ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
བཀའ་སྤྱི་ལྷན་ཚོགས་གྲོས་ཚོགས་གཟི་བརྗིད་ཆེ།།
ཁྲིམས་དང་སྒྲིག་གཞི་གཏན་འབེབས་ཁྲིམས་བཟོའི་འགན།།
གང་བྱུང་གཏམ་གླེང་གྲོས་ཚོགས་ལས་རིམ་མིན།།
ང་ཚོའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག །
བཅའ་སྒྲིག་འགན་འཁུར་གྲོས་ཚོགས་ལས་རིམ་ལ།།
ཆ་ཤས་བླངས་ནས་བཟང་སྤྱོད་བསྲུང་རོགས་གནང་།།
ཇུས་བཟང་གཏན་འབེབས་ཁྲིམས་བཟོའི་འགན་དབང་ལ།།
ཉ་ཉུང་མཉམ་བསྲེས་མ་གནང་ཐུགས་རྗེས་གཟིགས།།
ལྟ་སྒྲུབ་ཡང་དག་མང་གཙོའི་ལམ་བཟང་ལ།།
ཐེ་ཚོམ་མ་གནང་བཅའ་སྒྲིག་འགན་འཁུར་ཟབ།།
དོན་མེད་གཏམ་བཤད་གྲོས་ཚོགས་གཟི་བརྗིད་ཆུང་།།
ནམ་ཡང་མ་གསུང་གཙོ་འདོན་ཐུགས་རྗེས་གཟིགས་།
དཔལ་ལྡན་བཀའ་སྤྱིས་མི་མང་ལས་དོན་ལ།།
ཕ་ལམ་བཞིན་དུ་ཁྲིམས་བཟོའི་འགན་འཁུར་བཞེས།།
བོད་མི་གཞིས་བྱེས་རེ་བཅོལ་གྲོས་ཚོགས་ལ།།
མ་འཕྱུག་མ་ནོར་ཁྲིམས་སྲུང་བཀའ་སྤྱིའི་འགན།།
རྩ་ཁྲིམས་བཅའ་ཁྲིམས་ཁྲིམས་ཀྱི་གནས་ཚད་ལ།།
ཚད་འཛིན་གནང་ནས་འཐུས་མིའི་དམ་ཆ་བརྟན།།
འཛམ་གླིང་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག །
ཝ་སྤྱང་གུང་ཁྲན་གྲལ་རིམ་དམངས་གཙོའི་འོག །
གཞན་སྐྱོན་གླེང་བའི་སྨྲ་བརྗོད་རང་དབང་ཡང་།།
ཟུར་ཟའི་གཏམ་གྱི་འགན་་འཁུར་རང་ལ་བབས།།
འུར་གཏམ་ཤོད་ས་གྲོས་ཚོགས་ར་བ་མིན།།
ཡ་རབས་གཏམ་གླེང་གྲོས་ཚོགས་ར་བ་ཡིན།།
རང་དབང་ཐམས་ཅད་ཁྲིམས་ཀྱི་འོག་ཏུ་གནས།
ལ་རྒྱ་ཞེན་ཁོག་ཁ་དང་ལྕེ་ཡི་བར།།
བཤད་རྒྱུ་མང་ན་་གྲོས་ཚོགས་ཆེ་མཐོང་གནོད།།
ས་མཚསས་མ་བརྒལ་གྲོས་ཚོགས་འཐུས་མི་ཚོ།།
ཧ་ཅང་མི་མང་བློ་གཏད་བཀའ་སྤྱི་གཉིས།།
ཨ་ཅང་དགོངས་པ་མ་འཚོམས་སྐུ་རྩེད་ཡིན།།