རྔ་བ་ཀུན་བཟང་།
རི་ལུང་ཐང་གསུམ་མདོ་ཡི།།
ལུག་ཕྱུག་གཡང་དཀར་རྣམས་པ།།
དེ་རིང་ཐེངས་གཅིག་མཐོང་བས།།
རང་ཡུལ་གངས་ལྗོགས་དྲན་བྱུང་།།
ལོ་བཅུ་གོང་གི་འཚོ་བ།།
རྟ་ནོར་ལུག་གསུམ་ལྷན་ཡིན།།
ལོ་བཅུ་རྗེས་ཀྱི་འཚོ་བ།།
མེད་པོ་གཞན་ཁྱིམ་ཚང་རེད།།
དེ་རིང་སྣུམ་འཁོར་ནང་ནས།།
རི་ཡག་ཐང་ཆེན་དཀྱིལ་ལ།།
ལུག་ཆུང་འབའ་སྒྲ་ཐོས་དུས།།
སྔར་མེད་སྐྱིད་སྣང་ཞིག་བྱུང་།།
བྱིས་པའི་འཚོ་བ་འབྲོག་ཡིན།།
མཐོང་བ་ནོར་དང་གངས་རེད།།
གཞོན་པའི་འཚོ་བ་ཕྱི་ཡིན།།
མྱོང་བ་སྡུག་དང་མིག་ཆུ།།