རྭ་ལྷུན་
ནམ་མཁའི་སྐར་ཚོགས་ཕྲ་ལྡེམ་ལྡེམ།།
ཉ་གང་ཟླ་བའི་འོད་འཚེར་འཚེར།།
བུ་ཚ་རིགས་རྒྱུད་འཛུམ་ལྷང་ལྷང་།།
ཕ་མའི་ཞལ་དཀྱིལ་དགོད་སྤྲོ་སྤྲོ།།
དབྱར་གྱི་གནམ་གཤིས་གཤིན་པོའི་ངང་།།
བསེར་བུ་དར་གྱིས་ལྡང་བ་དེས།།
བྱམས་དང་བརྩེ་གཉོར་སྐྱོང་གིས།།
བུ་ཕྲུག་གཉོམ་ལག་རྒྱས་པ་དྲན།།
ས་ཆ་གང་དུ་བསྡད་ན་ཡང་།།
མི་རྐྱང་སེམས་རྩ་དྲོད་ཁོལ་བརྟས།།
ཤ་དར་ཁྲག་དར་དཔའ་རྒོད་ངའི།།
ཁ་ལས་རླུང་རྟ་དར་རྒྱས་བྱུང་།།
ས་སྒང་བསྐོར་བ་མ་བརྒྱབས་ན།།
ཨ་ཕའི་བུ་རྒོད་མིང་སྟོང་ཙམ།།
བརྒྱ་བཤད་དོན་དགོས་མ་ཆོད་ཚེ།།
འཆི་ཡང་ཕྱིར་ལྡོག་ག་ལ་བྱེད།།
ཅེས་པ་འདི་ནི་གྲོགས་མཆོག་རྨེའུ་དཀོན་རྒྱམ་ལགས་དང་མཉམ་དུ་ཟླ་འོད་འོག་གི་གླེང་མོལ་བརྗེད་བྱང་དུ་བྲིས་པ་དགེའོ།།
ཟླ་འོད་འོག་གི་མི་ཟུང་།
ཟླ་འོད་འོད་ཟེར་དཀར་མདངས་འོག །
གཟུགས་མཛེས་མཛེས་མའི་ཞལ་རས་དང་། །
ཕྲ་སྡེམ་སྡེམ་འཁྱུག་རིག་མའི་གཟུགས། །
ལག་རེག་རེག་བྱ་བདེ་བའི་རྒྱུ། །
རྭ་ལྷུན་ལགས་ནས། ༼ས་ཆ་གང་དུ་བསྡད་ན་ཡང་།།
མི་རྐྱང་སེམས་རྩ་དྲོད་ཁོལ་བརྟས།།
ཤ་དར་ཁྲག་དར་དཔའ་རྒོད་ངའི།།
ཁ་ལས་རླུང་རྟ་དར་རྒྱས་བྱུང་།།༽
ཁོ་བའི་བསམ་ཚུལ།།
བཞི་གཅིག་བཞི་ཡི་དོན་རྐྱེན་འོག་ཏུ་ཁྲི་ཚོ་བརྒལ་བའི་རྣམ་ཤེས་ནུབ།།
སྐྱེ་རྒུའི་ཡུལ་ལྗོངས་འཕར་ཐེངས་གཅིག་གིས་སྲིན་པོའི་ཉམས་ངམ་ཐང་ལ་འགྲན།།
སྐྱིད་སྡུག་གཅིག་པའི་སྐྱ་སེར་ཕལ་ཆེར་ཉིན་མཚན་མེད་པར་དེ་དོན་གླེང་།།
འོན་ཀྱང་འགའ་རེ་དྲོད་ཁོལ་བརྟས་ཤིང་རླུང་རྟ་དར་བ་འདི་ཀོ་མཚར།
hahahahahaaaaaaaaaaaaaaaa
བཀུར་འོས་དྲ་གྲོགས་ཀརྨ་རྡོ་རྗེ་དང་མེ་ཏོག་མ་གཉིས་ཕེབས་པར་དགའ་བྱུང་སོང་ལ། ལྷག་པར་དུ་དྲ་གྲོགས་རྩམ་གཟན་ལགས་ཀྱིས་སྙན་ངག་གི་ལམ་ནས་བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རང་ཉིད་ཀྱང་སྙན་ངག་མཁན་ཞིག་ཡིན་པའི་ཆ་ནས་རྩེད་མཚར་གྱི་ཚུལ་དུ་འདི་ལྟར་གླེང་ན་འདོད།
སྲོག་ཆགས་ཀུན་ལས་རྣམ་དཔྱོད་ཕུལ་བྱུང་མི་ཞེས་བྱ་བ་ཚེ་གཅིག་ཉིད།།
རྡོ་རྗེ་ཐེག་པའི་ལམ་རབ་ལ་བརྟེན་སངས་རྒྱས་གོ་འཕང་ཐོབ་པ་འདིར།།
སྟེང་ཕྱོགས་ལྷ་ཡང་ཡིད་སྨོན་འཆོར་བའི་གནད་ཀ་གྲོགས་པོས་དྲན་པར་བྱོས།།
སྡུག་བསྔལ་སྟོབས་ཤུགས་བསྒྱུར་བ་ཙམ་གྱིས་ཐབས་ལམ་ཀླད་རྩར་འཆར་མིན་ནམ།།
རྒྱ་དམར་གཞུང་གིས་དུས་ཀུན་བཙེས་པས་སྲན་དུ་མ་ཚུག་རོད་ཤོར་ནས།།
ཡུལ་ཤུལ་ལུང་པས་འགྲེ་ལྡོག་གཅིག་གིས་ལྷས་ཀྱང་སྨོན་པ་བྱེད་འོས་པའི།།
བོད་རིགས་སྤུན་ཟླ་ཁྲི་ཚོ་བརྒལ་བའི་ཟུང་ཁྲག་དྲོན་མོ་ས་ལ་འཕོས།།
འོན་ཀྱང་འགའ་རེ་ཟླ་འོད་འོག་ཏུ་བག་ཡང་རྒྱུ་ལ་ཡིད་མ་ཆེས།།
བཀུར་འོས་དྲ་གྲོགས་རྩམ་གཟན་ལགས།
ཁམས་བཟང་། ཉིད་ཀྱིས་ཁ་མཚར་ཁའི་མེ་ཏོག་གི་ཚུལ་དུ་ལན་བསྐྱོན་པ་ལ་གུ་ཡངས་ཀྱི་སྒོ་ནས་ཡི་རངས་མུ་མཐུད་བྱེད་ངེས་ཡིན་ལགས། དེས་ན། ངས་ཀྱང་དྲ་གྲོགས་ཉིད་ལ་རང་ཉིད་སྙན་གཞུང་མེ་ལོང་མ་འཆད་རྩོད་རྩོམ་གསུམ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ད་ཐེངས་ཚིགས་བཅད་ཀྱི་ལམ་ནས་འབྲི་བར་བྱའོ།།
བདེ་སྡུག་ཚོར་བ་མི་རྟག་ཀུན་གསལ་ངོས་ཀྱི་གློག་ཕྲེང་འཁྱུག་པའི་རྗེས་སུ་སྙེགས།།
ཤེས་རབ་ཕར་ཕྱིན་སྟོན་པའི་རྩལ་དུ་བཏོན་ཏེ་ཞལ་གདམས་ཚུལ་དུ་གནང་ན་ཡང་།།
གོ་ལོ་ཐོས་ལོ་རྒུན་བུ་འཐུ་བའི་རྣམ་པ་དེ་ནི་མ་འཛིན་དྲ་གྲོགས་ལགས།།
གལ་ཏེ་ངོ་མ་རང་རྒྱལ་ལ་ཞེན་ཆེ་ན་ལག་ལེན་ཐོག་ནས་གསལ་སྟོན་གྱིས།།
ཞེས་ཀྱང་ངག་ལས་ཐལ་ལོ།།