར་བརྒྱུད་ནས་འབྲེལ་བ་བྱ་སྐབས། ཁོང་ཚོའི་བདེ་འཇགས་ལ་འགན་འཁུར་དགོས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ཨེ་ཤུ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རི་རླུང་འཕྲིན་ཁང་སོགས་ཀྱིས་ཁོང་གི་མི་ཚོར་བཅར་འདྲི་བྱས་པ་ལས་རག་པའི་གནས་ཚུལ་རྣམས་ཀུན་ཀྱི་ཐོག་མར་རང་རང་གི་གསར་འགྱུར་བརྒྱུད་ལམ་དུ་འགོད་པར བརྩོན་ལེན་གྱི་ཕྱིར་དུ་སྒྲོག་མི་རུང་། གོང་གསལ་བོད་དོན་ལ་དམིགས་ནས་བཙུགས་པའི་བརྒྱུད་ལམ་དེ་ཚོས་བོད་ནང་གི་མི་ལ་བཅར་འདྲི་སོགས་བྱས་ཏེ་གནས་ཚུལ་རག་ནའང་། ཐོག་མར་འཛམ་གླིང་ན་རྒྱུག་ཆེ་ཤོས་ཀྱི་གསར་ལམ་དུ་འགོད་ཐབས་ལ་བརྩོན་པ་དང་། དེ་ནས་ གསར་ལམ་གྲགས་ཅན་གཞན་དག་ལས་ཚུར་དྲངས་ཏེ་གསར་འགྱུར་གཉིས་པའི་ཚུལ་དུ་བསྒྲགས་ན་ལེགས། རྒྱུ་མཚན་གང་ཡིན་ཟེར་ན། སྐུ་ཞབས་ཞོགས་དུང་ལྟ་བུའི་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་མིའི་སྐོར་གྱི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཆེ་ཤོས་ཤིག་ནས་ཆེས་ཐོག་མའི་གསར་འགྱུར་དུ་འགོད་ཐུབ་ན། གཅིག་ནས་ཁྱབ་ཚད་ཆེ་བ་དང་། གཉིས་ནས་རྒྱ་ནག་གཞུང་གིས་ཀྱང་གཟུར་གནས་ཀྱི་གསར་ལམ་དག་ལས་ཐོན་པའི་གསར་འགྱུར་ལ་མཐོང་ཚུལ་མི་འདྲ་བ་འཛིན་པ་ཡིན། དེ་མིན་གསར་ལམ་ཆུང་རིགས་ནས་བསྒྲགས་ཟིན་ན་གཟུར་གནས་ཆེ་ཤོས་ཁག་གིས་གནས་ཚུལ་བསྒྲགས་ཟིན་པ་མི་འགོད་པ་དང་། བོད་དོན་ལ་དམིགས་སུ་བཙུགས་པའི་གསར་ལམ་དང་ཚོགས་པ་ཁག་གིས་བདེན་པ་བསྒྲགས་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ནི་ཀྲུང་གོར་སྡང་བའི་ཚོགས་པར་བགྲངས་ནས་དགག་རྐྱང་བྱེད་པ་དང་། ད་དུང་རྒྱུ་མེད་རྣམ་རྟོག་གིས་བཀག་ཉར་དུ་ཡོད་པའི་མི་དེ་ལ་ཉེས་པ་འགེལ་བའི་རྒྱུར་ཡང་འགྲོ་སྲིད།
གཉིས། གོང་གསལ་སྒྲུབ་འོས་པ་དག་སྔོན་ལ་མ་སོང་བའི་གནས་སྐབས་དེ་ལ། བཙན་བྱོལ་བ་ཚོས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་ངོ་རྒོལ་སོགས་དངོས་བསྟན་གྱི་ལས་འགུལ་རིགས་རེ་ཞིག་མ་བྱས་ན་ལེགས། དེ་མིན་གཞིས་པ་བོད་མི་ཚོས་སྐུ་ཞབས་ཁོང་ཉེས་མེད་དུ་བསྒྲུབས་ནས་གློད་ཐབས་བྱེད་པ་ ལ་གནོད་སྲིད།
མཐར་སྐུ་ཞབས་ཞོགས་དུང་གི་ལུས་སེམས་ལ་སྡུག་བསྔལ་མེད་པར་མྱུར་དུ་གྲོལ་བའི་སྨོན་འདུན་དང་། ཁོང་གི་ནང་མི་ཚོར་སེམས་གསོའི་འཚམས་འདྲི་དང་བཅས།
ཚེ་རིང་རྡོ་རྗེ་ནས།
༢༠༡༠ལོའི་ཕྱི་ཟླ༥ཚེས༢ཉིན་བྲིས།
གསར་བརྗེ་བྱེད་པ་ནི་ཆོས་ངོ་མ་ཡིན།
གཅེས་འཛིན་གདོན་གྱིས་མྱོས་ཆེ་སྟེ།།
རྒྱལ་ཁབ་མགོ་འབུལ་ལུས་འབུལ་བྱས།།
གཞན་སར་གླ་ཆ་བཏང་ལ་བསྡད།།
འཕྱ་སྨོད་ཡུལ་དུ་མ་གྱུར་ཏམ།།
ཆོས་ཤོག་བསམ་དང་བྱ་སྤྱོད་དག།།
འབོད་སྐུལ་བྱེད་མཁན་ཞོགས་ཁའི་དུང་།།
ཡང་ཡང་བུས་པ་མང་དྲགས་ནས།།
དཀའ་ངལ་དུས་སུ་སྐྱོབ་མཁན་དཀོན།།
བསོད་ནམས་མར་ངོས་ཟླ་ལ་འགྲན།།
ཕྱི་འཇམ་ནང་རྩུབ་ལུག་གི་གྲོགས།།
ཉིན་བཞིན་བདོ་བས་གདོང་དམར་བོད།།
རྩམ་སྐྱ་རླུང་གིས་སྤུར་བའི་སྤུན།།
དོན་དངོས་རྒྱལ་གཅེས་གོ་བ་འཛོལ།།
ཞི་དྲག་འཐབ་ཀྱིན་མ་སོང་ན།།
རང་མཆུ་རང་གིས་བསྡམས་མིན་ནམ།།
མ་འོངས་བདེ་སྐྱིད་འཚོལ་སྙེགས་རེམས།།
ཞེས་ཀྱང་ངག་ལས་དབང་མེད་དུ་ཤོར།།