གསལ་ལེ་རྒྱལ།
ཤ་སྒམ་ལ་ཟྭ་བརྒྱབ་ནའང་ཕྱི་ནང་མཐོང་བའི་ཤེལ་གྱི་སྒེའུ་ཁུངཆུང་ཆུང་ཞིག་ཡོད་ན་ཅི་མ་རུང་། “ཟས་རུམ་ན་མེད་ཀྱང་སེམས་ན”། ཨ་ཤི་རེ་གོ།
ས་མཐའ་ནས་ཧ་ཅང་ལྟོགས་པའི་དུས་སུའང་ལས་དབང་གིས་ང་ལ་ཟ་སྐལ་ཆེན་པོ་ཞིག་མ་གནངས་པ་དེར་ལས་བདའ་བྱས་མ་མྱོང་། རང་ཉིད་ཀྱིས་དཀའ་ལས་བརྒྱབ་ནས་རང་ཉིད་ཀྱི་བུ་ཕྲུག་གསོས་པ་མ་ཟད་ཕྲུ་གུ་ཚོའི་ཨ་ཕ་ལའང་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱས་ཡོད།
ངའི་ཁྱོ་ཀའམ་ཕྲུ་གུ་ཚོའི་ཨ་ཕའི་བྱ་བ་ནི་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་རྒྱུ་དེ་ཡིན་ཞིང་། གཏམ་བཤད་ཀྱི་འབྲས་བུ་ནི་གཏམ་བཤད་གཞན་ཞིག་ཡིན། དེ་ལྟར་ན་ཡང་ནང་མི་ཚོར་སྟོན་རྒྱུ་མེད་པའི་ཁོང་གི་བྱ་བའི་གྲུབ་འབྲས་དེ་ལ་ངས་ལས་བདའ་ནམ་ཡང་བྱས་མ་མྱོང་།
རེད་དེ། ངེད་ཚང་གི་ལྕགས་སྒམ་དེ། ལྕགས་སྒམ་དེ་ངེད་མ་བུ་ཚོས་ཁབ་བསགས་འབིག་བསགས་ཀྱིས་ཉོས་པ་ཡིན། ལྕགས་སྒམ་དེ་ངེད་ཚང་གི་དགུན་ཤ་འཇོག་ས་ཡིན། ལྕགས་སྒམ་དེར་ཟྭ་ཞིག་ཡེ་ནས་དགོས་དོན་མེད། ལོ་ངོ་དུ་མའི་རིང་ལ་ངེད་ཚང་གིས་ཟྭ་བརྒྱབ་མ་མྱོང་ལ་སུ་གང་གིས་རྐུ་འཕྲོག་བཅོམ་གསུམ་ཅི་ཡང་བྱས་མྱོང་མེད།
དགུན་ཁ་སླེབས་སོང་། ཁ་བ་ཐེངས་འགར་བབས་སོང་། ངེད་མ་བུ་ཚོས་ད་ལོའི་དགུན་ཤ་ཉོས་ཟིན། ལྕགས་སྒམ་དེའི་ནང་ན་ད་ལོའི་དགུན་ཤ་ཡོད། ད་ལོའི་དགུན་ཤ་ཉོས་ནས་ཡུན་རིང་འགོར་མེད།
ཁོས་ངེད་མ་བུ་ཚོར་སྐད་ཆ་མ་དྲིས་བར་ལྕགས་སྒམ་ལ་ཟྭ་ཞིག་བརྒྱབ་སོང་། ཁོས་ལྕགས་སྒམ་གྱི་ལྡེ་མིག་ཁྱེར་ནས་ཕྱི་རྒྱལ་ཅིག་ལ་གཏམ་བཤད་བྱེད་དུ་ཕྱིན་སོང་། ཁོ་འགྲོ་ཁར་ངེད་མ་བུ་ཚོར་དོན་མེད་ལ་ཁ་ལོག་ཅིག་ཀྱང་བརྒྱབ་སོང་། “ལྕགས་སྒམ་ཚ་བོ་ཆགས་ན་དེ་ཡི་ཐོག་ལ་བྱ་སྤུས་ནོན་”་ལབས་སོང་།
ངས་ཅི་ཡིན་མ་ཤེས། ཕྲུ་གུ་ཚོར་དོགས་པ་ཟོས་ཡོད་ས་རེད། ཁོ་ཚོས་ངེད་ཚང་གི་ལྕགས་སྒམ་ཡང་དང་བསྐྱར་ཏུ་གནམ་ལ་བཀྱགས། ཕྲུ་གུ་ཚོས་ “ཨ་མ། ལྕགས་སྒམ་འདི་ལྡབ་ས་ཡ་གཅིག་དང་ཕྱེད་ཀས་ཇེ་ཡང་ལ་སོང་འདུག་”ཟེར། དེང་སང་གི་ཕྲུ་གུ་འདི་ཚོས་ཆུང་ཆུང་ཆེན་པོར་བཟོས་ཏེ་ཅིག་ཡིན་ན་ས་ཡ་དང་ཉིག་ཡིན་ན་ས་ཡ་ཟེར།
ངས་ལྕགས་སྒམ་གྱི་ཟ་ཟུར་ནས་ཞིབ་ལྟ་བྱས་ཀྱང་ཅི་ཡང་མ་མཐོང་། ལྕགས་སྒམ་འདི་ལའང་ཕྱི་ནང་མཐོང་བའི་ཤེལ་གྱི་སྒེའུ་ཁུང་ཆུང་ཆུང་ཞིག་ཡོད་ན་ཅི་མ་རུང་། “ཟས་རུམ་ན་མེད་ཀྱང་སེམས་ན་”། ཨ་ཤི་རེ་གོ། ངས་རང་གི་ཕྲུ་གུ་ཚོ་མུག་འཐོར་ལ་འགྲོ་རུ་འཇུག་མི་འདོད།
༡༧/༡༡/༢༠༡༧ ལ་ཕ་རེ་སི་ནས།
རེད་ད་ རང་ཙན་སྲིད་དོན་ཁ་ལ་རོལ་ནས་ཁྱོད་མི་མོ་ཚང་གི་འཚོ་བ་རོལ་བའི་དུས་ནི་མིང་གི་ལྷག་མ་དེ་ཡང་དགུན་ཟླ་འདི་དང་མཉམ་དུ་ཁྱག་རོལ་དུ་འཚུད་རན་དེ་བས་སྤྱི་བདེ་འབང་མི་དང་མཚུང་པའི་འཚོ་བ་འགོ་ཞིག་ཙམ་ན་ད་སྐབས་ཕྱི་མི་ཡོང་
རེད་ད་ རང་ཙན་སྲིད་དོན་ཁ་ལ་རོལ་ནས་ཁྱོད་མི་མོ་ཚང་གི་འཚོ་བ་རོལ་བའི་དུས་ནི་མིང་གི་ལྷག་མ་དེ་ཡང་དགུན་ཟླ་འདི་དང་མཉམ་དུ་ཁྱག་རོལ་དུ་འཚུད་རན་དེ་བས་སྤྱི་བདེ་འབང་མི་དང་མཚུང་པའི་འཚོ་བ་འགོ་ཞིག་ཙམ་ན་ད་སྐབས་ཕྱི་མི་ཡོང་