རྔ་བ་ཀུན་བཟང་།
—དཔའ་བོ་བསྟན་འཛིན་ཆོས་དབྱངས་ལ་ཕུལ།
མེ་ལྕེ་འབར་གྱིན་འབར་གྱིན།
མིག་ཆུ་གཏོང་བཞིན།
ཡོད་ཚད་ནས་ཡོད་ཚད།
འདི་ལྟར་ངའི་ཁོར་ཡུག་གི་བྱ་ཁྱུ་དེ་ཚོས།
མི་རིགས་དེའི་གཟི་བརྗིད་ཆེད།
ཕ་ས་དེའི་སང་ཉིན་་ཆེད།
ཡོད་ཚད་ནས་ཡོད་ཚད་སྒོམ་བཞིན།
འཇིག་རྟེན་ག་གེ་མོ་ཞིག་ཏུ།
རེ་བ་དང་ཡིད་ཆེས་ཀྱིས་བཞུད་སོང་།
ཁ་སང་གི་སློབ་གྲོགས།
དེ་རིང་གི་མེ་ལྕེར་འགྱུར་ནས།
རྒྱུན་མ་ཆད་པའི་མེ་ལྕེ་རེ་རེའི་བར་ན།
མི་རབས་རེ་རེའི་གཏམ་རྒྱུད་བཤད་བཞིན།
རྒྱུན་མ་ཆད་པའི་མེ་ལྕེ་རེ་རེའི་བར་ན།
ཁ་སང་གི་མི་རབས་དེའི་སྡུག་བསྔལ་ཡོད་ལ།
དེ་རིང་གི་མི་རབས་འདིའི་རང་དབང་ཡོད་པས།
ལ་རྒྱ་དང་སྡུག་བསྔལ་གྱི་ཕ་རོལ་ན།
མི་རིགས་ཤིག་གི་ལོ་རྒྱུས་དང་བདེན་དཔང་མཚོན་ཡོད།
མེ་ལྕེ་ཧ་ཅང་འབར་བས།
ངའི་སྤུན་ཟླ་ཚོ་སྡུག་ཡུས་ནང་ལྷུང་པས།
དེ་རིང་ཁ་སང་ང་ཚོར་ཅི་ཡང་མེད་པས།
ཐ་ན་སྡུག་ཡུས་ཀྱི་རིན་ཐང་ཙམ་ཡང་མེད་པས།
ང་ཚོས་ཅི་ཞིག་བྱས་ན་འོས།
ངོ་མ་མེ་ལྕེ་དེ་རྨི་ལམ་མིན་པས།
རྨི་ལམ་མ་ཡིན་པའི་མེ་ལྕེའི་རིན་ཐང་ཅི་འདྲའི་ཆུང་འང་།
སུ་ཞིག་གི་མིག་ནང་དུ།
མེ་ལྕེ་དེར་རིན་ཐང་མེད་པར་མཐོང་བའི་མིག་ལོང་ཚོས།
གངས་ཅན་པ་ཚང་འབར་བཞིན་པ་མ་མཐོང་ངམ།
རྔ་བ་ཀུན་བཟང་ནས། ༢༠༡༧། ༧། ༡༦
སྲིད་སྐྱོང་མཆོག་དཔའ་པོ་བསྟན་འཛིན་ཆོས་དབྱིངས་མེར་བསྲེགས་བཏང་མ་ཐག རྒྱ་གར་ཉེན་རྟོག་ལས་ཁང་གིས་བཀག་ཉར་འདྲི་བརྩད་ལ་འཇིགས་སྣང་སྐྱེས་ཏེ་ཆུ་ཚོད་ཕྱེད་ཀའི་ནང་མཛད་རིམ་འཕྲོས་སྐྱོང་མ་གནང་བར་གནམ་ཐང་ལ་ཐོན་ཚར་པར་གཙུག་ལག་སློབ་གྲྭའི་དགེ་སློབ་རྣམས་བློ་ཕམ་ཚད་མེད་སྐྱེས་འདུག
བློ་ཕམ་ཚད་མེད་སྐྱེས་ན་སྡུག་གྱོན་རེད།ཇོ་སྲས།
ཇོ་སྲས་ལགས་ཁུངས་ལུང་མེད་པའི་སྐད་ཆ་དེ་འདྲ་དྲ་རྒྱའི་སྟེང་མ་བྲིས་རོགས་གནང་ཐུགས་རྗེ་གཟིགས།
#1 ཇོ་སྲས་ངག་དབང་། ་ལགས་ཀྱིས་སྨྱོ་ལབ་རྒྱག་བགྱིད་འདུག་གོ།
ཇོ་སྲས་ལགས་སུ།
https://www.facebook.com/serkyiphonga/videos/pcb.813673695458615/813673612125290/?type=3&theater
མཐོ་སློབ་ཀྱི་སློབ་མ་ཁྱེད་ཚོས་རང་ཤི་བརྒྱབ་ནས་རང་དབང་ལེན་རྒྱུར་ཁག་པོ་རེད།
གྷན་དྷི་ནང་བཞིན་སློབ་སྦྱོང་བྱས་བློ་རིག་དྲུག་སུམ་བཅོ་བརྒྱད་བསྐོར་ནས་ཐབས་ལམ་གཞན་གྱི་སྟེང་ནས་རང་དབང་རང་བཙན་དབུ་ལམ་གང་ཡིན་རུང་ལེན་ཐབས་བྱེད་དགོས་པ་ལས། རང་ཤི་བརྒྱབ་ནས་རང་དབང་མ་ཐོབ་པ་འདས་པའི་ལོ་ཡི་ནང་དུ་ཕོ་རབ་མོ་རབ་བཅུ་ཕྲག་མང་པོས་ལུས་སྲོག་མཆོད་མེར་ཕུལ་ཀྱང་དོན་འབྲས་འདི་ཞེས་བྱུང་སོང་ངམ། མཁྱེན་རྟོགས་ཀྱི་ཆེད་དུ་ཡིན།
དཔའ་བོ། དཔའ་བོ། དཔའ་བོ།།
རང་ལུས་བོད་ལ་ཕུལ་བའི་དཔའ་བོ།། བོད་ཀྱི་སྐད་ཡིག་གླེང་པའི་དཔའ་བོ།། ཁོག་ན་བོད་ཡིག་བཅངས་པའི་དཔའ་བོ།། ལག་གིས་ཨིན་ཡིག་བཞག་པའི་དཔའ་བོ།། ཞལ་ཆེམས་ནང་དོན་ཟབ་པའི་དཔའ་བོ།། ཉན་ཆས་སེམས་ལ་ཆགས་པའི་དཔའ་བོ།། བྱབ་ཆུང་ལས་དང་འབྲེལ་བའི་དཔའ་བོ།། སྔ་ལོ་རྡེར་ལྡུན་ཕྱོགས་ཀྱི་སློབ་ཕྲུག། ད་ལོ་ཝ་ནར་ཞུགས་པའི་སློབ་ཕྲུག། སློབ་ཕྲུག་ཧོབ་ཏེ་འབར་བའི་གནས་ལུགས།། སེམས་ཀྱི་དཀའ་ངལ་གཅིག་རང་མིན་འགྲོ། གཞོན་དུས་སློབ་སྦྱོང་ལེགས་པར་བྱོས་དང་།། ཐབས་སྡུག་ལས་ལ་འཇུག་དགོས་མ་རེད།། ཀུན་པོའི་སེམས་ལ་འཐད་པ་མེད་ཀི། གཞན་ལ་བློ་སྒོ་འབྱེད་མཁན་དཔའ་བོ།། བློ་སྒོ་འབྱེད་ཚུལ་དམན་པའི་དཔའ་བོ།། རྣམ་དཔྱོད་ཕུལ་དུ་བྱུང་བའི་དཔའ་བོ།། ཡུལ་དུས་གནས་ལ་གཟིགས་པའི་དཔའ་བོ།། སྲིད་སྐྱོང་ཕེབས་བསུ་ཞུས་པའི་དཔའ་བོ།། སུ་ལ་བརྒོལ་མིན་མཐའ་གཉིས་ཀྱི་དཔའ་བོ།། གཞིས་བཞུགས་སྐུལ་མ་སློང་བའི་དཔའ་བོ།། ཞི་བདེ་ལྷིང་འཇག་དཀྲོག་པའི་དཔའ་བོ།། སྔ་བསམ་ཕྱི་བསམ་མེད་པའི་དཔའ་བོ།། ཚེ་སྲོག་བརྒྱ་ཕྲག་འགན་ལེན་དཔའ་བོ།། འདོས་སོང་བོད་ཀྱི་དཔའ་བོ་བརྒྱ་ཕྲག། ཡོད་ཚད་གངས་ཅན་བོད་ལ་ཕུལ་ཕུལ།། མཚན་སྙན་གྲགས་རླབས་ཨེ་མཉམ་བསམ་ཀྱང།། སྙིང་ནས་འགུ་མཁན་མེད་པའི་དཔའ་བོ།། དེ་འདྲའི་ནམ་ཡང་དགོས་མེད་དཔའ་བོ།། ཕན་ལས་གནོད་པའི་ལས་ལ་འགྱུར་འགྲོ། རྔ་བའི་ཀུན་བཟང་སྙན་ཚིག་དུང་བས།། དཔའ་བོ་ཞེས་པའི་སྙན་ངག་ཕུལ་འདུག། ཁམས་དང་མོས་པ་མཐུན་པ་མིན་འགྲོ། ཤི་མ་གསོན་གྱི་དཔའ་བོ་ལོ་ལོ།། སྲོག་ཉེན་ཐར་ན་བོད་ཡིག་སྦྱོང་ཞིག། བྱབ་ཆུང་ལས་ལ་ནམ་ཡང་མ་འཁོར།། རླབས་ཆེན་མི་ཡིས་གསོན་པོ་ཚོ་བཞིན།། སྐད་ཡིག་དང་ནི་མི་རིགས་དོན་དུ།། བྱེད་རྗེས་བླ་མེད་འཇོག་དགོས་དཔའ་བོ།། གཞི་ནས་དཔའ་བོའི་མཚན་སྙན་ཁྱབ་ཡོང།
༄༅། དཔའ་བོ་དཔའ་བོ་མ་བརྗོད་བོད་པ་ཚོ། དཔའ་བོ་ཟེར་ན་ག་འདྲ་ཞིག་བརྗོད།
འགྲོ་སྡོད་སྤྱོད་གསུམ་ཀླ་ཀློ་རྒྱ་དམར་འོག། ཉིན་མཚན་ཀུན་ཏུ་རང་དབང་སྤུ་ཙམ་མེད།
སྐད་ཡིག་ཆོས་དང་རིག་གཞུང་རྩ་མེད་བཏང།། ཡུལ་གྱི་རིན་ཆེན་གཏེར་ཁ་རྕ་བཀོག་བཏང།།
དེ་ལ་བརྟེན་ནས་རྒྱལ་ཁབ་མི་རིགས་ཆེད།། སྐུ་ལུས་མཆོད་མེར་ཕུལ་མཁན་དཔའ་བོ་ཡིན།།
དཔའ་བོ་དཔའ་མེད་གཉིས་པོ་མ་ནོར་ཨང།།
རྒྱ་གར་འཕགས་པའི་ཡུལ་དུ་བོད་པ་ཚོ།། ཅི་འདོད་བྱ་རྒྱུ་ཡོད་པ་རྒྱལ་བའི་དྲིན།།
རྒྱུ་མཚན་གང་ཡང་མེད་པ་ཁུ་སིམ་ཐོག། རང་ལུས་མེ་ལ་བསྲེགས་པ་དོན་མེད་རེད།།
དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རེད།། རིག་པའི་གཞུང་ལུགས་མཐུན་པ་བྱེད་དགོས་སོ།།
སེམས་མེད་ས་རྡོ་བཞིན་དུ་མ་བྱེད་དང།། རང་གཞན་སུ་ལའང་ཕན་ཐོགས་མེད་པ་ཡིན།།