ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་།
དཀའ་ལས་ཆེ་བའི་བོད་མིའི་བལ་ཚོང་འདི་།
ཁེ་བཟང་ཆུང་ལ་ཁྲོམས་སའི་དཀའ་ངལ་དང་།
ག་ས་ག་ལ་ཡུལ་མིའི་བལ་ཚོང་སོགས་།
ང་ཚོའི་ཚོང་ལ་འགྲན་སྡུར་མང་ན་ཡང་།
ཅ་ལག་སྤུས་ཚད་འདྲ་མཉམ་མེད་པ་དང་།
ཆ་འཇོག་ཡིད་ཆེས་ཉོ་མཁན་བོད་མིར་མང་།
ཇི་ཙམ་སྣེ་འཛོམས་དེ་ཙམ་ཚོང་ཡང་རྒྱུགས་།
ཉོ་མི་མང་བ་འབྱོར་མེད་གྲལ་རིམ་རེད་།
རྟག་ཏུ་བལ་གོས་ཉོ་མཁན་ཡུལ་མི་ཚོ་།
ཐེ་ཚོམ་མེད་པར་བོད་པའི་ཁྲོམས་ནས་ཉོ་།
དུས་དང་རྣམ་པ་ཀུན་ཏུ་བོད་མིར་དགའ་།
ནམ་དུས་དགུན་ཁ་ཤར་དུས་བལ་ཚོང་དྲན་།
དཔེ་གསར་བལ་གོས་ཉོ་མིའི་ཚང་ཁ་མང་།
ཕོ་གསར་མོ་གསར་དཔེ་གསར་རྗེས་ལ་རྒྱུགས་།
བུ་ཕྲུག་མང་བའི་ཕ་མར་དཀའ་ངལ་འཕྲད་།
མ་ཉོས་བུ་ཕྲུག་སྙོགས་ཁྲ་ཕ་མར་བཤད་།
རྩ་བ་བལ་ཚོང་བོད་མིའི་འཚོ་བརྟེན་རེད་།
ཚོང་འདི་མི་ཤེས་བོད་མི་གཅིག་ཀྱང་མེད་།
མཛེས་པའི་བཟོ་བཀོད་དཔེ་གསར་ལོ་རེ་བཞིན་།
ཝ་ཞ་འདྲ་བའི་ཞ་རིགས་སྣེ་འཛོམས་་དང་།
ཞ་མོ་རྐང་སུག་ལག་ཤུབས་ལ་སོགས་པ་།
བཟོ་ལྟ་མི་འདྲ་ཚོས་གཞི་སྣེ་མང་དང་།
འོན་འཇུག་སྟོད་གོས་བཟོ་ལྟ་འདྲ་མིན་དང་།
ཡག་སྡུག་རྒྱུ་ཆ་གོང་ཚད་འདྲ་མིན་སོགས་།
རིན་པ་ཆེ་ཆུང་སྤུས་ཀ་དཔེ་གསར་སོགས་།
ལོ་རེ་བཞིན་དུ་དཔེ་གསར་འགྲན་སྡུར་འོག་།
ཤ་ཚ་ཅན་གྱིས་ཚོང་ཁང་ལ་ལ་ཚོས་།
ས་ཕྱོགས་གང་སར་བོད་མིར་བུན་གཏོང་མང་།
ཧ་སོང་མེད་པའི་ཚོང་ཤག་ཚོང་ལས་འདི་།
ཨ་རིའི་རོགས་དངུལ་ལྟ་བུའི་ཕན་ཐོགས་ཆེ་།
༄༅། གཞུང་པ་ཚེ་དབང་བསོན་ནམས་ལགས་ནས་ཀ་བཤད་དུ་བལ་ཚོང་དཀའ་
ངལ་ཡོད་སྐོར་གྱི་ཀ་བཤད་ལས་འཕྲོས་ཏེ་འདི་ལྟར།
འཇིག་རྟེན་འདི་མ་སྟོང་བར་དུ། དཀའ་སྡུག་ལ་ཟད་མཐའ་མེད།
སྐྱིད་སྐྱིད་འདྲ་ཡང་སྡུག་བསྔལ་བ། སྡུག་བསྔལ་བྱུང་ཡང་སྐྱིད་སྐྱིད་འདྲ།
སྐྱིད་སྡུག་ནམ་ཡང་བྲལ་བ་མེད། འདི་ནི་འཇིག་རྟེན་ཆོས་ཉིད་ཡིན།