བོད་ཀྱི་མི་འབོར། Posted on 2008-11-27 By དགེ་རབ་ 8 Comments on བོད་ཀྱི་མི་འབོར། དྲ་རྒྱའི་འཁྱམས་ནས་སྡོད་སྐབས། ཝི་ཀི་པི་ཌི་ཡ་ཞེས་པའི་ནང་བོད་ཀྱི་མི་འབོར་སྐོར་གྱི་རེའུ་མིག་ཅིག་མཐོང་བ་འདིར་བཀོད་ཡོད། དགོངས་ཚུལ་ཡོད་ན་གསུངས་རོགས། གསར་འགྱུར།
བོད་རིགས་ཀྱི་གྲངས་འབོར་འདི་རྒྱ་ནག་གིས་བོད་རིགས་སུ་ངོས་འཛིན་གཙང་མ་མི་བྱེད་པའི་ཤར་པ། ྐློ་པ། མོན་པ། རྒྱལ་རོང་། འཇང་སོགས་མ་བརྩིས་པ་ཡིན་ངེས་རེད། བརྩི་གཞིའི་རེའུ་མིག་འདིའི་ཡུལ་མིང་གི་སྒྲ་གདངས་ཡང་རྒྱ་ཡིག་གི་སྟེང་དུ་ཡོད་པ་གཞི་རྩར་བཟུང་ནས་བྲིས་ཡོད་སྟབས་རྒྱ་མིའི་མི་འབོར་ཞིབ་བཤེར་གཞིར་བཞག་པ་ཡིན་པར་ཐག་ཆོད། ད་ལྟའི་བརྩི་གཞི་འདི་ལྟར་བརྩིས་པའི་མི་གྲངས ༥༢༤༥༣༤༧་འདིའི་སྟེང་དུ་གོང་གི་རྒྱལ་རོང་སོགས་ཀྱི་མི་འབོར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་མི་སོགས་བསྣན་ན་རང་རེས་བོད་མི་ས་ཡ་དྲུག་ཅེས་བརྩི་བ་འདི་ཡང་རྒྱུ་མཚན་ལྡན་པ་ཞིག་རེད་འདུག སྤྱིར་བཏང་བོད་ཀྱི་ཆབ་འབངས་དང་བོད་ཀྱི་མི་རིགས་འདི་ལ་ཁྱད་པར་ཞིག་ཡོད་པ་འདྲ། ད་ལྟ་རྒྱ་གར་ནང་གི་རྒྱ་གར་ཁམས་པ་དང་ལ་དྭགས་སོགས་དང་། བལ་བོའི་ཁོངས་སུ་ཡོད་པའི་གློ་བོ་ཤར་པ་སྙེ་ཤང་པ་སོགས། འབྲུག་པ་དང་མོན་པ་སོགས་བོད་རིགས་མ་རེད་ཅེས་ལབ་མི་ཐུབ་འདྲ་ཡང་བོད་ཅེས་པའི་ཆབ་འབངས་ལ་ཚུད་མེད་སྟབས་བོད་ཀྱི་ཆབ་འབངས་དང་བོད་ཀྱི་མི་རིགས་འདི་ལ་ཁྱབ་ཆེ་ཆུང་རེ་ཡོད་པར་བཤད་ན་ག་འདྲ་འདུག
ད་ལམ་འདིར་བོད་ཀྱི་མི་འབོར་སྐོར་བཀོད་པ་འདིས། ཕྱི་ལོ་ ༢༠༠༥ ལོར་ལས་ཀའི་ངོ་བོ་ནས་བོད་ཀྱི་མི་འབོར་སྐོར་གྱི་རྩོམ་ཡིག་ཅིག་ཞུས་དག་དང་རྩོམ་སྒྲིག་སྐབས་ལྟ་ཚུལ་བཏོན་པ་ཞིག་དྲན་སོང༌། དེ་ནི་བོད་ཀྱི་མི་འབོར་ཟེར་བ་དང༌། བོད་མིའི་མི་འབོར་ཟེར་བའི་ཐ་སྙད་འདི་གཉིས་ཀྱིས་གོ་དོན་མི་འདྲ་བ་གཉིས་སྟེར་བས་ཡིན། དཔེར་ན། བོད་ཀྱི་མི་འབོར་ཞེས་ལབ་སྐབས་ཀྱི་བོད་ནི་རྒྱལ་ཁབ་དང་ས་ཁོངས་ལ་གོ་བ་དང༌། བོད་ཀྱི་མི་འབོར་ལབ་ན་བོད་ཀྱི་ས་ཁོངས་ན་ཡོད་པའི་མི་རིགས་ཆ་ཚང་ལ་གོ་དགོས་པ་དང༌། དེ་ནི་དེང་སང་བོད་ཀྱི་ཡུལ་མི་ཞེས་པ་དང་གཅིག་ཡིན། བོད་མིའི་མི་འབོར་ལབ་ན་བོད་རིགས་ཁེ་གཙང་ཡིན་པའི་མི་འབོར་ལ་གོ་བ་སྟེ། དེ་ནི་སྐྱེ་ས་སྐྱེ་རྒྱུད་དང་བཅས་པ་བོད་རིགས་ཡིན་པ་ལ་གོ་བ་དེ་རེད། སྐབས་དེར་བསམ་ཚུལ་བཏོན་པ་ཞིག་ད་ལྟ་དྲན་པ་ནི། བོད་ཀྱི་ལོ་རྒྱུས་རྣམས་སུ་གཞུང་སོག་ཟེར་བ་ཞིག་ཡོད་པ་དེ་བོད་ཀྱི་ཡུལ་མི་ཡིན་ནའང༌། བོད་མི་མ་ཡིན་པར་སོག་པོའི་མི་རིགས་ཡིན་པ་དེ་ཡང་མདོར་དེད་ན་བོད་ཀྱི་ཡུལ་མི་མིན་པར་བགྲངས་སྲོལ་མེད། དྲ་གྲོགས་སྤོབས་པས་བཤད་པ་བཞིན་རེད། རྒྱ་ནག་རྒྱལ་ཁབ་ནི་མི་རིགས་ལྔ་བཅུ་ང་དྲུག་ལས་གྲུབ་པར་ཤོད་ཀྱིན་པའི་སྒྲོམ་དེའི་ནང༌། གྲངས་ཉུང་མི་རིགས་མང་པོ་ཞིག་ཡོད་པའི་ནང་གི་གང་འཚམ་ཞིག་ནི་བོད་རིགས་ཡིན་ནའང༌། མི་རིགས་ཤིག་ཏུ་དབྱེ་བགོས་ཀྱི་དབང་གིས་གོང་གི་གྲངས་ཐོ་ལྟ་བུའི་ནང་ཚུད་མེད་པ་གསལ་པོ་རེད། ཡང་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཉམས་ལེན་གྱི་ཆེད་དུ་སློབ་གཉེར་དང༌། ཞིབ་འཇུག་གི་ཆེད་དུ་སློབ་གཉེར་བྱེད་མཁན་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་ངོས་ནས་བསམས་ན། བོད་ཀྱི་སྐད་ཡིག་གི་ཁྱབ་ཚད་ཀྱི་ངོས་དེ་ནི། ད་ལྟའི་བོད་ཆོལ་ཁ་གསུམ་ཙམ་མ་ཡིན་པར། རྒྱ་གར་གྱི་ཁོངས་ནས་ལ་དྭགས་དང་སྦལ་ཏི། ཁུ་ནུ་དང་གར་ཤ་བཅས་དང༌། རྟ་མང་དང་ཤར་པ། གཉེ་ཞང་སོགས་བལ་ཡུལ་གྱི་ཡུལ་མི་བརྒྱ་ཆ་བཅུ་དྲུག་དང༌། དེ་བཞིན་འབྲུག་པ་ཡོངས་རྫོགས་དང་འབྲས་ལྗོངས་ཀྱིས་ཀྱང་བོད་ཡིག་བེད་སྤྱོད་གཏོང་གི་ཡོད་པ་ཕུད། སོག་པོ་ཕྱི་ནང་གི་ནང་པའི་དགོན་པ་ཁག་དང་མང་ཚོགས་ཚོས་ཞལ་འདོན་སོགས་ལ་བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་གི་ཡོད་པ་དང༌། གཞན་ཡང༌། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོས་ཀྱང་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་པ་སོགས་མདོར་ན། རྒྱལ་ཁབ་ཀྱི་དབང་དུ་བྱས་ནའང༌། བོད་དང་རྒྱ་གར། བལ་ཡུལ། འབྲུག་བཅས་རྒྱལ་ཁབ་བཞི་ཡི་ནང་ཁྱབ་ཡོད་པ་རེད། སོག་པོ་ནི་ཆོས་དང་རིག་གཞུང་གཅིག་པུའི་ཆེད་དུ་བོད་ཡིག་བེད་སྤྱོད་གནང་མཁན་རེད་ལ། ཡང་ཉམས་ཞིབ་ཀྱི་ཆེད་དུ་སློབ་སྦྱོང་དང་བེད་སྤྱོད་གནང་མཁན་ནི་དེང་སང་ཕྱི་རྒྱལ་ཁག་ནང་ཇེ་མང་དུ་འགྲོ་བཞིན་ཡོད། མཐོ་སློབ་ཁག་ན་བོད་ཀྱི་སྐད་ཡིག་སྡེ་ཚན་ཡོད་པ་སོགས་བསྡོམས་པ་ཡིན་ན། འཛམ་གླིང་འདིར་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་བྱེ་བ་དྲུག་ཡོད་པ་རེད་ཅེས་ཤོད་ཀྱི་ཡོད་པ་རེད་ལ། འདིས། བོད་ཀྱི་སྐད་ཡིག་ནི་བོད་པ་ཙམ་མ་ཡིན་པར་འཛམ་གླིང་ལའང་གལ་ཆེ་བ་སྟོན་གྱི་ཡོད་པ་རེད། འདི་ལྟར་བསམས་ན་ང་ཚོས་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་ཇེ་ཆེར་འགྲོ་བཞིན་པ་ཞིག་ཀྱང་ཤེས་རྟོགས་ཐུབ་པར་འདུག་སྙམ།
ཉེ་སྔོན་བོད་ནང་གི་བོད་མི་ཞིག་གིས་ཞིབ་འཇུག་བྱས་པ་ལྟར་ན་བོད་ཆོལ་ཁ་གསུམ་དུ་བགྲངས་པའི་ཁམས་ཁུལ་ནི་མི་འབོར་འཕེལ་ཚད་དལ་ཤོས་དེ་རེད་ཅེས་བྲིས་འདུག ད་དུང་ཁོང་གིས་ཁམས་ཁུལ་གྱི་མི་འབོར་འཕེལ་ཚད་དལ་བའི་རྒྱུ་མཚན་ནི་ཁམས་ཁུལ་དུ་གྲྭ་བཙུན་ལ་ཞུགས་མཁན་མང་བས་རེད་ཅེས་བྲིས་འདུག སྤྱིར་བཏང་བོད་ཀྱི་མི་འབོར་འཕེལ་ཚད་མགྱོག་དགོས་པ་ཞིག་འདུག རྒྱ་ནག་གཞུང་གིས་གཏན་འབེབས་ལ་གྲངས་ཉུང་མི་རིགས་ཀྱིས་དམིགས་བསལ་དུ་ཕྲུ་གུ་གསུམ་རེ་སྐྱེད་ཆོག་སྟབས་རྒྱ་ནག་ནང་ལོགས་དང་བསྡུར་ན་བོད་ཀྱི་མི་འབོར་འཕེལ་བའི་ཆ་རྐྱེན་ཆེན་པོ་ཞིག་ཡོད་པ་འདྲ། འོན་ཀྱང་ཧོང་ཁོང་ནས་ཕྲུ་གུ་ག་ཚོད་སྐྱེད་མིན་རང་དབང་ཡིན་ཡང་བཟའ་ཚང་ཕལ་མོ་ཆེས་ཕྲུ་གུ་གཅིག་ལས་མང་བ་སྐྱེད་མཁན་མེད་ཟེར།
ས་ཡ་དྲུག་ཞིབ་འཇུག་ཚོགས་པ་ཟེར་བ་ཞིག་གོ་ཐོས་མ་བྱུང༌། རྒྱ་ནག་གཞུང་གིས་བོད་བཙན་བཟུང་གི་བརྒྱུད་རིམ་ནང༌། བོད་མི་འབུམ་ཕྲག་བཅུ་གཉིས་རྐྱེན་འདས་སུ་བཏང་བའི་གྲངས་འབོར་དེའི་སྐོར་ལ་ཞིབ་འཇུག་ཚོགས་པ་ཞིག་བཙུགས་ནས་ལོ་ཤས་རིང་ཞིབ་འཇུག་བྱས་སོང་ཡང༌། མཐའ་མ་དེར་ཁུངས་སྐྱེལ་གྱི་གཞི་འཛིན་རྒྱུ་ཆ་རག་མིན་གྱི་དབང་གིས་ལས་ཀ་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་རབས་ཤིག་གོ་རྒྱུ་འདུག གང་ལྟར་ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལྟར་ན། འབུམ་བཅུ་གཉིས་ཟེར་བ་དེར་གྲངས་ཐོ་ཞིག་ནི་ཡོད་འདུག་ཀྱང༌། གྲངས་ཐོའི་གཞི་འཛིན་སའི་ཐད་ནས་གྲངས་གཅིག་རྩིས་གཞི་ཁ་ཤས་ནང་བསྡོམས་པ་སོགས་ཀྱང་བྱུང་ཡོད་འདུག་སྐད། གང་ལྟར་རྡ་སའི་ཁ་བདེ་ཚོས་ནི། ཞིབ་འཇུག་ཚོགས་པ་དེར་ཤི་བོའི་བླ་འདེད་ཚོགས་པ་ཞེས་ཀྱང་བརྗོད་ཀྱིན་པ་ཞིག་གོ་ཐོས་བྱུང༌།
བོད་རིགས་ཀྱི་གྲངས་འབོར་འདི་རྒྱ་ནག་གིས་བོད་རིགས་སུ་ངོས་འཛིན་གཙང་མ་མི་བྱེད་པའི་ཤར་པ། ྐློ་པ། མོན་པ། རྒྱལ་རོང་། འཇང་སོགས་མ་བརྩིས་པ་ཡིན་ངེས་རེད། བརྩི་གཞིའི་རེའུ་མིག་འདིའི་ཡུལ་མིང་གི་སྒྲ་གདངས་ཡང་རྒྱ་ཡིག་གི་སྟེང་དུ་ཡོད་པ་གཞི་རྩར་བཟུང་ནས་བྲིས་ཡོད་སྟབས་རྒྱ་མིའི་མི་འབོར་ཞིབ་བཤེར་གཞིར་བཞག་པ་ཡིན་པར་ཐག་ཆོད། ད་ལྟའི་བརྩི་གཞི་འདི་ལྟར་བརྩིས་པའི་མི་གྲངས ༥༢༤༥༣༤༧་འདིའི་སྟེང་དུ་གོང་གི་རྒྱལ་རོང་སོགས་ཀྱི་མི་འབོར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་མི་སོགས་བསྣན་ན་རང་རེས་བོད་མི་ས་ཡ་དྲུག་ཅེས་བརྩི་བ་འདི་ཡང་རྒྱུ་མཚན་ལྡན་པ་ཞིག་རེད་འདུག
སྤྱིར་བཏང་བོད་ཀྱི་ཆབ་འབངས་དང་བོད་ཀྱི་མི་རིགས་འདི་ལ་ཁྱད་པར་ཞིག་ཡོད་པ་འདྲ། ད་ལྟ་རྒྱ་གར་ནང་གི་རྒྱ་གར་ཁམས་པ་དང་ལ་དྭགས་སོགས་དང་། བལ་བོའི་ཁོངས་སུ་ཡོད་པའི་གློ་བོ་ཤར་པ་སྙེ་ཤང་པ་སོགས། འབྲུག་པ་དང་མོན་པ་སོགས་བོད་རིགས་མ་རེད་ཅེས་ལབ་མི་ཐུབ་འདྲ་ཡང་བོད་ཅེས་པའི་ཆབ་འབངས་ལ་ཚུད་མེད་སྟབས་བོད་ཀྱི་ཆབ་འབངས་དང་བོད་ཀྱི་མི་རིགས་འདི་ལ་ཁྱབ་ཆེ་ཆུང་རེ་ཡོད་པར་བཤད་ན་ག་འདྲ་འདུག
ཐུགས་རྗེ་རེ་ཆེ། འདི་འདྲ་ཞིག་ལ་རེ་བ་བརྒྱབ་ནས་ལོ་ལོན་སོང་། ད་ནི་གསལ་བོ་ཞིག་མྱིག་གིས་མི་རིག་གི་ཡ།
ད་ལམ་འདིར་བོད་ཀྱི་མི་འབོར་སྐོར་བཀོད་པ་འདིས། ཕྱི་ལོ་ ༢༠༠༥ ལོར་ལས་ཀའི་ངོ་བོ་ནས་བོད་ཀྱི་མི་འབོར་སྐོར་གྱི་རྩོམ་ཡིག་ཅིག་ཞུས་དག་དང་རྩོམ་སྒྲིག་སྐབས་ལྟ་ཚུལ་བཏོན་པ་ཞིག་དྲན་སོང༌། དེ་ནི་བོད་ཀྱི་མི་འབོར་ཟེར་བ་དང༌། བོད་མིའི་མི་འབོར་ཟེར་བའི་ཐ་སྙད་འདི་གཉིས་ཀྱིས་གོ་དོན་མི་འདྲ་བ་གཉིས་སྟེར་བས་ཡིན། དཔེར་ན། བོད་ཀྱི་མི་འབོར་ཞེས་ལབ་སྐབས་ཀྱི་བོད་ནི་རྒྱལ་ཁབ་དང་ས་ཁོངས་ལ་གོ་བ་དང༌། བོད་ཀྱི་མི་འབོར་ལབ་ན་བོད་ཀྱི་ས་ཁོངས་ན་ཡོད་པའི་མི་རིགས་ཆ་ཚང་ལ་གོ་དགོས་པ་དང༌། དེ་ནི་དེང་སང་བོད་ཀྱི་ཡུལ་མི་ཞེས་པ་དང་གཅིག་ཡིན། བོད་མིའི་མི་འབོར་ལབ་ན་བོད་རིགས་ཁེ་གཙང་ཡིན་པའི་མི་འབོར་ལ་གོ་བ་སྟེ། དེ་ནི་སྐྱེ་ས་སྐྱེ་རྒྱུད་དང་བཅས་པ་བོད་རིགས་ཡིན་པ་ལ་གོ་བ་དེ་རེད། སྐབས་དེར་བསམ་ཚུལ་བཏོན་པ་ཞིག་ད་ལྟ་དྲན་པ་ནི། བོད་ཀྱི་ལོ་རྒྱུས་རྣམས་སུ་གཞུང་སོག་ཟེར་བ་ཞིག་ཡོད་པ་དེ་བོད་ཀྱི་ཡུལ་མི་ཡིན་ནའང༌། བོད་མི་མ་ཡིན་པར་སོག་པོའི་མི་རིགས་ཡིན་པ་དེ་ཡང་མདོར་དེད་ན་བོད་ཀྱི་ཡུལ་མི་མིན་པར་བགྲངས་སྲོལ་མེད། དྲ་གྲོགས་སྤོབས་པས་བཤད་པ་བཞིན་རེད། རྒྱ་ནག་རྒྱལ་ཁབ་ནི་མི་རིགས་ལྔ་བཅུ་ང་དྲུག་ལས་གྲུབ་པར་ཤོད་ཀྱིན་པའི་སྒྲོམ་དེའི་ནང༌། གྲངས་ཉུང་མི་རིགས་མང་པོ་ཞིག་ཡོད་པའི་ནང་གི་གང་འཚམ་ཞིག་ནི་བོད་རིགས་ཡིན་ནའང༌། མི་རིགས་ཤིག་ཏུ་དབྱེ་བགོས་ཀྱི་དབང་གིས་གོང་གི་གྲངས་ཐོ་ལྟ་བུའི་ནང་ཚུད་མེད་པ་གསལ་པོ་རེད།
ཡང་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཉམས་ལེན་གྱི་ཆེད་དུ་སློབ་གཉེར་དང༌། ཞིབ་འཇུག་གི་ཆེད་དུ་སློབ་གཉེར་བྱེད་མཁན་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་ངོས་ནས་བསམས་ན། བོད་ཀྱི་སྐད་ཡིག་གི་ཁྱབ་ཚད་ཀྱི་ངོས་དེ་ནི། ད་ལྟའི་བོད་ཆོལ་ཁ་གསུམ་ཙམ་མ་ཡིན་པར། རྒྱ་གར་གྱི་ཁོངས་ནས་ལ་དྭགས་དང་སྦལ་ཏི། ཁུ་ནུ་དང་གར་ཤ་བཅས་དང༌། རྟ་མང་དང་ཤར་པ། གཉེ་ཞང་སོགས་བལ་ཡུལ་གྱི་ཡུལ་མི་བརྒྱ་ཆ་བཅུ་དྲུག་དང༌། དེ་བཞིན་འབྲུག་པ་ཡོངས་རྫོགས་དང་འབྲས་ལྗོངས་ཀྱིས་ཀྱང་བོད་ཡིག་བེད་སྤྱོད་གཏོང་གི་ཡོད་པ་ཕུད། སོག་པོ་ཕྱི་ནང་གི་ནང་པའི་དགོན་པ་ཁག་དང་མང་ཚོགས་ཚོས་ཞལ་འདོན་སོགས་ལ་བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་གི་ཡོད་པ་དང༌། གཞན་ཡང༌། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོས་ཀྱང་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་པ་སོགས་མདོར་ན། རྒྱལ་ཁབ་ཀྱི་དབང་དུ་བྱས་ནའང༌། བོད་དང་རྒྱ་གར། བལ་ཡུལ། འབྲུག་བཅས་རྒྱལ་ཁབ་བཞི་ཡི་ནང་ཁྱབ་ཡོད་པ་རེད། སོག་པོ་ནི་ཆོས་དང་རིག་གཞུང་གཅིག་པུའི་ཆེད་དུ་བོད་ཡིག་བེད་སྤྱོད་གནང་མཁན་རེད་ལ། ཡང་ཉམས་ཞིབ་ཀྱི་ཆེད་དུ་སློབ་སྦྱོང་དང་བེད་སྤྱོད་གནང་མཁན་ནི་དེང་སང་ཕྱི་རྒྱལ་ཁག་ནང་ཇེ་མང་དུ་འགྲོ་བཞིན་ཡོད། མཐོ་སློབ་ཁག་ན་བོད་ཀྱི་སྐད་ཡིག་སྡེ་ཚན་ཡོད་པ་སོགས་བསྡོམས་པ་ཡིན་ན། འཛམ་གླིང་འདིར་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་བྱེ་བ་དྲུག་ཡོད་པ་རེད་ཅེས་ཤོད་ཀྱི་ཡོད་པ་རེད་ལ། འདིས། བོད་ཀྱི་སྐད་ཡིག་ནི་བོད་པ་ཙམ་མ་ཡིན་པར་འཛམ་གླིང་ལའང་གལ་ཆེ་བ་སྟོན་གྱི་ཡོད་པ་རེད། འདི་ལྟར་བསམས་ན་ང་ཚོས་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་ཇེ་ཆེར་འགྲོ་བཞིན་པ་ཞིག་ཀྱང་ཤེས་རྟོགས་ཐུབ་པར་འདུག་སྙམ།
ཉེ་སྔོན་བོད་ནང་གི་བོད་མི་ཞིག་གིས་ཞིབ་འཇུག་བྱས་པ་ལྟར་ན་བོད་ཆོལ་ཁ་གསུམ་དུ་བགྲངས་པའི་ཁམས་ཁུལ་ནི་མི་འབོར་འཕེལ་ཚད་དལ་ཤོས་དེ་རེད་ཅེས་བྲིས་འདུག ད་དུང་ཁོང་གིས་ཁམས་ཁུལ་གྱི་མི་འབོར་འཕེལ་ཚད་དལ་བའི་རྒྱུ་མཚན་ནི་ཁམས་ཁུལ་དུ་གྲྭ་བཙུན་ལ་ཞུགས་མཁན་མང་བས་རེད་ཅེས་བྲིས་འདུག སྤྱིར་བཏང་བོད་ཀྱི་མི་འབོར་འཕེལ་ཚད་མགྱོག་དགོས་པ་ཞིག་འདུག རྒྱ་ནག་གཞུང་གིས་གཏན་འབེབས་ལ་གྲངས་ཉུང་མི་རིགས་ཀྱིས་དམིགས་བསལ་དུ་ཕྲུ་གུ་གསུམ་རེ་སྐྱེད་ཆོག་སྟབས་རྒྱ་ནག་ནང་ལོགས་དང་བསྡུར་ན་བོད་ཀྱི་མི་འབོར་འཕེལ་བའི་ཆ་རྐྱེན་ཆེན་པོ་ཞིག་ཡོད་པ་འདྲ། འོན་ཀྱང་ཧོང་ཁོང་ནས་ཕྲུ་གུ་ག་ཚོད་སྐྱེད་མིན་རང་དབང་ཡིན་ཡང་བཟའ་ཚང་ཕལ་མོ་ཆེས་ཕྲུ་གུ་གཅིག་ལས་མང་བ་སྐྱེད་མཁན་མེད་ཟེར།
I think, there is another Tibetan population census in 2005.
I think, there is another Tibetan population census in 2005.
ས་ཡ་ ༦ ཞིབ་འཇུག་ཚོགས་པ་ཞིག་ཡོད་རབས་དེས་བཏོན་པའི་གནས་ཚུལ་གསར་པ་འདུག་གམ།
ས་ཡ་དྲུག་ཞིབ་འཇུག་ཚོགས་པ་ཟེར་བ་ཞིག་གོ་ཐོས་མ་བྱུང༌། རྒྱ་ནག་གཞུང་གིས་བོད་བཙན་བཟུང་གི་བརྒྱུད་རིམ་ནང༌། བོད་མི་འབུམ་ཕྲག་བཅུ་གཉིས་རྐྱེན་འདས་སུ་བཏང་བའི་གྲངས་འབོར་དེའི་སྐོར་ལ་ཞིབ་འཇུག་ཚོགས་པ་ཞིག་བཙུགས་ནས་ལོ་ཤས་རིང་ཞིབ་འཇུག་བྱས་སོང་ཡང༌། མཐའ་མ་དེར་ཁུངས་སྐྱེལ་གྱི་གཞི་འཛིན་རྒྱུ་ཆ་རག་མིན་གྱི་དབང་གིས་ལས་ཀ་དེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་རབས་ཤིག་གོ་རྒྱུ་འདུག
གང་ལྟར་ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལྟར་ན། འབུམ་བཅུ་གཉིས་ཟེར་བ་དེར་གྲངས་ཐོ་ཞིག་ནི་ཡོད་འདུག་ཀྱང༌། གྲངས་ཐོའི་གཞི་འཛིན་སའི་ཐད་ནས་གྲངས་གཅིག་རྩིས་གཞི་ཁ་ཤས་ནང་བསྡོམས་པ་སོགས་ཀྱང་བྱུང་ཡོད་འདུག་སྐད། གང་ལྟར་རྡ་སའི་ཁ་བདེ་ཚོས་ནི། ཞིབ་འཇུག་ཚོགས་པ་དེར་ཤི་བོའི་བླ་འདེད་ཚོགས་པ་ཞེས་ཀྱང་བརྗོད་ཀྱིན་པ་ཞིག་གོ་ཐོས་བྱུང༌།