ཨོ་རྒྱན་ཉི་མ།
སྤྱི་ཚོགས་ཀྱི་དབུ་ཁྲིད་ནི་སྐྱེ་བོ་མཆོག་དམན་མཐའ་དག་གི་མགོན་སྐྱབས་ཡིན་གྱི་མྱི་བཟང་ཁོ་ནའི་བཤེས་གཉེན་ཞིག་གཏན་ནས་མ་རེད། དེ་ནི་མང་ཚོགས་ཁྲོད་དུ་བཟང་ངན་བར་གསུམ། བདེན་རྫུན་གཉིས་ཆར་ཡོད་པས་རེད་ལ། སྤྱི་ཚོགས་ཤིག་གི་སྣེ་ཁྲིད་པ་དང་། ཚོགས་པ་ཞིག་འཐུས་མི་ཞིག་ཡིན་ནས་བཟུང་། བདེན་པ་གཅེར་རྒྱུགས་ཀྱིས་གྲུབ་འབྲས་ནམ་ཡང་ཐོན་ལེ་མ་རེད། དེ་ཕྱིར་མཐའ་གཅིག་ཏུ་དཀར་པོ་དཀར་རྐྱང་དང་། ནག་པོ་ནག་རྐྱང་ཡིན་མཁན་ཞིག་གཏན་ནས་མི་སྲིད་པས། རང་ཉིད་མིའི་དེད་དཔོན་ཞིག་བྱེད་དྲན་ན་མང་ཚོགས་དང་བསྟུན་མཁས་ཀྱིས་ཐབས་མཁས་ཐུགས་རྗེ་ཟུང་འབྲེལ་ཐོག་ཕེབས་ཐུབ་ན་ཡག་ཤོས་རེད།
གལ་སྲིད་ཐེར་འདོན་བྱ་དགོས་པའི་དོན་གནད་གལ་ཆེན་ཅིག་བྱུང་བ་ཡིན་ན་ཡང་། ཕན་ཚུན་བརྩི་འཇོག་དང་། གུས་ཞབས་དང་བཅས་པའི་འཇམ་བུའི་ཚིག་གིས་ཚར་གཅོད་དགོས་ཀྱི་གཤོང་བོས་ག་ལ་ཡིན། གནས་ལུགས་དང་རྒྱུ་མཚན་འབུམ་གྱིས་ཕྱུག་ཀྱང་སྐྱོན་ཐོག་མཛུབ་མོ་འཛུགས་དུས་ཐད་གར་ཁས་བླང་མཁན་ནི་ཉིན་མོའི་སྐར་མ་ཙམ་མོ། །
དད་པ་ཡོད་མེད་ལ་མ་ལྟོས་པར་རང་གི་དབུ་ཁྲིད་དང་། རང་ལས་རྒན་པ་ལ་ཆེ་མཐོང་དང་། བརྩི་འཇོག གུས་ཞབས་དགོས་པ་དེ་ཡང་འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་རེད། དེང་རབས་ནུབ་ཕྱོགས་རྩོད་སྒྲུབ་སྨྲ་བའི་ལམ་ལུགས་ལས་གཞན་པའི་སྲོལ་རྒྱུན་གྱི་ལུགས་ལ་རྒན་བཀུར་གཞོན་སྐྱོང་མེད་ན་ཚོགས་སྡེ་འཐོར་བའི་སྔ་ལྟས་སོ། །
བོད་ཀྱི་སྤྱི་ཚོགས་་ལ་མཚོན་ན་སྲོལ་རྒྱུན་ཉིན་རེར་བཞིན་རྒུད་ཅིང་། དེང་རབས་ཀྱི་མ་ལག་ཆ་ཚང་མ་རྙེད་ཐུབ་པའི་ས་མཚམས་ཤིག་ལ་སླེབ་འདུག་མོད། སྲོལ་རྒྱུན་ལ་གྱེན་གཟིགས་ཀྱིས་ཆོས་རིག་སྲུང་སྐྱོང་བྱ་དགོས་སམ། ཡང་ན་དེང་རབས་ཀྱི་གཡང་ལ་མིག་གཉིས་བཙུམས་ཏེ་མཆོང་རྒྱུ་ཡིན། ད་ལྟ་བདམ་ག་བྱ་བའི་དུས་ཚོད་ལ་བསླེབས་འདུག་གོ།
ཚོགས་པ་ཞིག་གིས་བྱ་བ་བཟང་ངན་གང་སྒྲུབ་བསམ་ན་ཡང་གྲུབ་འབྲས་ཡོད་མེད་ནི་མཐུན་སྒྲིལ་ལ་བརྒྱ་ཆའི་བརྒྱ་རག་ལས་པ་ཞིག་རེད། ཆིག་སྒྲིལ་མེད་ན་གོང་བུ་གཅིག་གྱུར་གྱི་ཤུགས་སྣོན་བསླེབ་མི་ཐུབ། ཚང་མས་རྡོག་རྩ་ཕྱོགས་གཅིག་ཏུ་མ་སྒྲིལ་ན་ཚོགས་གཙོ་དང་། དབུ་ཁྲིད་ཟེར་བའང་མིང་ཙམ་མོ། །
བོད་མིའི་འགོ་གཙོ་རྣམས་དབུ་བྱས་ཏེ་མི་རེ་ངོ་རེ་ནས་ཁ་ཞེ་གཉིས་ཀྱིས་ལུས་ངག་ཡིད་གསུམ་ཕྱོགས་གཅིག་ཏུ་་སྒྲིལ་བ་ལ་བོད་ཀྱི་ལ་རྒྱ་ཟེར་བ་ལས། བོད་ཡིག་འབྲི་ཤེས་པ་ཙམ་དང་། ཆོལ་ཁ་དང་། ཆོས་ལུགས་རིས་སུ་བཅད་པ་དང་། སྤྱི་ཕན་ཞེས་ཁ་བདེ་མོ་བཤད་ཤེས་པ་ཙམ་ལ་བོད་ཀྱི་ལ་རྒྱ་ཟེར་ལེ་མ་རེད་ལ། ཁྱད་པར་དུ་ཡང་བོད་ཀྱི་གྲྭ་བཙུན་སྔགས་གསུམ་ཆབ་སྲིད་ལ་འཚང་བ་ལ་དགའ་བོ་གཏན་ནས་མེད་དོ།།
ང་ལྟ་བུ་མིའི་གོང་འོག་གཉིས་ཀ་ལ་ཐད་གར་འདུག་འདོད་མེད་མཁན་ཚོས་གང་འདོད་ན་དེ་གནོངས་ཤིག ཧཧཧཧཧ
ཨོ་རྒྱན་ཉི་མ་དི་རིང་སྨན་ནོར་ནས་བཏང་བ་ཡིན་ནམ། ཁ་ཆེའི་ཨོ་སར་མ་སྦིན་ལ་ཊིན་གྱིས་འཇིགས་རྒོལ་རིང་ལུགས་པ་གཏོར་དགོས་ཟེར་བ་ལྟ་བུ་དང་། གངས་ཅན་བླ་མས་བོད་མིའི་ཆིག་སྒྲིལ་དོན་དུ་བོད་མི་ཚང་མས་༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་དགོས་ལྟ་བུ་དང་། དོལ་རྒྱལ་རྗེས་བྲང་པ་ལི་ཐར་ཨ་ཐར་དང་བདེ་ཆེན་སྤྲུལ་རྫུན་གྱིས་གུ་རུ་རིན་པོ་ཆེའི་འབུམ་ཚོགས་གྲ་སྒྲིག་བྱེད་པ་ལྟ་བུ། གང་ལྟར་བློ་ལ་གཤོང་མ་སོང་།
ནད་ངོས་ཟིན་ཏེ་སྨན་བཏང་བ་རེད། ཁྱེད་རང་ཡང་ཕ྄ྱོགས་ལྷུང་གི་་ཚ་ལྕི་མོ་ཡོད་མཁན་ཞིག་ཡིན་པ་འདྲ། སྨན་འདི་འཐུངས་ཤིག རྩེད་མོ་ཡིན།
གྲོས་ཚོགས་ནང་གི་ཆོལ་ཁ་དང་། ཆོས་ལུགས་ལ་རྒྱུ་མཚན་གཏན་ནས་མེད་པར་ཞེན་ནད་ཕོགས་མཁན་འགའ་ཞིག་ལ་སྤྲིངས་པ་ཡིན། དཔེར་ན་དགེ་ལུགས་སྤྱི་འཐུས་ཀྱིས་གྲོས་ཆོད་ཀྱི་ཡི་གེ་ཀློག་དུས། མདོ་སྨད་ཀྱི་འཐུས་མི་ཞིག་ཡིན་པ་འདྲ། ལམ་སང་ཀློག་སྟངས་ནོར་སོང་མདོ་སྨད་ཅེས་པ་དེ་ཆད་སོང་ཟེར་་་་་་
དེ་འདྲའི་ཆུང་ཆུང་ཞིག་ཡན་ཆོད་་གླེང་དགོས་ན་གྲོས་ཚོགས་ལ་རིན་ཐང་འདུག་གམ དེ་དང་འདྲ་བའི་བསྟན་པ་ཡར་འཕེལ་གྱི་བསམ་འཆར་ཕལ་ཆེ་བ་ལྷག་བསམ་རྣམ་དག་རེད་དེ། ཁོང་བཀའ་བརྒྱུད་ཀྱི་འཐུས་མི་ཞིག་གི་མཚན་ཁུར་ཏེ། མཐུན་ལམ་དང་། གནས་དུས་ལ་མ་བསམས་པར་ཐད་གར་མཛུབ་མོ་འཛུགས་པ་ལྟ་བུ་རེད། ཁོས་བཤད་པ་དེ་ཡང་དམིགས་བསལ་སྐུ་ཡོན་དབུལ་རྒྱུ་ཡིན་ཟེར་བ་རྣ་བར་མ་སོང་སྟེ། ཐལ་དྲགས་པའི་གླེང་བསླང་དེ་ཤོར་བ་རེད་དྲན།
དེང་སང་གྲོས་ཚོགས་ར་བ་ནང་ཡོད་མཁན་ཕལ་ཆེ་བ་ལོ་ན་གཞོན་པ་དང་། རང་རྒྱལ་ཚ་བོ། ཐད་ཀའི་སྐྱོན་ལ་ལྟ་བ་ལས་ཕུག་རྒྱང་རིང་བའི་དགེ་སྐྱོན་ལ་བསམ་ཤེས་མེད་མཁན་མང་པོ་ཞིག་མཐོང་གི་འདུག དེ་ཙམ་དུ་མ་ཟད་གཏམ་གླེང་མཐའ་དག་རྒྱང་སྟོན་བྱེད་བཞིན་པའང་མཐོང་། བོད་མི་ཚོར་མཚོན་ན་ད་ལྟ་ཡོད་ཚད་རྒྱང་སྒྲོག་བྱ་བའི་གནས་ཚད་དེ་ལ་བསླེབ་མི་འདུག་སྙམ།
ཆབ་དཔལ་ཚན་གསུམ་སྔོན་ཐོན་གྱི་ནུབ་ཕྱོགས་པ་ཚོས་གྲོས་ཚོགས་མི་མང་ལ་སྟོན་བཞིན་པའི་ལུགས་སྲོལ་ཞིག་བཟོས་འདུག་མོད། ཁོ་ཚོར་མཚོན་ན་འཐུས་མི་ལ་མི་བུ་རང་ག་བའི་འདུ་ཤེས་དང་། གྲོས་ཆོད་མཐའ་དག་རྩོད་པས་སྒྲུབ་དགོས་པར་འདོད་པ་དང་། རྩོད་པ་བརྒྱབས་ཏེ་སུ་རྒྱལ་སུ་ཕམ་ལྟ་བ་ལས། རྒྱུ་འབྲས་དང་། དགེ་སྡིག་ཟེར་བ་ཕལ་ཆེར་གཏན་མེེད་རེད།
བོད་མི་ཕལ་ཆེ་བས་བོད་མའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་༧གོང་ས་མཆོག་གི་བཀའི་མདུན་ན་འདོན་དང་། ཚེ་འདིའི་མགོན་སྐྱབས་ཙམ་དུ་མ་ཟད། ཕྱི་མའི་ལམ་སྟོན་ཡང་ཕྱེད་ཀ་ཞིག་ཐོན་ངེས་ཡིན་སྙམ་པའི་མི་ལས་འདས་པའི་གདེང་འཇོག་གནང་བསྡད་དུས། ཁྱེད་ཅག་གིས་ངའི་ཁ་དང་ཁྱོད་ཀྱི་སྣ་ཟེར་བ་ལྟ་བུའི་གཏམ་བཤད་ཉ་མ་ཉོག་དག་གོ་བ་དང་། རེ་བ་དང་ཡིང་ཆེས་བརླག་བྱེད་ཅིག་ལས། རྒྱང་སྟོན་གནང་བ་དེས་གྲུབ་འབྲས་དམིགས་བསལ་ཞིག་གང་ཡང་མཐོང་གི་མི་འདུག
མདོར་ན་རིག་གནས་དང་འཛིན་སྐྱོང་གི་ཐབས་ལམ་མཐའ་དག་གི་འགོ་ཁུངས་ནུབ་ཕྱོགས་ལ་གཏད་པ་དེས་ཞི་བདེ་རྩ་རྫོགས་འགྲོ་བྱེད་ཅིག་དང་། རང་གི་རིག་གཞུང་གི་རིན་ཐང་བརླག་བྱེད་ཅིག་ལས་ཁྱད་ཆོས་ཤིག་གང་ཡང་མཐོང་མ་སོང་། ནུབ་ཕྱོགས་ཨ་རི་བ་མཚོན་པའི་སྟོབས་ཆེན་རྒྱལ་ཁབ་ཚོས་རོགས་སྐྱོར་ཇི་ལྟར་གནང་རུང་། རྩ་བའི་རང་ལུགས་ཀྱི་སྲོལ་རྙིང་པ་རྣམས་མི་འཆོར་བ་དེ་གལ་ཆེན་པོ་རེད། ད་ལྟའི་དུས་ཚོད་འདིར་ཡོད་ཚད་དངུལ་གྱིས་དབང་བསྒྱུར་ཞིང་། ཐམས་ཅད་དངུལ་གྱི་བྲན་དུ་ལྷུང་བཞིན་པའི་དུས་འདིར་འབྱོར་ལྡན་ཚོས་མེད་པོའི་གཉའ་བཅགས་ཏེ། འགྲོ་འདུག་གི་རང་དབང་ཡང་འཕྲོག་ལ་ཉེ་བ་ན། དཔྱོད་ཤེས་ཡང་དག་ཅིག་གིས་རང་ཚུགས་རྣལ་མ་ཞིག་བཟུང་མ་ཐུབ་པར་སྣ་ཐག་མིའི་ལག་ལ་གཏན་དུ་འཆོར་ཚར་དུས་ཁག་པོ་རེད།
གྲོས་ཆོད་བྱུང་ཚར་བ་དེ་གསར་འགོད་གསལ་བསྒྲགས་གནང་ན་མཛེས་ཀྱི་ཡོད་ཚད་གཞན་ལ་བསྟན་པ་དེས་གནོད་བསྐྱལ་བ་ལས། ཕན་ཐོགས་སྐར་གང་མཐོང་མ་སོང་།
ཆབ་དཔལ་རིག་གསུམ་ལས། སྲིད་འབྱོར་རིག་གསུམ་འདི་དག་པ་དང་།
དེ་བཞིན།
ཆབ་དཔལ་ཚན་གསུམ་ལས། སྲིད་འབྱོར་ཚན་གསུམ་འདི་ཡག་ག་འདུག
ཀརྨ་པ་དང་། བློ་བཟང་སེང་གེ། ཀླུ་མཁར་བྱམས་འདྲ་བའི་ཤེས་སྤོབས་གཉིས་ལྡན་ཚོ་གལ་ཆེན་པོ་རེད། བྱ་བྱེད་འདུ་ལོང་ལ་ཅུང་ཟད་མ་དགའ་ན་སྤྱི་ཚོགས་ནང་གོམ་པ་སྤོ་རོགས་བྱེད་ལེ་མ་རེད། དེ་མ་བྱེད་ན་བོད་ཀྱི་ཆབ་སྲིད་ལ་ཕན་ཐོགས་ལེ་མ་རེད།
དེ་ཕྱིར་དང་པོ་ནས་བྱ་བྱེད་མང་གི་འདུག་ཅེས་སྤོབས་པ་གཅོག་ན། གཞན་སུ་གཅིག་ལ་མི་གནོད་བོད་ལ་གནོད་ལེ་རེད།
འདི་ན་ཡང་ཁྱི་མང་པོ་ཁྱི་ཚོགས་རྒྱབ་འདུག
འདུག འདི་ཚོ་ཁ་བརྡ་ཚང་གི་འདོགས་ཁྱི་སོ་མེད་དེ་ཚོ་རེད། བཏགས་བཞག་ན་སྐད་ཆེ་ལེ་རེད་མ་གཏོགས་བཏང་བཞག་ན་རྨུག་བགྱི་མ་རེད་ཡ།