(ཨེ་མ་ཧོས་བརྒྱུད་གཏོང་བྱས།)
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།
ཉེ་ཆར་ཁོ་བོས་བྲིས་པའི་རྒྱ་ཡིག་གི་དཔེ་ཆ་ཤེས་རབ་སྒྲོན་མེའི་འོད་སྣང་ཞེས་པ་དེའི་ནང་དུ་བན་བོན་གྱི་ཁྱད་པར་ཅུང་ཟད་ཅིག་སྨྲས་པ་ལ་གང་ཟག་འགའ་རེས་བོན་གྱི་ཆོས་ལ་སྐུར་བ་བཏབ་ཡོད་པར་འདུག་སྙམ་དུ་དོགས་པ་ཟ་བ་ཡོད་མཆི་བས་དེ་དག་གི་དོགས་སེལ་དུ་བརྗོད་པ། ཐོག་མར་ཤེས་རབ་སྒྲོན་མེའི་འོད་སྣང་གི་གཞུང་ཚིག་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ། དེ་ཉིད་ལས། དགེ་བསྙེན་མང་བོ་ཞིག་གི་བསམ་པ་ལ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་བསམ་གྱིན་འདུག དོན་དངོས་ལ་བོན་འདི་མ་གཞི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ནང་དུ་མི་གཏོགས། བོད་ཡུལ་གྱི་ཆོས་ལུགས་ཤིག་ཡིན།
འོ་ན་བོན་གྱི་ཆོས་བསླབ་རུང་ངམ་མི་རུང་ཞེ་ན། ཅིས་ཀྱང་རུང་སྟེ། མི་སོ་སོའི་ཁམས་དབང་དང་དད་པ་མི་འདྲ་བས་རང་གིས་བསླབ་པར་འདོད་ཕྱིན་ཆོས་ལུགས་གང་ལའང་བསླབ་ཏུ་རུང་། འདི་སངས་རྒྱས་ཀྱིས་ཀྱང་འགོག་པར་མི་མཛད་ན་ཁོ་བོ་ཅག་གིས་ལྟ་ཅི་སྨོས། འོན་ཀྱང་བོན་གྱི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་པར་བཟུང་ནས་བསླབས་ན་ནོར་བ་རེད། དཔེར་ན་རུའུ་ལུགས་དང་ཏའོ་ལུགས་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་བཞིན་དུ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མིན། བོན་གྱི་དགོན་པ་དག་གི་བླ་མ་དང་གྲྭ་བ་འགའ་རེས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ༼བོན་པོའི་བཀའ་ནའང་དེའི་རྫོགས་པ་ཆེན་པོ་ཡོད། མཆན༽སོགས་སངས་རྒྱས་པའི་ཆོས་སློབ་པར་མཛད་པ་དང་ཐུགས་ཉམས་སུ་བཞེས་པ་ཡོད་ཀྱང་དེ་ནི་གང་ཟག་སྒེར་གྱི་ཉམས་ལེན་ཡིན་གྱི། བོན་པོའི་ཆོས་ཀྱི་ངོ་བོའི་ཚབ་བྱེད་མི་ཐུབ། འདིའི་དབྱེ་བ་ལེགས་པར་འབྱེད་དགོས་སོ། །
བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབ་ཀྱང་ཆོག་ཟེར། དོན་ལ་བོན་པོའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ནི། དེ་ཉིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་དེ་རེད། གལ་ཏེ་བོན་པོའང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་པ་ཡིན་ལ། མི་འགྲོ་ན་ནི་མ་ཡིན་ཏེ། དེ་ལྟར་ཡིན་མིན་གྱི་དབྱེ་བ་འབྱེད་བྱེད་ཀྱི་ཚད་དེ་ཤེས་ན་གནད་དོན་ཤིན་ཏུ་སླ་མོ་ཡིན་ནོ། །
སྔོན་གྱི་ལོ་རྒྱུས་ལ་གཞི་བྱས་ན། རྒྱ་ཡུལ་དུ་ཏའོ་ལུགས་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་བོད་ཡུལ་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་བོད་དུ་བྱོན་པའི་རྗེས་སུ་དེའི་ནང་ནས་ཁག་གཅིག་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་སྐྱབས་སུ་སོང་། ཁག་གཅིག་གིས་སྔར་གྱི་དད་པའི་རྒྱུན་བསྐྱངས་པར་མཛད་དེ། འདི་ད་ལྟའི་གཡུང་དྲུང་བོན་པོའི་ཆོས་ཀྱི་འབྱུང་ཁུངས་ཡིན་ནོ། །
བོན་པོའི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་དེ་ལྟ་ན་འདི་ལ་ཐར་བ་ཡོད་དམ་ཞེ་ན། ཁོང་ཅག་གི་རང་གཞུང་ན་གསུངས་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་བ་ནི་མེད་དེ། རྒྱུ་གང་ལ་བསླང་པ་དེ་ལ་དེའི་འབྲས་བུ་འབྱུང་དགོས་ཀྱི། རྒྱུ་གཞན་ལ་བསླབས་ནས་འབྲས་བུ་གཞན་འབྱུང་བ་རྒྱུ་འབྲས་འཛོལ་བ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་བོན་གྱི་བླ་མ་སྔོན་བྱོན་དག་གིས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཐུགས་ཉམས་སུ་བཞེས་ནས་རྟོགས་པ་རྒྱུད་ལ་འཁྲུངས་ཏེ། དེའི་ཉམས་སུ་ལེན་ཐབས་ཀྱི་ཆོས་དར་སྤེལ་མཛད་པ་ཡིན་ན་ནི། དེའི་རྟོགས་པ་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་བྱུང་བ་ཡིན་པས་ཆོས་དེ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཡོད་དུ་རུང་ངོ་། །ཞེས་སྨྲས་སོ། །
དེ་ལ་འདིར་ཐོག་མར་ངེས་པར་གོ་དགོས་པ་ནི་སྔོན་གྱི་ཤེས་རབ་སྒྲོན་མའི་འོད་སྣང་གི་དེབ་རྣམས་ཀྱི་གོང་གི་གཞུང་ཚིག་ནང་ན་སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་ཏེ། ཁོ་བོའི་ཞེ་འདོད་འདི་ཉིད་ཡིན། དེ་ཡིན་པར་གོང་དུ་སངས་རྒྱས་པའི་ཆོས་བོད་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག་ཅེས་པ་འདིས་ཀྱང་བདེ་བླག་ཏུ་གོ་ཐུབ་བོ།
སྔར་གྱི་རྒྱ་ཡིག་གི་མ་དཔེ་ན། ༼苯 教本身不属于佛教༽ ཞེས་པ་ལྟ་བུའི་ཚིག་རྣམས་ཀྱི་ནང་གི་༼ 佛 教༽ཞེས་པ་དག་ཀྱང་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན། རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་རྒྱུན་མཐོང་ཚིག་མཛོད་༼陈 义孝 《佛学常见辞汇》༽ཅེས་པ་ལས། ༼佛教༽ཞེས་པ་འགྲེལ་བ་ན།འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ། སངས་རྒྱས་ཤྭཀྱ་ཐུབ་པ་ཆོས་གཙོ་རུ་འཛིན་ཅིང་། བྱམས་སྙིང་རྗེ་དང་འདྲ་མཉམ་དགོས་པར་འདོད་ཅིང་། ཧན་རྗེས་མའི་མིང་ཏིའི་སྐབས་སུ་ནུབ་ཕྱོགས་ནས་ཀྲུང་གོར་བྱུང་ཞིང་། ད་ལྟ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དར་བའོ་ཞེས་སྨྲས་པ་བཞིན་ནོ། ༼世界三大宗教之一,以萨迦牟尼佛教为教主,主张慈悲平等,在后汉明帝时,由西域传入中国,今盛行于世界各地༽གཞུང་ཚིག་འདི་རྣམས་ཀྱི་བརྗོད་བྱ་གཙོ་བོ་མདོར་བསྡུས་ན་བོན་གྱི་ཆོས་འདི་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་མ་ཡིན་ཞེས་པ་དང་། སམས་རྒྱས་ཤྭཀྱ་ཐུབ་པའི་རྗེས་འཇུག་ཡིན་མིན་གྱི་ཁྱད་པར་ནི་གཙོ་བོ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་གྱི་སྒོ་ནས་འབྱེད་དགོས་ཞེས་པ་དང་། བོན་ལ་རང་གཞུང་ནས་བཤད་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་ཅེས་པ་འདི་གསུམ་ཡིན་ནོ།།
དེ་ལས་དང་བོ་བོན་གྱི་ཆོས་ནི་རྒྱལ་བ་གཤེན་རབ་ཀྱིས་ཆེས་སྔ་མོའི་དུས་ནས་གསུངས་པ་ཡིན་པར་བཤད་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ནི་ཕྱིས་སུ་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པ་ཡིན་པས་དེ་གཉིས་ཐ་དད་ཡིན་པར་ཡོངས་སུ་གྲགས་པ་དེར་ཟད་ལ། གཉིས་པ་སྟོན་པ་དེའི་རྗེས་འཇུག་ཡིན་མིན་ནི་དེ་ལ་སྐྱབས་སུ་འགྲོ་མི་འགྲོའི་སྒོ་ནས་འབྱེད་དགོས་ཞེས་བན་བོན་གཉིས་ཀས་ཁས་ལེན་པ་དང་། གསུམ་པ་ཆོས་ལུགས་གང་ཡིན་ཡང་རུང་དེའི་གཞུང་ལས་གསུངས་པའི་ཐར་བ་འཐོབ་མི་འཐོབ་ཀྱང་དེ་ལ་སྐྱབས་སུ་འགྲོ་མི་འགྲོ་ལ་རག་ལས་པ་ཡིན་ཏེ། སྐྱབས་སུ་འགྲོ་བའི་དོན་ནི་ཆོས་དེའི་གཙོ་བོ་ལ་སྟོན་པ་དང་ཆོས་དེ་ཉིད་ལ་ལམ་དང་ཆོས་དེ་ཉམས་སུ་ལེན་པའི་དགེ་འདུན་ལ་གྲོགས་སུ་འཛིན་པ་ཡིན་ལ། དེ་གསུམ་པོ་ལ་དེ་ལྟར་དུ་མི་འཛིན་ན་ཆོས་དེ་ཉམས་སུ་ལེན་པར་མི་འདོད་པ་ཡིན་ཅིང་། ཆོས་དེ་ཉམས་སུ་མ་བླངས་ན་དེའི་འབྲས་བུའང་འཐོབ་རྒྱུ་མེད་པར་བླང་དགོས་ཏེ། འདི་དག་ནི་བོད་གངས་ཅན་གྱི་བན་བོན་གྱི་མཁས་པ་རྣམས་ལ་སྔར་ནས་རླུང་ལྟར་དུ་གྲགས་པའི་གཏམ་དེ་དག་ཡིན་གྱི་གསར་དུ་སྨྲས་པ་ཅི་ཡང་མེད་དོ། །
དེ་ལས་གཞན་དུ་གཞུང་ཞིག་འདི་རྣམས་ཀྱི་ནང་ན་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་དང་། བོད་གངས་ཅན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་མ་ཡིན་པའི་ནང་བ་སངས་རྒྱས་པའི་ཆོས་ཤིག་ཡོད་མེད་དང་། རྒྱལ་བ་གཤེན་རབ་དང་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་སངས་རྒྱས་གཅིག་གི་སྤྲུལ་བ་ཡིན་མིན་དང་། རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་། བོན་གྱི་ཆོས་ལུགས་མུ་སྟེགས་པའི་ལུགས་ཡིན་མིན་དང་། བོན་གྱི་རང་ལུགས་ལ་རྫོགས་པ་ཆེན་པོ་ཡོད་མེད་དང་། བན་བོན་གཉིས་ཀྱི་ཆོས་ལ་འདྲ་མཚུངས་ཡོད་མེད་སོགས་ལ་བརྟག་དཔྱད་དང་དགག་སྒྲུབ་དང་ཁ་ཚོན་བཅད་པ་གང་ཡང་མེད་ཅིང་། བོན་གྱི་ལྟ་བ་དང་བསྒོམ་པ་དང་། སྤྱོད་པ་སྐྱོན་ཅན་ཡིན་པ་དང་། རང་གཞུང་ནས་བཤད་པའི་འབྲས་བུ་འཐོབ་རྒྱུ་མེད་ཅེས་བརྗོད་པ་ནི་དེ་བས་ཀྱང་མེད་པ་མངོན་སུམ་དུ་བལྟར་ཡོད་པ་འདི་ག་ལགས་པས་མཁས་པ་རྣམས་ཀྱིས་གཟུ་བོའི་སྒོ་ནས་གོ་བ་ལེན་པ་དང་། མི་ཤེས་པ་རྣམས་ཀྱིས་ཀྱང་དམིགས་ཡུལ་སྣ་ཚོགས་པ་ཅན་གྱི་མི་དག་གི་གཏམ་ལ་མི་ཉན་པར་མཁས་པ་གཟུ་བོར་གནས་པ་རྣམས་ལ་བཀའ་འདྲི་ཞིབ་མོ་རེ་ཞུ་དགོས་པར་སྣང་ངོ་། །
དེས་ན་དོན་ལ་རྟོན་ཅིང་ཆགས་སྡང་མི་བྱ་བ་འདི་ཤིན་ཏུ་གལ་ཆེ་སྟེ། བན་བོན་གྱི་རྩོད་པ་དང་བན་དེའི་གྲུབ་མཐའ་སོ་སོའི་བར་གྱི་རྩོད་པ་འདིས་སྔོན་གྱི་དུས་སུ་ཕུང་ཁྲོལ་གྱི་བྱ་བ་མང་དུ་བྱས་པས་ད་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས་ཕྱོགས་སོ་སོ་ནས་གཟབ་པར་བྱ་དགོས་པ་ཡིན། ཁོ་བོ་ལ་མཚོན་ན་བོན་གྱི་ཆོས་དང་གང་ཟག་ལ་སྡང་ཞུགས་བྱས་པ་ཞིག་ནམ་ཡང་དྲན་རྒྱུ་མི་འདུག་གོ །
ཁྱད་པར་དུ་ད་ལྟ་རང་རེ་རྣམས་མཐུན་བསྒྲིལ་བྱ་དགོས་པའི་དུས་ཡིན་གྱི། ཁ་བྲལ་བྱ་བའི་དུས་མ་ཡིན་པས་བན་བོན་མཐུན་བསྒྲིལ་རྡོག་རྩ་གཅིག་དྲིལ་གྱིས་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་དང་འདི་དང་ཕྱི་མའི་ཕན་བདེ་བསྒྲུབ་པ་ལ་འབད་བརྩོན་བྱ་བ་འདི་ལས་གལ་ཆེ་བ་ཅི་ཡང་མི་འདུག་པས་མཐུན་བསྒྲིལ་གཞི་རྩར་འཛིན་པ་ལས་གྲུབ་མཐའི་ཚིག་གི་བརྗོད་ཚུལ་ཕྲན་བུ་རེ་ལ་བརྟེན་ནས་ཆགས་སྡང་སྣ་ཚོགས་པ་མི་སྤེལ་བར་སྙིང་ནས་ཞུའོ།།
༄༅། བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་ནས་བོད་ཀྱི་བོན་པོའི་ཆོས་དེ་སངས་རྒྱས་ཤྭཀྱྭ་ཐུབ་པའི་
ཆོས་དང་གཅིག་མཚུངས་ཡིན་མིན་སྐོར་ལ་གང་ལེགས་བྲིས་གནང་འདུག་པ་ཐུས་རྗེ་ཆེ།
རྩ་བའི་བོན་པོའི་ཆོས་ལུགས་ལ་།
༧སྐྱབས་འགྲོ་ཡང་འདུག་ འབྱུང་བ་བཞི་མིན་པ་ལྔ་འདོད་ཚུལ་
བཤད་ཀྱི་འདུག་
༄༅། མི་བཟོད་འཁོར་བའི་སྡུག་བསྔལ་བྲལ་ཐབས་ནི་མི་འདུག།
ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་ཀྱི་སྤུན་རྣམས།།
ཕྱི་ནང་གསང་བའི་དགེ་སྡིག་ཇི་རྙེད་ད་གཅིག་ཡོད་གཤིས།།
འདི་ཕྱི་བར་དོར་སྐྱིད་པའི་དགོངས་པ་ཞིག་བཞེས་རན།།
རྩོད་པ་དེའི་ཕྱོགས་ཆོས་མ་གྲུབ་པ་དང་ཡང་ན་མཐུན་དཔེ་མ་གྲུབ་པ་གང་ལྟར་ཡང་དགོས་མེད་ཀྱི་རྩོད་པ་ཞིག་རེད། ཕྱོགས་གཉིས་ཀ་ང་རྒྱལ་གྱིས་བསླུས་པ་རེད། ཚུལ་ཁྲིམས་བློ་གྲོས་ཟེར་བ་ཡང་སྣང་བ་གང་ཤར་བཤད་མཁན་དང་འབྲི་མཁན་ཞིག་རེད། འབྲི་མི་ཤེས་ན་མ་བྲིས་ན་འགྲིག་གི་རེད། སྔོན་བྱོན་མཁས་པའི་བྲིས་ཡོད་རེད། དེ་དག་ལ་སློབ་སྤྱོང་དང་ཉམས་ལེན་གནང་ཐུབ་ན་ཡག་པོ་རེད། མཁས་པ་དེ་དག་གི་ལྷག་འབྲི་ཡ་ག་རེ་ཡོད་དམ། སྦྱངས་པ་དང་ཤེས་རབ་གོང་འཕེལ་གྱི་ཆེད་དུ་ཡིན་ན་ཡང་མ་གཟབ་ན་གཞན་གྱིས་རྒོལ་བ་སྨོས་མེད་རེད། རང་གིས་རང་གི་ཚིག་ལ་ཞིབ་ཆ་དང་རང་རང་གིས་རང་གི་ཚིག་ལ་ལུང་དོན་འཇོག་དགོས་ན་ངོ་ཚ་རེད། རྩོམ་འབྲི་མཁན་དང་ཡང་ན་དཔྱད་རྩོམ་འབྲི་མཁན། ལོ་རྒྱུས་དང་ཆོས་འབྱུང་སོགས་འབྲི་མ།ཁན་གང་ཡིན་རུང་ག་དུས་ཡིན་ནའང་རང་གི་ཁ་གཏད་ཏུ་ལྟ་བ་མི་མཐུན་པ་ཞིག་ཡོད་པ་ཤེས་དགོས་པ་གལ་ཆེན་པོ་རེད་སྙམ།
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལ་དྲི་བ། ངས་བོན་པོའི་གཞུང་མང་པོ་ཞིག་བཀླགས་པ་ཡིན། གཞུང་དེ་དག་གིས་བཤད་ཚུལ་དམ་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་དང་ངོ་བོ་དབྱེར་མེད་ལྟ་བུ་མཐོང་སོང་། ཡིན་ཀྱང་མཆོག་གིས་གསུངས་པ་ལྟར་ན་བོན་པོའི་ཆོས་ཀྱིས་ཐར་བ་དང་དམ་ཆོས་ཀྱི་ཐར་བ་གཉིས་མི་འདྲ་བ་ལྟ་བུ་གསུངས་འདུག གལ་ཏེ་བོན་ཆོས་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་གཅིག་པ་ཡིན་ན། ཐར་བའང་གཅིག་པ་ཡིན་དགོས་པ་ལས་གཉིས་སུ་མ་མཆིས། ཐར་བ་ཞེ་བ་དེ་ཉོན་མོངས་བཅིངས་གྲོལ་ལ་གོ་དགོས་པ་ལས་བོན་དང་ཆོས་གང་ལ་སྐྱབས་སུ་སོང་ན་རང་རང་སོ་སོའི་ལུགས་ཀྱི་ཐར་བ་ཞིག་ཡོད་ཟེར་ན་ཤིན་ཏུ་ནས་མི་ཐད་དོ། དེས་ན་མཁན་པོ་མཆོག་ནས་བོན་ཆོས་ཀྱི་ལྟ་སྒོམ་གཏན་ནས་མི་འདྲ་གསུང་གི་ཡོད་དམ། འདི་ནི་དྲི་བ་ཡིན། །
་་་་་་་་ ཁྱད་པར་དུ་ད་ལྟ་རང་རེ་རྣམས་མཐུན་བསྒྲིལ་བྱ་དགོས་པའི་དུས་ཡིན་གྱི། ཁ་བྲལ་བྱ་བའི་དུས་མ་ཡིན་པས་བན་བོན་མཐུན་བསྒྲིལ་རྡོག་རྩ་གཅིག་དྲིལ་གྱིས་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་དང་འདི་དང་ཕྱི་མའི་ཕན་བདེ་བསྒྲུབ་པ་ལ་འབད་བརྩོན་བྱ་བ་འདི་ལས་གལ་ཆེ་བ་ཅི་ཡང་མི་འདུག་་་་་་་
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱ་ཐོག་བརྩམས་པའི་«ཤེས་རབ་སྒྲོན་མེ» ཞེས་པའི་དཔེ་དེབ་དེའི་བརྗོད་བྱ་གཙོ་བོ་ག་རེ་ཡིན་ནམ། ཤེས་མཁན་ཡོད་ན་གསུང་རོགས་ཞུ།
མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་སྒམ་ཞིང་དཀྱེལ་ཡང་ཡིན་ཁུལ་གྱིས་གསལ་བཤད་ཅིག་གནང་འདུག་ཀྱང་གང་ལྟར་ཡང་ཁོང་གིས་ཡིག་ངག་གང་རུང་གི་ཐོག་ནས་རྒྱ་ནག་གི་ཡུལ་གྲུ་ཁག་ལ་བོན་པོར་ལྟ་སྟངས་ངན་པ་ཆགས་ཡོད་སྨྲོས་མེད། འོན་ཀྱང་འདས་ཟིན་པའི་བྱ་བ་ལ་ནོར་འཛོལ་འགྲོ་སྲིད་ཀྱང་ནོངས་འཇོད་ཡོད་ན་ཡི་རང་ཞུ།
རང་བྱུང་རིག་པའི་རྡོ་རྗེ་ལགས་ཀྱི་དྲིས་ལན་ལ་ཉན་འདོད་ཡོད།
ཨ་ཁ། དགེ་འདུན་རྒྱ་མཚོ་ཞེས་མིང་ཐོབ་མཁན་མི་དེ་ལ་མིང་དེ་འདྲ་བཏགས་པ་དེ་དངོས་གནས་ཕངས་པོ་རེད། མི་ངན་དེ་འདྲ་ཞིག་ལ་མིང་བཟང་པོ་དེ་འདྲ། ཨ་ཁ། མི་ཕྲག་དོག་དང་ང་རྒྱལ། སེམས་ནང་མ་རུང་བ་ཤ་སྟག་འཁོར་ནས་ཡོད་པ་ཞིག་རེད། མི་འདི་དང་འདི་འདྲ་བ་དྲྭ་ཐོག་ཏུ་མཐོང་སྐབས་བོད་རྒྱལ་ཁབ་དེ་རྒྱ་ལག་ཏུ་ཤོར་བ་གྱོང་མི་འདུག་སྙམ། རང་གི་མི་རིགས་ནས་མཁས་པ། འཇོན་པོ། ཕྱུག་པོ། སྙན་གྲགས་ཆེ་བ་སོགས་ག་འདྲ་ཞིག་མཐོང་ཐོས་བྱུང་མ་ཐག་ཡིག་གེ་བྲིས་ཤེས་ཟེར་ནས་གང་བྱུང་བྲིས་ཡོང་བ་ནི་འབྱུང་པོ་རང་རེད། རང་གིས་མི་ཐུབ་ནའང་རང་དང་རིགས་གཅིག་པའི་མི་ཞིག་བྱུང་ན་དེ་དགའ་བ་སྒོམ་དགོས་པ་ལས་དེ་སྡུག་རིགས་ངན་ཚད་བྲིས་ན་ག་རེ་ཕན་གྱི་རེད། སྙིང་བརྗེ་ཨང་། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེད་པར་རྣམས་སྐྱེ་འགྱུར་ཅིག ཞེས་སྨོན་ལམ་ཞུ་རྒྱུ་ཡིན།
༼མི་ཤེས་པ་རྣམས་ཀྱིས་ཀྱང་དམིགས་ཡུལ་སྣ་ཚོགས་པ་ཅན་གྱི་མི་དག་གི་གཏམ་ལ་མི་ཉན་པར་མཁས་པ་གཟུ་བོར་གནས་པ་རྣམས་ལ་བཀའ་འདྲི་ཞིབ་མོ་རེ་ཞུ་དགོས་པར་སྣང་ངོ་། །
དེས་ན་དོན་ལ་རྟོན་ཅིང་ཆགས་སྡང་མི་བྱ་བ་འདི་ཤིན་ཏུ་གལ་ཆེ་སྟེ། བན་བོན་གྱི་རྩོད་པ་དང་བན་དེའི་གྲུབ་མཐའ་སོ་སོའི་བར་གྱི་རྩོད་པ་འདིས་སྔོན་གྱི་དུས་སུ་ཕུང་ཁྲོལ་གྱི་བྱ་བ་མང་དུ་བྱས་པས་ད་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས་ཕྱོགས་སོ་སོ་ནས་གཟབ་པར་བྱ་དགོས་པ་ཡིན།༽ ཞེས་པའི་ཚིག་དོན་ཉུང་ངུ་འདི་གཅིག་གིས་ཀྱང་མ་རྟོགས་ལོག་རྟོགས་ཕྱེད་ཙམ་རྟོགས་པའི་སྐྱོན་དང་དོགས་པ་སེལ་བར་འདུག་སྟེ། ཡིན་ཀྱང་ཕྲག་དོག་གིས་སྨྱོས་ཟིན་པའི་གང་ཟག་ཚོས་རྟོགས་ག་ལ་ཐུབ། ཟུར་གནས་བློ་དང་བྲལ་ཞིང་ཕྲག་དོག་གདོན་གྱིས་ཟིན་པའི་བློ་ཡིན་པས་སོ།
འདི་འདྲ་བྲིས་ན་བོན་པོ་ཚོར་ཕོག་ཐུག་འགྲོ་ངེས་རེད། གལ་ཏེ་བོན་པོའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ནང་ཆོས་དང་གཅིག་པ་ཡིན་ཚེ་མཁན་པོ་མཆོག་གིས་དེ་ལྟར་གསུངས་པ་ནོར་འདུག། གང་ཡིན་ཞེ་ན་ལྟ་སྒོམ་སྤྱོད་གསུམ་གཅིག་ན་ཐར་བའང་གཅིག་པ་ཡིན་དགོས་པས་སོ། གལ་ཏེ་བོན་པོ་དང་ནང་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་གཅིག་པ་མིན་ན་བོན་པོ་ཚོར་ཁ་ཡག་ངོ་དགའ་ཡང་བཤད་དགོས་དོན་མིན་འདུག སྟོན་པ་མ་འདྲ་བ་ཙམ་གྱིས་ཐར་བའང་མི་འདྲ་ཟེར་ན་ཤིན་ཏུ་ནས་མི་འོས་སོ། འོད་སྲུང་དང་སྟོན་པ་ཤཀྱཱ་ཐུབ་པ་ལྟ་བུའོ། གནད་འགག་དེ་བོན་ཆོས་ཀྱི་ལྟ་སྒ྄ོམ་སྤྱོད་གསུམ་གཅིག་པ་ཡིན་མིན་དེ་རེད། དེ་ཙམ་ཡིན། །
༼འདི་འདྲ་བྲིས་ན་བོན་པོ་ཚོར་ཕོག་ཐུག་འགྲོ་ངེས་རེད། གལ་ཏེ་བོན་པོའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ནང་ཆོས་དང་གཅིག་པ་ཡིན་ཚེ་མཁན་པོ་མཆོག་གིས་དེ་ལྟར་གསུངས་པ་ནོར་འདུག། གང་ཡིན་ཞེ་ན་ལྟ་སྒོམ་སྤྱོད་གསུམ་གཅིག་ན་ཐར་བའང་གཅིག་པ་ཡིན་དགོས་པས་སོ།༽ཞེས་པ་འདི་ལ་ལན་གོང་དུ་གསུངས་ཟིན་འདུག་། དེ་ནི་༼གསུམ་པ་ཆོས་ལུགས་གང་ཡིན་ཡང་རུང་དེའི་གཞུང་ལས་གསུངས་པའི་ཐར་བ་འཐོབ་མི་འཐོབ་ཀྱང་དེ་ལ་སྐྱབས་སུ་འགྲོ་མི་འགྲོ་ལ་རག་ལས་པ་ཡིན་ཏེ། སྐྱབས་སུ་འགྲོ་བའི་དོན་ནི་ཆོས་དེའི་གཙོ་བོ་ལ་སྟོན་པ་དང་ཆོས་དེ་ཉིད་ལ་ལམ་དང་ཆོས་དེ་ཉམས་སུ་ལེན་པའི་དགེ་འདུན་ལ་གྲོགས་སུ་འཛིན་པ་ཡིན་ལ། དེ་གསུམ་པོ་ལ་དེ་ལྟར་དུ་མི་འཛིན་ན་ཆོས་དེ་ཉམས་སུ་ལེན་པར་མི་འདོད་པ་ཡིན་ཅིང་། ཆོས་དེ་ཉམས་སུ་མ་བླངས་ན་དེའི་འབྲས་བུའང་འཐོབ་རྒྱུ་མེད་པར་བླང་དགོས་ཏེ། འདི་དག་ནི་བོད་གངས་ཅན་གྱི་བན་བོན་གྱི་མཁས་པ་རྣམས་ལ་སྔར་ནས་རླུང་ལྟར་དུ་གྲགས་པའི་གཏམ་དེ་དག་ཡིན་གྱི་གསར་དུ་སྨྲས་པ་ཅི་ཡང་མེད་དོ། །༽ཅེས་པའི་ཚིག་ལྷུགས་དེས་གསལ་བར་བསྟན་འདུག་། དེས་ན་རྒྱུ་མེད་ཀྱི་འབྲས་བུ་ཁས་བླངས་མཁན་ཞིག་ཡིན་ན་མ་གཏོགས་ཕོག་དུག་གི་སྐད་ཆ་གང་ཡང་མིན་འདུག་སྙམ།
བོན་དང་ནང་ཆོས་དབྱེ་བ་འདི་རེད།
ཤཀྱ་ཐུབ་པས་གསུངས་པའི་ཆོས་དེ་ལ་ནང་ཆོས་ཟེར།
སྟོན་པ་གཤེན་གྱིས་གསུངས་པའི་ཆོས་དེ་ལ་བོན་ཆོས་ཟེར།
བོན་དང་ནང་ཆོས་གཅིག་ཟེར་བ་ནི། ཡེ་ཤུ་དང་ཁ་ཆེ་གཅིག་ཟེར་བ་ལྟ་བུ་རེད།
སྟོན་པ་ཐ་དད་པར་ཆོས་གཅིག་ཡིན་ཟེར་ན་ད་ཅི་ཡང་གཅིག་པ་ཡིན་སྲིད། ནང་པ་དང་ཁ་ཆེ་གཅིག་པ་ཡིན་སྲིད། རྒྱུ་མཚན་ནི་གཉིས་ཀས་ཐར་པ་འདོད་པའི་ཕྱིར།
བོན་པོ་ཆོས་ཀྱི་རྙིང་མ་རེད་།
འུར་རྡོ་མཚོན་གྱི་ཐོག་མ་རེད་།
འཇིག་རྟེན་ཡོངས་རྫོགས་འབྱུང་བའི་འོག་ཏུ་འཚོ་།
འབྱུང་རླུང་ཐམས་བཅས་འདོད་པའི་རྒྱུ་ལས་འཚོ་།
ལྟ་བ་རྟེན་འབྱུང་རྒྱུ་དང་རྐྱེན་ལས་བྱུང་།
གང་ཡང་བཟུང་འཛིན་མེད་པ་སྟོང་པ་ཉིད་།
འཇིག་རྟེན་མི་གི་འཇིག་རྟེན་ཆགས་ཚུལ་དང་།
འཇིག་རྟེན་མི་གི་འཇིག་རྟེན་མགོ་སྐོར་སོགས་།
འཇིག་རུང་འཁོར་བའི་ཉེས་མིག་ག་ལ་བསམ་།
འཇིག་རྟེན་འདི་ནི་རྒྱུ་མའི་ཕུང་པོ་འདྲ་།
སྟོང་ཉིད་མ་རྟོགས་འཇིག་རྟེན་འཁོར་བར་འཁྱམས་།
སྟོང་ཉིད་མ་རྟོགས་རང་འཛིན་བདེན་པར་རྟོགས་།
སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ་།
སྟོང་ཉིད་ངོ་བོ་ངས་ནི་མཇལ་མ་མྱོངས་།
སྔ་འགྱུར་མཁན་མིང་བ་ཚུལ་བློ་ལ་སྤྲེངས།
ཁྱོད་ཀྱིས་སྦྱང་བྱའི་ཐེག་དཐུའི་བང་མཛོད་ཆེ།།
ཁྱད་པར་བླ་མེད་རྫོགས་པ་ཆེན་པོའི་དོན།།
ངེས་དོན་ཀོ་ཏ་པ་ཡིས་གསུང་ཡིན་པར།།
སྒྲུབ་བྱེད་ཅི་ཡང་མེད་པར་ཀྱེ་མ་ཧུད།།
ད་དུང་ཁྱོད་ཀྱིས་འུ་ཚུག་བྱེད་འདོད་ན།།
དང་པོ་གསུང་བའི་དུས་འཁོར་གནས་ལ་སོགས།།
ལུང་རིག་ཚད་མའི་བྲེ་སྲང་མ་འཇལ་བར།།
སྤོམ་བཤད་ཙམ་ལ་སུ་ཡིས་ཡིད་རྟོན་བྱེད།།
བཅོམ་ལྡན་ཤཀྱ་མུ་ནེའི་བཀའ་ལུང་ཁྲོད།།
ཐེག་དགུའི་རྣམ་བཞག་གལ་སྲིད་ཡོད་གྱུར་ན།།
དེ་ལ་ཉམས་ལེན་གནང་བའི་སྐྱེ་བུ་གཅིག།
ཐུབ་པའི་འཁོར་ལ་དབེན་པར་ཅི་ཡིས་ལེན།།
སངས་རྒྱས་པ་ལ་ཐེག་བཞིའི་རྣམ་བཞག་ལས།།
ལྔ་བ་མེད་པར་ཐུབ་པས་གསུང་བ་བཞིན།།
གཙུག་ལགས་ནཱ་ལེན་དྲྭ་ཡི་མཁས་དགུའི་ཁྲོད།།
རྫོགས་ཆེན་རྣམ་བཞག་ནམ་མཁའི་མེ་ཏོག་འདྲ།།
ཐུབ་པའི་ཐེག་ཆེན་ཆོས་ཀྱི་རྔ་བོ་ཆེ།།
འབྲུག་ལྟར་སྒྲོག་མཁས་ཀླུ་སྒྲུབ་ཡབ་སྲས་ཀྱིས།།
རྫོགས་ཆེན་ལྟ་བའི་སྣོད་དུ་མ་རུང་ངམ།།
དབུ་མའི་ལྟ་ལས་ཁྱད་པར་འཕགས་མ་ནུས།།
སྤྲོས་བྲལ་དབུ་མའི་ལྟ་དོན་མཐར་ཐུག་པ།།
མེད་དགག་རྣམ་པར་བཅད་པའི་སྟོང་ཉིད་ལས།།
ངོ་བོའི་ཁྱད་པར་རྡུལ་ཙམ་མེད་པ་ལ།།
ཞལ་ནས་རྫོགས་ཆེན་སྨྲ་བར་ཨ་ཙ་མ།།
མདོར་ན་བླ་མེད་རྫོགས་ཆེན་ཟབ་མོའི་དོན།།
བཅོམ་ལྡན་ཐུབ་པའི་དབང་པོའི་གསུང་ཡིན་ན།།
དང་པོ་བརྟེན་པའི་འཁོར་ལ་ཅི་ལྟར་གསུང་།།
བར་དུ་གསུང་སའི་གནས་མཆོག་གང་ན་མཆིས།།
མཐའ་མར་གསུང་བའི་དུས་ནི་ནམ་གྱི་ཚེ།།
རྒྱུད་འཛིན་སྐྱེས་བུའི་གོ་རིམ་ཇི་ལྟར་ལགས།།
ཐུབ་པའི་མཛད་ཆེན་གང་གི་ཁོངས་སུ་གཏོགས།།
དྲིས་ལན་གསོང་པོར་བརྗོད་དང་ཨ་མའི་བུ།།
དེ་མིན་རྒྱུ་མཚན་ཅི་ཡང་མེད་པ་ལ།།
དགའ་རབ་རྡོ་རྗེས་ས་དྷུ་པད་འབྱུང་སོགས།།
སྤོམ་བཤད་ཙམ་ཀྱིས་ཨུ་ཚུགས་རྒྱག་འདོད་ན།།
ཡང་སྐྱར་ཁྱོད་ལ་དོག་པའི་གནད་ཅིག་འདྲི།།
དགའ་རབ་དག་སྣང་ཞིང་གི་ལྷ་ཡིན་ནམ།།
ཚུར་མཐོང་སྐྱེས་བོའི་ཡུལ་གྱི་མྱི་ཞིག་ཡིན།།
དང་པོ་ལྟར་ན་དག་སྣང་སྒོམ་ཤིག་ལོ།།
ཕྱི་མར་འདོད་ན་རིགས་རྒྱུད་སུ་ལ་ཐུག།
དུས་རབས་བརྒྱད་པའི་ལོ་རབས་བཞི་བཅུའི་གོང་།།
རྒྱ་གར་ས་དྷུ་བོནད་དུ་སླེབ་པ་དང་།།
བོན་ཆོས་གྲུབ་མཐའི་འགལ་རྩོད་དྲག་ཏུ་མཆེད།།
བོད་ཡུལ་འཕོང་བའི་གཞི་རྐང་དེ་ནས་བཙུག།
དུས་དང་བསྐལ་པ་དེ་ཡི་ནང་ཤེད་ན།།
མཉམ་མེད་ཐུབ་པའི་བསྟན་ལ་མ་གྲགས་ཤིང་།།
གཤེན་རབ་སྟོན་པའི་བསྟན་ལ་མི་གུས་པའི།།
ཕ་མེད་བུ་ཞིག་བཙས་པ་ངོ་མཚར་ཆེ།།
བདུད་རྩི་ལྟ་བུའི་ཐེག་དགུའི་བང་མཛོད་ཆེ།།
ཐུབ་བསྟན་ཡིན་པར་ལུང་རིགས་ཟུང་གིས་གནོད།།
གཤེན་བསྟན་ཡིན་པར་ཞལ་བཞེས་མི་གནང་ན།།
བར་མ་དོ་ཡི་ཆོས་ཤིག་ཨ་ཀ་ལོ།།
མདོ་སྨད་ཡུལ་གྱི་རྙིང་རྒན་ཚུལ་བློ་དང་།།
རྣམ་གྲོལ་གླིང་གི་བླུན་རྒན་མཁྱེན་བརྩེ་ནོར།།
བོད་མའི་ཞབས་འདྲེན་ཕ་རྒན་ཨུ་སྟོབས་རྒྱལ།།
ཐུབ་བསྟན་དབང་ཕྱུག་ལ་སོགས་འགོང་པོའི་ཚོགས།།
དྲིས་ལན་གསོང་པོར་གནོང་ཤོག་རེ་ཞིང་སྒུག།
ད་དུང་ཁྱེད་ཀྱི་བླ་མས་རྗེས་གནང་བའི།།
ལེགས་པའི་བསླབ་བྱ་འདི་ལ་ཚར་གཅིག་གསོན།།
མདོར་ན་༼བོན་དང་ཆོས་གཉིས་བོན་སྔ་བའི།།
ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག་༽ཞེས་སོ།།
༼ཆོས་པས་བོན་གཤེ་དམ་ཚིག་ཉམས་༽པ་དང་།།
༼རྐྱེན་དེས་རང་བསྟན་རང་གིས་བཤིགས་༽པ་སོགས།།
བདུད་རྩི་ལྟ་བུའི་བསླབ་བྱ་འདི་དག་ལ།།
ཉམས་ལེན་ཨེན་ཙམ་གནོངས་ཤིག་ཨ་མའི་བུ།།
སྲོང་བཙན་སྒམ་པོས་ཞལ་གསུང་བདུད་རྩིའི་ཐིགས།།
བཀའ་ཆེམ་ཀ་ཁོལ་ལུང་གི་སྙིང་པོ་ལས།།
ཐུབ་པའི་བསྟན་པ་གླིང་འདིར་མ་ཤར་གོང་།།
སྤྱན་རེའི་གཟིགས་ཀྱི་རྣམ་སྤྲུལ་གཤེན་རབ་རྗེ།།
གདུལ་བྱའི་མགོན་དུ་ཕེབས་པར་གཟིགས་རྟོགས་མཛོད།།
གཤེན་བསྟན་མེ་རོ་མཐའ་ནས་དར་བའི་སྐབས།།
གཟུར་གནས་མཁས་པས་གཙུག་ཏུ་བཀུར་བ་ལ།།
བླུན་པོ་སྙིང་ཁམས་ཅན་ཚོ་མི་སྤྲོ་ནའང་།།
ལུང་རིགས་རྣལ་མའི་གོ་ཆ་སུ་ཡིས་གཏོར།།
གྲུབ་མཐའི་འགལ་འདུ་རྩོད་ལ་སྙིང་བོ་དབེན།།
སྐུལ་འདེབས་ཧམ་བཤད་སྒྲོག་ལ་ལྷག་ཏུ་སུན།།
རང་རྒྱལ་གཞན་ཕམ་སྒྲུབ་པའི་བྱ་བཞག་སོགས།།
དེ་འདྲ་དེ་ལ་ལར་ནས་མི་སྤྲོ་ནའང་།།
གཤེན་བསྟན་གསལ་བའི་སྒྲོན་མེ་བསྣུབ་པ་ལ།།
ལོག་འགྲེལ་གཡབ་མོ་འདེབས་ལ་མི་འཛེམ་པའི།།
རྒྱུས་མེད་རྒྱུས་གཏམ་སྨྲ་མཁས་ཚུལ་བློ་དང་།
གོང་སྨྲོས་བླ་དག་འཆང་བའི་སྐྱེ་བོ་རྣམས།།
གང་ལ་གང་འདུལ་དེ་ལ་དེར་སྟོན་མཐུས།།
གཤེན་རབ་སྟོན་པས་བྱིན་གྱིས་བརླབ་གྱུརད་ཅིག།
བོན་གཞུང་མེད་པའི་སྔ་ན་བོན་པོ་ཡོད།
ཤེན་ལ་གཏུགས་པའི་སྒྲ་ཟོར་གཤེན་ལ་འགྱུར།།
ལྷ་འདྲེ་མོ་ཏིག་གནའ་བོའི་གླིང་ལ་ཁྱབ།།
དེ་འདྲ་དེ་ལ་ཐར་བའི་དཔུང་མི་དགོས།།
ལྟ་ངན་ལྟ་བ་བོད་མིའི་ཁྲོད་ནས་ལངས།།
བཀའ་ཆོས་ལོག་བསྒྱུར་གཡུང་དྲུང་ཕྱི་རུ་བསྐོར།།
གཡོན་གྱི་ཆོས་ལ་གཡས་བའི་ལྟ་སྤྱོད་གྲུབ།།
དེ་འདྲ་དེ་ལ་ཐར་བའི་ལམ་སྣ་ཡོད།
གང་ལྟར་བན་བོན་མ་རྩོད་ངོ་རེ་ཚ།།
ཆོས་ལ་ཁུངས་ཤིག་ནང་ལ་དྲོད་ཡོད་མེད།
ཆེན་པོའི་འཕྲུལ་གྱིས་ཚུར་ལ་རྩད་པའི་དུས།།
སྟོང་ཁམས་དབྱིངས་ལ་བཞག་པ་ཚང་མར་གསལ།།
དྲ་བ་འདྲི་མཁན་རྒྱ་མི་རེད། རྒྱའི་སྐད་ནང་佛教。道教 ཟེར་བ་འདི་གཉིས་པོ་ཚིག་དོན་གཉིས་ཀའི་ཆ་ནས་སོ་སོར་རེད། 佛教་ཟེར་དུས་ཤཀ་ཐུབ་དང་དེས་ལུང་དུ་བསྟན་པའི་བརྒྱུད་པ་དང་། ངོ་བོ་གཅིག་པ་ལ་གོ་བ་ལས་བོན་ཆོས་ལ་གོ་བ་བླང་མཁན་སུ་གཅིག་མེད་པ་རེད། 道教་ཟེར་བ་དེ་བོན་པོའི་ཆོས་ལ་གོ་བ་ལས་ཤག་ཐུབ་ཀྱི་བསྟན་པ་ལ་རྩ་བ་ནས་མི་གོ་བ་དེ་མངོན་སུམ་ལ་བསྐུར་བ་བཏབ་ན་མ་གཏོགས་ཚང་མས་ཤེས་གསལ་རེད། ནང་བ་ཟེར་བ་དེ་རང་གི་ཆོས་ཉམས་སུ་ལེན་མཁན་ལ་གོ་བ་དེ་ཆོས་ལུགས་ཆ་ཚང་གཅིག་པ་ཡིན་རྒྱུ་རེད། ཡེ་ཤུ་པས་ཀྱང་ང་ཚོ་ལ་ཕྱི་བ་དང་། ཁོ་ཚོ་ལ་ནང་བ་ཞེས་ཟེར་སྲིད་པ་རེད། དེ་ཕྱིར་མཁན་པོས་ནང་བ་ཞེས་པ་ཤཀ་ཐུབ་རྗེས་འབྲང་ལ་འགྲེལ་མི་ཆོག་པ་གང་མི་འདུག ཁོང་གི་ཆོས་ལུགས་ཤཀ་ཐུབ་ཀྱི་གདམས་པ་ཡིན་པས་སོ། །རྒྱ་ནག་གི་བོན་པོ་དང་། བོད་ཀྱི་བོན་པོ་ཚོ་ཆོས་ལུགས་གཅིག་པ་ཡིན་པ་ཁྱེད་ཅག་བོན་པོ་ཚོས་ཁས་བླང་བཞིན་པ་ཁོ་བོས་དངོས་སུ་པར་མཐོང་བ་དང་། གནས་ཚུལ་ཡང་མང་པོ་ཞིག་ཐོས་སོང་བས་དོན་མེད་རྙོག་དྲ་མ་བཟོས་ན་ལེགས་པར་སེམས་སོ།། 道་ཞེས་པ་ལམ་ལ་གོ་བ་རེད། བོན་པོ་ཚོ་མོ་རྩིས་ཕྱྭ་གཡང་འབོད་བཞིན་ཕྱི་རོལ་གྱི་ལམ་ཕྲན་ཀུན་ཏུ་རྒྱུ་བ་དང་། 教་ཞེས་པ་དེའི་ལུགས་ལ་གོ་བ་རེད། 佛་ཞེས་པ་སངས་རྒྱས་དང་། 教་ཞེས་དེས་བསྟན་པའི་ལུང་རྟོགས་གཉིས་ལ་གོ་བ་རེད།
དགའ་རབ་རྡོ་རྗེས་ས་དྷུ་པད་འབྱུང་སོགས།། དང། རྒྱ་གར་ས་དྷུ་བོནད་དུ་སླེབ་པ་དང་།། ལ་སོགས་པའི་ཚིགས་བཅད་དེ་ཚོ་དགག་གཞག་སྤོང་གསུམ་ལྡན་པའི་མཁས་པའི་ལུགས་ནི་ཡིན་མི་སྲིད། བན་བོན་ནང་འཁྲུག་ཤོར་བའི་རྩོད་ཉོག་བླུན་པོའི་ལུགས་ལ་ཤེས་ལྡན་སུ་ཞིག་དགའ་བར་བྱེད། ཁ་བརྡ་དྲ་བའི་རྩ་ཁྲིམས་དང་ཡང་འགལ་བ་མ་རེད་དམ། དེ་ལ་དེ་འདྲ་བའི་ལན་ཞིག་ཡོང་ན་ཁ་བརྡའི་འགན་འཛིན་པ་རྣམས་པས་མཆན་དེ་ཚོ་མ་བསུབ་རོགས་གནང།བསུབ་ན་འགོ་ནས་བསུབ་རོགས་ཞུ་རྒྱུ་ཡིན། ཡང་༼མདོ་སྨད་ཡུལ་གྱི་རྙིང་རྒན་ཚུལ་བློ་དང་།། རྣམ་གྲོལ་གླིང་གི་བླུན་རྒན་མཁྱེན་བརྩེ་ནོར།། བོད་མའི་ཞབས་འདྲེན་ཕ་རྒན་ཨུ་སྟོབས་རྒྱལ།།
ཐུབ་བསྟན་དབང་ཕྱུག་ལ་སོགས་འགོང་པོའི་ཚོགས། དྲིས་ལན་གསོང་པོར་གནོང་ཤོག་རེ་ཞིང་སྒུག་།༽ ཞེས་བྲིས་པ་ལྟར་ཁྱེད་རང་གི་རེ་བ་དེ་སྒྲུབ་མི་ཡོང། རྒྱུ་མཚན་མཁས་པ་རྣམས་མཁས་པ་དང་རྩོད་ཀྱིས། བླུན་པོ་དང་མི་རྩོད་དོ། བཀྲ་ཤིས་བདེ་ལེགས།
རྒྱ་རང་གི་སྐད་ཡིག་དང་། ལོ་རྒྱུས། མིའི་བསམ་བློ་ཚུན་ནས་བོན་པོ་དང་། བན་དེའི་ལུགས་སྲོལ་གཉིས་འཛིན་སྟངས་ཐ་དད་རེད། མཁན་པོས་བཟོས་བཞག་པ་གང་མ་རེད། རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལྟོས་དང་། སངས་རྒྱས་པ་རེད་ཟེར་དུས་དྲང་བདེན་དང་གནས་ལུགས་ལ་དད་པ་དང་། བོན་པོ་རེད་ཟེར་དུས་མི་སེར་མགོ་བསྐོར་བཏངས་ཏེ། མཐར་རྫུན་རྐུབ་ཐོན་འགྲོ་བ་ཤ་སྟག་འཁྲབ་འདུག་མོད། དེ་ཚོ་ཡང་མཁན་པོས་བཟོས་བཞག་པ་རེད་དམ། གད་མོ་འཆོར་ཡ་རང་རེད།
ཡ་ལ་ལས་བོན་པོ་本教ཡང་ཟེར། དེ་ནི་གདོད་མའི་ཆོས་ལུགས་ཟེར་བ་རེད། ས་ཆ་དེ་ག་རང་གི་མི་རིགས་དེ་དང་མཉམ་དུ་བྱུང་བ་ལས། ཡུལ་གྲུ་གཞན་ནས་ནང་འདྲེན་བྱས་མ་ཡིན་པ་ཞིག་ལ་གོ་བ་རེད།
དེང་སང་བོད་ཀྱི་བོན་པོ་ནི་ཤཀ་ཐུབ་ཀྱི་སྐུ་ལ་ལོངས་སྐུའི་ཆས་སྤྲད་ཅིང་། ཤཀ་ཐུབ་ཀྱི་གསུང་ལ་བོན་པོའི་མིང་བཏགས། ཤཀ་ཐུབ་ཀྱི་རྗེས་འཇུག་ལ་ཞ་དཀར་པོ་སྐོན་པ་ཙམ་དུ་ཟད་དོ། ཧཧཧཧཧ
འུ་ཚོས་ང་དང་ཁྱོད་ཅེས་མི་རྩོད་ཅིང་། ལོ་རྒྱུས་རྫུན་མ་ཡང་མི་བཟོ། ཚང་མས་དམ་ཚིག་རྡོག་པ་གཅིག་ཏུ་སྒྲིལ་ཏེ་བོད་ཀྱི་ལས་དབང་ལ་ཤ་ཚ་དང་། སྙིང་རྗེས་ཡོད་ཚད་ཕྱོགས་གཅིག་ཏུ་འཁོར་ན་ལེགས་པར་སེམས་སོ།།།།
གཟུར་གནས།
གཟུར་གནས་གཟུ་བོར་གནས་པའི་གཏམ་ཡིན་ན།།
གཤེན་རབ་སྟོན་པའི་གསུང་ལ་གཟིགས་མྱོང་ངམ།།
སྐྱབས་སྟོན་འབྲས་བུའི་རྣམ་བཞག་དཔྱོད་ལགས་སམ།།
དེ་ལྟར་ཡིན་ན་ཡུན་དུ་གླེང་མོར་བྱེད།།
རྨོངས་མུན་ཕྱོགས་ལྷུང་དོལ་ལས་མ་འགོང་བར།།
བོན་ཆོས་ཁྱད་པར་འབྱེད་པའི་མཐའ་བསྡོམས་འདི།།
ཁྱེད་ཀྱི་སྨྱོས་ཆང་འཐུང་བའི་གཏམ་ཡིན་ན།།
ད་དུང་ལན་བརྒྱར་སྒྲོགས་ཀྱང་ཨ་ལན་མེད།།
བགོ་སྐལ་ཐོབ་པའི་མེ་ཏོག་སྙིང་པོའི་བཅུད།།
འཐུང་ཞིང་རོལ་ཏེ་ཁ་ཁུ་སིམ་པོའི་ངང་།།
རྣམ་དཀར་ལས་ལ་བརྩོན་པར་སྤྲོ་ན་ཡང་།།
ལྐུགས་པའི་བརྟུལ་ཞུགས་འཆང་ན་ཉམ་རེ་ང་།།
སྔར་གྱི་ངན་ཤུལ་སྙེག་པའི་སྐྱེ་བོ་འགར།།
གཤེན་རབ་སྟོན་པའི་གསུང་རབ་དཔང་བཙུག་ནས།།
སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུའི་དོན།།
ཚད་ལྡན་རྩོད་པའི་ལམ་དུ་ཞུགས་ན་འདོད།།
ང་ཆུང་དུས་བླ་མ་ར་སྐོར་བྱ་བྲལ་བ་ཡིན་ནམ། མཁན་པོ་དགག་རྡོར་ཡིན་གསལ་པོ་མི་དྲན་ཁི། དེ་གཉིས་གང་རིང་ཡིན་ཐག་ཆོད་ཡིན། འདི་ལྟར་གསུངས་སོང་། བོན་པོའི་བླ་མ་ཉག་རོང་དང་། ལི་ཐང་གཡས་གཡོན་ནས་ཡིན་པ་ཞིག འཇམ་དབྱངས་མཁྱེན་བརྩེའི་སྐུ་མདུན་ལ་བསླེབས་ཏེ། ངས་ཀློང་ཆེན་མཛོད་བདུན་མཛད་བྱང་དང་། དཔེ་མཚན་བསྒྱུར་ཏེ་བོན་པོའི་གཞུང་བྱེད་ན་ཨེ་འགྲིགས་ཞུ་དུས། མཁྱེན་བརྩེས་གནང་བ་རེད་ཅེས་གསུངས་སོང་། མཁྱེན་བརྩེ་སྐུ་འཕྲེང་དང་པོ་མཁྱེན་ཀོང་མཆོག་གསུམ་གྱི་ཡ་གྱལ་དེ་རེད། ར་སྐོར་བས་ཀུན་བཟང་བླ་མའི་ཞལ་ལུང་གི་བསྒྱུར་བོན་བཤད་པའི་ཁ་ཐུག་གམ། མཁན་པོ་དགག་རྡོར་མདུན་ནས་གཡུ་ཁོག་བླ་མའི་སྔོན་འགྲོ་ཀུན་བཏུས་ལས་ཞུ་མ་མྱངས། དེའི་ནང་བོན་པོའི་སྐོར་ཡོད་མེད་གསལ་པོ་མི་དྲན་ཁི། གང་ལྟར་ཡང་གསལ་པོ་གསུངས་སོང་།
ད་ལྟ་མདོ་སྔགས་གཉིས་ཀྱི་གཞུང་གི་དངོས་ཀྱི་བརྗོད་བྱ་གཞི་ལམ་འབྲས་གསུམ་ལ་ཐད་གར་བལྟས་ན་བོན་ཆོས་གཉིས་དབྱེ་བ་ཕྱེ་ཤེས་ལེ་མ་རེད། གཅིག་པ་གཅིག་རྐྱང་རེད། ད་གནད་འགག་ཐུག་ས་དེ་ལོ་རྒྱུས་དང་། བརྒྱུད་པ། མཛད་བྱང་། དཔེ་མཚན་བཞི་ལ་ཞིབ་འཇུག་བྱ་དགོས་རེད།
ཡང་ན་ཆོས་པས་རྫུན་བཤད་པ་རེད། ཡང་ན་བོན་པོ་རྫུན་བཤད་པ་རེད། དེ་གཉིས་གང་རུང་ལས་འགྲོ་ས་གཏན་ནས་མི་འདུག་གོ ཧཧཧཧཇ
ལོ་ཤས་གོང་ཉག་རོང་བོན་དགོན་ཞིག་ནས་བོན་པོའི་བཀའ་འགྱུར་མཚོན་པའི་དཔེ་རྙིང་མང་པོ་ཞིག་ཐོན་པ་རེད་ཟེར་བ་ཞིག་ཐོས། དེ་དང་བརྗོད་བྱ་རྗོད་བྱེད་གཅིག་པ་ཡུལ་ལུང་གཞན་ལ་ཡོད་དམ་མེད། ཡོད་ན་དེའི་འབྱུང་ཁུངས་ཉག་རོང་ནས་ཡིན་ནམ་མིན། ཡང་ན་ཉག་རོང་ལས་གཞན་ལ་རྩ་བ་ནས་མེད་ན། གོང་གི་འཇམ་དབྱངས་མཁྱེན་བརྩེའི་དྲུང་དུ་བཅར་མཁན་གྱི་བོན་བླ་དེས་བསྒྱུར་བརྗེ་བྱས་པ་ཡིན་ནམ་སྙམ།
ཏྲེ་ཧོར་ལགས། ཉག་རོང་བླ་མ་ཨ་གཡུང་རིན་པོ་ཆེས་བོན་གྱི་དཔེ་རྙིང་མདོ་དབུས་ཁམས་གསུམ་ནས་བཙལ་ཏེ་བཀའ་འགྱུར་ཐེངས་དང་པོ་དེ་པར་ལ་བཏབ་པ་རེད། དེར་ཆགས་སྡང་ཅན་མི་རེ་ཟུང་ནས་ཆོས་ཀྱི་དཔེ་ཆ་མང་པོ་བོན་ལ་བསྒྱུར་བ་རེད་ཟེར་མཁན་ཡོད་པ་ཐོས་མྱོང་། དེང་དུས་བོན་གྱི་བཀའ་འགྱུར་ཕྱི་ནང་ཀུན་ལ་ཁྱབ་ཡོད་པས། ཁྱོད་ལ་དངོས་གནས་བློ་གཟུ་བོར་གནས་པའི་ཀུན་སློང་ཞིག་ཡོད་ན་ཞིབ་འཇུག་བྱུ་རྒྱུ་ལས་སླ་བོ་རེད། འོན་ཀྱང་བསམ་བློ་ཞིབ་མོ་ཞིག་མཐོང་དང་། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་པོ་ཏི་བཅུ་དྲུག་ཡོད་དགོས་རྒྱུ་ལ་བཅུ་གཉིས་ལས་མེད་པ་རྒྱུ་མཚན་ཅི་ཡིན། བོན་གྱི་ཡུམ་ལ་པོ་ཏི་བཅུ་དྲུག་ཆ་ཚང་ཡོད་པ་རེད། འདི་གཅིག་པོར་བསམ་བློ་ཐོངས་དང་ཤེས་སླ། བོན་གྱི་ལོ་རྒྱུས་དུ་མ་ཞིག་ནས་ཆོས་ཀྱི་ཡུམ་ཆེན་མོ་བོན་ལས་བསྒྱུར་བ་རེད། ལྷག་མ་བཞི་རྐྱེན་ཞིག་གིས་དབང་གིས་བསྒྱུར་མ་ཐུབ་པ་རེད་ཟེར། བདེན་པ་ཡིན་མིན་སུས་ཀྱང་ཁ་མཚོན་གཅོད་དཀའ་ནའང་། གང་ལྟར་ཀྱང་དངོས་ཡོད་གནས་ཚུལ་དེ་དང་འདྲ་བོ་ཆགས་ཡོད་པ་ཞིབ་ཏུ་གཟིགས་དང་ཤེས་སླ། གང་ལྟར་ཀྱང་བོན་ཆོས་གཉིས་གཅིག་གིས་གཅིག་ལ་དཔེ་བླངས་པ་མང་པོ་ཞིག་ཡོད་པ་མངོན་གསུམ་བསྙོན་མེད་རེད། ངས་བོན་ཆོས་གཉིས་ཀྱི་བླ་མ་མང་པོ་བསྟེན་མྱོང་། བོན་པོ་བླ་མ་སུ་ཞིག་གིས་ཞལ་ནས་ཀྱང་། བོན་པོའི་ཆོས་དམ་ཆོས་ལས་བསྒྱུར་བ་རེད་ཟེར་བ་ཞིག་ནམ་ཡང་ཐོས་མ་མྱོང་བར་མ་ཟད། བོན་པོའི་ཐེག་པ་རིམ་དགུའི་ཕལ་མོ་ཆེ་དམ་པའི་ཆོས་ལ་ཁྲི་སྲོང་ལྡེ་བཙན་རིང་ནས་བསྒྱུར་ཚར་བ་རེད་ཅེས་བོན་གྱི་བླ་མ་ཚང་མས་མགྲིན་གཅིག་ཏུ་སྨྲ་བཞིན་འདུག དེར་མ་ཟད་རྙིང་མའི་བླ་མ་ཚད་ལྡན་ཁ་ཅིག་གིས་བོན་གྱི་གཞུང་ཆོས་ལ་བསྒྱུར་བ་རེད་ཅེས་ཟེར་བ་ཐོས། ངས་ལུང་ཆ་ཚང་ཞིག་མི་དྲན་མོད། དྲན་པ་གང་ཞིག་བྲིས་ན་འདི་ལྟར་ལགས། བཱེ་རོ་ཙཱ་ན་བདག་གིས་དཀའ་བ་སྲོག་དང་བསྡོས་ནས་གཡུང་དྲུང་བོན་ཆེན་བསྒྱུར་ཟེར་བ་ཞིག་དྲན། ཟླ་ཤས་གོང་ངེད་གྱི་གྲོགས་པོ་ཞིག་གིས་བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཆོས་ཀྱི་བཀའ་འགྱུར་ནང་དུ་མ་བསྒྱུར་བར་རང་འཇག་བཞག་འདུག་ཟེར། ཕལ་ཆེར་བདེན་པ་རེད་སྙམ། ཁོང་གིས་བརྫུན་མི་བཤད། དེ་རིང་འདི་ཙམ་གྱིས་ཆོག་པས་བྱ། །
དྲ་གྲོགས་ཚང་མས་ཤེས་དགོས་རྒྱུ་ཞིག་ལ། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་འདིར། ཕྱི་རྒྱལ་ནང་རྒྱལ་་ཀུན་ལ་མཚན་རིག་ཧ་ཅང་གི་དར་རྒྱས་ཆེན་པོ་རེད། དེའི་སྟོབས་ཀྱིས་སྔོན་ཆད་ནང་བཞིན་རིག་པས་མ་བསྒྲུབས་པར་ལུང་གཅིག་པོས་སྒྲུབ་ནས་ཅིས་ཀྱང་གོ་མི་ཆོད་དོ། ད་ལྟའི་དུས་འདིར་སོ་སོས་རྣམ་དཔྱོད་རྩལ་དུ་བཏོན་ནས་རིག་པས་དཔྱད་པ་གཏོང་བའི་དུས་རེད། རི་བོང་ཅལ་འདྲོག་གི་དུས་ཡོལ་ཚར་བ་རེད། རྒྱ་གར་གཙོ་བྱས་ཁྱིམ་མཚེས་ནང་པའི་རྒྱལ་ཁབ་བྷར་མ། ཐེ་ལན་ཊི། མ་ལས་ཤཱ། ཁམ་བྷོ་ཏ། བས་ཏི་ནམ། ཤི་རི་ལང་ཀ། བྷང་ལ་ངྷེ་སི་སོགས་ནང་པའི་རྒྱལ་ཁབ་ཡོད་དོ་ཅོག་ན་གསང་སྔགས་ཀྱི་ཆོས་མེད་པར་མ་ཟད། ཁས་ལེན་ཀྱང་བྱེད་ཀྱི་ཡོད་པ་མ་རེད། རྒྱུ་མཚན་ནི་བོད་ཀྱི་ནང་ཆོས་གནའ་བོ་བོན་གྱི་ཆོས་ལུགས་དང་འདྲེས་པ་རེད་ཟེར་གྱི་ཡོད་པ་མཁྱེན་པར་མཛོད། གང་ལྟར་ཀྱང་བོད་ཀྱི་གསང་སྔགས་འདི་གཡུང་དྲུང་བོན་ལས་བསྒྱུར་བ་རེད་ཅེས་ཟེར་ནས་མཐའ་གཅིག་ཏུ་ཁ་མཚོན་གཅོད་དཀའ་ཡང་། བོན་ལས་བསྒྱུར་བ་འདྲ་བོ་ཆགས་ཡོད་པ་གསལ་པོ་རེད། །
བན་དེས་གཅིག་ཟེར་དུས་བོན་པོས་གཉིས་ཡོད་མདོག་མདོག་སྟོན་པ་དེ་རྫུན་མའི་རྟགས་མཚན་ཆེ་ཤོས་དེ་རེད། ཧཧཧཧཧ
བྲེལ་བ་མ་གནང་ཨ། ཞིབ་འཇུག་འགྲོ་བཞིན་པ་རེད། གལ་སྲིད་ཁྱེད་ཅག་བདེན་དཔང་ཚད་ལྡན་ཡོད་ན་ང་ནི་དགའ་བ་མ་གཏོགས་སེམས་ཁྲལ་ཐིགས་པ་གཅིག་མེད། ཡིན་ན་ཡང་སྔོན་གྱི་ལོ་རྒྱུས་དང་། ད་ལྟའི་གསར་བཟོ་འདི་ཚོ་ལ་བསམ་བློ་བཏང་བ་ཡིན་ན། གདམས་ངག་ནི་ཨ་མྱེས་བཀའ་བོན་ཡིན་གྱི་སྡོམ་པ་དང་། བརྒྱུད་པ་མི་དགོས་ཞེས་
མུ་ཐུར་དགོངས་པ་རབ་གསལ་ཆུང་དུས་ཀྱི་ལོ་རྒྱུས་བོད་ཀྱི་རྒྱལ་རབས་ཕལ་མོ་ཆེར་ཡོངས་སུ་གྲགས་པ་དེའོ། །
ཉེ་ཆར་ཡང་ཧ་ལས་པའི་ངོ་ཚ་དགོས་པའི་བྱ་བ་གསར་བ་ཞིག་བཟོས་འདུག ག་ལེར་ཞུ་ཆོག་པ་བཅས།
འཛམ་གླིང་ལོ་རྒྱུས་ཕལ་མོ་ཆེ་དང་། བོད་ཀྱི་རྒྱུས་ནང་ལ་མེད་པའི་བོན་གྱི་བཀའ་བསྟན་འདི་ཚོ་གནམ་ལས་ཟག་ཡོང་བ་རེད་དམ། ཡང་ན་ས་ལས་སྐྱེས་ཡོང་བ་རེད། བོན་པོ་གནམ་ལ་དགའ་ཕལ་ཆེར་དམུ་ཐག་ལས་བབ་ཡོང་བ་འདྲ།
ཉག་རོང་བླ་མས་མདོ་དབུས་ཁམས་གསུམ་གྱི་བླ་ཆེན་ཚོའི་མདུན་དུ་བཅར་ཏེ་མཐེ་བོང་གནམ་ལ་བསྒྲེངས། ཐོད་པ་ས་ལ་གཏུགས་ཏེ་ཁུར་ཡོང་བའི་ཆོས་གཞུང་རྣམས་བོན་ལ་བསྒྱུར་བ་དེ་ཚོ་ཞིབ་འཇུག་བྱ་སའི་དཔྱད་གཞི་ཆེན་པོ་ཞིག་གོ།།
ཉག་སྨད་པ་ཚོ་སློང་མོ་རྒྱག་དགོས་ན་ཨང་དང་པོ་རེད། བསླང་ཡོད་ས་རེད། ཆོས་པ་གཏོང་ཕོད་ཆེ་མདོག་སྟོན་ཏེ་ཡོད་ཚད་སྤྲད། ད་རང་མགོ་ལྕོག་བྱེད་ཐོ་བར་གྱུར་བ་རེད། ཧཧཧཧ
རང་མགོ་གཅོག་བྱེད་་་་་་་
༼དེ་དང་འདྲ་བར་ནུབ་ཕྱོགས་པའི་མཁས་དབང་ཕེར། ཁི་ཝེར་ནེ། (Per Kværne ) མཆོག་གིས་མཁན་ཆེན་ཉི་མའི་བཀའ་འགྱུར་གྱི་དཀར་ཆག་དབྱིན་བསྒྱུར་མཛད་ནས་བོན་གྱི་བཀའ་འགྱུར་སྐོར་དཔྱད་ཞིབ་གནང་ཡོད་པ་ལྟར་བོན་གྱི་བཀའ་འགྱུར་ཞེས་སྡེ་ཚན་ཅན་ནི་དུས་རབས་བཅོ་ལྔ་པའི་དཀྱིལ་སྨད་ཙམ་དུ་གཞི་ནས་བྱུང་བར་སྨྲས།༽བོན་པོའི་དྲ་བ་ཞིག་ལས་བཤུས།
བོན་པོ་རང་གིས་ཀྱང་བཀའ་འགྱུར་དང་བསྟན་འགྱུར་གང་ཡིན་དབྱེ་འབྱེད་དཀའ་བར་ལུས་པའི་པོད་གྲངས་འདི་ཚོ་རེད།
ཀུན་གྲོལ་གྲགས་པའི་ལུགས། པོད་་་་་་་་་་༢༨༡
ཀུན་མཁྱེན་ཉི་མའི་ལུགས། པོད་་་་་་་་་༡༡༣
བདུད་འདུལ་སྤྲུལ་སྐུའི་ལུགས། པོད་་་་་་་་༤༩༤
དཔལ་འཁྱུང་ལུགས། པོད། ་་་་་་་་་་་༡༥༨
ཨ་གཡུང་ལུགས། པོད་་་་་་༡༥༧
བོན་སློབ་ལུགས། པོད་་་་་༡༩༢
ལྷ་སྲས་ལུགས། པོད་་་་༡༧༨
སྟེང་དགོན་ལུགས། པོད་་་་་༢༠༠
འབུམ་ལ་པོ་ཏི་མང་པོ་ཆགས་སོང་བ་དེ་ཡུམ་གྱི་འགྲེལ་ཆེན་ཁག་གི་མཚན་བྱང་བསྒྱུར་དུས་དཀྱུས་གཅིག་ཏུ་ཤོར་སོང་བ་འདྲ། དཔྱད་གཞི་་་་་་་་་། ཡང་ན་ཉི་ཁྲི་དང་། བརྒྱད་སྟོང་དག་དཀྱུས་སུ་ཤོར་བ་འདྲ། དཔྱད་གཞི་་་་་་
ཏྲེ་ཧོར་ལགས་ལ་དགའ་བསུ་ཞུ། ད་ཁྱོད་ཀྱིས་བོན་གྱི་བཀའ་འགྱུར་ཉག་རོང་བླ་མས་གསར་བཏོད་མིན་པ་ཤེས་པ་ཙམ་རེད། །
ཁྱེད་ཅག་གིས་བསྒྱུར་བའི་བཀའ་འགྱུར་ཏེ་ཚལ་པ་བཀའ་འགྱུར་ཡིན་པ་འདྲ། ཚལ་བཀའི་ཤེར་ཕྱིན་འབུམ་པ་དེ་ལ་པོ་བཅུ་དྲུག་ཏུ་དབྱེ་འདུག སྤྱིར་བཏང་ཡུམ་པོད་བཅུ་གཉིས་དང་དོན་གཅིག་ཀྱང་། པར་དུ་བསྐྲུན་པའི་ཚེ་པོད་ཆུང་དུ་བཏང་བ་ཙམ་དུ་ཟད་དོ། །
ཉག་རོང་བླ་མའི་བཀའ་འགྱུར་དང་། གཞན་པ་ད་ལྟ་ཡོད་པ་ཚོ་བསྡུར་རྒྱུ་རེད། ཧཧཧཧ
ཏྲེ་ཧོར་ལགས། ངས་ཁྱོད་ལ་རྩོད་པ་བྱེད་འདོད་མེད། ཡུམ་ལ་པོ་ཏི་བཅུ་གཉིས་དང་བཅུ་དྲུག་ནི་པོ་ཏི་ཆེ་ཆུང་གི་ཁྱད་པར་ཙམ་མ་རེད། འཁོར་འདས་ཀྱི་རྣམ་བཞག་ཆ་ཚང་ཡོད་མེད་ཀྱི་ཁྱད་པར་དེ་རེད། ངས་བོན་གྱི་ཡུམ་ཆེན་ཆ་ཚང་ཞིག་ལོ་མང་གོང་ལ་འབྲོག་ཁྱིམ་ཞིག་གི་ཆེད་དུ་བཀླགས་མྱོང་། པོ་ཏི་ཆེན་པོ་ཞེ་དྲག་རེད། བརྗོད་བྱ་གང་ཡིན་དྲན་ཡུལ་ན་མི་འདུག དེ་དུས་བཀླགས་རྒྱུ་གང་མགྱོགས་བྱས་པ་ལས་ནང་དོན་ལ་དོ་སྣང་ཆེར་བྱས་མེད། བོན་གྱི་བཀའ་འགྱུར་ལ་གྲངས་མ་མཐུན་པ་ཡོད་སྲིད་པ་རེད། སྤྱིར་བཏང་བོན་གྱི་གསུང་རབས་མང་པོ་ཞིག་འཇིགས་ཚར་བ་རེད། དཔེ་མཚོན་ཙམ་ཞིག་ཞུ་ན་ཞང་ཞུང་བཙོ་དམར་ཟེར་ནས་ཧ་ཅང་གི་རྒྱ་ཆེ་ཞིང་ལས་མཐའ་མང་པོ་ཅན་ཞིག་ཡོད་ཚོད་ལ། འོན་ཀྱང་འཇིགས་ཚར་བ་རེད་ཅེས་ཐོས། དེ་དང་དེ་བཞིན་མང་པོ་ཡོད་ཚོད་རེད། དཔེར་ན་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ལ་ཆ་བཞག་ན་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས། རྒྱས་པར་བོད་ཆེན་བཅུ་གཉིས། འབྲིང་བོར་བོད་ཆེན་གཅིག བསྡུས་པར་བོད་ཆུང་གཅིག་བཅས་ད་ལྟ་ཀློག་རྒྱུ་ཡོད་པ་རེད། ད་དེ་ཙམ་ཡིན། འདི་ནས་མཚམས་བཞག་པ་ཡིན། །
བན་དེའི་དེ་གཅིག་པ་རེད། ཤོ་ལོ་ཀ་འབུམ་ཡོད་པའི་ཤེར་ཕྱིན་ལ་ཡུམ་འབུམ་དང་། ཤོ་ལོ་ཀ་ཉིས་ཁྲི་ཡོད་པ་ལ་ཉི་ཁྲི་དང་། ཤོ་ལོ་ཀ་ཁྲི་བརྒྱད་སྟོང་པ་དང་། བརྒྱད་སྟོང་པ། ཤེས་རབ་ཁྲི་པ་མཐའ་དག་ཤོ་ལོ་ཀའི་ཚད་ཀྱིས་གཞལ་བ་ཤ་སྟག་རེད། ཤོ་ལོ་ཀ་སྟོང་ཕྲག་བརྒྱ་པ་ལ་འབུམ་ཞེས་གཞུང་ཚད་ཀྱི་གྲངས་ཀྱིས་སྒོ་ནས་མཚན་གསོལ་བའོ།།
གང་བདེར་ཕེབས་ཤིག སྤྱན་འདྲེན་དང་། བཞུགས་གསོལ་གང་ཡང་མེད།
བརྗོད་བྱ་གང་ཡིན་ཡིད་ཡུལ་ལ་མེད་ན་འཁོར་འདས་རྣམ་གཞག་ཡོད་པ་ཇི་ལྟར་ཤེས་སོང་། དེ་འདྲའི་གཤོབ་སྐྱ་ཞིག ཧཧཧཧཧ
བོན་པོ་དེ་ཚོ་སྙིང་སྟོབས་ཅན་ཤ་སྟག་རེད། མོས་པའི་སྟོབས་ཤུགས་ཁོང་རྣམ་པ་ལས་ཆེ་བ་མིན་འདུག ངོ་མ་ཡིད་དབང་འཕྲོག
བན་བོན་རྩོད་པ་འདི་དོན་མེད་ཅིག་རེད། ང་ཚོའི་མི་རབས་ཀྱིས་རྒྱབ་ཏུ་གཡུག་ནས་བསྡད་ན་ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་ལ་ཕན། རང་གང་ལ་དགའ་བ་དེའི་རྗེས་སུ་ཞུགས་རིང་ལུགས་གཏད་སོ་ཡོད་པར་བྱས། གཞན་ལ་སློབ་སྦྱོང་ཡང་དགོས་པ་མེད་ལ་དེར་ཞབས་ཞུ་མ་ནུས་ཀྱང་དག་སྣང་བྱས་ན་ལེགས། རྐུན་མ་རྐུན་འཛུག་དེ་རང་སར་བཞག སྔོན་གྱི་རྩོད་པ་རྣམས་གནའ་བོའི་བཤད་སྒྲོས་རྙིང་སོང་དུ་བརྩིས་ཏེ་མཇུག་སྒྲིལ་ན་ལེགས། ཕན་ཚུན་འདྲ་ས་མང་མང་པོ་དེ་སངས་རྒྱས་རྣམས་ལ་འཕྲིན་ལས་ཚད་མེད་ཡོད་པས་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་བསམ་ན་རང་གི་སེམས་བདེ། གཞན་གྱི་སེམས་མི་དཀྲུགས། འོན་ཀྱང་ད་སྐབས་བོན་པོ་རེ་གཉིས་ཀྱིས་དོན་མེད་སྐྱོན་འཛུག་བྱེད་པ་དང་། དགོས་པ་མེད་པའི་རྩོད་པའི་སྒོ་ཕྱེས་ན་དེར་བློ་ཕམ་ཆེ། དཔེར་ན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རྒྱ་སྐད་རེད་རྒྱ་རྒྱུད་ཀྱི་སངས་རྒྱས་པ་སུས་ཀྱང་བོན་སངས་རྒྱས་སུ་མི་སྨྲ། ཚིག་མཛོད། ལོ་རྒྱུས། བཤད་སྲོལ། གོམས་གཤིས་གང་གི་སྐབས་ཡིན་ཀྱང་བོན་སངས་རྒྱས་པ་ཡིན་ཟེར་མི་སྲིད། དེའི་ལྟ་བ་གཞིར་བཞག་གིས་བཤད་པར་རྒྱ་རིགས་སངས་རྒྱས་པ་ཡོངས་ཀྱི་ལྟ་བ་རེད། རྒྱ་ལུགས་ལ་སངས་རྒྱས་པ་ཟེར་དུས་ཤཱཀྱའི་ཆོས་ལུགས་ལས་གཞན་དུ་མེད། བོན་རང་གིས་ཡང་ཤཱཀྱའི་ཆོས་ལུགས་ཡིན་པ་ཁས་མི་ལེན་སྙམ། ཁས་བླང་བ་ཡིན་ན་བན་བོན་འདྲེས་མའམ། ཡང་ན་བོན་པོ་མ་ཡིན་པ། ཡང་ན་ཤཱཀྱའི་ཆོས་ལུགས་ལ་འགྱུར་ཟིན་ཟེར་རྒྱུ་ལས་གཞན་དུ་འགྲོ་ས་མེད། དེ་བོན་པོ་ཕལ་མོ་ཆེའི་ཁས་ལེན་མི་སྲིད། དོན་ལ་སྐྱོན་བརྗོད་གང་ཡང་བྱས་མེད་ཀྱང་དེ་ལ་སྙོན་འཛུག་དང་གླེང་ལོག་རྫུན་འདེབས་བྱས་ཏེ་སྐྱོན་བརྗོད་ད་དུང་བྱེད་བཞིན་པ་རེད། ཡང་། ཀ་ཤུལ་བསོད་ནམས་རིན་ཆེན་གྱིས། སྲིད་པའི་རབས་བཤད་ཀྱི། ཁྲི་སྲོང་དང་དེ་ལས་འཕྲོས་པའི་ལོ་རྒྱུས་ཟུར་འགའ་ཟེར་བར། མཁན་སློབ་ཆོས་གསུམ་ལ་སྐུར་འདེབས་ཚད་མེད་པ་བྱས་འདུག །དེ་མཐོང་མ་ཐག་ལན་ཞིག་འབྲི་བསམ་ཡང་། ཞིབ་ཏུ་བསམ་ནས། རེ་ཞིག་བཏང་སྙོམས་སུ་བཞག ངས་རྒྱ་བོད་གྲངས་ཉུང་མི་རིགས་ཀྱི་བོན་དཔེ་མང་པོར་ཞིབ་འཇུག་བྱས་པས་ལོ་རྒྱུས་ཁོ་ལས་མི་དམན་ཙམ་ཤེས་ལ། ལན་བྱས་ན་གནད་དུ་ཕོག་ཐག་ཆོད་ཅིག་ཡོང་ཐུབ་མོད། སྤྱོད་འཇུག་ལས། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ། །འཁྱལ་ཞིང་འཇིག་པར་བྱེད་པ་ལའང་། །བདག་གིས་ཞེ་སྡང་མི་རིགས་ཏེ། །སངས་རྒྱས་སོགས་ལ་གནོད་མི་མངའ། །ཟེར་བ་འདི་སེམས་ལ་ཤར། རང་ཉིད་མེས་པོའི་ཆོས་ལུགས་ལ་ཤ་ཞེན་ཅུང་ཟད་ཡོད་པས་རེ་ཞིག་ངལ་གསོ་བར་བྱས། གལ་སྲིད་འདི་མུས་སུ་མཁན་སློབ་ཆོས་གསུམ་ལ་སྐུར་འདེབས་བྱུང་ཚེ་གསལ་བཤད་ཅིག་བྱེད་པའི་དུའང་ཡོང་སྲིད་ལ། ལས་ཀྱི་མགོ་བརྩམས་དུས་རང་བཞིན་གྱིས་མི་ཚེ་རྩོད་པའི་ནང་དུ་ཡང་སྐྱེལ་སྲིད་པས་སོ། །དེ་ནི་ངའི་འདོད་པ་མིན་པ་བོན་སྐྱོང་རྣམས་ཀྱིས་ཀྱང་དགོངས་ལ། བོན་ཀྱི་བཤེས་གཉེན་དག་གིས་ཀྱང་མཐོང་དགོས། །སྐྱོ་བ་སྐྱེ་བཞིན་དྲི་མེད་པས། །
དྲི་མེད་ལྷག་བསམ་ལགས། ཀ་ཤུལ་བསོད་རིན་ཀྱིས་རབས་བཤད་བཀླགས་མྱོང་མེད་མོད། བོན་ཆོས་སྣུབས་མཁན་ཁྲི་སྲོང་ལྡེ་བཙན་རེད། བོན་པོ་ཚོས་དེར་བསྐུར་བ་མི་འདེབས་པར་བསྟོད་པ་བྱེད་དགོས་རེད་པས། ཕ་གསོད་པའི་ལག་དམར་ལ་བུ་སུ་ཞིག་གིས་ཀྱང་བསྟོད་བསྔགས་བྱེད་མི་སྲིད། རང་སྐྱོན་ཤེས་ན་སངས་རྒྱས་རེད་ཟེར་བ་ཅིས་མ་བདེན། ཁྱེད་རང་རྙིང་མ་ཡིན་པའི་ཆ་ནས་ཆོས་ཕྱོགས་ནས་བོན་ལ་དགག་པ་དེ་ཙམ་སྐྱོན་ཆར་གཟིགས་གི་མེད་ཚོད་རེད། བོན་པོ་ཚོར་མཚོན་ན་ཁ་ཞེ་གཉིས་མེད་ཀྱིས་མཁན་སློབ་ཆོས་གསུམ་གྱི་རིང་ལ་གཡུང་དྲུང་བོན་གྱི་གསུང་རབས་ཕལ་མོ་ཆེ་ཆོས་ལུགས་ལ་བསྒྱུར་བ་རེད་ཅེས་རྟག་པར་ཤོད་ཀྱི་ཡོད། དེ་བདེན་པ་ཡིན་མིན་སུ་ཞིག་གིས་བཤད་དཀའ་མོད། དེ་ཙམ་དུ་མ་ཟད་བོན་པོའི་གཞུང་ལུགས་གང་ནའང་དམ་པའི་ཆོས་ཉམས་ལེན་བྱས་ན་ཐར་བ་མི་ཐོབ་ཅེས་ནམ་ཡང་མཐོང་མྱོང་མེད། རིག་འཛིན་དྲན་པ་ནམ་མཁའ་ནི་བོན་ལུགས་ལ་ཐུགས་ཀྱི་སྟོན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་སྐབས་དྲན་པ་ནམ་མཁས་མངོན་སྤྱོད་ཀྱི་ལས་ལ་བརྟེན་ནས་རྐྱེན་ངན་ལས་སླ་བོར་བཟློགས་ཐུབ་ཀྱང་། རེ་ཞིག་བོན་དང་ཆོས་གཉིས་ཀྱི་བོད་ཡུལ་འདིར་ཆོས་ཀྱི་གདུལ་བྱ་ཆེ་བར་གཟིགས་ནས་དྲན་པ་ཁོང་ཡང་ཡུལ་བྱོལ་དུ་མ་ཕེབས་པར་རལ་བ་གཏུབ་ནས་ཆོས་ལ་ཞུགས་པ་རེད་ཅེས་ལོ་རྒྱུས་ཀུན་ལ་རླུང་ལྟར་གྲགས། དེའི་ཕྱིར་བོན་པོ་རྣམ་དག་ཞིག་གིས་ནམ་ཡང་ཆོས་ཀྱིས་ཐར་བ་མི་ཐོབ་ཟེར་མཁན་མེད་པ་ཁོ་བོས་ཁ་མཚོན་བཅད་ནས་བཤད་ཐུབ། དེར་མ་ཟད་བོན་ལུགས་ལ་སྟོན་པ་ཤཀྱཱ་ཐུབ་པ་གསུང་གི་སྟོན་པ་ངོས་འཛིན་བྱེད་མཁན་ཀྱང་ཡོད། རིགས་དྲུག་འདྲེན་པའི་ཐུབ་པ་དྲུག་གི་ནང་མཚན་ཀྱང་ཡིན། དེངས་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནི་རྙིང་མའི་བླ་ཆེན་ཞིག་ཆགས་ཡོད་པ་ཡོངས་གྲགས་རེད། རྙིང་མའི་བླ་ཆེན་ཞིག་གིས་བོན་ཆོས་ཀྱི་ཐར་བ་མི་འདྲ་ཟེར་ནས་ཡིག་ངག་གཉིས་ཐོག་ནས་གསུངས་ན་བོན་པོ་ཚོར་ཕོག་ཐུག་ངེས་པར་དུ་ཤོར་རྒྱུ་རེད། རྒྱ་ནག་གིས་བོན་གྱི་ཆོས་ལུགས་ལ་ལྟ་སྟངས་ཅི་ཡོད་ཀྱང་། བོད་ཀྱི་བླ་མ་ཚོས་བོན་གྱི་ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་རྣམ་དག་ཡིན་མིན་གཞི་བཞག་ནས་དྲང་བདེན་གྱི་སྐད་ཆ་ངེས་པར་དུ་བཤད་དགོས་རེད། དེ་ཙམ་ཡིན། །
་་་་་་་་་་་ རྒྱ་ལུགས་ལ་སངས་རྒྱས་པ་ཟེར་དུས་ཤཱཀྱའི་ཆོས་ལུགས་ལས་གཞན་དུ་མེད། བོན་རང་གིས་ཡང་ཤཱཀྱའི་ཆོས་ལུགས་ཡིན་པ་ཁས་མི་ལེན་སྙམ། ཁས་བླང་བ་ཡིན་ན་བན་བོན་འདྲེས་མའམ། ཡང་ན་བོན་པོ་མ་ཡིན་པ། ཡང་ན་ཤཱཀྱའི་ཆོས་ལུགས་ལ་འགྱུར་ཟིན་ཟེར་རྒྱུ་ལས་གཞན་དུ་འགྲོ་ས་མེད། ་་་་་་་་་
བོད་ཀྱི་ཡུལ་ནས་རྒྱ་གར་ཡུལ་བར་ལ། དཀའ་བ་བཅུ་དྲུག་བསྡོས་ནས་མན་ངག་བཙལ། རྒྱ་གར་གསང་མཛོད་བརྟོལ་ནས་དམ་ཆོས་བོད་དུ་བསྒྱུར། ལ་སོགས་པའི་ཚིགས་བཅད་ནི་མཐོང་མྱོང། བཱེ་རོ་ཙཱ་ན་བདག་གིས་དཀའ་བ་སྲོག་དང་བསྡོས་ནས་གཡུང་དྲུང་བོན་ཆེན་བསྒྱུར་ཟེར་བ་འདི་ལ་དཔྱད་པ་ཅུང་ཟད་བགྱིད་ན། བཻ་རོ་ཙ་ནས་དཀའ་བ་སྲོག་དང་བསྡོས་ནས་གཡུང་དྲུང་བོན་གྱི་ཆོས་དེ་རྒྱ་གར་ནས་ལེན་པ་འམ་བསྒྱུར་བ་ཡིན་ན་བོན་གྱི་ཆོས་དེ་བོད་རངགི་ཆོས་ཇི་ལྟར་འགྱུར། བཻ་རོའི་རྣམ་ཐར་དུ་ཁོང་གིས་ཆོས་གསུངས་པ་ལ་བཙུན་མོ་དང་ཆོས་ལ་མ་དགའ་བའི་བློན་པོས་ཕྲ་མ་བྱུང་བ་ལས་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པའི་ལོ་རྒྱུས་སོགས་གང་ལ་དཔྱད་ཀྱང། དཀའ་བ་སྲོག་དང་བསྡོས་ནས་གཡུང་དྲུང་བོན་ཆེན་བསྒྱུར་ཟེར་བའི་ཚིག་འདི་ལ་ཁུངས་ལུང་སྒྲུབ་བྱེད་གང་ཡང་མིན་འདུག་། ཧམ་བཤད་ཙམ་དུ་ཟད་དོ། ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་བོན་ཆོས་སྣུབས་མཁན་དང་ཕ་གསོད་པའི་ལག་དམར་སོགས་སྐུར་འདེབས་ཞུ་མཁན་ཚོ་ལ་ལན་མདོར་བསྡུས་ཞིག་ཡོད། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་ཟེར་བའི་ཚིག་འདི་ལ་གཡུང་དྲུང་བོན་པོ་ཚོ་ཕོག་དུག་བྱ་མི་དགོས་སྟེ། དེ་གཉིས་ཐ་དད་ཡིན་པའི་ཕྱིར། ཁ་བ་གངས་ཅན་པའི་ཕ་གཅིག་ཁྲི་སྲོང་ལྡེ་བཙན་ལ་ལག་དམར་ཟེར་བའི་ཚིག་འདི་ཡང་མི་འཐད་དེ། སྐབས་དེར་བོད་ལ་འཚེ་བ་ཆོས་སུ་སྨྲ་བའི་ལུགས་དམར་ཆོས་རིང་ལུགས་ཟེར་ན་གདོན་གཟུགས་བོན་ལུགས་ཟེར་ན་གང་ལྟར་ཆོས་འཇེག་རྟེན་གང་ལ་ཡང་མི་ཕན་པའི་སྲོལ་ངན་ཞིག་བསྣུབས་པ་ལ་ལག་དམར་སོགས་མ་རངས་པའི་ཚིག་ངན་པའི་སྐུར་འདེབས་ཞུས་ན་བོད་མི་ས་ཡ་དྲུག་པོས་དགའ་བསུ་ཞུ་ག་ལ་སྲིད།
ངས་གསལ་བཤད་བྱེད་རྒྱུ་ཞིག་ལ། ཕ་གསོད་པའི་ལག་དམར་ཞེས་པ་དེ་དཔེ་ཡིན། ཁྲི་སྲོང་ལྡེ་བཙན་ལ་ཕ་གསོད་པའི་ལག་དམར་ཟེར་བ་མིན། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་ཟེར་བས་བོན་པོ་ཚོར་ཕོག་ཐུགས་ལོས་ཤོར། འོན་ཀྱང་ཅི་བྱ་བརྟོལ་མེད་རེད། ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་འདིར་ཚང་མས་དྲང་བདེན་སྒ྄ོ་ནས་སྐད་ཆ་བཤད་རྒྱུ་དེ་གལ་ཆེན་རེད།
བཱེ་རོ་ཙ་ནས་དཀའ་བ་སྲོག་དང་བསྡོས་ནས་གཡུང་དྲུང་བོན་ཆེན་སྒྱུར་བའི་ཟེར་བའི་ལུང་དེ་ཕལ་ཆེར་ལེགས་བཤད་མཛོད་ལས་མཐོང་བ་ཡིན་སྙམ། ལེགས་བཤད་མཛོད་ཀྱིས་ཁུངས་གང་ལ་བསྐྱལ་ཡོད་མེད་གནས་སྐབས་གསལ་བཤད་མེད། རྗེས་སོར་ཞིབ་འཇུག་བྱེད་ངེས་ཡིན། །ངེད་ཀྱིས་ནམ་ཡིན་ཀྱང་དྲང་བདེན་མ་ཡིན་པ་བརྗོད་ཀྱི་མེད་སྙམ། །
https://m.youtube.com/watch?v=JOq0oj0T-BM
༧ གོང་ས་མཆོག་གིས་བོན་ལ་གཟིགས་གཏན་ནས་མྱོང་མེད་པ་འདྲ། བོན་བོའི་གཞུང་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཧ་ཅང་རྒྱས་པ་ཡོད་པ་མངོན་གསུམ་ཚད་མ་རེད། །
ནང་ཆོས་ནས་བཤུས་སོང་བ་རེད་གསུངས་འདུག་ག དེ་ག་རང་རེད། སྲོང་བཙན་གོང་དུ་བོད་ལ་དེ་འདྲའི་རིག་གཞུང་གྲ་རྒྱས་པོ་ཞིག་མེད་པ། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེའི་ཞལ་གཅིག་མཐུན་རེད། ད་ལྟ་ཡོད་པ་ནི་བསྒྱུར་བོན་ནོ
ཏྲེ་ཧོར་ཁྱོད་གཅིག་ཡོད་པ་དེ་ལུང་འདྲེན་བྱེད་རྒྱུ་དེ་རེད། རིག་པས་ལམ་ནས་བཤད་ཡ་གཅིག་མི་འདུག སྔོན་ནས་བཤད་ཚར་ཡོད། རིག་པ་དང་མངོན་གསུམ་ཚད་མས་སྒྲུབ་དགོས་པ་ལས་ལུང་འདྲེན་གྱིས་གོ་མི་ཆོད། ༧ གོང་ས་མཆོག་གི་གསུངས་པ་དེ་ད་བར་དུ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཆོས་པ་ཚོས་གསུངས་པ་ཞིག་རེད། གསར་པ་གང་ཡང་མ་རེད། །
རེད། ང་ཚོ་ལ་ལས་སྦྱིན། ཁྱོད་ཚོ་ལ་ལས་བརྐུས། བརྐུས་སྦྱིན་གཉིས་ཀའི་བཅའ་ལག་ངོ་འཕྲོད་ཀྱང་ཁྱེད་ཅག་ལ་ངོ་ནི་ཚ་རྒྱུ་མི་འདུག ལྟ་གྲུབ་བརྐུས་པས་ཁྲིམས་ལ་སྦྱར་ནི་ཟེར་རྒྱུ་མེད། རྐུན་མས་རིགས་པ་ནི་ཁས་མི་ལེན། ད་གང་དྲགས། ཧཧཧཧཧ
ཨོ་རྒྱུན་ཉི་མ་སྤྲུལ་ཁོག་་་ཏྲེ་ཧོར་བའི་མིང་འོག་ནས་བཅུག་འབྲི་ཡི་མ་སྡོད་ཟེར་རྒྱུ་ཡིན།
བོན་པོ་ཚང་ལ་རྐུ་མ་ཞེས་ལབ་བསྡད་ན་ལུགས་མཐུན་ཅང་མཐོང་གི་མི་འདུག བོད་ཀྱི་བན་དེ་བའི་བཀའ་བསྟན་དེ་དག་མང་ཆེ་བ་བོན་པོའི་རྩ་ནས་རྐུས་པ་ཡིན་ས་རེད་ཅེས་ཐག་བཅོད་ནས་བཤད་ཆོག་པ་ལྟ་བུ་འདུག བོད་ཀྱི་བན་དེ་བའི་བཀའ་བསྟན་པོ་ཏི་ཉིས་བརྒྱ་སུམ་བརྒྱ་ཡོད་པ་དེ་དག་གི་མ་དཔེ་སཾསྐྲིཏའི་ཡིག་ཐོག་ཏུ་མེད་པ། ཤཀྱའི་རིང་ལུགས་ཀྱི་ནང་པའི་རྒྱལ་ཁབ་ཁག་ལ་བོད་ཀྱི་བན་དེ་བའི་བཀའ་བསྟན་ལྟར་མང་པོ་དེ་འདྲ་མེད་པ།་་་རྒྱུ་མཚན་ཆེན་པོ་གཅིག་རེད།
གཉིས་པ། གྲི་གུམ་བཙན་པོའི་སྐབས་སུ་བོན་བསྣུབས་སྐབས་སུ་བོན་པོས་དཔེ་ཆ་པོ་ཏི་མང་པོ་ས་འོག་དང་བྲག་ཁུང་སོགས་ཀྱི་ནང་དུ་བསྐུངསདགོས་བྱུང་བ་རེད། རྗེས་སུ་བན་དེ་བས་ཚུར་བཏོན་དུས་་གཏེར་ནས་བཏོན་པ་ཡིན་ཞེས་ཟེར་ཡོད་པ། ཕར་བསྐུངས་མཁན་བོན་པོ་རེད་བ། བོན་དཔེ་བསྐུངས་མྱངས་བ་ལོ་རྒྱུས་ཀྱི་ཡིག་ཚང་ཁག་གི་ནང་དུ་ཡོད་པ། ཚུར་བཏོན་འོང་དུས་ཤཀྱའི་རིང་ལུགས་པའི་བཀའ་བསྟན་ཆགས་སོང་བ་རྣམས་རྐུས་པ་རེད་དམ་འཕྲོགས་པ་རེད།
གསུམ་པ། ལྟོས་དང་། བོད་ཀྱི་བན་དེ་བའི་གྲྭ་ཆས་ཡང་བོད་པོའི་གྲྭ་ཆས་ཡིན་པ། ཤཀྱའི་རྒྱལ་པོ་དང་ཁོང་གི་རྗེས་འཇུག་པ་ཚོའི་ནང་དུ་བོད་ཀྱི་གྲྭ་ཆས་ལྟ་བུ་གྱོན་མཁན་སུ་ཡང་མེད་པ། རྒྱ་གར་བའི་གུ་རི་རྗེ་ཚོའི་གྲྭ་ཆས་ལ་ལྟོས། སིང་རི་ལ་གྷའི་དང་འབའ་མ་སོགས་ཀྱི་ནང་པའི་གྲྭ་ཆས་ལ་ལྟོས། བོད་པའི་བན་དེ་བའི་གྲྭ་ཆས་དང་འདུལ་ཁྲིམས་དེ་དག་བོན་པོ་དང་གཅིག་པ་འདྲ་པོ་ཡོད་པ། རྐུ་མ་སུ་ཡིན་མིན་ཧ་གོ་ཡ་ལས་སླ་བོ་མ་རེད་དམ། རྐུས་ནས་གྱོན་པ་མ་རེད་པེ། ཤཀྱའི་རྒྱལ་པོས་ནི་བོད་ཀྱི་བན་དེ་བའི་གྲྭ་ཆས་ལྟ་བུ་གྱོན་མྱངས་མི་འདུག་ག
གཏམ་བཤད་ན་རྒྱུ་མཚན་དགོས་པ་རེད། དཔང་རྟགས་དགོས་པ་རེད། དོན་མེད་དགོས་མེད་་་རྐུ་མ་དང་རྐུ་མ་ཟེར་བསྡད་ན་ཅང་ལུགས་མཐུན་ཨེ་ཡིན་ན།
ས་ཏྲིག་ལགས་་་ཚུལ་ཁྲིམས་བློ་གྲོས་མདོ་སྟོད་པ་རེད། ཏྲེ་ཧོར་ཁམས་པ་རེད། ཁམས་འབྲོག་རེད། བྲག་མགོ་རྫོང་གི་མི་རེད། མདོ་སྨད་པའི་མགོ་ལ་ཞྭ་མོ་མ་གཡོགས
ནོར་བཅོས་་་་གསུམ་པ། ལྟོས་དང་། བོད་ཀྱི་བན་དེ་བའི་གྲྭ་ཆས་ཡང་བོན་པོའི་གྲྭ་ཆས་ཡིན་པ། ཤཀྱའི་རྒྱལ་པོ་དང་ཁོང་གི་རྗེས་འཇུག་པ་ཚོའི་ནང་དུ་བོད་ཀྱི་གྲྭ་ཆས་ལྟ་བུ་གྱོན་མཁན་སུ་ཡང་མེད་པ། རྒྱ་གར་བའི་གུ་རི་རྗེ་ཚོའི་གྲྭ་ཆས་ལ་ལྟོས། སིང་རི་ལ་གྷའི་དང་འབའ་མ་སོགས་ཀྱི་ནང་པའི་གྲྭ་ཆས་ལ་ལྟོས། བོད་པའི་བན་དེ་བའི་གྲྭ་ཆས་དང་འདུལ་ཁྲིམས་དེ་དག་བོན་པོ་དང་གཅིག་པ་འདྲ་པོ་ཡོད་པ། རྐུ་མ་སུ་ཡིན་མིན་ཧ་གོ་ཡ་ལས་སླ་བོ་མ་རེད་དམ། བོན་པོའི་གྲྭ་ཆས་རྐུས་ནས་གྱོན་པ་མ་རེད་པེ། ཤཀྱའི་རྒྱལ་པོས་ནི་བོད་ཀྱི་བན་དེ་བའི་གྲྭ་ཆས་ལྟ་བུ་གྱོན་མྱངས་མི་འདུག
ལས་དང་རྒྱུ་འབྲས་རྩ་བའི་རྩེ་ལ་ཞོགས།
རྐུ་མ་སུ་ཡིན་ཚུལ་གསུམ་པས་དཔྱོད།
མཐོང་བ་མངོན་སུམ་གྱུར་པའི་གྲྭ་ཆས་འདི།
ཚུལ་གསུམ་རིག་པའི་ཕྱོགས་ཆོས་འོང་ངེས་རེད།
ནོར་་་བཅོས
ལས་དང་རྒྱུ་འབྲས་རྩ་བའི་རྩེ་ལ་ཞོགས།
རྐུ་མ་སུ་ཡིན་ཚུལ་གསུམ་རིག་པས་དཔྱོད།
མཐོང་བ་མངོན་སུམ་གྱུར་པའི་གྲྭ་ཆས་འདི།
ཚུལ་གསུམ་རིག་པའི་ཕྱོགས་ཆོས་འོང་ངེས་རེད།
ཅོ་རི་མི་མྱ་གཉིས་འཛིང་ན་ཡག་རྒྱུ་མེད་་་་་་ཧཧཧཧཧ
YouTube ནང་་་་་་་བོད་མཁས་པའི་བགྲོ་གླེང་། དང་པོའི་མཇུག་དང་། གཉིས་པའི་འགོ་ན་བོན་པོ་ནང་བ་མིན་པར་གསུངས་འདུག
བོན་པོ་ལ་གྲྭ་བ་མེད་པ་ནམ་མཁས་ནོར་བུས་ཐེངས་མང་པོ་ཡིག་ངག་གཉིས་ཐོག་ནས་བཤད་སོང་ཟེར། གྲྭ་བ་མེད། འདུལ་བ་མེད་ན། གྲྭ་ཆས་གང་ནས ཧཧཧཧཧཧ
བོན་པོའི་སྡོམ་རྒྱུན་རྫུན་མ་ཞིག་དོལ་པོ་ཆོས་འཁོར་ཚང་ཟེར་བའི་བན་ལོག་དེས་སྐྱག་རྫུན་གྱིས་འཁོར་ལོ་བསྐོར་ཏེ། རང་གི་མིང་བྲིས་མ་ཕོད་པར་བཙུན་མ་གཡུང་དྲུང་བཟང་མོ་ཡིན་ན་ཅིག་བྲིས་ཏེ་བཀྲམ། དབྱིན་ཡིག་ཐིག་ལ་བསྒྱུར་ཏེ་ནུབ་ཕྱོགས་པ་ཚོ་མགོ་སྐོར་་་་་་་་་ཧཧཧཧབ
ནམ་མཁའི་ནོར་བུས་བོན་པོའི་རིག་གཞུང་ལ་དཔྱད་ཁུལ་གྱིས་ཆོས་ཀྱི་ལ་རྒྱ་འཆོར་ལ་ཁད་དུ་གྱུར་ཚེ། སླར་ཡང་རང་ཚུགས་ཟིན་ཡོད་པ་འདྲ། ངས་སྐད་ཆ་ཞིག་གོ་སོང་། དེ་བདེན་པ་ཡིན་ན། ཉེ་ཆར་ཆུ་ཚོད་གཉིས་ལ་བོན་པོའི་རྫུན་བརྐུབ་བརྟོལ་བའི་གཏམ་འགང་ཆེན་མང་པོ་བཤད་སོང་ཟེར། བོན་པོ་ཚོས་རྒྱབ་བསྐྱོར་དྲངས་རྒྱུ་ཡོད་ན་མེད་ན་བོ་ནམ་མཁའི་ནོར་བུ་རེད། བསྒུག་ནས་སྡོད་ཨ། ཧཧཧཧཧ
ནམ་མཁའི་ནོར་བུ་ནི་རྙིང་མ་གཙང་མ་རེད། ཁོང་གིས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱས་དུས་ཁ་ཤས་ཤིག་དྲང་མོར་བཤད་པ་རེད། སྲོང་བཙན་ཡན་ལ་བོད་ལ་ཡི་གེ་ཡོད་པ་དང་། རྫོགས་ཆེན་ཡོད་པ་སོགས་དུ་མ་ཞིག་ཡིག་ངག་གཉིས་ཐོགས་ནས་གསུངས་ཡོད་པ་ལ་འགྱུར་བ་ནམ་ཡང་གཏོང་ཐུབ་ཀྱི་མ་རེད། དེ་ནི་ནམ་མཁའི་ནོར་བུ་བོན་ལ་དགའ་དྲག་ནས་ཀྱང་མ་རེད། དུས་རབས་དང་མཐུན་པའི་དངོས་ཡོད་གནས་ཚུལ་ཅུང་ཟད་ཅིག་ཕྱི་རུ་དམར་རྗེན་ཕུད་པ་ཙམ་རེད། ནམ་མཁའི་ནོར་བུ་ཙམ་མ་ཟད་རྙིང་མའི་མཁས་པ་ཚད་ལྡན་ཁ་ཅིག་དེ་འདྲ་སྔོན་ནས་གསུངས་ཡོད་པ་རེད། འོན་ཀྱང་དེ་ཚོས་གང་གསུངས་པ་དེ་བོན་ལ་ཆ་མཚོན་ན་གང་ཡང་མ་རེད། བོན་གྱི་ཁུངས་བོན་རང་ལ་བཅོལ་བ་ལས་གཞན་ལ་བཅོལ་མི་སྲིད། ཆགས་སྡང་ཅན་དུ་མས་ནམ་མཁའ་ནོར་བུ་ལ་ཁ་བརྡུངས་ཚད་མེད་བཏང་ཡོད་སྟབས་ཁོང་ལའང་འགྱུར་བ་ཡོད་སྲིད་པ་རེད། འོན་ཀྱང་བཤད་ཚར་བ་ནི་ཚར་བ་རེད། དེ་ལ་ཕྱིར་འཐེན་ཡོད་པ་མ་རེད། བོན་པོར་མཚོན་ན་རྫོགས་ཆེན་ལས་ལྷག་ཅིག་ཡོད་པ་མ་རེད། དེའི་ཕྱིར་རྫོགས་ཆེན་གྱི་ཕྱི་མོ་བོན་ཡིན་པར་ཁས་བླངས་ན་དེ་གས་འཐུས། །
ད་དུང་ཉེ་ཆར་བོན་པོའི་ཁྲི་འཛིན་དགོངས་པ་བསྡུས་དུས་ཀྱི་སྐུ་པར་ལ་ལྟོས་དང་། ང་ནོར་མེད་ན་ཡང་རྫུན་བཟོ་ཞིག་བྱས་འདུག ཞལ་གནམ་ལ་གདངས། དབུ་འོག་ཏུ་རས་ཐོ་བཞག ཆོས་གོས་རྨ་དཀྲིས་ནང་བཞིན། ཞལ་འདོན་དང་། བགྲང་ཕྲེང་མཆོད་བཤམ་ནང་བཞིན། འདས་ཚར་དུས་གྱེན་ལ་བསླང་བཞག་པ་འདྲ་བོ་འདུག ཡོད་ཚད་འདི་འདྲ་བྱས་ཏེ་བཟོས་ཏེ་ཡོང་བ་རེད། མ་ཤེས་པ་ནི་སྡུག་བསྔལ་ལོ། །ཁྲི་འཛིན་རང་ངོས་ནས་བླ་མ་ཉམས་ཆུང་ཡག་པོ་ཞིག་ཡོད་ས་རེད་དེ། དགོངས་པ་ཚོམ་མི་ཉན་ཨ།
དངོས་གནས་བཤད་ན་བོན་པོ་ལ་རྫོགས་ཆེན་ཕར་ཞོགས། སྟོན་པ་གཤེན་རབ་ཟེར་བའི་སངས་་རྒྱས་ཤིག་དང་། བོན་གྱི་བཀའ་བསྟན་ཞིག་མེད་པ་ཞིག་ལུང་རིགས་བརྒྱ་ཕྲག་གིས་བསྒྲུབ་ནུས་ཀྱང་། སེམས་ཕམ་པ་ཞིག་ལ་བོན་པོ་རྫུན་བཟོ་ལ་དགའ་དྲགས་ཏེ། མཁྲིས་ནད་ཅན་ལ་དུང་དཀར་པོ་བསྒྲུབས་པ་གཅིག་པ་རེད། ༢༦༠༠གོང་ལ་ཀླད་ཀོར་ཞིག་བསྣན་ན་༢༠༦༠༠ ཆགས་པ་རེད། ཧཧཧཧཧཧ
ས་ཏྲིག
ཁྱེད་ཀྱིས་ང་ལ་རྩོད་པ་རྒྱག་འདོད་ཡོད་ཟེར། ཤོག་ཁོ་རེ། བོན་པོའི་བླ་མ་གྲོངས་མཁན་དེའི་སྐོར་མང་པོ་ཤེས་ཀྱི་ཡོད། ངས་རྫུན་བཤད་མ་ཡོང་། དྲང་པོ་བཤད་ཆོག
༡༽ སྤྱི་ལོ་༡༩༧༠ནང་ལ་ཁོང་དང་བསམ་གཏན་དཀར་རྨེ་ཁོང་རྣམ་པ་དབྱིན་ཇིར་ཡོད་སྐབས། ཕྱི་རྒྱལ་གྱི་མཁས་དབང་མང་པོ་འབྲེལ་དྲིས་བྱུང་འདུག པར་མང་པོ་འདུག ཐུགས་སྤྲོ་གཏོང་བ་དང་། སྐྱིད་པོ་གཏོང་བའི་དཔར་མང་པོ་འདུག འོན་ཀྱང་ཡོངས་གྲགས་དེའི་སྐབས་ཀྱི་མཁས་པ་དང་བོད་རིག་པའི་སློབ་མ་ཚོས་བཤད་རྒྱུར། བོན་གྱི་དབུ་འཛིན་ཞིང་གཤེགས་དེ་དང་། མཁན་པོ་བསྟན་འཛིན་རྣམ་དག་ཟེར་བ་གཉིས་ངོ་མ་འདྲ་འདྲའི་དཀྱིལ་ནས་མི་འདྲ་བ་ཞིག་འདུག་ཅེས་ཡོངས་གྲགས་རེད།
ཁོང་རྣམ་གཉིས་ཀྱི་འདུལ་བའི་ཁྲིམས་སྲུང་སྟངས་གཅིག་པུར་ཚང་མ་ཧ་ལས་འགྲོ་གི་འདུག སྐབས་དེ་དུས་ས་དགེ་བཀའ་རྙིང་གི་བླ་ཆེན་མི་ཆེན་མང་ཆེ་བ་ཕྱི་རྒྱལ་གྱི་བུ་མོའི་སྟུའི་འོག་ནས་ཐར་མེད། བོན་པོའི་ཆོས་པ་དེ་གཉིས་གཅིག་པུ་ཐར་བ་རེད་ཅེས་རྩེད་མོའི་ཚུལ་དུ་ཤོད་ཀྱི་འདུག
དེ་བཞིན་ཁོང་རྣམ་གཉིས་དངོས་གནས་བྱམས་སེམས་ཅན་ཞིག་ཡོད་ཅེས་ཡོངས་གྲགས་རེད། དེའི་དྲིན་གྱིས་ཕྱི་རྒྱལ་མང་པོ་ཞིག་རང་བཞིན་གྱི་བོན་ལ་བློ་ཉེ་པོ་ཆགས་འདུག སྐད་ཆ་དེ་ཚོ་ཤོད་མཁན་ཕ་རན་སིའི་ཧེ་ཐར་རམ་བདེ་ཆེན་དབང་མོ་དང་། དེ་བཞིན་སྐབས་དེ་དུས་ཀྱི་བོད་རིག་པའི་སློབ་མ་མང་པོ་འདུག
འདི་བདེན་པ་ཡིན། ཁོང་ཚོས་མཁན་པོ་བསྟན་འཛིན་རྣམ་དག་ཟེར་མཁན་དེ་ངོ་མ་ནང་པའི་བླ་མ་སུ་གཅིག་ལ་མེད་པའི་བཅོས་མ་མིན་པའི་བྱམས་སེམས་ཅན་ཞིག་ཡོད་ཟེར། ཁོང་ས་ཆ་གང་དུ་ཕེབས་ཡང་། རྟག་ཏུ་བྱེའུ་དང་ཁྱི། དེ་བཞིན་བྱ་རིགས། དེ་བཞིན་ཉ་སོགས་ལ་རྟག་ཏུ་ཟས་སྦྱིན་པ་རྒྱུན་གཏན་རེད་ཟེར། བླ་མ་དེ་ངོ་མ་མཐོང་བ་ཙམ་གྱི་སྙིང་རྗེ་ཅན་ཞིག་ཡིན་ཟོ་འདུག རྗེས་མ། དྲུང་པ་རིན་པོ་ཆེས། Too bad his is not a Buddhistཅེས་གྱོད་པ་ལྟ་བུས་གསུངས་པ་ཁོང་ཚོར་གསུང་རྒྱུ་འདུག
འདི་རྫུན་བཟོ་མིན།
ས་ཏྲིག ད་ཁྱོད་ཀྱི་འདོད་པ་ཤོད་དང་། ཤོད་རྒྱུ་མེད་ན། ལས་སླ་པོར་འཇོག་གི་མིན། སྤྲང་ཕྲུག
དགོངས་པ་མ་ཚོམས་ཨ། ཚང་མ་བདེན་པ་ནི་ཡིན།
སྤོ་ཐས་སྔོན་ཆད་ཨ་ཕྱིའི་མིང་ཐོག་ནས་བོན་ལ་སྐུར་བ་ཚད་མེད་བཏབ་སོང། ད་ལྟ་ཏྲེ་ཧོར་མིང་ཐོག་ནས་སྐུར་བ་ཚད་མེད་འདེབས་ཀྱི་འདུག ལས་ངན་རེད། ངས་བལྟས་ན་ཁྱོད་ཀྱིས་མི་ཤི་བའི་ཕུང་བོ་ཞིག་དངོས་སུ་མཐོང་མེད་པ་འདྲ་བོ་རེད། མི་ཤི་བའི་ཕུང་པོ་དེ་ཐུགས་དམ་ལ་བཞུགས་མེད་ན་ཙོག་པུར་འཇོག་རྒྱུ་དེ་རྐྱལ་བ་ནང་དུ་ཆ་བཞག་པ་ལྟར་ཙོག་པུར་འཇོག་ཐབས་བྲལ། གལ་ཏེ་གཡས་གཡོན་ལ་སྐྱོར་མང་པོ་བཞག་ནའང་དྲང་མོར་འཇོག་རྒྱུ་ཧ་ཅང་དཀའོ། ལས་ངན་ཁྱོད་ལ་ལན་རྒྱག་འདོད་མེད་ཀྱང་དོགས་སེལ་ཙམ་དུ་དྲ་གྲོགས་ཚོར་ཕུལ་བ་ཡིན། །
མཆན་ཆ་ཚང་ཞིག་བཀླགས་པ་ཡིན། ཅོ་རི་དང་ཏྲེ་ཧོར་གཉིས་གྱིས་བཤད་སྟངས་ཅུང་ཟད་ཅིག་ཐལ་དྲག་འདུག་སྙམ་པ་བྱུང་། དྲི་མེད་ལྷག་བསམ་ནི་ནམ་ཡིན་ཀྱང་བློ་གཟུ་བོར་གནས་པའི་མཁས་དབང་ཞིག་ཡིན་སྙམ་པ་ཡོད། སྤྱིའི་ཆ་ནས་བོན་ཆོས་གཉིས་ཀྱི་ལོ་རྒྱུས་ཚད་ལྡན་ཞིག་དཀའ་བར་སྣང་། ཆོས་པ་ཁ་ཅིག་གིས་བོན་ལ་བསྐུར་བ་བཏབ་པ་ཐལ་དྲག་འདུག ཆོས་ཕྱོགས་ནས་སྲོང་བཙན་སྒམ་པོར་འོད་དཔག་མེད་ཀྱི་དབུ་ཡིས་བརྒྱན་པ་དང་། གླང་དར་མར་རཱས་བརྒྱན་པ་སོགས་ལ་དཔྱད་ན་བོན་པོ་ཚོ་ཅུང་ཟད་དྲག་པ་འདྲ་བོ་རེད། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བོན་དང་ཆོས་གང་ལ་སྐྱབས་སུ་སོང་ན་དེ་གཉིས་ཀྱི་ཐར་བ་མི་འདྲ་བ་ལྟ་བུ་གསུངས་འདུག འདི་ནི་ཅུང་ཟད་ཐལ་དྲག་པ་རེད། བོན་དང་ཆོས་ཟེར་བ་དེ་མིང་ཙམ་རེད། དོན་ལ་ལྟ་སྒོམ་ལ་བཤད་དགོས། ད་སྐབས་ཀྱི་དུས་འདིར་སོ་སོའི་ཆོས་ལུགས་གང་ཡིན་ལ་མ་ལྟོས་པར་སུས་དྲང་བདེན་བཤད་ན་མི་ཕལ་མོ་ཆེས་དེ་ལ་རྒྱལ་སྐྱོར་བྱེད་ངེས་རེད། དྲང་བདེན་པ་ཚོས་ནམ་ཡང་སྤོབས་པ་ཞིམ་པ་མེད་པར་མཇུག་སྐྱོང་བར་སྨོན། །
ྋགོང་ས་མཆོག་གིས་བོན་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མེད་ཚུལ་གསལ་པོར་གསུངས།
རྗེ་ཡབ་སྲས་དང་བཅས་པས་བོནནང་པ་མ་ཡིན་ཞེས་གསལ་པོར་གསུངས།
༼རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་<>།༽
“སྙིང་རྗེ་རྗེས་སུ་དྲན་པས་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་དགོད་པ་ནི། སེམས་ཅན་གཞན་ཡང་ཅི་ནུས་ཀྱིས་སྐྱབས་སུ་འགྲོ་བ་ལ་བརྩེ་བས་འགོད་པའོ། །བྱ་བ་གང་བྱེད་པ་དང་དགོས་པ་ཅི་ཡོད་པ་ན་དཀོན་མཆོག་གསུམ་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་པའི་ཐབས་གཞན་སྤོང་བ་ནི། བྱ་བ་ཇི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་བ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང༌། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ།།”
༼རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་<>ལས།༽
“གསུམ་པ་ནི། སེམས་ཅན་གཞན་ཡང་ཅི་ནུས་ཀྱིས་སྐྱབས་སུ་འགྲོ་བ་ལ་བརྩེ་བས་འགོད་པའོ། །བཞི་པ་ནི། བྱ་བ་ཅི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་བ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང༌། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ།།
༼རྫ་དཔལ་སྤྲུལ་རིན་པོ་ཆེས་གསུངས་དོན། རྒྱ་གར་ལ་ཕྱི་པ་དང་། ནང་པ། བོད་ལ་བན་དེ་དང་བོན་པོ། རྒྱ་ནག་ལ་ཧ་ཤང་དང་། ཧོ་ཤོང་། བོད་འདིར་མུ་སྟེགས་པ་དངོས་མེད་ཀྱང་དེ་དང་ཆ་འདྲ་བ་ཡོད་ཅེས་གསུངས་ཡོད།༽
༼གཞན་ཡང་<>ལས།༽
“བོད་འདིར་མུ་སྟེགས་པ་དངོས་མེད་ཀྱང་དེང་དུས་ཆོས་པ་དང་མཁས་པར་ཁས་འཆེས་པ་འགའ་ཞིག་འགག་ལ་ཐུག་པའམ། ཡང་འཁོར་མང་སྡུད་པ་དང༌། གཞན་གྱི་ངོ་སྲུང་ཆེད་དུ་བོན་དང་ཀླ་ཀློའི་ཆོས་ལུགས་ཚུན་ལ་འཇུག་པ་ལ་ཇི་མི་སྙམ་པ་འདི་དག་ནི་སྐྱབས་ལ་གཉིས་འཛིན་བྱས་པས་དེའི་རྒྱུད་ཀྱི་སྐྱབས་འགྲོ་བཏང་སྟེ་ནང་པའི་གྲལ་ནས་བུད་པ་ཡིན། ཁ་ཅིག་བན་དགའ་བོན་དགའ་བྱེད་ཟེར་མཁན་ཡོད་ཀྱང༌། བོན་གྱི་སྟོན་པ་དང་ཆོས་དང་དེའི་རྗེས་སུ་ཞུགས་པ་རྣམས་ལ་སྐྱབས་སུ་འོས་པའི་རྒྱུ་མཚན་མེད་དེ། དེའི་སྟོན་པ་ལ་སྐྱོན་ཀུན་ཟད་སོགས་ཡོན་ཏན་མི་ལྡན། ཆོས་ལ་ཉོན་མོངས་པ་ཁ་བྲི་བའི་ཐབས་ཙམ་མེད། དགེ་འདུན་ནི་སོ་ཐར་ལ་བརྟེན་པ་ཡིན་ཁུལ་བྱེད་ཀྱང་དེའི་སྡོམ་རྒྱུན་མེད་པས་དེ་གསུམ་ག་ལ་ཡོན་ཏན་མ་ཚང༌། བོན་ལ་ནང་པའི་སྐྱབས་འགྲོ་ཡང་མེད་པས་སྐྱབས་སུ་མི་འོས། དེ་ཡང་བན་བོན་ཕན་ཚུན་ཆགས་སྡང་གི་གཏམ་བཤད་དེ་ལར་རྒྱ་རྩོད་པ་ལྟ་བུ་མ་ཡིན་པར། སྔོན་བྱོན་མཁས་པའི་གསུང་གི་ལོ་རྒྱུས་ཚད་ལྡན་རྣམས་ལས་བྱུང་བ་ལྟར་བོན་གྱི་ཁུངས་ཇི་འདྲ་ཡིན་ཤེས་པར་བྱེད་པ་གལ་ཆེ་བས། ཐུའུ་བཀྭན་དྷརྨ་བཛྲའི་གསུང་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་སོགས་ལས་ཤེས་དགོས་པ་ཡོད་གསུངས། དེས་ན་བོན་གྱི་སྟོན་པ་བསྟན་པ་ལྟ་བ་གསུམ་གའང་ཕྱི་རོལ་པའི་ལྟ་སྒོམ་བསྲེས་པ་དང༌། ནང་པའི་གསུང་རབ་ནས་ཕར་བརྐུས་ཏེ་བརྫུན་ཆོས་སྦྱར་བ་སོགས་དུས་ཆེས་སྔ་བ་ཞིག་ནས་བྱུང་སྟེ་ཁྱབ་གདལ་དུ་གྱུར་པའི་ལུགས་ངན་དར་བ་ཡིན་པས། གྲོལ་བ་དོན་གཉེར་གྱི་སྐྱེས་བུའི་སྐྱབས་སུ་འོས་པ་དང་ཡིད་རྟོན་རུང་བའི་གནས་མ་ཡིན་ཞིང༌། དོན་དེ་དག་ལ་དགོངས་ཏེ་འབྲི་གུང་འཇིག་རྟེན་མགོན་པོས། བོན་པོའི་ལྟ་སྒོམ་གྱི་སྐབས་སྣོད་བཅུད་ཐམས་ཅད་སྒོ་ང་ལས་སྐྱེས་པའི་ལུགས་དང༌། ཕྱྭ་དང་དབང་ཕྱུག་སོགས་ཀྱིས་བྱས་པའི་ལུགས་སུ་སྣང་བ་རྣམས་མུ་སྟེགས་པའི་ལྟ་བ་འཁྱར་བ་ཡིན། ཞེས་དང༌། བཀའ་གདམས་བུ་ཆོས་ལས། མུ་སྟེགས་བོན་ནི་དངོས་གྲུབ་མྱུར། །འཕྲལ་དགའ་ཕུགས་སུ་ངན་འགྲོར་སྐྱུར། །མུ་སྟེགས་བོན་ནི་མེ་དང་འདྲ། །ཅུང་ཟད་ཉེ་བས་བདེར་གྱུར་ནའང༌། །ངེས་པར་གཏུགས་ན་འཚིག་པར་འགྱུར། །ཅེས་དང༌། རྣལ་འབྱོར་གྱི་དབང་ཕྱུག་རྗེ་མིད་ལའི་ཞལ་ནས་ཀྱང༌། བོན་གྱི་འབྱུང་ཁུངས་ལོག་ཆོས་དང༌། །ཀླུ་དང་འབྱུང་པོ་སྟོབས་ལྡན་གྱིས། །བྱས་པས་མཐར་ཐུག་ལམ་མི་བགྲོད། །བོན་ནི་ཤིན་ཏུ་སྨད་པའི་རིགས། །ཕྱི་ནང་གཉིས་ཀྱི་ཁྱད་པར་ནི། །སྐྱབས་གནས་དག་ལ་འཛོལ་བ་འོ། །ནང་པའི་སྐྱབས་གནས་དཀོན་མཆོག་གསུམ། །ཕྱི་པའི་ཚངས་དབང་ཁྱབ་འཇུག་གོ །རང་ཉིད་འཁོར་བ་ལས་གྲོལ་ནས། །གཞན་དག་སྒྲོལ་བར་ནུས་པ་ནི། །རྫོགས་པའི་སངས་རྒྱས་ཉིད་ཡིན་ནོ། །དབང་ཕྱུག་ལ་སོགས་འཇིག་རྟེན་ལྷ། །རང་ཡང་འཁོར་བར་བཅིངས་གྱུར་པས། །གཞན་ལ་གནས་སྐབས་དངོས་གྲུབ་ཙམ། །སྩོལ་བར་ནུས་ཀྱི་ཐར་པ་ཡི། །རྣམ་གྲོལ་སྟེར་བར་ག་ལ་ནུས། །ཞེས་དང༌། ཀླུ་འབུམ་དཀར་མོ་ལ་སོགས་ན། །རིགས་ལྔ་ཀླུ་ཡི་དཀྱིལ་འཁོར་དུ། །སངས་རྒྱས་ཐོབ་པར་གྱུར་ཅིག་ལོ། །ཀླུ་ནི་དུད་འགྲོའི་གྲངས་སུ་བགྲངས། །ཕལ་ཆེར་བོན་སྐུ་ཀུན་བཟང་སོགས། །དཀྱིལ་འཁོར་སྣ་ཚོགས་བྱེད་ན་ཡང༌། །ཤམ་སྔོན་ཅན་གྱིས་བཟོས་པ་ཡི། །ལོག་ཆོས་འབའ་ཞིག་ཡིན་པར་སྣང༌། །ཞེས་སོགས་རྒྱ་ཆེར་གསུངས་སོ།།
“དེང་སང་ཁ་ཅིག་གིས་བོན་གྱི་གཤེན་ལྷ་འོད་དཀར་ནང་པའི་སྤྱན་རས་གཟིགས་དང་གཅིག་ཡིན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གདུལ་བྱ་ཡིན་ཕྱིར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་མང་པོ་བོན་པོའི་གྲས་སུའང་བྱོན་པས། བོན་ལུགས་བྱེད་པ་ལ་ཡོན་ཏན་མ་གཏོགས་སྐྱོན་མེད་ཟེར་བ་ཡོད་ཀྱང༌། དེ་ལྟར་སྨྲ་བ་ནི་རང་ཉིད་ལྟ་ལོག་གི་བག་ཆགས་ངན་པས་རྒྱུད་བསླད་པས་ཤས་ཆེར་རྨོངས་པར་བྱས་པའི་གཏམ་ཆེན་པོ་ཞིག་སྟེ། དེ་ལྟ་མ་ཡིན་ན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་དུད་འགྲོའི་ནང་དུའང་བྱོན་སྲིད་པས་ཁྱི་ཕག་གི་ལུགས་བྱས་ན་ཡོན་ཏན་མ་གཏོགས་སྐྱོན་མེད་པར་ཐལ་བར་འགྱུར་བས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་དེ་འདྲའི་སྐྱུགས་བྲོ་བའི་ལུགས་ངན་མཐའ་དག་འཕོངས་ཕྱིས་པའི་རྡོ་བཞིན་དུ་དོར་ནས། ནང་པ་སངས་རྒྱས་པའི་སྐྱབས་དཀོན་མཆོག་གསུམ་ཁོ་ན་ལ་སྐྱབས་གནས་ཡང་དག་ཏུ་བཟུང་སྟེ་བློ་ལིངས་འགེལ་བྱེད་པ་གལ་ཆེ།
བོན་ཆོས་ལ་ཉམས་ཞིབ་པ་མཁས་དབང་ནམ་མཁའ་ནོར་བུས། བོད་སིལ་བུའི་ཡར་སྔོན་དུ་བོན་ལ་ད་ལྟའི་བོན་ཀྱི་བཀའ་བསྟན་འདི་ཚོ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་མི་འདུག་ཟེར། ཡང་ཁོས་ངོ་མ་བཤད་ན་བོན་ལ་རབ་བྱུང་ཡོད་དོན་མི་འདུག་ཟེར། བོན་གྱི་བླ་རྒྱུད་ལ་ཁྱིམ་པའི་རྟེན་ཅན་ལས་ཡོད་མ་རེད་ཟེར། ཇོ་བོ་བོད་དུ་ཕེབས་དུས་ཙམ་ལ་བོན་པོ་ཤམ་ཐ་སྔོན་པོ་ཅན་ཟེར་བ་རྫུ་ཡ་འཕྲུལ་ཡ་ཅང་ཙམ་ཡོད་ནི་དེས་ཐབས་ཤེས་བྱས་ཏེ་བོན་ལ་རབ་བྱུང་དང་དགེ་སློང་ཡོད་པར་བཟོས་པ་རེད་ཟེར། མཁས་དབང་ཁོང་གི་གསུང་པ་ལྟར་དོན་ལ་གནས་ན། ད་ལྟའི་བོན་གྱི་བཀའ་བསྟན་འདི་ཚོ་བན་དེའི་ཆོས་ཡིན་པ་ཁ་ཚོན་བཅད་ཐུབ། དེས་ན་ད་ལྟའི་བོན་གཞུང་ནང་ཡོད་པའི་ལྟ་སྒོམ་སྤྱོད་གསུམ་དེས་བོན་གྱི་རང་ལུགས་མཚོན་མི་ཐུབ་པ་ནི་རྟོགས་སླ། གལ་ཏེ་བོན་གྱིས་བཤད་པ་བཞིན་བོན་གྱི་བཀའ་བསྟན་འདི་ཚོ་བོད་དུ་བན་དེའི་ཆོས་མ་དར་གོང་ནས་ཡོད་ན། ཆོས་རྒྱལ་ལོ་པན་ཚོས་ཅིའི་ཕྱིར་བོན་བན་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་མི་མཐུན་པ་བཤད། མདོ་་ན་ད་ལྟའི་བོན་གཞུང་ལ་བལྟས་ན། གོ་ཏ་མ་དང་སྟོན་པ་གཤིན་རབ་སོ་སོའི་སྟོན་པ་ཁས་ལེན་མི་ལེན་དང་དུས་སྔ་ཕྱི་སོགས་ཀྱིས་བོན་བན་གྱི་ཆོས་གཅིག་ཏུ་ཡོང་ཐབས་མེད་ཀྱང་། ད་ལྟའི་བོན་གྱི་བཀའ་བསྟན་ཀྱི་དོན་ལ་བསམ་ན་བོན་བན་གཉིས་ཀྱི་མཐར་ཐུག་གི་ཐར་པ་ལས་སླ་པོས་ཁ་ཁར་ཕྱེ་མི་ཐུབ། འོན་ཀྱང་བོན་པོའི་བཀའ་བསྟན་འདི་ཚོ་བོན་པོའི་ཐུན་མོ་མ་ཡིན་པའི་རང་གཞུང་ཡིན་དང་གོ་ཏ་མའི་ཆོས་ལུགས་ལས་བཤུས་པ་ཡིན་མིན་ད་དུང་མི་ཤེས་སོ།།
མུ་མཐུད
བན་བོན་གང་གི་ཡིན་ངས་མི་ཤེས་ཀྱང་། རྒྱ་གར་པན་གྲུབ་བཅུ་བདུན་ལ་སོགས་པས་ཤེས་ཀྱི་རེད་བསམ། ཀླུ་སྒྲུབ་སོགས་ཀྱིས་ཡུམ་ཕར་ཕྱིན་གྱི་དོན་འགྲེལ་འདུག་ལ། མཆོད་བརྗོད་སོགས་ན་གོ་ཏ་མ་མང་གི་ཡ་ཧཧཧ་
དེ་ཚོ་ཡང་བོན་ཕྲུག་ཡིན་པར་ཁས་ལེན་ཨེ་ནུས།
བོན་པོས་ཤག་ཐུབ་རང་གི་སྟོན་པ་ཁས་མི་ལེན་པས་དེའི་རྗེས་འཇུག་ལ་འགྲོ་ས་མེད་ལ་དེའི་ཆོས་ལུགས་ལ་ཡང་འགྲོ་ས་མེད། དེང་གི་བཤད་ཚུལ་བཞིན་ཆོས་དང་ཆོས་ལུགས་ཁ་ཁར་བྱས་ཏེ། བོན་པོའི་རང་གཞུང་ཐུན་མོ་མ་ཡིན་པ་ལ་གོ་ཏ་མའི་ལྟ་སྒོམ་སྤྱོད་གསུམ་བཞིན་ཡོད་གྱུར་ན། བོན་བན་གཉིས་ཀྱི་སྟོན་པ་སོ་སོར་ངེས་ཀྱང་ཆོས་གཅིག་ཏུ་མི་འགྱུར་པའམ་མིན། མཁན་ཆེན་ཚུལ་བློས་བོན་འདི་མ་གཞི་སངས་རྒྱས་ཤཀྱ་ཐུབ་པའི་ཆོས་ཀྱི་ནང་དུ་མི་གཏོགས། བོད་ཡུལ་གྱི་ཆོས་ལུགས་ཤིག་ཡིན། གསུངས་པ་དེ་འོལ་ཚོད་ཀྱི་ཧམ་བཤད་ཅིག་མིན། དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་མང་པོ་ཡོད་པ། མཁན་ཚུལ་བློས་དེ་རྣམས་གཞི་བཞག་གིས་གསུང་པ་ཞིག་རེད་འདུག་སྙམ། ཡང་། མཁན་ཚུལ་བློས་བོན་པོས་བན་དེའི་ཆོས་སློབ་པ་དང་ཉམས་སུ་བཞེས་པ་དེས། བོན་པོའི་ཆོས་ཀྱི་ངོ་བོའི་ཚབ་བྱེད་མི་ཐུབ་གསུང་པ་འདི་ཡང་ཐུགས་མཉམ་མ་བཞག་པ་མུན་ནག་མདའ་འཕངས་ཞིག་རྩ་བ་ནས་མིན། གནད་དོན་འདི་ལ་སྙོན་དུ་མེད་པའི་དཔང་རྟགས་དུ་མ་ཡོད། རྒྱ་ཆེ་ས་ནས་བོན་ཀྱི་བཀའ་བསྟན་འདི་ཚོ་གོ་ཏ་མ་ཆོས་ལས་ཕར་གཤུས་བྱས་པ་ཞིག་ཡིན་དང་མིན་དེ་རེད། མདོ་ན་གནད་དོན་འདི་ཁ་ཚོན་ཆོད་ན་ཚུལ་བློ་དང་བོན་པོ་གཉིས་བདེན་པ་སུ་ལ་ཡོད་མེད་ཐག་ཆོད་པ་རེད།
ཧ་ཧ།
ད་བཞག་ན་ལེགས། རྣམ་རྒྱལ་དང་མཁས་དབང་རྣམ་ལ་ཞུ་རྒྱུར། སྙིང་མའི་བླ་མའི་ནང་བན་བོན་གཉིས་ཀ་ཉམས་དུ་ལེན་མཁན་ཡོད། དེ་ཚོ་གང་ལ་གཏོགས་སམ།
མ་བརྩམས་པ་ནི་མཆོག་ཡིན་དེ། བརྩམས་ནས་བཟློག་པར་མི་བྱའོ། ཞེས་པ་ལྟར་ལས་བྱ་བ་གང་ཞིག་བརྩོམས་ཟིན་པའི་རྗེས་ལ་མཐའ་ཁྱོལ་བ་དང་གྱོད་ཐག་ཆོད་པ་ཞིག་དགོས་པ་དེ་ཡང་གལ་ཆེན་རེད། གླེན་པ་ཨུ་ཚུགས་དང་ཆགས་སྡང་ཙམ་མ་ཡིན་པར་ཁུངས་ལུང་དང་རིགས་པ་དང་མཐུན་པའི་རྩོད་པ་ཡིན་ན་བན་བོན་སུ་ཞིག་ཡིན་ཀྱང་དགའ་བསུ་ཞུ་ངེས་ཡིན།
རིག་པ་དང་ཁྲིམས་ཐོག་ནས་འགྲོ་ན་བོན་པོ་ཚོ་རྒྱལ་ངེས་རེད། གཅིག་བོད་མ་ཡིན་པའི་ནང་པའི་རྒྱལ་ཁབ་གང་ནའང་བོད་ཀྱི་གསང་སྔགས་ཀྱི་ཆོས་ལྟ་བུ་མེད་པ་འདིས་ཁུངས་བསྐྱལ་ཐུབ། གཉིས་ནི་དེང་དུས་བོན་པོ་ཚོས་ཉམས་སུ་ལེན་བཞིན་པའི་ཡི་དམ་གྱི་ལྷ་དང་རིག་འཛིན་མཁའ་འགྲོ་ཡོད་དོ་ཅོག་ཆོས་ཕྱོགས་ན་ཡོངས་སུ་མི་གྲགས་པར་དངོས་ཡོད་གནས་ཚུལ་རེད། ཡིན་ཡང་བོན་དང་ཆོས་གཉིས་ཆར་གཅིག་གིས་གཅིག་ལ་བརྟེན་ནས་ཡར་རྒྱས་སུ་སོང་ཡོད་པའང་གསལ་པོ་རེད། ཁོ་བོས་ནི་བོན་གྱི་མཚན་ཉིད་རིག་པ་འདི་ཆོས་ཕྱོགས་ལ་བརྟེན་ནས་ཡར་རྒྱས་སུ་སོང་བ་རེད་སྙམ། འོན་ཀྱང་བོན་ལ་རྗེ་ཙོང་ཁ་བ་མ་བྱོན་པའི་སྔོན་ལ་བོན་གྱི་འདུས་སྡེ་ཆེན་པོ་གཡས་རུ་མཁར་སྣར་མཚན་ཉིད་རིག་པ་རྒྱ་ཆེར་ཡོད་པའི་ལོ་རྒྱུས་གསལ་པོ་སྣང་ངོ་། །
ཟེར་སྲོལ་ཐོས་སྲོལ་ཙམ་ལས་སྒྲུབ་བྱ་སྒྲུབ་བྱེད་ཀྱི་རིགས་པས་ཕོངས་བ་འདྲ་ཞིག་སྣང། ལུང་ཚད་མ་ལ་རིགས་པ་ཚད་མའི་རྒྱན་པའི་རྩོད་གཞི་ཞིག་ཡིན་ན་བན་བོན་གཉིས་ཀར་ཕན་ངེས་སོ།
བོན་པོ་ཚོས་གང་བསྒྱུར་ཡོད་ན། བརྐུས་ཡོད་ན། སྦྱིན་ཡོད་ན་དེ་ཉམས་ལེན་གནང་། ལོ་རྒྱུས་རྫུན་མ་མི་བཟོ། སྡོམ་རྒྱུན་དང་། མན་ངག་གི་བརྒྱུད་པ་གསལ་པོ་མེད་པ་ཚོ་བན་དེའི་འགྲམ་ནས་ཞུ། དོན་མེད་བན་དེ་ཚོར་སྡང་ཞུགས་མི་བྱ་བར་ཆོས་ཆོས་བཞིན་གནང་ན། མི་ཆོག་ཟེར་མཁན་སུ་གཅིག་ཀྱང་མེད་ངེས་རེད། བོན་པོ་རང་གིས་གསར་རྩོམ་གནང་བཞག་པ་དོན་མཐུན་ཡོད་བན་དེས་ཞུ་ན་མི་འགྲིགས་པ་གང་ཡོད། དེ་མིན་ད་དུང་མཚམས་མ་བཞག་པར་སྒྲོ་འདོགས་བསྐུར་འདེབས་ཤ་སྟག་བྱེད་བསྡད་ན། འཛམ་གླིང་ཤར་ནུབ་གཉིས་སུ་འགྲོ་ས་འདུག་ས་མེད་པ་བཟོ་དགོས་ན་ལས་སླ་མོ་ཡིན་ད། ལོ་ཤས་གོང་གི་ཕུང་གསུམ་པ་ཆེན་པོ་ཚོ་ཡང་མ་ཐུབ་ནས་མ་རེད། བར་ལམ་ཞིག་ནས་མཚམས་འཇོགས་བྱས་པ་ཡིན། གཅིག་ནས་བཟང་བསྐྱེད་ཡོང་བར་རེ་བ་དང་། གཉིས་ནས་ཕུང་གསུམ་པ་ཆེན་པོ་ཕར་ཕུད་ཤུལ་ན་དེ་དག་གི་ཚབ་དེ་ལས་བཟང་ཞིག་འཇོག་རྒྱུ་མི་འདུག གསུམ་ནས་ཕུང་ཆེན་རྣམས་ཀྱི་འོག་ན་ཕུང་འབྲིང་མིང་དོན་གཉིས་ཀ་མེད་པའི་སྐབས་འཚོལ་རིང་ལུགས་པ་མང་པོས་འཚང་ཁ་ཤིག་ཤིག་རེད། དེ་ཕྱིར་བཏང་སྙོམ་བཞག་པ་ཡིན། འཇིག་རྟེན་འདི་སྐྱོང་བ་ལ་རབ་མིང་དོན་གཉིས་ཀ་དགོས་རེད། ཡང་ན་མིང་གཉིས་གང་རུང་དགོས་རེད། དེ་གསུམ་གང་ཡང་མེད་པའི་ཆབ་དཔལ་གྱིས་དབང་བསྒྱུར་ནི། བསྒྱུར་བྱ་བསྒྱུར་བྱེད་གཉིས་ཀ་བརྟན་པོ་ཡོད་ལེ་མ་རེད། བོན་པོ་མིང་ཅན་ཚོས་ཤཀ་ཐུབ་དང་ཇི་ལྟར་ཉེ་བར་གནས་ཐུབ་ན་མིང་དོན་གཉིས་ཀའི་ཆ་ནས་ཁེ་བཟང་མ་གཏོགས་གྱོང་མེད་པ་དེ་མཁྱེན་དགོས་ལེ་རེད། དེ་ནི་ཁྱེད་ཅག་གིས་ཁས་བླང་མིན་གང་ལྟར་ཡང་། ད་ལྟའི་བོན་པོ་ཡོད་ཚད་ཤཀ་ཐུབ་ཀྱི་གསུང་ལས་སྐྱེས་པ་ཤ་སྟག་ཡིན་པས་སོ།།
ཏྲེ་ཧོར་ཁྱོད་ལྟ་བུ་བློ་གཟུ་བོར་གནས་པའི་མི་ཞིག་ད་བར་དུ་མཐོང་མ་མྱོང་། བཤད་ཚད་ཆགས་སྡང་གི་གཏམ་ཁོ་ན་ལས་མ་འདས། ངས་དུས་ཚོད་ཆུད་ཟོས་སུ་བཏང་སོང་། །
གང་ལྟར་ཡང་ཐར་བ་དང་། ཐམས་ཅད་མཁྱེན་པ་ལ་དངོས་རྒྱུ་ཐུན་མིན་ཚུལ་ཁྲིམས་རེད། དེ་ནི་ཁྱེད་ཅག་ལ་མེད་དེ་སྡོམ་རྒྱུན་གཏན་ནས་མེད་པའི་ཕྱིར་ཏེ། བོན་པོ་ལ་འདུལ་བ་མེད་པའི་ཕྱིར་དང་། ད་བྱང་སེམས་ཀྱི་བསླབ་བྱ་དང་། གསང་སྔགས་ཀྱི་དམ་ཚིག་ཀྱང་མེད་དེ། སྲོང་བཙན་སྔོན་གྱི་བོན་པོ་ནི་སྒྲུང་ལྡེའུ་བོན་གསུམ་ལས་གང་ཡང་མི་ཤེས་མཁན་ཤ་སྟག་རེད། སྐབས་དེ་དུས་ཀྱི་བོན་ནི་མདའ་དར་གནམ་ལ་ཕྱར་ཏེ་ཕྱྭ་གཡང་འགུག་པ་དང་། རི་བསང་དང་ས་བདག་གསོལ་བ་ལས་མེད་དེ། མཁན་སློབ་ཆོས་གསུམ་བོད་གདན་འཛོམས་དུས་ཀྱང་བོན་པོས་ཤ་ཁྲག་མཆོད་པ་ལ་ཐུགས་མ་རངས་པའི་རྣམ་འགྱུར་བསྟན་ཚུལ་གསུངས་པ་བཞིན་ནོ། །ད་ཕྱི་ནང་གསང་གསུམ་གྱི་སྡོམ་པ་ནི་མེད། མདོ་སྔགས་གཉིས་བཤད་ལུང་དང་། ཁྲིད་རྒྱུན་ནི་མེད། ཡོད་ཚད་དཔེ་བཤུས་ཤ་སྟག་ལས་བྱུང་ན། ད་ལྟའི་བན་དེའི་ལྟ་གྲུབ་ལྟར་འཆད་ཤེས་པ་དང་། རྩོད་པ། རྩོམ་ནུས་པ་ཙམ་གྱིས་འགྲིགས་ན་གློག་ཀླད་ལ་ཡང་ཐར་བ་ཡོད་པར་ཐལ་ལོ། །ཁྲིད་རྒྱུན་དང་། བཤད་རྒྱུན། མན་ངག་གང་ཡང་མི་དགོས་པར་འཐོབ་རྒྱུ་ཞིག་ཡོད་ན་ཁྱེད་ཅག་ལ་ཡོད་ངེས་སོ། །དེང་སང་བན་བོན་གཉིས་ཀྱི་ལྟ་ག྄མྲུབ་མིང་དོན་ཕལ་ཆེར་གཅིག་པ་ཡིན་པསོ། །ཤཱཀྱའི་རྗེས་འཇུག་གི་མིང་ཁུར་བ་ཙམ་གྱིས་ཐར་བ་ཡང་དཀའ་སྟེ་ཁོ་བོ་ནང་བཞིན་ལེ་ལོ་ཆེན་པོ་ལམ་ལ་བསླབ་མི་ནུས་པ་རྣམས་སོ།།
ཤར་རྫ་བ་ནང་བཞིན་འཇའ་ལུས་བ་འགའ་ཞིག་བྱུང་བ་ནི་བོན་པོའི་མིང་ཁུར་ཡང་ཆོས་ཁོ་ན་ལ་ཐུགས་གཞོལ་བའི་གྲུབ་བརྙེས་ཚད་ལྡན་རྣམས་ཡིན་གྱི། ད་ལྟའི་བན་དེ་ཕལ་ཆེ་བ་དང་། བོན་པོ་འདི་ཚོ་ལ་ཐར་བ་ཡོད་རེ་ཀན་ཏེ། ཚོང་འབའ་ཞིག་ལས་བསལ་བློ་མེད་པས་སོ། མ་གཞི་ནས་བདེན་པ་བཤད་ནས་ཕན་ཐོགས་མེད་པ་དང་། གྲུབ་འབྲས་མེད་པ། གནའ་བོའི་དཔེ་ལ། དྲང་བོ་བཤད་ན་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ། ཟེར་བ་ཅིས་མ་བདེན། ཡོད་ཚད་ཁོང་དུ་ཆུད་སོང་། ཧ་གོ་སོང་། ཡིན་ན་ཡང་བཤད་ཤོར་བ་དེ་ཡང་ངའི་ལས་སོ།།
གལ་སྲིད་ཆོས་པས་བཤད་པའི་རྒྱལ་རབས་དང་། ཆོས་འབྱུང་མཐའ་དག་རྫུན་མ་ཡིན། བོན་པོས་བཤད་པ་དེ་བདེན་ཡིན་ན། ང་བོན་པོའི་རྗེས་སུ་འཇུག་ངེས་ཡིན། འདི་གཉིས་ཀ་རྫུན་མ་དང་། ཡང་ན་གཉིས་ཀ་བདེན་པ་ཡིན་སྲིད་པ་ཞིག་གཏན་ནས་མ་རེད། གཅིག་བདེན་གཅིག་རྫུན་གྱི་ཐག་མ་ཆོད་བར་དུ་བོན་ཆོས་་གང་རུང་གི་རྗེས་འཇུག་ཞིག་མི་ཚེ་སྟོང་ཟད་དམ། བརྒྱུད་པ་དང་། གདམས་ངག་གང་ཡང་མེད་པའི་དཔེ་བཤུས་རིང་ལུགས་འཆང་བ་འབའ་ཞིག་གོ། དེ་ཕྱིར་ཚང་མས་སེམས་རྣལ་དུ་ཕོབས་ལ་བསམ་བློ་ཐོངས་དང་། རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་འདྲ་བའི་གངས་ལྗོངས་རྣམ་གསུམ་གྱིས་མི་མཁྱེན་པ་དང་། མི་གཟིགས་པ་སྲིད་དམ། དེ་ཚོས་བདེན་རྫུན་ཤན་མི་འཕྱེ་བར་རང་དར་འཇུག་སྲིད་དམ། གལ་སྲིད་བོན་པོས་བཤད་པ་ལྟར་སྲོང་བཙན་གྱིས་རང་གི་ཐུན་མིན་གྱི་རྒྱལ་སྲིད་བརྐྱང་བའི་ཆེད་དུ་བོད་ལ་ཕུན་སུམ་འཚོགས་པའི་རིག་གཞུང་ཡོད་བཞིན་དུ། ཐོན་མི་རྒྱ་གར་དུ་བརྫངས་ཏེ། ཡི་གེ་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་རྣམས་བསྒྱུར་ཞུས་བྱས་བཅུགས་པ་རེད་ཟེར། བོད་ལ་ད་ལྟའི་བོན་ནང་བཞིན་རིག་པའི་གཞུང་ལུགས་ཡོད་བཞིན་དུ་བསྒྱུར་རྒྱུའི་དོན་དེ་ཡང་དོན་གཅིག་པ་ཞིག་ལས་རྙེད་མི་འདུག་པས། དེ་ལ་ཐུན་མིན་ཅིའི་ཕྱིར་ཟེར། གལ་སྲིད་བོན་པོས་བཤད་པ་དང་དོན་གཅིག་ན་ཆོས་བསྒྱུར་བ་ལ་བོན་པོས་ཅིའི་ཕྱིར་བཀག་འགོག་བྱས་པ་རེད། དེ་ནི་ཤཀྱ་ཐུབ་པས་གསུངས་སོ་ཟེར་ན། ཤཀྱ་ཐུབ་པས་གསུངས་པ་དང་དོན་གཅིག་བཞིན་དུ་སྲོང་བཙན་གྱིས་ཅིའི་ཕྱིར་བཀགས་པ་རེད། བཀག་འགོག་དང་སྡང་ཞུགས་ནི་སངས་རྒྱས་པའི་རྗེས་འབྲང་ནང་ཁུལ་དུ་ཡང་མཆིས་སོ་ཟེར་ན། དེ་ནི་ཤཀྱའི་རྗེས་འབྲང་ཞེས་མིང་གིས་མཛེས་ཀྱང་དོན་གྱི་ཆོས་པ་མ་ཡིན་པ་ཚོས་བྱས་པ་རེད། བོན་པོས་ཤེས་པ་ཅན་དང་། བླ་ཆེན་རློམས་པ་མང་པོ་ཞིག་ལས། ལ་ལས་ཆོས་བཀགས། ལ་ལ་ཆོས་སྒོར་ཞུགས་ཏེ་སྐྲ་བྲེག་བན་དེ་བྱས་པ་དུ་མ་ཡོད་པ་ཁྱེད་ཅག་གིས་བཤད་པས་སོ། །མདོར་་ན་གནས་ལུགས་དང་རྒྱུ་མཚན་གཏིང་ཟབ་ཀྱིས་སྟོང་བའི་རིག་གཞུང་ཞིག་ལས། མི་ལ་ངོམས་རུང་བ་དང་། རང་གིས་ཉར་རུང་བའི་ལྟ་གྲུབ་ཀྱི་ཟབ་ཁྱད་དང་། ཕུལ་བྱུང་གི་བརྒྱུད་པ་ཞིག་མེད་པ་ནི་བན་དེའི་སྔོན་བྱུང་གི་ལོ་རྒྱུས་དང་། ད་ལྟའི་བོན་པོས་རྫུན་བཟོ་འདི་དག་ལས་རྟོགས་ནུས་སོ། །
ཆོས་ལུགས་འགལ་འདུ་རྩོད་ལ་བདག་མི་སྤྲོ།།
རང་ལྟ་མཆོག་འཛིན་ཅན་ལ་ཡི་མི་རང་།།
རྔ་འགྱུར་རྙིང་མའི་བསྟན་ལ་སྡང་སེམས་མེད།།
མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་གང་།།
བོན་རྙིང་བཀའ་ས་དགེ་ལུགས་ཇོ་ནང་སོགས།།
རེས་མེད་གྲུབ་མཐའ་སུ་ལ་མཆིས་ན་ཡང་།།
གུས་པསའདུད་དོ་དགེ་ལེགས་འཕེལ་གྱུར་ཅིག།
དེ་མིན་གོང་སྨྲོས་བླ་དག་འཆང་བ་ཡི།།
རྙིང་མའི་བླ་མིང་འཛིན་པ་ཁག་ཅིག་གིས།།
བོན་གྱི་ལྟ་གྲུབ་མི་ཤེས་བོན་ལ་སྨད།།
ཁ་ནས་མཐུན་སྒྲིལ་གླེང་བཞིན་རེས་སུ་ཆད།།
ཙི་ནའི་རིགས་ལ་ངན་སྐུལ་འབྲུག་ལྟར་སྒྲོགས།།
འདོད་དོན་མཐའ་དག་ཡིད་བཞིན་གྲུབ་པའི་མུར།།
གསལ་བཤད་ཟོལ་གྱིས་ཚིག་དུམ་འགའ་བྲིས་པར།།
རྐུན་མ་ང་མིན་ཞེས་པའི་དཔེ་བཞིན་གདའ།།
ཚིག་བཅད་ལམ་ནས་དྲི་བ་འགའ་ཕུལ་ཡོད།།
ཨ་ལན་ཡོད་ན་ཨ་མའི་བུ་ཡིན་མོད།།
མེད་ཀྱང་གཟིགས་ཙམ་གནང་བ་དེ་གའི་འཐུས།།
ཚུལ་བློའི་བོན་ལ་འཆང་བའི་བསམ་བློ་དེ།།
དེང་དུས་འཕོ་འགྱུར་ཡོད་མིན་འཕྱང་མོ་ཉུག།
སྔར་བཞིན་རང་སོར་གནས་སྒང་ཡིན་ན།།
བོན་ཉིད་ཆེན་པོའི་ངང་དུ་ཞི་འགྱུར་ཅིག།
ཆོས་ཉིད་ཆེན་པོའི་ངང་དུ་ཞི་གྱུར་ཅིག་་་་་་་་ཧཧཧཧཧཧཧཧ
བོན་པོ་བན་དེ་ཇི་ལྟར་རྩོད་ན་ཡང་། གཉིས་ཀས་ཤོར་བ་རྟོགས་པའི་དམ་པའི་ཆོས། །གཉིས་ཀའི་ཁ་ན་ལུང་ཆོས་ཤི་བོ་ཞིག །སུ་དང་གང་ལ་མི་མཁོ་ཁོ་ཐག་རེད། །
བོན་པོ་བན་དེ་ཇི་ལྟར་རྩོད་ན་ཡང་། གཉིས་ཀས་ཤོར་བ་རྟོགས་པ་དམ་པའི་ཆོས། །གཉིས་ཀའི་ཁ་ན་ལུང་ཆོས་ཤི་བོ་ཞིག །སུ་དང་གང་ལ་མི་མཁོ་ཁོ་ཐག་རེད། །
བཅོས
ཚུལ་བློས་གང་ལབ་ན་ཡང་ཁྱད་པར་མེད་ཁི། མཁྱེན་པའི་གཏེར། ཕྱུག་པོའི་མཛོད། དབང་ཐང་གནམ་རེད། བོན་ངན་མ་ཁྱོད་རང་ཚོས་ཡག་པོ་ཞིག་དྲན་ན་ང་བདེན་པ་ཡིན། ཁྱེད་རྫུན་མ་རེད་ལབ་ཉན་ནི་མ་རེད། འཇིག་རྟེན་ན་སྐྱོན་ཆེ་ཤོས་ཤིག་རེད། མྱི་ཆུང་ཆུང་ང་ལྟ་བུ་དང་། ཚོགས་པ་ཆུང་ཆུང་བོན་པོ་ལྟ་བུ་ཚོས་མ་ཡག་ན་ཡག་སྟངས་བྱས་ཏེ་འདུག་དགོས་ལེ་རེད་དེ། ང་ཡང་འདུག་མི་ཐུབ་ཁི། ཁྱོད་ཚོ་ཡང་མི་སྡོད་ཁི། ཧཧཧཧཧཧཧཧ
་རུ་ནས་
༼ཨོ་རྒྱུན་ཉི་མ་སྤྲུལ་ཁོག་་་ཏྲེ་ཧོར་བའི་མིང་འོག་ནས་བཅུག་འབྲི་ཡི་མ་སྡོད་ཟེར་རྒྱུ་ཡིན།༽ཞེས་གསུང་པར་གཞིགས་ན། ཏྲེ་ཧོར་བ་ཞེས་བ་དེ་རྣམ་ཐར་ཡག་པོ་སྐྱོང་མཁན་སྤྲུལ་བའི་སྐུ་མཆོག་ཨོ་རྒྱན་ཉི་མ་ཡིན་པ་འདྲ་གང་ལྟར་ཡང་ཁྱེད་ཀྱིས་བྲིས་ཚད་ཚང་མ་ལ་བལྟས་ཚར་བ་ཡིན། རྒྱུ་མཚན་དང་གནས་ལུགས་དྲང་བདེན་གྱི་མཆན་འདེབས་ཚུལ་ལ་བསམ་ན་ཁྱོད་ལྟ་བུའི་མི་བུ་ཞིག་ང་ཚོ་བོད་མའི་རིགས་རྒྱུད་ལ་ཉན་འཕྲང་གི་དུས་རབས་འདིར་འཁྲུངས་བར་ང་ཚོ་བོད་མའི་བསོད་ནམས་རེད། ཁྱེད་སྤྲུལ་སྐུ་རེད་མིང་ངེས་མེད་གནས་ངེས་བྱ་བ་ངེས་ཀྱི་སྒོ་ནས། འདི་ལྟ་བུའི་མཛད་ཕྲིན་མུ་མཐུད་དུ་བསྐྱང་ན་ལེགས།ཧཧཧ
ཁྱེད་ཀྱིས་མཆན་བུ་འདི་དག་གི་ནང་ལ་ངོ་མཚར་བའི་ཚིག་འབྲུ་འགའ་ཡོད་པ་ནི་ ༼དེ་མིན་ད་དུང་མཚམས་མ་བཞག་པར་སྒྲོ་འདོགས་བསྐུར་འདེབས་ཤ་སྟག་བྱེད་བསྡད་ན། འཛམ་གླིང་ཤར་ནུབ་གཉིས་སུ་འགྲོ་ས་འདུག་ས་མེད་པ་བཟོ་དགོས་ན་ལས་སླ་མོ་ཡིན་ད།༽ཞེས་པ་འདི་དག་རེད། འདི་ནས་ཁྱེད་ལ་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི་ངེད་བོན་པོ་ཚོ་འཛམས་གླིང་ཤར་ནུབ་ཀུན་ཏུ་འགྲོ་ས་འདུག་ས་མེད་པ་ཞིག་བཟོ་རོགས་ཞེས་ནན་གྱིས་ཞུ་རྒྱུ་ཡིན། སྤྲུལ་སྐུ་ལགས་ཐུགས་རྗེས་གཟིགས། དེ་མིན་ཁྱེད་ཀྱིས་ཁུངས་ལུང་དང་རྒྱུ་མཚན་གནས་ལུགས་གང་ཡང་མེད་པར་འཆོལ་ལབ་བྱས་པ་དག་ལ་བླུན་པོས་དགའ་བར་བྱེད་ཀྱང་མཁའ་པས་སྤྲོ་བར་མི་བྱེད་དོ། མདོར་ན་ཁྱོད་ཀྱི་མཆན་བུ་ཐམས་ཅད་ལ་ཁྱོད་ཀྱིས་གཙུག་ཏུ་བཀུར་དགོས་པ་འམ་འོས་པའི་པའི་དབང་ཞིག་སྐུར་རིགས་ཀྱི་བུ་རིག་པ་མ་གཡེང་བརྟན་པར་ཉོན། ༼
ཇི་སྐད་དུ། སྔ་འགྱུར་རྙིང་མའི་གཏེར་སྟོན་ཆེན་པོ་གླིང་པ་བཅུ་གཉིས་ཀྱི་ཡ་གྱལ་རྡོ་རྗེ་ གླིང་པའི་བཀའ་ཐང་གནམ་ལྕགས་མ་ལས། བོན་དང་ཆོས་གཉིས་བོན་སྔ་བས༔ ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག༔ ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག༔ ཆོས་པས་བོན་གཤེ་དམ་ཚིག་ཉམས༔ རྐྱེན་དེས་རང་བསྟན་རང་གིས་བཤིགས༔ ཞེས་དང་། བོན་གྱིས་ཆོས་ལ་ངན་སྨྲ་བྱས༔ ཉེན་སྐྱོན་དེ་ཡིས་གདུལ་ཞིང་ཆུང་།༽ཅེས་ཞེས་གསུང་པ་དག་ལ་ལེགས་རྟོག་མཛོད།ལུང་དེའི་བྱིན་རླབས་ཀྱིས་སྤྲུལ་སྐུ་རིན་པོ་ཆེའི་སྡིག་སྒྲིབ་དག་པར་གྱུར་ཅིག། ནད་གདོན་ཞི་བར་གྱུར་ཅིག རྐྱེན་ངན་ལྡོག་པར་གྱུར་ཅིག བྷྱོ་བྷྱོ་བྷྱོ། ངས་ནི་གང་ཟག་ལ་སྨྲ་ཡི་ཆོས་ལ་ནི་མི་སྨྲའོ།
ཡང་གཅིག་ཞུས་ན་ལུང་མ་ངེས་པ་དང་འབྲི་མ་ཤེས་པ་གང་ཡང་མིན་གྱི་གང་ཟག་རེ་འགའི་ཆེད་དུ་སྤྱི་ཡི་ཐུགས་སེམས་དཀྲུག་པར་མི་བྱ་སྤྲོའོ།
ཇོ་རུ་ནས་ཞེས་པ་དེ་ཅོ་རི་ཉི་མ་ནས་ཞེས་པར་བཅོས།
ཅོ་རི་ལགས་ཁྱེད་ཀྱི་གསུངས་པ་དེ་ཡིན་སྲིད།
ཕྱི་མཛེས་པའི་ཚིག་བཅད་བཟང་བཟང་འདྲ།
ནང་ཉོན་མོངས་མ་ཐུལ་སྙིང་པོ་རུལ།
ཚིག་སྔ་ཕྱི་མ་མཐུན་གཡོ་གཏམ་ལ།
བུ་མཁས་པ་སུ་ཡིས་བདེན་པར་འཛིན།
ཆོས་ཐེག་ཆེན་སེང་གེའི་ང་རོ་ལ།
ཆོས་ཐེག་དམན་རི་དྭགས་སྐྲག་པ་བཞིན།
མཁན་ཚུལ་བློའི་བདེན་པའི་ཆོས་བཤད་ལ།
བོན་འགའ་ཞིག་ཉོན་མོངས་དུག་ལྔས་གཟིར།
སྟེང་ཉི་ཟེར་ཉེ་རིང་མེད་ན་ཡང།
བྱང་ཕུག་སྒོར་འཕྲོ་བའི་སྐལ་པ་མེད།
བསྙོན་མཁའ་ལ་འདིང་ན་ཤིན་ཏུ་འཁྲུལ།
ནང་ཕུ་ནུ་འཛིང་ན་ཁྲེལ་མེད་རྒྱལ།
བཟའ་ནང་འཁྲུགས་ཤོར་ན་བུད་མེད་རྒྱལ།
ལས་དེ་འདྲ་བྱས་ན་མཁས་པས་ཁྲེལ།
ངས་ལྷག་བསམ་ཁ་བརྡ་དཀར་པོ་ལ།
ཚིག་འབྲས་བུ་འདུག་ན་ཐུགས་ལ་ཞོག།
ཟོག་བཅོས་གཏམ་རེད་ན་སྐྱུར་ལ་ཐོངས།
ཕྱོགས་གཅིག་ནས་གུ་རུ་རིན་པོ་ཆེར་སྐུར་པ་ཚད་མེད་འདེབས། ཕྱོགས་གཅིག་ནས་གུ་རུས་སྤྲུལ་པ་རྡོ་རྗེ་གླིང་པར་ཡིད་ཆས་ཡོད་མདོག་བཤད། ལུང་སྟོན་རྫུན་བསྒྲིགས་བྱས། ཆོས་འགལ་འདུ་རྩོད་ལ་མི་སྤྲོ་ཟེར་བཞིན་དེ་འདྲའི་འགལ་འདུ་ལྟག་སྤྲོད་ཆེ་བ་ལ། ཡ་མཚན་རེད།
ཇོ་རི་ལགས། ཨོ་རྒྱན་ཉི་མ་ནི་མི་ཤེས། ཏྲེ་ཧོར་སུ་ཡིན་ངས་ཤེས། ཏྲེ་ཧོར་གྱིས་སྔོན་ཆད་ཨ་ཕྱི་མིང་ཐོག་ནས་བོན་ལ་བསྐུར་བ་ཚད་མེད་བཏབ་སོང་། མི་དེར་གསལ་བཤད་ཅི་བྱས་ཀྱང་ཕན་གྱི་མ་རེད། དུས་ཚོད་ཆུད་ཟོས་རེད། དོན་ངོ་མ་ཨ་ཕྱི་དང་ཏྲེ་ཧོར་གཉིས་ནི་སྤོབས་པ་མཐའ་ཡས་རེད། ད་ཧ་གོ་སོང་ངམ། ད་ནས་བཟུང་མཆན་འདེབས་ཀི་མིན། །
ཉེ་ཆར་བསོད་རྒྱལ་རིན་པོ་ཆེའི་གནས་ཚུལ་བྱུང་སྐབས་ཨོ་ཉིས་བསོད་རྒྱལ་རིན་པོ་ཆེའི་ཞིབ་འཇུག་རྩོམ་ཡིག་བསྡུ་ནས་དགའ་ལྡན་ཕོ་བྲང་ལ་ཞེ་དྲག་བྱེད་ཀྱི་ཡོད་མདོག་གི་ཧམ་གཏམ་མང་པོ་བཤད་སོང་ཡང་། ད་ཅི་ཡང་གོ་རྒྱུ་མེད་པ་བན་བོན་བར་ལ་དཀྲུགས་ཤིང་རྒྱག་གིན་བསྡད་འདུག
བོན་པོ་ལ་བསྐུར་བ་གང་ཡང་བཏབ་མེད། གནས་ལུགས་བཤད་ཡིན། ཐུགས་ལ་གནོད་ན་བཟོད་པར་གསོལ།
བན་བོན་བར་གྱི་དཀྲུག་ཤིང་གང་ཡང་མིན། ཁྱེད་དང་ང་གཉིས་ཀྱིས་བན་བོན་ཚབ་མཚོན་མི་ནུས་པས་སོ།།
དུས་སྙིག་མའི་སེམས་ཅན་བསོད་སྐལ་ཆུང་།།
ཆོས་བདུད་རྩའི་ཉང་ཁུ་ཁ་རུ་འཁྱེར།།
ནང་ཉོན་མོངས་དུག་ལྔའི་འདམ་ལ་བྱིང་།།
འདི་བསམ་ན་ངོ་མ་ཡ་རེ་ང་།།
ཚིག་མཛེས་པ་ངག་གི་སྒྱུ་རྩལ་ལ།།
དོན་དྲིལ་ན་དྲི་བ་གནད་གཅིག་ཡིན།།
རྟགས་རྣལ་མའི་ལན་ཞིག་ཡོད་གྱུར་ན།།
ངར་དགོས་པ་བདེན་དོན་སྙིང་པོ་ལགས།།
བོན་ཟབ་མོར་ཐོས་བསམ་མི་གནང་བར།།
དེའི་གྲུབ་མཐའི་ལྟ་སྤྱོད་གླེང་བ་དེ།།
དམུས་ལོང་གིས་ཁ་དོག་འབྱེད་པ་བཞིན།།
དོན་གནས་ལུགས་འདུག་གམ་བསམ་གཞིགས་གནོང་།།
མཁན་ཚུལ་བློས་བོན་ལ་སྨད་པ་དེ།།
བླ་མེད་ཀྱི་དགོང་པ་ཟབ་མོའི་དོན།།
ཁུངས་བོན་ལ་ཐུག་པས་བློ་མ་བདེ།།
བུ་ངན་པས་ཕ་ལ་སྨད་དང་མཚུངས།།
གཞི་ཀ་དག་ཆེན་པོའི་ཀློང་ཡངས་སུ།།
རྩལ་འགག་མེད་རིག་པའི་རང་མདངས་ལ།།
མཆོག་དམན་གྱི་དབྱེ་བ་མི་མངའ་ཡང་།།
ལས་མ་དག་སེམས་ཅན་སྙིང་རེ་རྗེ།།
ཕྱི་མཛེས་མཛེས་ཚུལ་བློའི་རྩིང་བཤད་ལ།།
དགག་སྒྲུབ་གྱིསརིག་པས་བརྟགས་བྱས་ནས།།
གཟུར་གནས་ཀྱི་རིག་ལམ་དྲངས་ན།
ལན་རི་དྭགས་སྨིག་སྒྱུ་སྙོག་དང་མཚུངས།།
དེ་ལྟ་བུ་ཆོས་སྨྲའི་གང་ཟག་འགར།།
དོན་དཀའ་བའི་གནད་ལ་མ་དེད་ན།།
སྟོན་གཤེན་རབ་ཉིད་ལ་སྐུལ་བ་འདེབས།།
བསྟན་གཡུང་བོན་ལ་ལོག་འབྲེལ་བྱེད།།
དེར་བསམ་ན་ཅུང་ཟད་བློ་མ་བདེ།།
བསམ་ཤེས་ན་མ་བུ་ངོ་སྤྲོད་ཡིན།།
བསམ་མ་ཤེས་གྲུབ་མཐའི་སྤུ་རག་གིས།།
བཟི་དྭངས་བར་གྱུར་ཅིག་ཨ་རོགས་ཚོ།།
ངས་དམ་པའི་ཆོས་ལ་སྨད་མི་ཕོད།།
ཆོས་རྣམ་དག་ཡིན་པར་རང་ངོ་ཤེས།།
རྗོགས་ཆེན་གྱི་རྣམ་བཞག་མི་སྨྲ་ནའང་།།
དོན་ཐར་པ་སྒྲུབ་པའི་ཐེམ་སྐས་ལགས།།
བཀྲ་ཤིས།
བཀྲ་ཤིས་པའི་གྲོགས་ཤིག་ཕེབས་ཡོང་ཐལ།།
ཚིག་དང་པོས་བོན་ལ་དམའ་འབེབས་བྱས།།
དུང་ཞེན་གྱིས་སྨྱུག་རྩེ་ཕྱོགས་སུ་ལྷུང་།།
མཐར་མཐུན་སྒྲིལ་གླེང་བར་ཨེ་མ་ཧོ།།
ཏྲེ་ཧོར།
གནས་ལུགས་རྒྱུ་མཚན་ཅི་ཡང་མེད་པ་ལ།།
ཉོག་གཏམ་སྣ་ཚོགས་བཤད་པའི་ཏྲེ་ཧོར་བ།།
འདྲེ་མོ་ཨ་ཕྱི་ཆོས་སྒྲོན་ཡིན་ཀྱང་རུང་།།
རྣམ་ཐར་ལེགས་པའི་ཨོ་ཉི་ཡིན་ཀྱང་སྲིད།།
བདག་གི་སྤྱི་བོའི་རྒྱན་དུ་ཏུ་གཞེར་བ་ཡི།།
དྲིན་ཆེན་བླ་མས་ཞིང་གཞན་གཟིགས་པའི་མུར།།
ཐུགས་དམ་སྐྱེ་དགུ་སྨོན་པའི་ཚུལ་བཟུང་བར།།
དུག་ཅན་ཁྱོད་ཀྱི་རྟོག་ངོར་མི་ཤོང་ཡང་།།
ཀུན་གྱིས་དད་གུས་ཕྱག་གི་ཡུལ་དུ་གྱུར།།
འཛམ་གླིང་ཉི་མའི་འོད་ཟེར་འཕྲོ་བཞིན་མོད།།
མུན་པའི་ཁང་པ་གསལ་བའི་དུས་མ་མཆིས།།
དེ་ཙམ་མོ།
ཁོ་བོས་དམ་པའི་ཆོས་ལ་སྐུལ་བ་འདེབས་མི་ཕོད་ཀྱང་ཕྱོགས་ལྷུང་གི་གདོན་གྱིས་བརླམ་པའི་མི་བུ་དག་ལ་ཅི་ཡང་སྨྲ་སྤོབས་སོ།
མཐོ་གངས་རི་ཁ་དོག་དཀར་པོ་དེ།
མི་མཁྲིས་ནད་ཅན་གྱི་སེར་པོ་མཐོང།
ནད་དེ་ལས་མ་གྲོལ་བར་དུ་ནི།
གངས་དཀར་པོ་མཐོང་བའི་རེ་བ་བྲལ།
དོན་འདི་ལ་མང་པོ་རྩོད་འདོད་མེད།
བརྡ་གོ་བའི་བུ་ལ་གཅིག་གི་ཆོག།
བརྡ་མ་གོ་སྐྱར་ཟློས་དགོས་པ་ཆུང།།
བོན་པོ་བདེ་ལེགས་བན་བདེ་ལེགས། །བན་བོན་གཉིས་བར་བདེ་ལེགས་ཤིང་། །བོད་ཡུལ་རྟག་ཏུ་བདེ་ལེགས་པ། །ཀུན་ཀྱང་དགའ་བས་བཀྲ་ཤིས་ཤོག །