བསྟན་འཛིན་ཀུན་བཟང།(ཀ) རང་ལོ།-༡༣ འཛིན་གྲྭ།-༨ དཔེ་སྟོན་སློབ་གྲྭ།
—བོད་ཡིག་ཐོག་ནས་ཞུས་ན་སྐར་མ་ས་ལ་འབབ་པ།
༡)གློག་བརྙན་-Tare zameen par ནི་རྒྱ་གར་གྱི་སློབ་གསོ་གློག་བརྙན་ཞིག་ཡིན།
གློག་བརྙན་དེ་ན་རྒྱ་གར་ད་ལྟའི་སྤྱི་ཚོགས་ཀྱ་ལམ་བུ་དང་སློབ་སྦྱོང་གང་འདྲ་སྦྱངས་ཀྱི་ཡོད་
མེད་ཀྱི་སྐོར་ཡིན།
༢)མི་སྣ་-བུ་Ishanཞེས་པ་དང་ཁོ་རང་ཕ་མ་གཉིས་ ཅོ་ཅོ་ རི་མོ་རྒན་ལགས་རྣམས་ཡིན།
༣)དུས་ཡུན་-དུས་ཚོད་༢:༤༧
དེ་རིང་ཞོགས་པ་ཚོགས་ཐེངས་གསུམ་པར་བོད་དགེ་མཆོག་གིས་སང་ཉིན་ང་ཚོ་ལ་གློག་བརྙན་ལྟོན་དགོས་གསུངས་བྱུང། ངའི་སེམས་པར་སྔོན་ནས་རྒན་ལགས་ཀྱིས་གློག་བརྙན་ལྟོན་ན་སློབ་ཕྲུག་ཆེད་དུ་སློབ་གསོ་གློག་བརྙན་ཡིན་བསམ་བྱུང། ཡིན་ནའང་རྒན་ལགས་ཀྱིས་དཀའ་ལས་བརྒྱབ་ནས་གློག་བརྙན་ལྟོན་གྱི་ཡོད་པས་ངའི་སེམས་པ་ལ་བཀའ་དྲིན་ཆེད་ཞུ་འདོད་བྱུང། བོད་མི་སྤྱི་ཚོགས་ཀྱི་ཁྲོད་དུ་དེང་སང་གི་ཕྲུ་གུ་རྣམས་ལ་ཕ་མ་རང་དབང་ཚང་མ་སྤྲད་པའི་རྐྱེན་གྱིས་བོད་མིའི་སྤྱི་ཚོགས་ནང་དུ་དེང་སང་སློབ་ཕྲུག་མང་པོ་སློབ་སྦྱོང་མ་སྦྱངས་བར་སོ་སོའི་གྱོན་ཆས་དང་མཛེས་སྡུག་ལ་བལྟས་ནས་བསྡད། དེ་ནི་ང་ཚོའི་སྤྱི་ཚོགས་འདིའི་ངོ་ཚ་བའི་དོན་དག་ཅིག་རེད། ང་ཚོར་སོ་སོའི་རྒྱལ་ཁབ་མེད་པ་དང་གཞན་གྱི་རྒྱལ་ཁབ་ཀྱི་ནང་བསྡད་ནའང་ཕྲུ་གུའི་ཆེད་དུ་དེ་འདྲའི་ཚོར་བ་ཏོག་ཙམ་ཡང་སྐྱེས་ཀྱི་མེད་པ་འདྲ། གློག་བརྙན་ནང་གི་བ་དེ་ལའང་ཨ་མས་བཏང་སྐབས་ཨ་མས་བཀག་པའི་རྐྱེན་ཕྲུ་གུའི་སེམས་ལ་སྤོབས་པ་སྐྱེས་ནས་བསྡད། ཕྲུ་གུ་དེ་བསམ་བློའི་ནང་དུ་ངའི་ལས་ངན་བྱེད་ན་ཨ་མས་བཀག་གི་རེད་སྙམ།
རྗེས་སུ་རྐྱེན་ངན་དེ་དག་ལངས་ཤོར་སོང་ནས་དཀའ་ལས་སྤྲད། དེ་འདྲ་མ་ཡོང་བའི་ཆེད་དུ་སྔོན་ནས་ཕྲུ་གུ་ལ་རང་དབང་དེ་འདྲ་མང་པོ་མ་སྤྲད་ན་བཟང་བར་སྙམ། Ishanཞེས་པ་བུ་དེ་ཕ་མ་གཉིས་ཀྱིས་ཁོ་སློབ་གྲྭ་གཞན་ཐག་རིང་པོ་ཞིག་ལ་བཏང་པའི་ཐག་བཅད། སློབ་གྲྭ་གཞན་ལ་འགྲོ་དུས་ཁོར་ཡུག་གསར་པ་ཡིན་པ་དང་ཁོ་རང་སྔོན་ནས་སློབ་གྲྭར་མི་བདེ་པའི་སྒང་ལ་ཕ་མ་ནས་ཐག་རིང་པོ་བསྡད་དགོས་པས་ཁོའི་སེམས་ཤུགས་ཚང་མ་ཆག། རྒྱ་གར་གྱི་ནང་དུ་ཕྲུ་གུ་ཞིག་སྐྱེས་ན་ཁ་ཤས་ཀྱི་ཕྲུ་གུ་དེ་ཨམ་རྗེ་ཡང་ན་ཚན་རིག་པ་ཆགས་དགོས་གསུངས། མི་རྒན་པའི་བསམ་བློ་གཏོང་སྟངས་ལ་གཞི་བཞག་ན་ང་ཚོ་ཆེན་པོ་ཆགས་དུས་དཀའ་ངལ་མི་འཕྲད་པའི་ཆེད་དུ་གསུངས་ཀྱི་ཡོད། འོན་ཀྱང་ཕྲུ་གུ་དེ་ཆེན་པོ་ཆགས་ན་ཁོ་རང་ལའང་དམིགས་ཡུལ་ཞིག་ཡོད་སྲིད། དེ་ཨམ་རྗེ་དང་ཚན་རིག་པ་མ་ཡིན་པ་དེའི་སྐབས་སུ་ཕ་མའི་རོགས་རམ་མ་བྱེད་ན་ཁོས་དམིགས་ཡུལ་ཆག་པ་མ་ཟད་སེམས་ཤུགས་ཡང་ཆག་སྲིད། བོད་པ་རྣམས་སོ་སོའི་ཕྲུ་གུ་སློབ་གྲྭ་ཡག་པོ་ལ་བཏང་དུས་སློབ་ཕྲུག་དེ་ལའང་ཚེར་སྣང་ཡང་ན་སུན་སྣང་སྐྱེས་ནས་སློབ་སྦྱོང་ཡག་པོ་མ་སྦྱངས་ན་ཕ་མས་སྤྲད་པའི་སློབ་ཡོན་ཡང་འཕྲོ་བརླག་རེད།
གློག་བརྙན་ནང་དུ་རི་མོ་རྒན་ལགས་དེ་དབང་པོ་སྐྱོན་ཅན་སློབ་གྲྭ་ཞིག་ནས་བུར་དེ་སློབ་གྲྭར་སླེབས། རྒན་ལགས་དེས་ཕྲུ་གུ་ཚང་མའི་ནང་ནས་བུ་དེ་ཁོ་རང་གཅིག་པོ་བསྡད་ནས་གད་མོ་མ་བགད་པ་མཐོང་དུས་རྒན་ལགས་ཀྱིས་སྐད་ཆ་དྲིས་ནའང་ལན་མ་བརྒྱབ་པས་རྐྱེན། རྒན་ལགས་ཀྱིས་ཁོ་ལ་དོན་སྣང་བྱེད་དུས་ཉིན་གཅིག་སློབ་ཕྲུག་མང་པོ་ཞིག་ཆུ་འགྲམ་བསྡད་དུས་བུ་དེའི་གྲུ་གཟེངས་ཞིག་བཟོས་དུས་རྒན་ལགས་ཧང་སང་རེད། བུ་དེའི་ཀླད་པ་ལ་དཀའ་ངལ་མེད་པ་ཤེས། བོད་མི་སྤྱི་ཚོགས་ནང་དུའང་ཕྲུ་གུ་དེ་འདྲ་ཡོད་སྲིད། དེའི་ནང་དུ་རྒན་ལགས་རྣམས་ལ་ལས་འགན་ཡག་པོ་ཞིག་འཁྱེར་དགོས། རྒན་ལགས་རྣམས་ཕྲུ་གུ་ལ་དོན་སྣང་བྱེད་ན་སློབ་ཕྲུག་དེ་གཞན་དང་མིན་འདྲ་བ་ཡིན་མིན་ཧ་གོ་ཐུབ། རྒན་ལགས་ཁ་ཤས་འཛིན་གྲྭའི་ནང་དུ་སླེབས་ནས་ཡི་གེ་སློབ་པ་དང་སློབ་ཕྲུག་ལ་དྲི་བ་ཡོད་མེད་བརྟག་དཔྱད་མ་བྱེད་པར་འཛིན་གྲྭ་གྲོལ་བ་དང་འགྲོ་ཡི་ཡོད།རྒན་ལགས་ཁ་ཤས་ཀྱིས་ཕྲུ་གུ་རྣམས་འཛིན་གྲྭའི་ཕྱི་བཏང་པ་དང་སློབ་ཕྲུག་གི་སེམས་ཤུགས་ཆགས་པ་དང་གདོང་ངོ་ཚའི་དམར་པོ་གྱུར་བའི་རྐྱེན་གྱི་སློབ་ཕྲུག་དེ་སྤྱི་ཚོགས་ཀྱི་ཁྲོད་དུ་ཡར་ལངས་མ་ཐུབ་པ་དང་མི་གཞན་གྱི་དོན་དུ་སྐད་ཆ་བཤད་མི་ཐུབ་པའི་ཚོར་སྣང་ཡོང་གི་ཡོད། གློག་བརྙན་ནང་དུ་རྒན་ལགས་དང་སློབ་ཕྲུག་བར་དུ་འབྲེལ་བ་དམ་ཟབ་ཡོད་པའི་སློབ་ཕྲུག་གིས་སོ་སོའི་སེམས་ནང་གི་དཀའ་ངལ་བཤད་ཐུབ།
མཚམས་རེ་སོ་སོའི་ཕ་མས་སྤུན་མཆེད་ཀྱི་བརྒྱ་ཆ་ཡག་པོ་ལེན་པ་དང་སློབ་སྦྱོང་ལ་ཡག་པོ་ཡོད་ན་ཕ་མས་ང་ཚོ་བཀའ་བཀྱོན་བཏང་པ་དང། ཕ་མས་གཅེན་པོ་ལ་ཡག་པོ་དང་སྐད་ཆ་ཉན་པ་འོན་ཀྱང་ང་ཚོར་ཤེད་ཤེད་བཏང་ནས་བསྡད། གཅེན་པོ་ལ་དོན་སྣང་མང་བ་སྤྲད་དུས་སོ་སོ་ཁོང་ཁྲོ་ཟ་བ་ཡང་ན་སེམས་པ་སྐྱོ་ཡི་རེད། རྒན་ལགས་ཞིག་ཆགས་པའི་ཆེད་དུ་སློབ་སྦྱོང་མཐོ་བོ་ཞིག་མི་དགོས། སློབ་ཕྲུག་ཅིག་ལ་བསམ་བློ་བཏང་ཐུབ་པ་ཞིག་དང་སློབ་ཕྲུག་ཆེད་དུ་ཡག་པའི་བྱ་བ་བྱེད་ཐུབ་ན་དེ་རྒན་ཡག་ཤོས་རེད། རྒན་ལགས་ཞིག་གི་ལས་ཀ་སློབ་སྦྱོང་སློབ་ཁྲེད་བྱེད་པ་གཅིག་པོ་མ་རེད་སློབ་ཕྲུག་ལ་ཡ་རབས་བཟང་སྤྱོད་ཡང་རྒན་ལགས་འགྲམ་ནས་རག་གི་ཡོད། དེ་སོང་ཙང་རྒན་ལགས་རྣམས་ང་ཚོའི་ཕ་མ་གཉིས་པ་རེད། ངའི་རེ་བ་ལ་ཕ་མ་ཚོས་སློབ་གསོའི་གློག་བརྙན་དེ་འདྲ་ངེས་པར་དུ་ལྟ་དགོས་སོ།།
དཔེ་སློབ་གྲྭ་ནི་དཔེ་སྟོན་རང་རེད།
དེང་སང་གི་སྲི་ཞུ་ལས་བྱེད་ཅིག་གིས་ཀྱང་མི་ཐོན་པའི་ཡི་གེ་དག་མ། སློབ་ཕྲུག་རང་ལོ་བཅུ་གསུམ་ཅན་ཞིག་གིས་བྲིས་པ་འདི། ངའི་རྨི་ལམ་མིན་པར་མངོན་སུམ་ཡིན་པར་ཤོག།