རང་བདག
(ཁྱོད་རང་བོད་མི་དམངས་ལ་དངོས་གནས་སྙིང་ཉེ་མཁན་ཞིག་ན། ད་རེས་ཕྱོགས་མཐའ་ཁག་ནས་འདུ་འཛོམས་དང་རྒྱུད་ལམ་ཁག་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་འོས།)
ང་ཚོ་ཡར་ལང་དགོས་པའི་རྒྱུ་མཚན།
ད་བར་ང་ཚོའི་སྤྱི་ཚོགས་ནང་དུ་ཕྱི་ནང་གང་སར་ཟང་ཟིང་མང་པོ་བྱུང་། ཡིན་ཡང་མི་དམངས་རྣམས་ཆོས་ལུགས་པ་དང་ཆབ་སྲིད་པ་ཚོའི་དབང་འོག་ཏུ་ཚུད་པ་ལས། མི་དམངས་རང་ལ་ཁེ་ཕན་ལས་གྱོང་གུད་ཆེ་བར་བྱུང་ཡོད།
༡ ཆོས་རྒྱུད་ཀྱི་རྩོད་པས་བོད་པ་ནང་ཁུལ་དུ་ཞེན་ཁོག་སློང་སྟེ་མི་རིགས་གཅིག་པའི་བོད་པ་ཞིག་ལས། ཆོས་རྒྱུད་གཅིག་པའི་རྒྱ་མི་ཞིག་ལ་དགའ་བར་གྱུར་ཡོད།
༢ ཆབ་སྲིད་ཀྱི་རྩོད་པས་བོད་པ་ནང་ཁུལ་ཁྱོད་ཤི་ང་གསོན་དུ་གྱུར་ཡོད།
༣ ཆོལ་ཁ་ཡི་རྩོད་པས་བོད་མི་རྣམས་ས་ཁུལ་གཅིག་ཏུ་མཉམ་གནས་བྱེད་པར་དཀའ་ངལ་བཟོས་ཡོད།
༤ མི་དམངས་དཀྱུས་མ་རྣམས་ཉིན་ལྟར་ཆབ་སྲིད་དང་ཆོས་ལུགས་ཀྱི་རྩོད་གླེང་རྐྱང་རྐྱང་གིས་དྲ་སྒང་དུ་མི་ཚེ་འཛད་ཀྱི་ཡོད།
བོད་མི་དམངས་ཀྱི་ནང་སེམས།
འོ་ན་བོད་མི་དམངས་ཀྱི་ནང་སེམས་སུ་བོད་པ་ཕན་ཚུན་ལ་ཞེ་སྡང་དང་འཁོན་འབྲས་འཇོག་སྟེ་གོང་གསལ་གྱི་དཀའ་ངལ་དུ་གྱར་འདོད་ཡོད་དམ་ཞེ་ན། བསམ་ཚུལ་ངན་པ་དེ་འདྲ་གཏན་ནས་མེད། ཁོ་ཚོ་ལའང་རང་རང་སྒེར་གྱི་རྒྱུད་ལམ་ཁག་ཏུ་མི་རིགས་གཞན་ལྟར་རང་གི་ཁྲོམ་ར་དང་གསར་གཏོད་ཀྱི་བརྩམ་ཆོས།(བརྙན་ཐུང་དང་གླུ་གཞས་སོགས་ཀྱང་འདུ།)སྤེལ་བ་དང་། རང་གི་འཚོ་བའི་ཆུ་ཚད་དང་ཤེས་ཡོན་གྱི་ཆུ་ཚད་ཡར་རྒྱས་གཏོང་བའི་དམིགས་ཡུལ་མཛེས་སྡུག་ལྡན་པ་ཡོད། མ་ཟད་རང་གི་མི་རིགས་ལ་དགའ་ཞེན་ཡོད་ཅིང་མི་རིགས་འདི་ཡར་རྒྱས་འགྲོ་བར་རེ་བ་ཤིན་ཏུ་ཆེ། ཡིན་ཡང་ང་ཚོའི་སྤྱི་ཚོགས་སུ་གོང་གསལ་གྱི་མི་སྣ་དག་གིས་ཆོས་ལུགས་དང་ཆོལ་ཁ། ཆབ་སྲིད་བཅས་ཀྱི་རྩོད་པ་རྐྱང་རྐྱང་སློང་བས། རྩོད་པ་མི་འདྲ་བའི་ཁྲོད་དུ་མི་དམངས་དཀྱུས་མ་རྣམས་ཀྱང་མགོ་བོ་འཐོམ་སྟེ་མི་མེད་རང་མེད་ཀྱི་ལས་འགུལ་སྣ་ཚོགས་ཀྱི་འོག་ཏུ་ངམ་ཞུགས་ཀྱིས་འདུ་བཞིན་ཡོད་ཅིང་། གོང་གསལ་གྱི་མི་སྣ་དག་གི་བསླུ་ཁྲིད་འོག་ཏུ་ཚུད་དེ། ཉིན་ལྟར་ངའི་ཆོས་རྒྱུད་དང་ངའི་སྲིད་ཇུས། ངའི་ཆོལ་ཁ་ཞེས་རྩོད་གླེང་བྱེད་ཀྱི་ཡོད།
རྒྱུ་མཚན་དེ་དག་ལ་བརྟེན་ནས།
༡ ང་ཚོ་ལ་ཆོས་རྒྱུད་ཀྱི་མིང་མི་དགོས།
ང་ཚོ་མི་དམངས་དཀྱུས་མ་ལ་སྐྱབས་འགྲོ་དང་སེམས་བསྐྱེད་དང་མཆོག་གསུམ་སྐོར་གྱི་རྒྱུན་ཤེས་ཀྱིས་འགྲིག་པ་ལས། གྲུབ་མཐའི་རྩོད་པ་དང་ཞེན་ཁོག་མི་དགོས། ད་བར་ང་ཚོར་གྲུབ་མཐའི་རྩོད་པས་གྱོང་ལས། ཁེ་ཕན་སྟེར་མེད། བླ་གྲྭ་སོགས་གྲུབ་མཐའ་སོ་སོར་སྦྱོང་མཁན་ཡོད་ན་དེ་དག་ནི་དེང་གི་ཞིབ་འཇུག་པ་ལྟར་རང་རང་གིས་ཞིབ་འཇུག་དང་ཆེད་ལས་ལ་འབད་དེ་ཡིག་ཆ་རྣམས་འཚོལ་བསྡུ་དང་ནང་དོན་ཤེས་རྟགས་ལེགས་པོར་བྱེད་པ་ལས། དེ་དག་ཁྱེར་ནས་མང་ཚོགས་སུ་རྩོད་པ་སློང་མི་ཆོག་ལ།མང་ཚོགས་ཀྱིས་ཀྱང་དེ་རིགས་བྱེད་མཁན་གྱི་ཁ་ལ་ཉན་མི་རུང་ཞིང་། དེ་འདྲ་བྱེད་མཁན་བྱུང་ཚེ་ང་ཚོའི་སྤྱི་ཚོགས་ནས་ཕྱིར་ཕུད་གཏོང་དགོས་ཏེ། དེས་ང་ཚོའི་མི་རིགས་འདི་ཁ་ཐོར་གཏོང་གི་ཡོད།
༢ ང་ཚོ་ལ་ཆོལ་ཁའི་མིང་མི་དགོས།
ང་ཚོ་བོད་པ་ཡིན་ན་འགྲིག ཨ་མདོ་དང་ཁམས་པ་དབུས་གཙང་གང་ཡིན་རྩོད་མི་ཆོག དེ་རྩོད་ནས་ང་ཚོ་མང་ཚོགས་ལ་ཁེ་ཕན་ཅི་ཡང་བྱུང་མེད། ད་བར་རྡ་སར་སྐུ་ངོ་དག་གིས་ཆོལ་ཁ་རྩོད་ཀྱང་མང་ཚོགས་རྣམས་བོད་པ་ནང་ཁུལ་དུ་དགའ་ཞེན་མེད་པ་བཟོས་པ་ལས། ཕན་ཐོག་གང་ཡང་བྱུང་མེད། ལྷག་པར་དུ། ནག་ཆུ་དང་རྒྱལ་རོང་། གསེར་རྟ་སོགས་ཆོལ་ཁ་གང་ཡིན་ནའང་ཁྱད་པར་མེད། བོད་པ་ཡིན་པ་ཙམ་གྱིས་འགྲིག་པ་ལས། ཁོ་ཚོ་ཨ་མདོ་ཡིན་ན་ཅི་ཞིག་བྱ་རྒྱུ་ཡིན། ཁམས་དང་དབུས་གཙང་ཡིན་ན་ཅི་ཞིག་བྱ་རྒྱུ་ཡིན། ཅི་ཡང་བྱ་རྒྱུ་མེད། འདི་དག་རྩོད་པ་ནི་སྤྱི་འཐུས་ས་མིག་གི་སྒེར་དོན་ལས། བོད་མི་དམངས་ཀྱི་སྤྱི་དོན་མིན་པས། དེ་དག་རྩོད་པ་ལ་བོད་མི་དམངས་ཀྱིས་ཉན་མི་རུང་།
༣ ང་ཚོ་ལ་ཆབ་སྲིད་ཀྱི་མིང་མི་དགོས།
ང་ཚོ་ལ་དབུ་རང་གི་རྩོད་པ་མི་དགོས། ང་ཚོ་ལ་དགོས་པ་ནི་དབུ་རང་སོ་སོ་ནས་བོད་མི་རིགས་སྤྱི་ལ་ཕན་པའི་ལས་འགུལ་ཧུར་ཐག་གིས་སྤེལ་བ་ལས། མང་ཚོགས་དབྱེན་དཀྲུག་གི་ཆེད་དུ་སྤེལ་མི་ཆོག དབུ་རང་སོ་སོ་ནས་མི་རིགས་སྤྱི་ལ་ཕན་པའི་ལས་འགུལ་དངོས་སུ་མིག་མཐོང་ལག་ཟིན་བྱུང་ན། བོད་མི་དམངས་རྣམས་ཀྱང་ངམ་ཤུགས་ཀྱིས་དགའ་ཞེན་སླེབ་ངེས་པ་ལས། རྩོད་པ་རྒྱག་སྟེ་བོད་པ་ཁ་འཐོར་གཏོང་ན་དབུ་རང་སུ་ཡིན་རུང་བོད་མི་དམངས་ཀྱི་ངོས་ནས་དུས་ནམ་ཡང་ངོས་ལེན་མེད།
༤ ང་ཚོ་ལ་སྲུང་མའི་རྩོད་པ་མི་དགོས།
ཁྱོད་ཀྱིས་སྲུང་མ་ཅི་ཞིག་བསྟེན་ནའང་། ཁྱོད་རང་བོད་པ་ཡིན་པས་དེ་རང་གིས་འགྲིག ཁྱོད་ཀྱིས་སྲུང་མ་བསྟེན་པ་ནི་རང་རང་གི་དད་མོས་དང་ལྷག་པར་དུ་སྲུང་མ་བསྟེན་པ་ནི་བསྙེན་པ་བསྡད་དེ་བསྟེན་དགོས་པ་ལས། སྐད་འབོད་དང་མི་རིགས་ནང་ཁུལ་དུ་རྩོད་པ་སློང་བ་ནི་སྲུང་མ་དང་ཡི་དམ་བསྟེན་ཚུལ་མིན་པས། ད་ནས་བོད་མི་དམངས་ནང་དུ་སྲུང་མའི་སྐོར་བཤད་དེ་མི་དམངས་སྤྱི་ལ་དཀའ་ངལ་བཟོ་མི་ཆོག
༢༠༡༧.༡༠.༠༢
ཚོགས་གཏམ་ཞེད་པོ་བཏང་འདུག ཤོད་མཁན་ཉན་མཁན་གཉིས་ཀ་རང་ཉིད་ལས་གཞན་རག་ས་མ་རེད།
ཁྱེད་ཀྱི་ལུགས་ལ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ནང་བཞིན་འགྲོ་བ་སྤྱི་ལ་བྱམས་མཁན་ཞིག་གམ། ཡང་ན་མདོ་མེད་ང་ལྟ་བུ་ཞིག་ལུགས་གཉིས་གང་ཡང་མི་དགོས་མཁན་ཞིག་ཡོད་ན་འགྲིགས་ས་རེད། དེ་མིན་འགྲོ་བ་མྱིའི་རིགས་ཚང་མ་ཤ་རུས་ཁྲག་གསུམ་གྱིས་གྲུབ་པ་དང་། ཤ་རུས་ཁྲག་གསུམ་ཆགས་སྡང་རྨོངས་གསུམ་གྱིས་བརྒྱངས་ཡོད་པ་དང་། དེ་རེ་རེ་ལ་ཉིན་རེའི་འཚོ་བ་དང་། དགྲ་གཉེན། མཐོ་དམན་མང་པོ་ཞིག་ཡོད་པས། ཆོས་བརྒྱུད་གཅིག་དང་། ཆབ་སྲིད་གཅིག་ལ་བོད་མི་བྱེ་བ་དྲུག་གི་བློ་སེམས་མགུ་ཐུབ་བམ། མྱིའི་རིགས་འཚོ་བ་ལ་སྣ་མང་གི་རྒྱུ་རྩལ་དགོས་ལེ་རེད། དཔེར་ན་ནུབ་ཕྱོགས་པས་བསྐྲུན་པའི་བྱ་གཞག་ནང་བཞིན་རེད། མྱི་ཟེར་བ་དེ་ཁེ་མཚར་ཞིག་རེད། ལས་དཀའ་མང་པོ་མེད་ན་མང་དགོས་ཀྱིན་འདུག་ཟེར་ནས་རྡུག་འདོན་ལེ་རེད། ལས་དཀའ་མང་ཐག་ཆོད་བཟོས་ཏེ་སྤྲོད་དང་། མང་དྲགས་འདུག་དུས་ཚོད་ཀྱིད་འདང་གི་མི་འདུག་ཟེར་ལེ་རེད། དེ་ལ་མི་འདོད་པ་ཐོག་ཏུ་བབས་པའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་འཁེལ་བའི་སྡུག་བསྔལ་ཟེར་ལེ་རེད།
༼ཁྱེད་རང་གི་ལུགས་ཏེ་་་་་་་འབྲས་མི་ཟ། ཚོད་མ་མི་ཟ། ཞོ་མི་འཐུང་། ཟས་ཙམ་ཟའོ་ཟེར་བ་དང་གཅིག་པ་རེད། ༽
སྤྱི་སེམས་ཡོད་པ་གལ་ཆེན་པོ་རེད་དེ། བྱ་བའི་སྣེ་མོ་འཛིན་དུས་ཕྱོགས་སུ་ཅུང་ཟད་མི་ལྷུང་བ་ཞིག་ཁག་པོ་རེད། དེ་ཕྱིར་མི་བུ་རང་ག་བ་ཞིག་ལ་མཚོན་ན་རང་གི་འཚོ་བ་བརྒྱ་ཆ་༥༠% སྤྱི་ལས་་་༤༠% གཉིས་ཀའི་དོན་༡༠% ཐུབ་ན་ད་གཟོད། རྒྱལ་ཁབ་དང་། མི་རིགས་ཀྱི་ཆབ་སྲིད་པ་དང་། ཚོང་པ་ཟེར་བ་དེ་ཆགས་པ་རེད། ཆོས་པ་ཞིག་ཡིན་ནས་བཟུང་བྱུང་ན་རང་དོན་བློས་གཏོང་དགོས་ལས་རེད། ཡིན་ན་ཡང་ཨ་ཤུ་རེ་ད་ལྟའི་ང་ཚོ་ཆོས་པ་ཚོ་སེམས་སྐྱོ་བ་ལ། ་་་་་་་་་ཨང་། ཧཧཧཧཧཧཇ
ཁྱེད་ང་གཉིས་གཅིག་པ་རེད། ངས་ཀྱང་ཆོས་བྱེད་ན་རྣམ་དག་བྱ་དགོས་རེད་ལབ་ནས་མི་ལོ་མང་བརྩད་པ་ཡིན། ཧཧཧཧཧཧ འཇིག་རྟེན་ཟེར་བ་འདིར་བཟང་ངན་བར་གསུམ་ཆ་ཚང་ཡོད་ས་ཞིག་དང་། དགོས་ས་ཞིག་རེད། དེ་ཚོ་བཀགས་ཀྱང་ཁོག་རྒྱུ་ཞིག་མ་རེད། ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ་གོང་ནས་མར་འཁོར་མཁན་ཚོ་གཟི་བརྗིད་ཁོག་སྟོང་ཤ་སྟག་ཆགས་ཡོང་དུས་ལས་སླ་མོ་ཞིག་གཏན་ནས་མི་འདུག ་་་་་་་་་་་་
༄༅། སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་མཁན་དེ་་་སྤྱི་འཐུས་ཀྱི་མིང་འཁྱེར་ནས་་་གྲོས་ཚོགས་ནང་
བོད་དོན་ཆབ་སྲིད་སྐོར་ལ་སྐད་ཆ་མ་བཤད་པར་་མི་དགོས་ལྷ་སྲུང་ལ་སྐྱོན་བརྗོད་བྱས་པ་དེ་ནི་
ཞབས་འདྲེན་རེད། རིག་གནས་མེད་པའི་རྟགས་རེད། སྤྱི་ཚོགས་ནང་ལ་ཁོ་ལ་སྐྱོན་བརྗོད་ག་ཚོད་
བཤད་ཀྱི་འདུག་ དྲ་རྒྱའི་ནང་ལ་ལྟོས་དང། ངོ་དེབ་ནང་ལ་ལྟོས་དང།
དགྲ་དགའ་གཉེན་སྡུག་གི་གནས་སྟངས་རེད། ཁྱོད་རང་སྤྱི་ལ་ཕན་པའི་སྐད་ཆ་བཤད་རྒྱུ་མེད་ན་
སྤྱི་འཐུས་རྐུབ་བཀྱག་དེ་སྟོང་པ་བཟོ་དགོས། མི་མང་གི་ཁྱོད་ལ་འོས་བླུགས་
ཡ་དེ་་་སྤྱི་འཐུས་གྲོས་ཚོགས་ནང་དཀྲུགས་ཤིང་བརྒྱབ་རྒྱུའི་ཆེད་འོས་བླུགས་པ་མ་རེད།
བོད་དོན་ཆབ་སྲིད་སྐོར་ལ་ཕན་འདྲ་ཐོག་ན་བསམ་ནས་འོས་བླུག་པ་རེད།
རྟོགས་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་མཐུན་པ་གྱིས་ཨང།