བསྟན་འཛིན་ཟླ་སྒྲོན།
- Tare Zameen Par ཞེས་པ་དེ་རྒྱ་གར་གྱི་གློག་བརྙན་ཞིག་རེད།
- མི་སྣ་གཙོ་བོ་གཉིས་ཡོད།
- མི་སྣ་ཕལ་པ་གསུམ་ཡོད།
- གློག་བརྙན་དུས་ཡུན་༢:༠༠ལྷག་ཡོད།
གུས་མོས་གློག་བརྙན་འདི་ལ་བལྟས་པའི་བརྒྱུད་རིམ་ཁྲོད་ངའི་ཡིད་ནང་མི་སྣ་གཙོ་བོ་ནི་གཉིས་སྟེ། དགེ་རྒན་དང་སློབ་ཕྲུག་ཞིག་གི་དུས་རྒྱུན་གྱི་འཚོ་བའི་ནང་གནས་ཚུལ་ཟུར་འདོན་ཞིག་བྱེད་ནས་འཁྲབ་འདུག། གློག་བརྙན་དེའི་མདོར་བསྡུས་ཙམ་ཞིག་ཞུས་ན་དེའི་ནང་གི་མི་སྣ་གཙོ་བོ་ཕྲུ་གུ་(Ishan)ཞེས་པ་དེ་རང་གི་དགའ་མོས་བྱེད་ས་དེ་སློབ་སྦྱོང་མ་ཡིན་པར་རང་ཉིད་ཀྱི་ངོས་ནས་རི་མོའི་སྒྱུ་རྩལ་པ་ཞིག་བྱ་འདོད་ཡོད་ཀྱང་། ཕངས་པ་ཞིག་ལ་ཁོར་ཨུ་ཚུགས་ཆེ་བའི་པ་ཕ་ཞིག་ཡོད་པ་དེས་ཁོའི་དགའ་ཕྱོགས་དང་། སྒྱུ་རྩལ་གང་ཡོད་མིན་ལ་མི་བལྟ་བར་ནམ་རྒྱུན་ཚང་མས་སློབ་སྦྱོང་བྱེད་ས་དེར་ཨུ་ཚུགས་བརྒྱབ་ཀྱི་ཡོད། འོན་ཀྱང་། ཡིད་སྐྱོ་དགོས་པ་ཞིག་ལ་སློབ་གྲྭ་དེ་ནས་ཕྲུ་གུ་དེར་ཕན་ཐོགས་རྒྱུ་ལྟ་ཅི་དེ་བས་ཁོའི་སེམས་ལ་དཀའ་ངལ་ཐོབ་པ་ཞིག་བྱུང་ཞིང་། སློབ་སྦྱོང་ལ་དོ་སྣང་མེད་པར་ཉིན་ལྟར་ཕ་མས་རང་ཉིད་ལ་སྤྲད་པའི་སྡུག་བསྔལ་དེར་ཁོང་ཁྲོ་ཟད་དེ་བསྡད་དགོས་ཀྱི་ཡོད།
སྐབས་དེ་དུས་སྟབས་ལེགས་པ་ཞིག་ལ་ཕྲུ་གུ་དེ་འདྲ་བ་དེར་བསམ་ཤེས་ཆེ་བའི་རི་མོའི་དགེ་རྒན་ཞིག་ཐུག་སྟེ། དེ་ནས་བཟུང་དགེ་རྒན་དེས་ཁོའི་སེམས་ཁམས་རྟོགས་ཏེ་ཉིན་རེ་ལས་ཉིན་རེ་ཡི་གི་ཚིག་འབྲུ་རེ་རེ་བསླབ་བཞིན་ཁོས་དགའ་མོས་བྱེད་སའི་ཐབས་ལམ་བརྒྱུད་ནས་ཡེ་གི་བསླབ་ཐབས་བྱེད་པ་དང་། ཡང་མཚམས་རེ་ཡི་གེ་བསླབ་མི་བསྡད་པར་རོལ་རྩེད་སོགས་བརྒྱུད་ནས་ཕྲུ་གུ་དེའི་སེམས་ལ་དགའ་སྣང་ཞིག་སྦྱིན་གྱི་ཡོད། ལྷག་པར་དུ་གློག་བརྙན་དེའི་མཐའ་མཇུག་དེར་ཁོའི་སྒྱུ་རྩལ་དེས་སེམས་ནང་ཉར་མི་བཅུག་པར་ཤོག་བུའི་ཐོག་ཕབ་སྟེ། མཐར་མི་ཚང་མས་ཕྲུ་གུ་དེའི་སྒྱུ་རྩལ་ཁྱབ་བསྒྲགས་བྱེད་ཐུབ་པ་ཞིག་བྱུང་ཡོད། དུས་དེ་ནས་བཟུང་ཁོའི་ངོ་གདོང་ལ་འཛུམ་མདངས་ཤིག་སླེབས་ཡོད་ལ་རྨོངས་གཉིད་ལ་འཐིམ་པའི་པ་ཕ་དེས་ཡང་འོད་སྣང་སྦྱིན་པའི་ལམ་བུ་ཞིག་རྙེད་ཡོད།
དེར་བརྟེན་གློག་བརྙན་དེའི་འཁྲབ་སྟོན་སྒྱུ་རྩལ་དེ་འདྲ་ཞིག་ཡིན་དུས། དེ་ནི་ཁྱད་དུ་འཕགས་པའི་བསླབ་བྱ་བརྒྱབ་སྟངས་དམིགས་བསལ་ཞིག་རེད་འདུག གནས་ཚུལ་དེ་བོད་ཀྱི་སྤྱི་ཚོགས་ནང་མང་པོ་མེད་པར་ཉིན་ལྟར་རང་གི་དོ་སྣང་བྱེད་སའི་སློབ་ཚན་དེ་རང་ལ་ཤུགས་བརྒྱབ་པས་ཕྲུ་གུ་དེ་ཡང་རིམ་བཞིན་ཚོར་མེད་འཁྱམས་པོ་ཞིག་ཏུ་འགྱུར་སྲིད། རིམ་བཞིན་རིན་ཐང་མེད་པའི་ཐབས་སྡུག་དུད་འགྲོ་ཞིག་ཏུ་ཡང་འགྱུར་སྲིད་པས་ངོ་མ་ང་ལོ་ཆུང་བྱིས་པ་ཞིག་གི་ངོས་ནས་ཡིད་ནང་དེ་ལྟར་ནི་ཕྲུ་གུའི་མ་འོངས་མི་ཚེའི་ལམ་སྟོན་བྱེད་སྟངས་ནོར་འཁྲུལ་ཞིག་རེད་འདུག་སྙམ་བཞིན་ཡོད་ལ་སྤྱི་ཚོགས་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་རེད་སྙམ་གྱི་འདུག དེར་བརྟེན་རེ་བར་ཚང་མས་གློག་བརྙན་དེ་ལ་དགའ་པོ་མེད་པ་དང་ནོར་འཁྲུལ་ཡང་ཆོག་ཀྱང་། ཁྱེད་ཚོས་དེ་ལས་བསླབ་བྱ་ལེན་རྒྱུ་མ་བརྗེད་པ་བྱེད་རོགས་ཞེས་དུས་དང་རྣམ་པ་ཀུན་ཏུ་འབོད་སྐུལ་ཞུ་ཡི་ཡོད། ལྷག་པར་དུ་ཕ་མ་ཞིག་ཡིན་པའི་ཆ་ནས་རང་གི་ཕྲུ་གུ་ཡིན་ཆེད་དུ་གློག་བརྙན་འདི་ལ་ཐེངས་གཅིག་བལྟ་རོགས་གནང་།
ཕྲུ་གུ་རང་གི་བསམ་པ་དེ། །
ཕ་མ་ཀུན་གྱིས་ཤེས་ན་ལེགས། །
སློབ་ཕྲུག་རང་གི་མོས་པ་དེར། །
དགེ་རྒན་ཡོངས་ཀྱི་འཁྲིད་ན་བཟང་། །
གློག་བརྙན་འདི་ནི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་འ་མེར་ཀན་གྱིས་འཁྲབ་པས་རྒྱ་གར་གྱི་སྤྱི་ཚོགས་དང་ཤེས་ཡོན་གྱི་གྲོམ་གཞིའི་སྣང་བརྙན་ཕྱིར་མངོན་ཙམ་རེད་འདོད། ད་ལྟ་དང་ད་དུང་རྒྱ་གར་གྱིས་ཤེས་ཡོན་གྱི་སྤུ་ཚད་ཧ་ཅང་དལ་པོ་ངང་ཡར་རྒྱས་འགྲོ་བཞིན་པས། ཤེས་ཡོན་འདི་སྒྲོམ་གཞི་ཞིག་ནང་དུ་བླུགས་ཤིང་། མང་པོ་ཞིག་སྒྲོམ་གཞི་འདི་ནས་ཐོན་ཐུབ་ཀྱིན་མེད་པར་འདོད།
དེར་བརྟེན། སྤྱི་ཚོགས་ཁྱོན་ཡོངས་སུ་ལེགས་བཅོས་དང་སྔོན་ཐོན་གྱི་བསམ་བློ་ཞིག་དགོས་པར་འདོད།
བོད་རིགས་སྤྱི་སྐད།
ང་།
ང་ མདང་ ཕྱིན་པ་ ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱིད་ ཡིན།
ཁྱོད་རང་།
ཁྱོད་རང་ མདང་ ཕྱིན་པ་ རེད།
ཁྱོད་རང་ དེ་རིང་ འགྲོ་བགྱིད་ ཡོད་རེད།
ཁྱོད་རང་ སང་ཉིན་ འགྲོ་བགྱི་ རེད།
ཁོ།
ཁོ་ མདང་ ཕྱིན་པ་ རེད།
ཁོ་ དེ་རིང་ འགྲོ་བགྱིད་ ཡོད་རེད།
ཁོ་ སང་ཉིད་ འགྲོ་བགྱི་ རེད།
་
ང་ལ་ ཡོད།
ཁྱོད་ལ་ འདུག
ཁོ་ལ་ འདུག
འདི་ལ་ འདུག
དེ་ལ་ འདུག
་
ང་ཡིན།
ཁྱོད་རེད།
ཁོ་རེད།
འདི་རེད།
དེ་རེད།
་
འདི་ངའི་རེད།
འདི་ཁྱོད་རང་གི་རེད།
འདི་ཁོའི་རེད།
འདི་འདིའི་རེད།
འདི་དེའི་རེད།