ཟླ་བ་ཚེ་རིང་།
ང་ངྷ་སར་ཡོད་དུས། ངྷ་ས་ཧ་ཅང་ཆེ།
ཕྱིར་འཁོར་ནས་ལྟ་དུས། ངྷ་ས་ཧ་ཅང་ཆུང་།*
ངྷ་སའི་མི་ཚོགས་རིམ་གྱིས་ཡལ་སོང་།
ཤུལ་དུ་ལུས་པ་ནི་གདོང་རུས་སྐམ་པོ་འགའ།
ཐོད་པ་སྐམ་པོ་ལ་མིག་འབྲས་མེད་པས་ཡིན་ནམ།
དེ་ནས་བཟུང་། ངྷ་སར་ནམ་ལངས་མྱོང་མེད་ལ།
ཉི་རྩེའང་བརྒྱབས་མྱོང་མེད།
ཆར་དུས་ཀྱི་བརླན་གཤེར་དེས།
བསམ་གཟས་ནས་བཞའ་ས་དཔེ་དེབ་ཡིན།
བཞའ་བརྒྱབས་ནས་དཔེ་དེབ་ཀྱི་སྲུབས་ཀ་ཐོར།
རྒྱབ་ཤ་བཀོག ཡིག་འབྲུ་བསུབས།
ལོ་རེ་བཞིན། ཆབ་སྲིད་ཀྱི་ཡོ་ལང་རེ་རེར་འགྲོགས་ནས།
ངྷ་སར་ཆར་དུས་རེ་རེ་ཡོང་།
ངྷ་ས་ན་དཔེ་དེབ་གསོན་ས་མེད།
ངྷ་ས་ལ་གནས་ལུགས་མེད།
ཡོད་པ་དེ་མིག་ཤེལ་ཡིན།
རི་རབ། རྒྱ་མཚོ། མཁའ་དབྱིངས། ས་གཞི།
ད་དུང་། དད་པ། དམ་ཚིག དམངས་གཙོ། རང་དབང་།
གངས་སྐྱིད་ནས་མེག་གྷན་བར།
མིག་ཤེལ་མེད་ན་ཞ་ར་ཡིན།
ངྷ་ས་ནས་ཐོས་པ་གླུ་སྐད་དང་སྙན་ངག་ཡིན།
ཆིག་སྒྲིལ་དང་རྩ་དོན་ཡིན།
ངྷ་ས་ནས་མཐོང་བ་མདའ་གྲི་དང་མདུང་ཕུབ་ཡིན།
ནང་འཁྲུག་དང་ཁ་བྲལ་ཡིན།
ངྷ་ས་ནས་ཤེས་པ་གྲོགས་པོ་ཡིན།
ངྷ་ས་ནས་ཚོར་བ་ལངས་ཕྱོགས་ཡིན།
ངྷ་ས་ནི་གོམ་པ་འཁྱོལ་ས་ཡིན། མི་གཞི་བརླག་ས་ཡིན།
ངྷ་ས་ཧ་ཅང་ཆེ། ངྷ་ས་ངོ་མ་ཆུང་།
སྲང་ལམ་ན་སྐད་འབོད་དང་ཁྲོམ་སྐོར་མང་།
ཚོམས་ཁང་ནང་ཚོགས་འདུ་དང་འཐབ་རྩོད་རྒོད།
གུ་དོག་པའི་ངྷ་སའི་སྲང་ལམ་ཡངས།
ཁོད་ཡངས་པའི་ངྷ་སའི་ཚོམས་ཁང་དོག
ངྷ་ས་ན་གདོང་ཐུག་མོད།
ངྷ་ས་གོ་ལའི་སྒང་ན་མེད། ས་ཁྲའི་ནང་ན་མེད།
ངྷ་ས་ན་ཡོད་པ་ལྷ་ཡིན། འདྲེ་ཡིན། གདོང་ཐུག་ཡིན།
ངྷ་ས་ན་མི་མེད། སེམས་མེད།
ངྷ་ས་ཆེ། ངྷ་ས་ཆུང་།
ང་ངྷ་སར་ཡོད་དུས། ངྷ་ས་ཧ་ཅང་ཆེ།
ཕྱིར་འཁོར་ནས་ལྟ་དུས། ངྷ་ས་ཧ་ཅང་ཆུང་།
ང་ཡོད་དུས་ངྷ་ས་ཆེ།
ང་མེད་དུས་ངྷ་ས་ཆུང་།
(*སྙན་ངག་པ་འབྲོང་གི་ཚིག་གཡར་བ།)
2017/09/16 ཉིན།
ཟླ་བ་རྡ་སར་ཡོད་དུས།
ཟླ་དཀར་པོ་ཡིན།
ཟླ་བ་ནུབ་ན་ནུབ་དུས།
ཟླ་བ་ནག་པོ་ཡིན།
ཟླ་བ་མཐོ་སར་འཕགས་དུས།
ཟླ་བའི་འོད་སྣང་དཀར་བོ་རེད།
ཟླ་ས་ལ་ལྷུང་དུས།
ཟླ་བའི་འོད་སེར་ཕྱོགས་ལྷུང་རེད།
ཟླ་བ་འོས་བསྡུའི་སྐབས་སུ།
ཟླ་བ་ཨ་ཚོགས་ཀྱི་དཔུང་ཡ།
སྤེན་ཚེའི་ཁ་སྣོན་རེད།
བློ་སེང་གི་འཛུམ་རོགས།
ཟླ་བ་བསྡད་ཀྱིན་བསྡད་ཀྱིན།
རྡ་ས་དང་ཁ་ཐག་ཇེ་རིང་རེད།
ཟླ་བས་རང་བཙན་གྱི་འབག་གྱོན་ཏེ།
རྡ་སའི་དབུ་ལམ་གྱི་ཁ་གཏད་རེད།
ཟླ་བ་ཚེ་རིང་འདི་སྔོན་ཆད་ཀྱི་གསོག་སྒར་བོད་དགེ་དེ་རེད། ངའི་དགེ་རྒན་རེད། དེང་སང་དོལ་ཚོགས་ཁོངས་སུ་ཞུགས་ནས་ལས་འགུལ་འདྲ་དང་མི་འདྲ་སྤེལ་བ། ཀླུ་བྱམས་ལ་རྒྱབ་སྐྱོར་ནས་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་བ། མཚན་སྨད་ཞུ་མཁན་ལ་ཡིག་ཆ་འདྲ་མིན་བཟོ་རོགས་བྱེད་པ་སོགས་འཇིགས་སུ་རུང་བའི་བྱ་འགུལ་སྤེལ་བཞིན་པ་སྙིང་རེ་རྗེ། ཕ་ཡུལ་ཨ་མདོ་མཚོ་སྔོན་ཆ་ཆ་ཟེར་ས་དེ་ནས་རེད་ཟེར་གདའ།
དྷ་སར་་་
ཟླ་བ་མེད་པས་དྷ་སར་ཡངས། །
ཚེ་རིང་མེད་པས་དྷ་སར་སྐྱིད། །
ཟླ་བ་ཚེ་རིང་དྷ་སར་མྱངས། །
ཟླ་བ་ཚེ་རིང་ད་མ་ངུ། །
དྷ་ས་མི་ཆུང་དྷ་ས་ཆེ། །
དྷ་ས་ལྷ་ས་གཉིས་པ་རེད། །
དྷ་སར་ཉི་མ་རྒྱུན་དུ་འཆར།།
ཉི་མ་༧གོང་ས་ཆེན་པོ་ཡོད།།
དྷ་སར་ནམ་ལངས་སྐར་ཆེན་ཤར།།
སྐར་ཆེན་མི་རྗེ་སྲིད་སྐྱོང་ཡོད།།
ཟླ་བ་དྷ་སར་མི་འཕྲོད་ན།།
ཚེ་རིང་པོ་མི་སྡོད་སྔ་ལྟས་རེད།།
རིམ་གྲོར་དོལ་རྒྱལ་འབྱུང་གཏོར་དང་།།
ཀླུ་མཁར་བྱམས་ལ་སྦྱིན་པ་ཐོངས།།
རྒྱ་ནག་ཕྱོགས་ལ་ཕྱག་གསུམ་ཚོལ།།
དེ་ནས་ཤི་ན་ལས་ཤི་རེད།།