མཇེ་ཕྲུག་ནས།
ཀ་ཁ་ག་ང་སྦྱང་མྱོང་མེད་པའི་ཀྲོག་ཀྲོག་ཚ་བའི་ཨ་ཅ་འགས།།
ཁ་ལ་མཚོན་མདོག་འདྲ་མིན་བྱུག་ཅིང་བརླ་དང་རྐེད་པ་དམར་ཧྲེང་བསྟན།།
ག་བར་འགྲོ་ནས་སྟུ་ཁ་བཙོང་ནས་ཕོ་གཞོན་མང་པོར་མགོ་བོ་གཡོགས།།
ང་རང་ཁྱོད་འདྲ་མཐོང་བའི་འཕྲལ་ལ་སེམས་པ་གཏིང་ལ་སྐྱོ་བས་ཁེངས།།
ཅ་ཅོ་ལབ་གླེང་ཉིན་གང་བྱས་ཏེ་ཕན་འབྲས་ར་ཡི་རིལ་ཙམ་མེད།།
ཆ་ལུགས་མཐུན་པའི་དོན་ཞིག་ཡོད་ན་རྣ་བའི་རྒྱབ་ཀྱི་རླུང་ལ་སྤུར།།
ཇ་ཆང་རྐྱང་རྐྱང་འཐུང་རྒྱུར་དགའ་བའི་དེང་གི་ཨ་ཅ་འདི་ཚོ་ཡི།།
ཉ་ག་ཉོག་གེའི་འཚོ་བ་འདི་ལ་བསམ་བཞིན་བསམ་ན་ཨ་ཙ་མ།།
ཏ་ལའི་ལོ་མར་གསེར་ཡིག་བཀོད་ནས་སྙན་གྲགས་ཆེན་པོ་མ་བྱུང་རུང་།།
ཐ་ཤལ་མི་ཚེའི་ལམ་བུ་དེ་ལ་ཤར་བསྐྱོད་བྱེད་ན་མི་བཟང་གི །
ད་ནས་བཟུང་ནས་སྟུ་ཤ་བཙོང་བའི་བྱ་བཞག་ངན་པ་དེ་སྐྱུར་ནས།།
ན་གསོ་རྒས་ཀྱང་ཤེས་བྱར་འབུངས་དང་ཚེ་སྨད་དོན་སྙིང་ལྡན་ངེས་རེད།།
པ་ཕས་ཁྱོད་ལ་འཕྱོན་མའི་ལས་ལ་གཞོལ་དགོས་ཟེར་བའི་གཏམ་ཞིག་མེད།།
ཕ་ལ་དྲིན་ལེན་མཇལ་རྒྱུ་མེད་ཀྱང་སྙིང་རླུང་ལང་དགོས་མ་བཟོ་ཨ།།
བ་ཕྱུགས་ཡིན་རུང་རང་བློ་འཁོར་ནས་རང་དགར་འཚོ་བའི་གོམ་གཤིས་ཡོད།།
མ་བཟང་བུ་མོ་དེ་འདྲ་མ་བྱེད་དངོས་གནས་ཞབས་འདྲེན་རེད་ད་ཀྱེ།།
ཙ་རིའི་གནས་ལ་ཆོས་མཇལ་ཆེད་དུ་རྐང་ཆུང་ན་ན་སོང་བ་ལས།།
ཚ་ཇ་འཐུང་ནས་ཞི་ལྷོད་བག་ཕེབས་འཚོ་བ་དཀྱུས་མ་བསྐྱལ་བ་དགའ།།
ཛ་དྲག་ཆེ་བའི་སྤྱི་ཚོགས་གསེང་ལ་ཇུས་གཏོགས་ཡང་ཡང་བྱེད་པ་ལས།།
ཝ་མོ་ཇི་བཞིན་འགྲོ་འདུག་མཁས་ཤིང་རང་དགར་འཚོ་བའི་མི་ཚེ་སྐྱིད།།
ཞ་ག་ཞི་གའི་ཁང་པའི་ནང་ལ་ཡིན་ལུགས་ཚུལ་ལྡན་འཚོ་བ་དེ།།
ཟ་རྒྱུ་ཚང་མ་སྟུ་ཡིས་ཉོས་པའི་འབྱོར་ལྡན་དག་ལས་ཞི་དྲགས་སྐྱིད།།
འ་ཆད་འུ་ཐུག་ལས་ངན་དེ་འདྲ་བྱེད་དགོས་ལས་ལ་བཀོད་མེད་ཚེ།།
ཡ་མ་གཟུགས་ཀྱི་བྱེད་སྟངས་འདི་ལ་ཞེ་ལོག་མི་སྐྱེ་སུ་ཞིག་ཡོད།།
ར་མ་ནང་བཞིན་སུ་ཡིས་འཛག་འཛག་སྟུ་ལ་བདག་པོ་མེད་པ་འདི།།
ལ་གཏམ་ལུང་གཏམ་མང་མང་བཟོ་བའི་སྤྱི་ཚོགས་སྟེང་གི་རྙོག་གྲ་རེད།།
ཤ་རུས་གཅིག་གི་བརྒྱུད་ནས་ཡོང་བའི་ཨ་ཅ་ཡིད་འཕྲོག་ཁྱོད་རང་ཚོ།།
ས་སྟེང་འདི་ལ་སྐྱིད་པོ་འདོད་ན་མི་ཁ་མེད་པ་བཟོ་དགོས་རེད།།
ཧ་ལོ་ལབ་ནས་ཕྱི་རྒྱལ་ལུང་པའི་གསང་སྤྱོད་གཙང་བཟོ་བྱེད་དགོས་རུང་།།
ཨ་མ་བཟང་པོའི་བུ་མོ་ཡིན་ན་སྟུ་ཚོང་ནམ་ཡང་མ་རྒྱག་ཨ།།
ཧ་གཉིད་སད་པའི་དུས་ལ་ཁད་ནས་ཤེས་བྱའི་གནས་ལ་གང་མགྱོགས་འཁོད།།
ཨ་མས་གསུངས་པའི་སེམས་ཀྱི་གདམས་ཚིག་ཁྱོད་ཀྱིས་བློ་ལ་འཁོར་བ་བྱོས།།
ཀུན་ཕན་བསླབ་བྱ་སྤྱི་ཚོགས་དགེ་བའི་ལམ་།
ཁ་ཙམ་མིན་པའི་བཅོས་མིན་དགའ་བསུ་ཡོད་།
ག་པ་བལྟས་ཀྱང་ཉམས་ཆགས་འགྲོ་བ་འདི་།
ང་ཚོ་བོད་མིའི་ལས་དབང་ཇི་འདྲ་རེད་།
ཀ་ཁ་མཇེ་སྟུའི་ཚིག་ལ་བཀོལ། །
ཁ་བཤད་བོད་མོའི་ལས་ལ་དམོད། །
ག་དུས་མཇེ་ཕྲུག་སྟུ་ཚིག་རྣམས། །
ང་ཡི་ཁ་བརྡར་འབྲི་མཚམས་འཇོགས། །
ཀུརེའི་ཚུལ་དུའོ།།
༄༅། ཁྱོད་མིང་དེ་མཇེ་ཕྲུག་སུ་ཡི་བཏགས།། ཁྱོད་ཀྱི་བཤད་རྒྱུའི་ཚིག་ནི་སྟུ་རྐྱང་རེད།།
མིང་འདི་ལས་སྡུག་པ་གང་ན་ཡོད།། ཚིག་འདི་ལས་སྡུག་པ་སུ་ཡི་བཤད།།
མིང་སྦས་དགོས་དོན་གང་དང་ཅི།། ཚིག་སྡུག་བཤད་དགོས་དོན་གང་ཡིན་ནམ།།
ཨ་ཅག་འདིའི་རིགས་ལ་མིང་ཚིག་གཅིག་ཡོད་པ་མ་ཟད། གནའ་རྒྱུ་ཚེ་ལོས་སྡོམ་ཚིག་ཡག་ཐག་གཅོད་རྒྱབ་ཡོད་པ་རེད། གོ་རྒས་མ་ལབ་ཀྱི་ཡོད་པ་དང་། ཁོ་ཚོས་མི་སྐྱོན་བཤད་དགོས་ན་ཡོད་རེད། མིའི་བླ་བཙག་ཞེ་སྡང་གི་སྐོར་ལ་ཧ་ཅང་གི་མཁས་པོ་ཡོད་པ་རེད།
ཀ་བཤད་གང་ལེགས་བྲིས་འདུག །བརྗོད་དོན་ཐད་བུད་མེད་ཚང་མ་དེ་འདྲ་ཡིན་དོགས་མེད། བྱི་བོའི་ལས་ལ་ཨ་ཇོ་ཚོ་ཡང་ཆོག་ཙམ་ཡོད་པ་ཨ་ཆེ་ཚོས་གསལ་གསལ་ཐིང་ཐིང་ཤེས་པས་མ་དྲང་བ་འདི་འདྲ་བཤད་ན་བུད་མེད་ཚོ་སྙིང་རྗེ། ཡི་གེའི་དག་བྱར་ཡང་ཨ་ཅ་ཟེར་བ་སུས་ཀྱང་མི་འབྲི་བ་སྔར་མེད་གསར་སྤྲོས་ལྟ་བུ་འདུག །