ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
༄༅། །ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལིའི་ཧནྶ་རཱཇ་མཐོ་སློབ་དབུ་བརྙེས་ནས་མི་ལོ་ ༧༠ འཁོར་བའི་དུས་དྲན་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཡོད། སྐབས་དེར་སྲིད་སྐྱོང་མཆོག་ནས་དེང་སྐབས་རྒྱ་ནག་གིས་འབྲོག་ལམ་ས་ཁུལ་དུ་དཔུང་འཇུག་བྱེད་བཞིན་པ་དེ་ནི་རྒྱ་ནག་རྒྱ་སྐྱེད་ཀྱི་མངོན་རྟགས་ཤིག་ཡིན་པ་དང་། ད་ལྟ་ཁུལ་དེར་རྒྱ་དཀར་ནག་གཉིས་མདོང་ཐུག་བྱེད་བཞིན་པའི་སྐབས་འདིར་ང་ཚོས་མཐའ་གཅིག་ཏུ་རྒྱ་གར་གྱི་གནས་སྟངས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་གསུང་པ་མ་ཟད།
རྒྱ་གར་གྱི་ཁ་གཏད་གཙོ་བོ་རྒྱ་ནག་ཆགས་ཡོད་པའི་སྐོར་དེ་སྔོན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ཇོར་ཇི་ཕརན་ནེནྜེ་སི་ George Fernandes མཆོག་ཙམ་མ་ཟད། བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་མུ་ལ་ཡམ་སིངྒ་ཡ་ཌབ་ Mulayam Singh Yadav མཆོག་ནས་ཀྱང་ཉེ་ལམ་རྒྱ་གར་གྲོས་ཚོགས་ནང་གཏམ་བཤད་དེ་བསྐྱར་ལྡབ་གནང་ཡོད་པ་སྲིད་སྐྱོང་མཆོག་གིས་ལུང་འདྲེན་གནང་བ་དང་སྦྲགས།
དེང་སྐབས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོ། སི་ཀར་བྷོ་རོ་གླིང་ཕྲན།་Scarborough Island མེག་མོ་ཧན་ས་ཚིགས་སོགས་ཕྱོགས་གང་སར་དཔུང་འཇུག་བྱེད་བཞིན་པའི་ཁར་ཉེ་ལམ་འབྲོག་ལམ་ས་ཁུལ་དུའང་དཔུང་འཇུག་བྱེད་བཞིན་པ་འདི་ནི་རྒྱ་སྐྱེད་ཀྱི་གཡོ་བྱུས་ཤིག་ཡིན་པ་ཧ་ཅང་གསལ་པོ་ཡིན་པ་དང་། ལྷག་པར་འབྲོག་ལམ་ཁུལ་དུ་དཔུང་འཇུག་བྱེད་བཞིན་པ་འདི་ནི་རྒྱ་ནག་གཞུང་གིས་ཆེད་མངགས་དངོས་ཡོད་གནས་སྟངས་ལ་རྩི་མེད་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་གསལ་པོར་མཚོན་ཐུབ་སྐོར་གསུང་པ་མ་ཟད།
མཛད་སྒོ་གྲོལ་རྗེས་རི་པབ་ལིག་གསར་འགྱུར་བརྙན་འཕྲིན་ Republic TV ཚན་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་གསུང་དོན། དེ་སྔ་ཕྱི་ལོ་ ༡༩༥༠ འགོ་སྟོད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་མའོ་ཙེ་ཏུང་ཁོ་པས་བོད་དེ་རྒྱ་ནག་གི་ལག་པ་གཡས་པའི་སྦར་མཐིལ་ལྟ་བུར་དཔེ་སྦྱར་ནས་མཛུབ་མོ་ལྔ་པོ་དེ་དག་ལ་དྭགས་དང་བལ་ཡུལ། འབྲས་ལྗོངས། འབྲུག ཨ་རུ་ནཱ་ཅལ་པར་དེ་ཤི་བཅས་ཡིན་སྐོར་བཤད་ཡོད།
དེར་བརྟེན་ད་ལྟའི་འཆར་རྒྱ་ནག་གཞུང་གིས་དམག་དཔུང་གི་སྟོབས་ཤུགས་འོག་རྒྱ་གར་ལ་མཐའ་སྐོར་ནས་ཉམས་གུད་གཏོང་ཐབས་བྱེད་བཞིན་ཡོད། དེར་བརྟེན་ངས་དུས་རྟག་ཏུ་རྒྱ་གར་ལ་སྤྱང་གྲུང་བྱེད་དགོས་པ་མ་ཟད། འཛམ་གླིང་གཞན་ལའང་བོད་ཀྱི་གནས་སྟངས་ཐོག་ངེས་པར་དུ་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་ཉིན་གཅིག་རྒྱ་གར་ལའང་འཕྲད་སྲིད་པ་ཤིག་རེད། ཅེས་གསུངས།།
༄༅། སྲིད་སྐྱོང་མཆོག་ནས་དངོས་གནས་གསུང་བཤད་ཡང་དག་པ་ཞིག་གནང་སོང་།
རྒྱ་གར་དཔོན་རིགས་ཚོའི་སེམས་ནང་ངེས་པར་བཞག་དགོས་པ་ཞིག་ཆགས་སོང།
རྒྱ་དམར་སྐྱག་རྗུན་རིང་ལུགས་ལ་ནམ་ཡང་བློ་འཁེལ་ཐབས་མེད་པ་ཞིག་རེད།
རྒྱ་གར་གུང་ནས་དེ་སྔ་བོད་ལ་རྒྱ་དམར་ནས་བཙན་འཛུལ་བྱེད་སྟངས་ལ་དཔེ་ལེན་
ནས་སོ་སོའི་མཐའ་མཚམས་ས་སྲུང་ལ་ངེས་པར་ཐུགས་འཛིན་གནང་དགོས།
ནམ་ཞིག་རི་ལུག་པ་སྣ་བས་མ་ཚོར་བ་ཆགས་སྲིད།
སྲིད་སྐྱོང་ཐུགས་རྗེ་ཆེ་། བཀྲིས་བདེ་ལེགས་ཡོད།།
སྲིད་སྐྱོང་གི་བཀའ་མོལ་རྣམས་ཧམ་པ་ཚ་དྲགས་འགྲོ་མི་འདུག་གམ། གསུང་བཤད་གྲ་སྒྲིག་ཡག་པོ་གནང་བགྱིད་འདུག་པས། མང་མོས་འོས་ཐོབ་པར་ཐོབ་གོ་ཆོད་འདུག་གོ།
རྒྱ་གར་ནག་གཉིས་ཀྱིས་མཐའ་མཚམས་ནི །
བོད་རང་བཙན་ཡུལ་གྱི་ཞིང་ཁམས་ཡིན །
དཔོན་ངན་པའི་སེང་གེས་ཁྱི་མགོ་ཅན །
བོད་ཆོས་སྲིད་གཉིས་ཀ་བརླག་ཉེས་ཀྱེ །།
བོད་མ་རྒྱུད་པའི་རྒྱ་དཀར་ནག་བར་ས་མཚམས་གང་ན་ཡོད་དམ་?
རྒྱ་བོད།
རྒྱ་དཀར་ནག་གཉིས་ལ་ས་མཚམས་མེད། །
བོད་རྒྱ་ནག་ས་མཚམས་ས་འབྲེལ་རེད། །
བོད་རྒྱ་གར་ས་མཚམས་རི་འབྲེལ་རེད། །
བོད་ཨེ་གླིང་ས་མཚམས་མཐའ་སྐོར་རེད། །
བོད།
བོད་རང་བཙན་མེད་ཀྱང་རང་དབང་དགོས། །
བོད་ཡར་ཐོན་མིན་ཡང་རྗེས་ལུས་མིན། །
བོད་མི་འབོར་ཉུང་ཡང་ས་རྒྱ་ཆེ། །
བོད་ཡང་རྩེར་གནས་ཀྱང་ཀུན་མཐུན་ཆེ། །
སྲིད་སྐྱོང་བློ་སེང་གི་གསུང་དེ་ཕྱི་མ་དྲགས་ན་སྔ་གཏན་གཏན་དྲགས་མ་སོང་། ཉེ་སྔོན་རྒྱ་གར་ BJP ཚོགས་པའི་འཐུས་མི་ཞིག་གིས་སྐྱབས་མགོན་རིན་པོ་ཆེ་དང་། བོད་མི་ཚོའི་ནམ་རྒྱུན་རྒྱ་ནག་གཞུང་ལ་ཚིག་ངན་སྣ་ཚོགས་ཤིག་སྤེལ་ས་ཨེ་འདུག་འཚོལ་གཞིབ་བྱེད་བཞིན་གདའ་སྟེ། ད་ཆ་གོ་སྐབས་བཟང་པོ་དེ་འདྲ་ཞིག་ང་ཚོའི་མདུན་དུ་ལྷགས་སྐབས་གོ་རྒྱུ་ཚོར་རྒྱུ་གང་ཡང་མེད་པར་འཇམ་ཐིང་ངེ་གནས་བཞིན་འདུག་ཟེར་བ་འདིས་ང་ཚོའི་མགོན་སྐྱབས་ལ་བརྡ་ལན་ངན་པ་ཞིག་སྤྲད་མི་འདུག་པས། ད་དུང་བསམ་བློ་ཐོངས། ནང་ཁུལ་རྨ་ཁ་དེ་ཉུང་ཙམ་དང་གོ་སྐབས་དམ་འཛིན་དེ་མང་ཙམ་བྱེད་ན་མི་དྲགས་སམ་སྲིད་སྐྱོང་ལགས།
ཨིན་ཇི་དང་། ཨུ་རུ་སུ་སོགས་ཀྱིས། རྒྱ་བསྐྱེད་རིང་ལུགས་སྤངས་ནས། རང་གི་མི་སེར་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་ཡར་རྒྱས་གཏོང་བཞིན་ཡོད་ན་ཡང་། ཨ་ཤི་ཡ་རྗེས་ལུས་པ་ནང་ནས་ཀྱང་ཆེས་རྗེས་ལུས་པ་དམར་གཞུང་རྒྱ་ནག་ལྟ་བུས། རྒྱ་བསྐྱེད་རིང་ལུགས་ཀྱིས་བདེ་སྐྱིད་འཚོལ་བཞིན་པ་ནི། རྒྱ་ནག་ནང་མང་གཙོ་རྗེས་ལུས་ཐེབས་པའི་ཞོར་དུ། ཁྱིམ་མཚེས་རྒྱལ་ཁབ་ཀྱང་འཇིགས་སྐྲག་ངང་ལ་གནས་དགོས་པ་ནི། གཙོ་འཛིན་མའོ་ནས། ཞི་ཅི་ཕིན་བར་གྱིས་ངན་འབྲས་དུས་ད་ལྟ་ཡང་གོ་ལ་འདིར་ལྷག་ཡོད་པའི་མངོན་རྟགས་ཤིག་ལས་མ་འདས་སོ།།
ཆོས་མེད་རྒྱ་འདྲེ་མ་འོ་ཏིང་ཞ་ཅའུ་ཨན་ལན་སོགས་།
ཤི་བའི་རྣམ་ཤེས་གྲལ་རིམ་རྒྱ་ཡིས་དཔོན་རྒྱུད་འཁོར་།
སྨོན་ལོག་མ་འོའི་གྲལ་རིམ་གཅིག་བསྡུད་རྒྱ་སྐྱེད་འོག་།
ས་འབྲེལ་ཁྱིམ་མཚེས་བདག་བཟུང་བྱེད་བདུག་སྦྲུལ་ལྕེ་།
༧གོང་ས་མཆོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དེང་དུས་ཤེས་ཡོན་ཡོད་པའི་སྟེང་རང་མི་རིགས་ཀྱི་རིག་གཞུང་ལ་ཤ་ཚ་དང་འགན་འཁུར་ཡག་པོ་འདུག་གསུངས་གནང་སོང།
དེ་ལས་ལྷག་ཅིག་དགོས་ཡས་མེད་མེད་དོ།
དེ་ཉེ་ཆར་ལ་དྭགས་ལ་བཀའ་སློབ་གནང་བ་རེད་དོ།
ངས་ནི་སྲིད་སྐྱོང་གིས་གཏམ་བཤད་དེར་མོས་མཐུན་མེད། སྲིད་སྐྱོང་གིས་རྒྱ་གར་གྱི་གནས་སྟངས་ལ་རྒྱབ་སྐྱོར་ཡོད་ཅེས་དང། འབྲོག་ལམ་ས་ཁུལ་ལ་རྒྱ་ནག་གིས་དངོས་ཡོད་གནས་སྟངས་ལ་རྩིས་མེད་རྡོག་རོལ་བཏང་སོང་ཟེར་བ་སོགས། སྲིད་སྐྱོང་གིས་བཤད་སྟངས་ལ་བལྟས་པ་ཡིན་ན། ས་ཁུལ་དེ་དག་རྒྱ་གར་གྱིས་ཡིན་པར་ངོས་འཛིན་བྱས་འདུག ཆབ་སྲིད་ཀྱི་དབང་དུ་བྱས་ན་ནོར་འཁྲུལ་ཆེན་པོ་རེད། དཔེར་ན་ཝར་ན།
༼ཝཱར་ཎ་བོད་ཀྱི་མཐོ་སློབ་སློབ་གཉེར་ཁང་གི་རིག་བདག་གཞོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་གནས་ཚུལ་འདི་དང་འབྲེལ་ནས་བརྗོད་དོན། “གལ་ཏེ་རྒྱ་ནག་ནས་སྙན་ཞུ་འབུལ་གྱི་ཡོད་ན་རྒྱ་གར་ངོས་ནས་ཀྱང་དབུལ་ཆོག་པ་ཞིག་རེད། འདི་ནི་རྒྱ་གར་གྱི་རིག་གཞུང་ཡང་རེད།” ཅེས་བརྗོད་ཡོད།༽ གཟིགས་དང་ཁོང་གིས་ག་རེ་བཤད་འདུག་གནས་སྐབས་རང་ཉིད་ཀྱི་ལྟོ་གོས་ལ་བསམ་ནས། དེ་ལྟར་བཤད་པ་ནི་ནོར་འཁྲུལ་ཆེན་པོ་རེད། ད་བོད་པ་འདི་ཚོས་ཅི་བཤད་འདི་བཤད་མི་འདུག བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐུན་མོང་མ་ཡིན་པ་ཡོད་ཅེས་མ་ཎི་བགྲང་བགྲང་བྱེད་བཞིན་ཡོད་མོད། དོན་དུ་དེ་དག་ཐམས་ཅད་བོད་ཀྱི་ཕྱི་རོལ་གྱི་ཡུལ་ལུང་གིས་ཡིན་རབས་དེ་དག
ལས་བྱུང་རབས་རྐྱང་རྐྱང་བཤད་ནས་མཐར་རང་ཉིད་ལ་དབང་བའི་ས་སྤར་གང་དང་རིག་གཞུང་ན་གཅིག་མེད་པར་བཟོས་པའི་བྱས་ཉེས་ནི་མ་འོངས་བོད་མི་རིགས་ལ་རྩིས་སྤྲོད་རྒྱུ་ཞིག་གང་ཡང་ལྷག་མེད། ད་བོད་སྨན་དང་བོད་ཀྱི་ཆོས་དང་བོད་ཀྱི་ཡིག་གེ་ལས་སོགས་ཐམས་ཅད་བོད་པས་གཞན་ལ་རྩིས་སྤྲད་ཟིན། ད་རྒྱ་ནག་གིས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་གི་འདུག་ཟེར་ནས་འཛམ་གླིང་མི་མང་ལ་མ་སྒྲོགས་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།
་་་་་་་ ད་བོད་སྨན་དང་བོད་ཀྱི་ཆོས་དང་བོད་ཀྱི་ཡིག་གེ་ལས་སོགས་ཐམས་ཅད་བོད་པས་གཞན་ལ་རྩིས་སྤྲད་ཟིན། ་་་་་་་་་
འཇིག་རྟེན་གྱི་ས་གཞི་འདི་ཆགས་པ་ཉིད་ནས་མི་གི་སྤྱི་ཚོགས་འཕེལ་ནས་མི་རིགས་སོ་སོར་དབང་བའི་ས་ཆ་དང་མི་རིགས་སོ་སོར་བལྟ་རྟོགས་གནང་མཁན་གྱི་སྲིད་གཞུང་དང་མི་རིགས་སོ་སོར་མཐུ་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ཆས་གོས་སོགས་ཟ་སྟངས་དང་ཐུང་སྟངས་བཅས་ཁ་ཁར་ཡོད་པ་ནས་བོད་མི་རིགས་ལ་འང་སྐད་ཡིག་དང་རིག་གཞུང་ཆོས་ལུགས་ཆས་གོས་སོགས་འཛམ་གླིང་གི་རྒྱལ་ཁབ་གཞན་དང་འདྲེས་ལྷད་མེད་པ་ཟུར་དུ་ཡོད་ན་ཡང་རྒྱ་མིའི་བོད་བཙན་བཟུང་བྱས་ནས་བོད་ཀྱི་ཕྱི་ནང་གི་སྣོད་བཅུད་ཡོངས་རྫོགས་རྒྱ་ཡིས་རྩ་མེད་བཏང་ནས་ད་ལྟའི་གནས་སྟངས་ཉག་ཕྲ་པོ་འདི་བྱུང་བ་མ་རེད་དམ་?