དུས་བབ་ཟིན་བྲིས་ན་ད་དུང་མཐོང་རྒྱུ་ཡོད་པའི་དྲན་ཐོ་ཟིན་བྲིས་ཞིག་མི་རེ་འགས་གསལ་བཤད་བྱས་བ་དང་སྦྲགས་བསུབ་པ་ཡིན་ལ་དེ་དང་མཉམ་དུ་དགོངས་དག་དང་གསལ་བཤད་བྱ་རྒྱུ་ཡིན་ཟེར་བ་འདི་འཇོག་རོགས་ཞེས་བཤད་པ་ལྟར་ཚབ་བཀོད་འདི་བྱས་བ་ཡིན། ཀློག་པ་པོ་ཚོ་འཁྲུག་སྲིད་ཀྱང་དགོངས་དག་དང་གསལ་བཤད་བྱེད་དོན་དེར་བསྣུན་>>>གསར་འགོད་པ་ཞིག་ཡིན་ན། འདི་འདྲ་མ་གནང་རོགས།<<<ཞེས་བ་ཀློག་ན་གོ་བདེ་ཡོང་ཐུབ།
འབྲོག་རུ་ཆོས་གྲགས།
མདང་དགོང་སྤེལ་བའི་་་འདི་འདྲ་མ་གནང་རོགས་་་ཞེས་པའི་སེམས་ཚོར་རམ་ཉིན་ཐོ་དེ། ངས་རང་གི་དྲན་ཐོ་ཞིག་གམ་ཉིན་ཐོ་ཞིག་གི་ཚུལ་དུ་དུས་བབ་ཟིན་བྲིས་ཁྲོད་ངའི་ཟིན་བྲིས་ནང་བཀོད་པ་ཡིན། ཡིན་ནའང་། མིང་ལ་ཀླུ་ཟེར་བ་ཞིག་གིས་ང་ལ་དེའི་ཕྱོགས་ནས་དབང་ཚད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མ་དྲིས་པར་ཁ་བརྡ་དྲ་ཚིགས་ནང་བཀོད་འདུག སྤྱིར་བཏང་ངས་འདིའི་སྐོར་འདི་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་འདོད་རྩ་བ་ནས་མེད་ལ། སེམས་ཚོར་རམ་ཉིན་ཐོ་དེའི་ནང་གི་བརྗོད་བྱ་དང་འབྲེལ་བའི་མི་སྣ་དེར་ནག་ཉེས་བཟོ་འདོད་ཀྱི་འདུན་པ་སྤུ་ཙམ་ཡང་མེད། འོན་ཀྱང་། སེམས་ཚོར་དེ་ཁ་བརྡ་དྲ་ཚིགས་ཐོག་བཀོད་རྗེས། འབྲེལ་ཡོད་དོ་བདག་ལ་ཕོག་ཐུག་སོང་ཡོད་སྐད།
དེ་རིང་འདིར་ཆེད་དུ་ཁོང་ལ་དགོངས་དག་དང་གསལ་བཤད་བྱ་རྒྱུ་ཡིན།
གསལ་བཤད་གཅིག
ང་ལ་མ་དྲིས་པར་ངའི་སེམས་ཚོར་རམ་ཉིན་ཐོ་དེ་མི་གཞན་གྱིས་ཁ་བརྡ་དྲ་ཚིགས་ཐོག་བརྒྱུད་འགོད་བྱས་པ་དེས་ཁྱེད་ལ་ཕོག་ཐུག་དང་ནག་ཉེས་བཀལ་ཡོད་སྐད། ངས་ཁྱེད་ལ་དེའི་ཐད་དང་སེམས་ཚོར་དེ་ངས་ཁ་བརྡ་དྲ་ཚིགས་སུ་བཏང་མེད་ཅེས་གསལ་བཤད་བྱ་རྒྱུ་ཡིན།
གསལ་བཤད་གཉིས་པ།
ངའི་སེམས་ཁམས་སྐྱུར་མོ་དེའི་སྐབས་ཀྱི་ཚོར་བས་ང་རང་སྐྱོ་གདུང་གི་ཞིང་ཁམས་ཤིག་ཏུ་ཁྲིད་སོང་། ཞིང་ཁམས་དེ་ནས་ངས་ཁྱེད་རང་ཡང་
དྲན་པ་སོང་ཙང་། ཁྱེད་ཀྱི་ང་ཚོར་བཤད་པའི་སྐད་ཆ་དེ་ཡིག་ཐོག་ཏུ་ཕབ་པ་མ་གཏོགས། ང་ཁྱེད་ལ་མ་དགའ་བ་དང་ཁྱེད་ལ་ནག་ཉེས་འགེལ་འདོད་ཀྱི་འདུན་པ་སྤུ་ཙམ་ཡང་མེད་པས། མུ་མཐུད་དུ་ང་ཚོའི་མཐུན་སྒྲིལ་གྱི་ལག་ཟུང་གཅིག་སྒྲིལ་བྱ་རྒྱུའི་འདུན་པ་སྔར་ལས་ཡོད།
གསལ་བཤད་གསུམ་པ།
སྐབས་དེའི་གནས་ཚུལ་རྣམས་ཁ་པར་བརྒྱུད་པ་མ་ཟད། གང་ཟག་གཉིས་་པ་ཞིག་ཀྱང་བརྒྱུད་ཡོད་པར་བརྟེན། གོ་བ་ལོག་སྒྲུབ་དང་། གོ་ནོར་དོན་ནོར་ཐེབས་
པའི་གནས་ཚུལ་དེའི་ཐད་སྐུ་ཉིད་ལ་ཕོག་ཐུག་དང་བློ་མ་བདེ་བ་བཟོས་ཡོད་ན་ཆེད་དུ་དགོངས་དག་ཞུས་པ་ཡིན།
གསལ་བཤད་བཞི་བ། ད་དུང་སྐུ་ཉིད་ལ་ངའི་སེམས་ཚོར་རམ་ཉིན་ཐོ་དེའི་ཐད་ནས་གཉེན་སྐུལ་མཁན་དང་ནག་ཉེས་ཡོད་ཚུལ་བརྗོད་མཁན་ཡོད་ཚེ།
ཐད་ཀར་ང་ལ་འབྲེལ་བ་གནོངས་དང་། ང་ཚོས་ཁ་གསལ་དོན་གསལ་ངང་འགྲེལ་བརྗོད་དང་གསལ་བཤད་བྱ་ཆོག
དགྲ་ལ་སྙིང་རྗེ་བསྒོམ་ཐུབ་ས་ནས། སྤུན་ཟླ་ནང་ཁུལ་དུ་དེ་འདྲའི་ཞིག་ལ་བསམ་ཤེས་བྱེད་ཁོ་ཐག་ཡིན་ངེས།
ཟིན་བྲིས་ནང་ན་ཡར་མར་ནས་འདྲ་བཤུས་འཀྱེར་བཀོད་མི་ཆོག་པའི་སྐོར་མེད་ན། དེ་ནི་སྤྱི་རྫས་ལྟ་བུ་ཡིན་སྟབས། གང་དུ་འཁྱེར་ནས་འགོད་མཁན་དེར་ཉེས་པ་མེད་པར་འདོད། གནས་ཚུལ་གལ་ཆེན་ཡིན་ན། ཟིན་བྲིས་བདག་པོར་སྐད་ཆ་ཞིག་དྲིས་ན་བཟང་།
ཡིན་ནའང་།་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨམ་སྐད་ལེ་ཚན་དེ་ནི། བོད་ཀྱི་དུས་བབ་གསར་འགྱུར་ལྗགས་ཀློག་གནང་ས་ལྟ་བུ་ཞིག་རེད། དེ་ཡག་པོ་མཐོང་མ་སོང་། འདིའི་སྐོར་མི་རིང་བར་གནས་ཚུལ་ལམ་དཔྱད་བརྗོད་ཟུང་སྦྲེལ་བྱས་པ་ཞིག་དྲ་ཚིགས་འདི་རང་དུ་འབུལ་རྩིས་ཀྱིས་ཡོད་ལགས།
རྩོམ་ཐུང་འདི་ལ་བསམ་ཚུལ་ཐུང་ཐུང་ཞིག་ཞུ་གི་ཡིན།
ངེད་ཀྱི་བསམ་ཚུལ་ལ། འདི་ན་དགོངས་དག་ཞུ་དགོས་ས་དང་གསལ་བཤད་བྱེད་དགོས་ས་གཉིས་ཀ་མི་འདུག
དང་པོ། དགོངས་དག་ཞུ་ས་གསལ་བོ་མི་འདུག ཞུ་སྟངས་ཀྱང་གསལ་བོ་མི་འདུག
གཉིས་པ། གསལ་བཤད་དེ་ཡང་གསལ་བོ་མི་འདུག བྱེད་དགོས་དོན་ཡང་མི་འདུག
དེར་བརྟེན། བསམ་ཚུལ་རིང་ཐུང་ཇི་འདྲ་འབྲི་རུང་། ཁ་གསལ་བ་དང་ཞིབ་ཚགས་པ། འགོ་སྔ་ཚང་བ་ཞིག་འབྲི་ཐུབ་ན།
དེ་ལ་བལྟ་ས་ཞིག་ཡོད་རེད་དྲན།
དྲ་གྲོགས་ལགས། ཨོ་དོན་དག་ཅིག་བྱུང་ཡོད་ས་རེད་མོད། ཁྱེད་ཀྱིས་བྲིས་རྩོམ་ཡིག་དེ་ཁ་བརྡ་དྲ་ཐོག་ནས་མཐོང་དུས་དེ་གསང་བ་ཞིག་གི་ཚད་དུ་འདུག་པ་ལས་གསར་འགྱུར་བྱས་ནས་ཁྱབ་བསྒྲགས་བྱས་ན་གཞིས་བཞུགས་པ་དེ་ཚོར་དཀའ་ངལ་ལྷག་མ་ཞིག་སྤྲད་སྲིད་པ་ལྟ་བུ་ཚོར་སོང་། ངའི་བསམ་ན་དེ་རིང་གི་གསལ་བཤད་དེ་ཡང་གནང་སྟངས་འདི་ཅི་རེད། གལ་ཏེ་གཞིས་བཞུགས་སྤུན་ཟླ་ཞིག་ལ་གསལ་བཤད་བྱེད་ཀྱི་ཡོད་ནི་ཡིན་ན་བརྒྱུད་ལམ་དྲ་ཐོག་བཟང་རྒྱུ་མ་རེད་བསམ་གྱི་འདུག གང་ལྟར་ཕྱིས་ནས་དེའི་སྐོར་ནས་གཟབ་དགོས་ཀྱི་འདུག ངས་བསམ་ན་ཁྱོད་ཀྱིས་དུས་བབ་ཟིན་བྲིས་སུ་བཀོད་པ་དང་ཁ་བརྡ་དྲ་ཐོག་ཏུ་བཀོད་པ་གཉིས་ལ་ཁྱད་པར་ཅང་ཡོད་ནི་མ་རེད། གང་ལྟར་སྤྱི་སྤྱོད་ཀྱི་དྲ་ལམ་ཞིག་རེད། རབས་ཡིན་ན་ཐེངས་ནོར་བ་དེ་ནོར་བ་བྱས་ནས་རྒྱུ་མཚན་དང་གསལ་བཤད་མང་བོ་མ་བྱས་ན་མཚམས་ཆད་འགྲོ་ནི་རེད། དེ་མིན་ཡང་བསྐྱར་གསལ་བཤད་དང་རྒྱུ་མཚན་མང་བཀོད་ན་དོན་དུ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ནོ་དང་ཆ་འདྲ་ནི་རེད། དེ་ངའི་བསམ་ཚུལ་ཙམ་ཡིན་ནོར་བ་ཡོད་ན་དགོངས་དག