བསྟན་འཛིན་དཔལ་འབར། རང་ལོ=༡༤ འཛིན་རིམ=༨ དཔེ་སྟོན་སློབ་གྲྭ།
དེ་རིང་ང་ཞོགས་པ་ཡར་ལངས་པ་དང་གུས་པ་ཡིད་ཆེས་བྱ་སྒྱུར་དཀའ་བ་ཞིག་བྱུང་བ་ནི་བདེ་ལེགས་འཛིནགྲའི་ནང་ཡི་གེ་སྦྱོང་བསྡད་པ་ཞིག་མཐོང་བྱུང་ལ་ངའི་བསམ་པར་གུས་པ་རྨི་ལམ་བཏང་ནས་བསྡད་འདུག་བསམ་བང་གུས་པས་མིག་ཟུང་གིས་ས་ལ་སྟ་སྐབས་མགོ་ཟུགས་བརྒྱབ་སོང་ལ། དེ་ལྟར་ང་རྨི་ལམ་བཏང་མེད་པ་ངོས་ཤེས་བྱུང་སོང་། དེ་ནས་གུས་པའི་མིག་ནས་མིག་ཆུ་ཁེངས་ནས་བདེ་ལེགས་དེ་འདྲ་ཡི་གེ་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་ཤེས་བྱུང་དེ་ནས་ང་རང་བདེ་ལེགས་མཉམ་དུ་བསྡད་ནས་དགའ་སྣང་སྤྲོ་སྤྲོ་ཡི་ཁ་སང་བོད་དགེ་མཆོག་གི་ནང་སྦྱོང་སྐུལ་པའི་ཁ་སང་གི་གུང་གསེང་སྐོར་འབྲི་འདོད་བྱུང་སྟེ་སྨྱུ་གུ་ཤོག་དཀར་ལ་གཙུགས་ཏེ་འབྲི་བར་འདོད། ཁ་སང་གི་གུངས་གསེང་གི་གནམ་གཤིས་ཧ་ཅང་གི་སྐྱིད་པའི་ཉི་མ་ཤར་སོང་ལ་བྱ་དང་བྱིའུ་གསུངས་སྙན་ལ་སློབ་ཕྲུག་ཚང་མ་ཐང་ལ་འཚང་ཁ་ཤིག་ཤིག་གི་ཐང་ལ་རྐང་རྩེད་སྤོ་ལོ་རྩས་བཞིན་འདུག།
དེའི་སྐབས་འཛིན་གྲ་བརྒྱད་པའི་སློབ་ཕྲུག་རྣམས་ཀྱིས་གྲོས་བསྡུར་བྱེད་ནས་རྒན་ཀུན་བཟང་དང་རྒན་ཙེ་རེང་མཚམས་སྤོད་མཉམ་དུ་ཆུ་རྒྱལ་བར་ཕྱིན་དགོས་བསམ་ནས་ང་ཚོ་སློབ་སྤྱི་ལ་དགོངས་པ་ཞུས་ཀ་ཕྱིན་དུས་སློབ་སྤྱི་ལ་སྐད་ཅ་སྙན་པོ་བཤད་ནས་སློབ་སྤྱི་མཆོག་གིས་དགོངས་པ་གནང་བྱུང་དེ་ནས་འཛིན་བརྒྱད་པ་རྣམས་དགའ་སྣང་གིས་གྱོན་ཆས་དཔེ་ཁུག་ནང་བླགས་ཏེ་གོམ་པ་བརྒྱབ་ནས་ཕྱིན་དེའི་སྐབས་ང་ཚོས་གོམ་པ་བརྒྱབ་ནས་ཕྱིན་དུས་ཤིང་སྡོང་སྟེང་དུ་བྱ་དང་བྱེའུ་གསུངས་སྐད་སྙན་པ་དང་ལམ་ཁའི་ཟུར་ཞིག་ལ་ང་ཚོའི་རྒན་ཀུན་བཟང་གི་ལག་ཐོན་ཁ་པར་བཏོན་ཏེ་ཨིན་གཞས་བཏང་ནས་དགའ་དགའ་སྤྲོ་སྤྲོ་ངང་ཕྱིན་དེ་ནས་ང་ཚོས་ཆུ་རྒྱལ་ས་སླེབས་མ་ཐག་མགྱོགས་མྱུར་ངང་ཆུ་རྒྱལ་ཡ་ཆེད་དུ་བདག་པོ་ལ་དངུལ་སྤྲད་དེ་དགའ་སྣང་གི་གྱོན་ཆས་ཕུད་དེ་ཆུ་ནང་མཆོངས་པ་དང་ངའི་རོགས་པ་རྣམས་ཀྱང་ཕར་ཚུར་གཡུག་རེ་བཏང་དེ་དུས་གུས་པའི་མིག་གིས་བསྟས་པ་ནང་ང་རང་གི་སློབ་གྲོགས་རྣམས་ཀྱི་དགའ་སྣང་གི་ཞལ་རས་མཐོང་དུས་གུས་པ་སེམས་པ་སྐྱིད་པོ་ཚོར་བྱུང་། བྱས་ཙང་དེ་རིང་སྐྱིད་པའི་ཉིན་མོ་འདི་མགྱོགས་མྱུར་ངང་འདས་པར་ང་རང་ཕངས་སེམས་ཤིག་བྱུང་ལ་ངས་ནམ་ཡང་དེ་རིང་གི་ཉིན་མོ་དེ་བརྗོད་མི་སྲིད།
བཀྲ་ཤིས་བདེ་ལེགས། ཡག་པོ་འདུག །ད་དུང་བདུན་ཕྲག་རེར་རྩོམ་ཐུང་ཐུང་རེ་བྲིས་ཏེ་ཁ་བརྡ་དྲ྄་བར་བླུགས་ཐུབ་ན། ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཏན་ཏན་ཡོང་གི་རེད། མིང་ཚིག་དང་། ཡི་གེ་མ་དག་པ་འདྲ་བྱུང་ན་དྲྭ་གྲོགས་ཚོས་ཞུས་དག་གཏོང་གི་རེད། ཡི་གེ་འབྲི་བར་བརྗོད་བྱ་ཡག་པོ་དགོས་པ་རེད། བརྗོད་བྱ་ཡག་པོ་ཡོང་བ་ལ་མིང་ཚིག་མང་པོ་ཤེས་དགོས་པ་རེད། མི་འགའ་ཤས་ཀྱིས་མཆན་སྙན་དང་མི་སྙན་སྣ་ཚོགས་འདེབས་སྲིད་ཀྱང་། དེ་ཚོར་ཁྱོད་ནས་ཀྱང་ལན་ཐུང་ངུ་རེ་འབྲི་ཆོག་སྟེ། དེ་དག་ནི་བོད་ཡིག་ཡར་རྒྱས་འགྲོ་བའི་ཆེད་དུ་རེད།