གཡུ་སྒང་དགེ་འདུན།
བདེན་གཉིས་གནས་ལུགས་ཇི་བཞིན་རབ་རྟོགས་ཏེ།།
ཚོགས་གཉིས་དགེ་ལེགས་བྱེ་བས་ཉེར་བར་གཏམས།།
རིམ་གཉིས་ཉི་ཟླའི་རྣ་ཆས་རབ་བརྒྱན་ཏེ།།
ལུགས་གཉིས་ཟུང་དུ་འབྲེལ་ལ་ཟླ་བྲལ་བ།།
ཚུལ་གསུམ་རིགས་པའི་རལ་གྲིའི་རྣོ་ཤུགས་ཀྱིས།།
ས་གསུམ་ལྐོག་གྱུར་དོན་གྱི་འཁྲིལ་ཐག་གཅོད།།
དད་གསུམ་མེ་ཏོག་རྒྱས་པའི་གཤིན་ས་རུ།།
བསླབ་གསུམ་སྦྲང་ཆར་བསྙིལ་པའི་མགོན་པོ་གང་།།
སྡེ་བཞིའི་ཕུན་ཚོགས་དབྱར་གྱི་སྤྲིན་ཕུང་འཁྲིགས།།
རྒྱན་བཞིའི་དོ་ཤལ་འཆང་བའི་སྒེག་ཉམས་ཀྱིས།།
སྒྲིབ་བཞི་བདུད་མོ་ངོ་ཚའི་དོང་ལ་གཡུགས།།
ལས་བཞིའི་འཕྲིན་ལས་འཛམ་གླིང་ཡང་རྩེར་བསྙེགས།།
ཉོན་ལྔའི་དུག་གི་སྨག་རུམ་སྟུག་པོའི་ཀློང་།།
ལམ་ལྔ་རིམ་བགྲོད་སྣང་བས་ཡིབ་ཏུ་བཅུགས།།
ཕུང་ལྔའི་ལས་ཉོན་ཕྲ་རགས་ཇི་སྙེད་ཀུན།།
སྤྱན་ལྔས་ཡང་དག་འབྱེད་པ་ཤཱཀྱའི་སྲས།།
ཕྱིན་དྲུག་ལག་ལེན་བསྟར་བའི་གཟི་བྱིན་འབར།།
ཐུན་དྲུག་དམ་ཆོས་སྒྲུབ་པ་ཉམས་སུ་ལེན།།
འགྲོ་དྲུག་དམིགས་སུ་གཟུང་བའི་སྤྱན་རས་གཟིགས།།
དུས་དྲུག་གཞན་དོན་ཁོ་ནའི་ལས་ཀྱི་བྲེལ།།
ས་ཆེན་ལྟོ་བར་གོམ་བདུན་མ་སྤོས་ལ།།
རྫུས་བྱུང་པདྨའི་མངལ་ལས་མ་བལྟམས་ཀྱང་།།
ཞི་བདེའི་འཇིག་རྟེན་སྐྲུན་ལ་ཆེར་ངལ་བའི།།
ལྷ་གཅིག་བསྟན་འཛིན་རྒྱ་མཚོ་གླིང་འདིའི་རྒྱན།།
གཡུ་སྒང་དགེ་འདུན་གྱིས་ ༢༠༡༧ ཟླ་༡༠ ཚེས་ ༡༦་ཉིན་བྲིས།
རྩོམ་ཤིན་ཏུ་ལེགས། ཡི་གེ་བྲིས་ནོར་གཉིས་ཙམ་འདུག །
ཤིནད་ཏུ་ལེགས།
བོད་ཀྱི་སྐད་ལ་སྦྱངས་པའི་འབྲས་བུའི་རྒྱན།
ཚིགས་སུ་བཅད་པ་དྲུག་གི་སྐེ་ལ་བཏགས།
ལེགས་སོ་ལེགས་སོ་གཡུ་སྒང་དགེ་འདུན་ལེགས།
རྩོམབྲིས་ངོམས་པས་གཞན་གཉིད་སད་ན་ལེགས།།
སྒྲིབ་བཞི་ཞེས་པ་ཐོས་པ་དང་པོ་ཡིན།
སྒྲིབ་གཉིས་ཞེས་པ་ཡང་དང་ཡང་དུ་ཐོས།
སྒྲིབ་པ་བཞི་པོ་གང་དང་གང་ཡིན་པ།
འབྲི་བར་མཛད་པས་གཞན་གྱི་བློ་གྲོས་སྐྱེད།།
ཡང་ན། གཡེང་བས་བདུད་བཞི་ཞེས་པར་སྒྲིབ་བཞི་འབྲི་བ་ཤོར་སོང་སྙམ།
#2 ལ་དྭགས་འཇམ་དཔལ་ལགས།དག་བཅོས་གནང་བ་ཐུགས་རྗེ་ཆེ། སྒྲིབ་པ་བཞི་ནི། ཉོན་སྒྲིབ། ཤེས་སྒྲིབ། ཆགས་སྒྲིབ། ཐོགས་སྒྲིབ་བཅས་རེད།
མགོན་གཅིག་སྤྱན་རས་གཟིགས་དབང་དངོས། །
སྐུ་གཉིས་བསྟན་འཛིན་རྒྱ་མཚོ་མཆོག །
དུས་གསུམ་རྒྱལ་བ་ཀུན་གྱི་ཚབ། །
ལས་བཞིས་འགྲོ་བ་འདྲེན་བཞིན་བཞུགས། །
མངོན་པར་བསྟོད་དོ། ཤིན་དུ་སྙན་ནོ། ད་ལྟ་དུས་ངན་འདི་ལྟ་བུའི་སྐབས་ལ་འཁེལ་ཡོད། ཕྲལ་སེལ་གྱི་ལྟོ་གོས་དང་། གཏམ་གྱི་རྗེས་ལ་རྒྱུགས་ནས། རང་གི་མི་རིགས་དང་རང་གི་ཕ་ཡུལ། རང་གི་སྤུན་ཉེ་བཅས་ཀྱི་ཁེ་ཕན་ཡོངས་སུ་བློས་བཏང་ནས། མཁས་པ་ཡིན་ཁུལ་གྱིས་སྒོ་ཡོངས་ནས་བླ་མ་ལ་བརྙས་བཅོས་བྱེད་པའི་དུས་འདིར། མུན་ནང་གི་གློག་འགྱུ་བཞིན་སྐབས་རེ་རྩོམ་འདི་འདྲ་རེ་མཐོང་དུས་ཡིད་ལ་བདེ་བ་འདྲེན།
ལ་ལས་ཆོས་སྐྱོང་ཁ་ལ་འཁུར་ནས་དགྲ་དང་འགྲོགས།
ལ་ལས་མཁས་པའི་དར་ཆ་འཁུར་ནས་ཀླན་ཀ་འཚོལ།
ལ་ལས་ཆོས་པའི་མིང་བྱང་འཁུར་ནས་འཐེན་འཁྱེར་གཏིང་།
ལ་ལས་རྒྱུ་ནོར་དོན་དུ་རྫུན་གཏམ་བསྒྲིགས།
ཁྱེད་ནི་བདེན་པའི་དོན་དུ་བདེན་པ་སྨྲ།
༄༅། དགའ་ཤས་རང་འཚོའི་དོན་དུ་རང་ཡུལ་སྨད།
དགའ་ཤས་རང་སྒོར་ཆེད་དུ་རང་བླར་སྨད།
དགའ་ཤས་རང་དོན་ཆེད་དུ་རང་མིར་སྨད།
ད་ནི་སྙིགས་དུས་མིན་ན་ད་ཅི་ཟེར།
#2 ལ་དྭགས་འཇམ་དཔལ་ལགས་ཀྱིས་དྲི་བ་དང་དག་བཅོས་གནང་བ་ཐུགས་རྗེ་ཆེ། ཡིན་ནའང་། སྒྲིབ་པ་བཞི་ནི། ཉོན་སྒྲིབ། ཤེས་སྒྲིབ། ཆགས་སྒྲིབ། ཐོགས་སྒྲིབ་བཅས་རེད། ཡིན་ནའང་འདི་ལ་ད་དུང་བགྲང་སྟངས་གཞན་ཡང་ཡོད་པ་རེད།
ཆོས་བརྒྱད་སྲ་མོའི་བཙན་རྫོང་གཏོར་ནས་ཉོན་མོངས་དགྲ་ཡི་གཡུལ་ངོ་བཟློགས།། ང་དང་ང་ཡི་ཁེངས་རློམ་གྱིས་འགྱིང་ཤེས་སྒྲིབ་ཕྲ་མོའི་མགོ་བོ་བཅད། ལྷན་སྐྱེས་དགའ་མའི་གྲོགས་དང་བཅས་ཏེ་རྡོ་རྗེ་འཆང་གིས་གར་སྟབས་ཀྱིས།། མཁའ་དང་མཉམ་པའི་འགྲོ་བ་ཡོངས་ལ་ཕྲིན་ལས་ཉི་ཟླའི་འོད་རླབས་བཞིན།།
སྒྲིབ་པ་བཞི་ནི། ཉོན་སྒྲིབ། ཤེས་སྒྲིབ། ཆགས་སྒྲིབ། ཐོགས་སྒྲིབ་བཅས་རེད།
འདི་ལྟར་སྔོན་རབས་ཀྱི་མཁས་པའི་གཞུང་གང་ན། ཡོད་དམ།
#10 ལ་དྭགས་འཇམ་དཔལ་ལགས།
ཁ་ཕྱོགས་སྟོན་ཆོག ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་རྩོམ་བཅུ་ཕྲག་ལོངས་པ་ཞིག་ཡོད། དེའི་ནང་ན་གསལ་བོ་ཡོད་རེད།
གསུང་རྩོམ་པོད་བཅུ་ཕྲག་ལ་་་་ཞེས་བཅོས་དགོས།
ཧའུ། ད་ཅ་མ་སིང་། མཐའ་མ་རྒན་ལ་དྭགས་མཆོག་ལ་པོད་བཅུ་ཐམ་པ་བཀླག་རྒྱུའི་ལས་ཀ་ཐོབ་སོང་།
དུག་ལྔའི་ཉོན་མོངས་བསལ་ལ་མཁས། །
ཕྱིན་དྲུག་ཉམས་ལེན་འཆད་ལ་མཁས། །
སོ་བདུན་བྱང་ཆུབ་སྒྲུབ་ལ་མཁས། །
ལམ་བརྒྱད་འཕགས་ལམ་འཁྲིད་ལ་མཁས། །
སོ་བདུན་བྱང་ཆུབ་སྒྲུབ་ལ་མཁས། །
འདི།
ལམ་བདུན་བྱང་ཆུབ་སྒྲུབ་ལ་མཁས། །
ཡང་ན།
ཉོན་མོངས་དུག་ལྔའི་སྡུག་བསྔལ་བསལ་ལ་མཁས། །
ཕར་ཕྱིན་ཕྱིན་དྲུག་ཉམས་མྱོང་འཆད་ལ་མཁས། །
བྱང་ཆུབ་ཡན་ལག་བདུན་པོ་སྒྲུབ་ལ་མཁས། །
འཕགས་ལམ་ཡན་ལག་བརྒྱད་ཀ་འཁྲིད་ལ་མཁས། །
གངས་སེང་དཀར་མོའི་གཡུ་རལ་རྒྱས་པ་གངས་ཕྲུག་ས་ཡ་དྲུག་གི་བསོད་ནམས་རེད་།
གངས་སེང་དཀར་མོ་གངས་སྟོད་འགྲིམས་ནས་གངས་དཀར་ཏི་སིའི་རྒྱན་དུ་མཛེས་བྱུང་།
གངས་སེང་དཀར་མོའི་གསུང་སྐད་གྲགས་ནས་འཛམ་གླིང་ཧྲིལ་པོ་ཞི་བདེར་བསྐྲུན་བྱུང་།
གངས་སེང་ད
ཀར་མོའི་བྱམས་བརྩེའི་ཐུགས་ཀྱིས་འཛམ་གླིང་མུན་པ་ཉི་འོད་གསལ་བྱུང་།
གངས་རིའི་མགོན་པོ་གངས་རིའི་རྩེ་ནས་ཞི་བདེ་བསྐྲུན་བྱུང་།
གངས་རིའི་མགོན་པོ་གངས་རིའི་རྩེ་ནས་ཆོས་འཁོར་བསྐོར་བྱུང་།
གངས་རིའི་མགོན་པོ་གངས་རིའི་རྩེ་ནས་བྱང་སེམས་བསྟན་བྱུང་།
གངས་རིའི་མགོན་པོ་གངས་རིའི་རྩེ་ནས་འགྲོ་དོན་བསྐྱངས་བྱུང་།
༄༅། ཆོས་སྲིད་བསྟན་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ།།
སྙིགས་དུས་སྐྱེ་འགྲོ་ཡོངས་ཀྱི་ཞི་བདེ་ཡི་དེད་དཔོན།།
བསླབ་གསུམ་ངུར་སྨིག་འཛིན་པའི་ཡང་རྩེ་རུ་སོན་པ།།
མགོན་ཁྱེད་རང་ཡུལ་ཕེབས་རྒྱུའི་བསྐལ་བཟང་དེ་ནམ་ཤར།།
མ་བྱེད་བྱས་ནས་བྱས་སོང་།།
དོལ་རྒྱལ་ཚོགས་པས་བྱས་སོང་།།
གྲོགས་མེད་གཅིག་པུར་ལུས་པ།།
ཁྱོད་རས་བྱས་པའི་ཇུས་རེད།།
སྒྲིབ་པ་བཞི་ལ།
ལམ་གྱི་དགག་བྱ་སྒྲིབ་པ་བཞི།
༡ འདོད་ཆེན་གྱི་སྒྲིབ་པ།
༢ མུ་སྟེགས་པའི་སྒྲིབ་པ།
༣ ཉན་ཐོས་ཀྱི་དམན་སྒྲིབ།
༤ རང་རྒྱལ་གྱི་དམན་སྒྲིབ།
ཡང་།
༡ ཉོན་སྒྲིབ།
༢ ཤེས་སྒྲིབ།
༣ ཆགས་སྒྲིབ།
༤ ཐོགས་སྒྲིབ།
ཡང་།
༡ ལས་ཀྱི་སྒྲིབ་པ།
༢ ཉོན་མོངས་པའི་སྒྲིབ་པ།
༣ ཤེས་བྱའི་སྒྲིབ་པ།
༤ སྙོམས་འཇུག་གི་སྒྲིབ་པ།
༄༅། སྐྱེ་བ་མི་དང་མཉམ་རུང་། བསོད་ནམས་མི་དང་མི་མཉམ།
སྐྱིད་པའི་ཕ་ཡུལ་བཞག་ནས། ཆགས་ས་མི་ཡི་ལུང་པ།
༄༅། ཚེ་སྔོན་ཚོགས་བསགས་མེད་པའི། ལས་ངན་ཅན་གྱི་སྤྲང་པོ།
ས་འདི་མི་ཡི་ལུང་པར། འཁོར་བར་འཁྱམས་ནས་ལུས་སོང།