ཕྱེ་ལེབ་ནས།
བོང་བུས་ཕ་སྐད་ཤེས་བས་སྦྱངས་མི་དགོས།
དེའི་ཆེད་དུ་བཀའ་སློབ་རྩ་ཆེན་ཞུ་མི་དགོས།
ཁྲིམས་ཀྱང་བཟོ་ག་ལ་དགོས།
བོང་བུ་ལ་ཕ་སྐད་བརླགས་འགྲོ་བའི་སེམས་ཁྲལ་དེ་ཡང་མེད།
ལྷག་ཏུ་ང་བོང་བུ་ཡིན།
ཡིན་ཡང་ངས་བོང་སྐད་མི་ཤེས།
ངས་ཤེས་བ་ཁྱི་སྐད་ཡིན་ཅེས་ང་རྒྱལ་མི་བྱེད།
བོང་བུ་ལ་ཕྱི་གསལ་ནང་གསལ་ཡིན་དགོས་པའི་ལམ་སྟོན་མེད་ཀྱང་།
ལྟོགས་ན་ངུ་སྐད་ཕྱུངས་ནས་ངུས་ཆོག་ལ།
ལངས་ན་མཇེ་རྒོད་ཤར་སེར་བསྣར་ཏེ་མཛུག་སེར་ཞོན་ཆོག
ཚིམ་ན་མྱག་སེར་གཅིན་པ་བཤོས་ཏེ།
གཅིན་ཤུལ་ལ་ཅི་མི་སྙམ་པར་སྣུམ་ཡང་ཆོག
རྒྱུ་མཚན་མེད་པར་ཐལ་བའི་ནང་ནས་འགྲེ་ལོག་བརྒྱབ་ཀྱང་ཆོག
བོང་བུར་ནང་ཆོས་ཅེས་ངོམས་རྒྱུ་རི་འདྲ་ཤིག་མེད།
ཆོས་བརྒྱུད་ཅེས་རྩོད་རྒྱུ་ཀེར་ཀེར་བ་ཞིག་ཀྱང་མེད།
བོང་རིགས་ཉམས་ན་ཉམས།
ནང་ཆོས་མ་ཉམས་ན་དེས་ཆོག་ཅེས་ནམ་ཡང་བཤད་མྱོང་མེད།
བོང་བུར་ཕྱེད་ཀ་ཁྱི་ཡིན་ཆོག་ལ།
ཚལ་བ་གླང་དུ་བརྫུས་ཆོག་པའི་ལམ་ལུགས་མེད།
ལྷག་ཏུ་ཁོག་སྨད་ཁྱིས་ཟ་དུས།
ཁོག་སྟོད་ལ་ན་ཚ་མེད་པའི་བཟོ་མི་སྟོན།
བོང་བུས་ཤུགས་བརྒྱབ་ནས་བོང་ཕྲུག་མང་པོ་བཟོས་ཡོད།
བོང་བུས་ལར་ནས་ཞབས་འདྲེན་ཞུས་མྱོང་མེད།
བོང་བུ་ཁོམ་ན་ཉལ་ནས་འདུག་པ་ལས།
གཞན་གྱི་དར་ཆ་འཁུར་བར་འབད་བརྩོན་མི་བྱེད།
ལྷག་ཏུ་རིགས་གཅིག་པའི་སྟེང་ས་ཡིག་མི་བསྡུ།
གལ་སྲིད་སྟབས་མ་ལེགས་པར་བོང་བུ་བཙོང་དགོས་བྱུང་ཡང་།
ཚོང་མགོ་སྣོག་མཁན།
རིགས་གཅིག་པ་མིན།
བོང་བུས་མི་ཚེ་ནང་ཡིག་ནོར་བྲིས་མྱོང་མེད།
བོང་བུར་རྩ་དོན་མེད་ཀྱང་གཙང་མ་ཡིན།
དཔེ་ཡག་པོ་འབྲིས་འདུག