དེད་དཔོན་གྱི་བུ་མོ་སྔོ་བསང་མ། །
མཚན་ལྡན་གྱི་ཕྱག་རྒྱར་བསྟེན་བསྟེན་ནས། །
འབྲལ་མི་ཕོད་པ་ལ་དེ་གཅིག་བྱུང་། །
—མར་པའི་མགུར།
ཀླུ་སྨྱོན།
ཉིན་དེར་དཔལ་མེ་ཏོག་མདངས་ཅན་གྱི་དགོན་པའི་ཁོར་ཡུག་ཧ་ཅང་ལྷིངས་འཇགས་སུ་གནས་ཡོད། རྒྱང་རིང་གི་ཡུལ་ལྗོངས་སྨུག་ཤིག་གེར་ཡོད་ལ། ཉེ་འགྲམ་གྱི་ཞིང་ཁའི་ནང་དུ་བུད་མེད་ཚོས་འབྲས་ཀྱི་སོན་རྩ་འདེབ་བཞིན་འདུག པཎ་ཆེན་ནྰ་རོ་པས་ཉེ་ཆར་ཁོང་གི་ཕྱག་རྒྱ་མས་བསྙལ་བའི་འབྲས་ཆང་ཞིམ་པོ་དེ་ལས་ཕོར་བ་གང་ཞབས་བཏགས་བསྐྱོན་ཚར་ཏེ་ཉིན་གུང་གི་གཟིམ་མལ་བསྟེན་པར་བྱོན་ཟིན། གཙུག་ལག་ཁང་གི་ནང་དུ་ཁོང་གི་སློབ་བུ་རེ་ཟུང་གིས་སྒོམ་གྱི་ཏིང་ངེ་འཛིན་སྟེན་བཞིན་ཡོད་ལ། དཔེ་མཛོད་ཁང་ཆུང་ཆུང་དེའི་ནང་དུ་རྗེ་མར་པ་སོགས་བོད་ནས་བསླེབས་པའི་ལོ་ཙྰ་པ་སྐོར་ཞིག་གིས་ལེགས་སྦྱར་གྱི་དཔེ་ཆ་སྐོར་ཞིག་བོད་ཡིག་ཏུ་ཇི་ལྟར་སྒྱུར་བའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད།
ཙིར་ཞེས་སྒོ་ཕྱེས་པའི་སྒྲ་ཞིག་དང་ལྷན་དུ་བུ་མོ་ལོ་ཉི་ཤུར་སོན་ཙམ་པ་ཤ་རྩ་ཅུང་སྔོ་བསང་དང་བཞིན་རས་ཤིན་ཏུ་མཛེས་པ་ཞིག་གིས་ཞོ་དང་འབྲས་ལྡ་ལི་སོགས་ཁྱེར་ཡོང་ནས་མར་པ་སོགས་ལ་དྲངས་སོང་། བཞེས་ལག་ཟིན་པའི་རྗེས་སུ་མར་པས་བུ་མོ་དེར། ངའི་ཉལ་ཁང་ཕེབས་དང་ང་ལ་སྐད་ཆ་ཞིག་ཡོད། ཅེས་གསུངས་རྗེས། བུ་མོ་དེའི་ལྡེམ་ལྡེམ་ཁྱུག་ཁྱུག་གི་གོམ་སྟབས་དང་མཉམ་དུ་ཁོང་གི་གཟིམ་ཤག་ཏུ་ཕེབས་སོང་། ་་་ ་་་
རྗེ་མར་པས་པཎ་ཆེན་ནྰ་རོ་བའི་དྲུང་ནས་གདམས་པ་དཔག་ཏུ་མེད་པ་ཞུས་ཚར་བའི་རྗེས་སུ། ནྰ་རོ་བས་ཁོང་གི་ཉམས་སད་ཀྱི་ཆེད་དུ་སྤྲུལ་པ་ཐེངས་ཤིག་བསྟན། དེ་ནི་ཚེས་བཅོ་ལྔའི་མཚན་དཀྱིལ་ཞིག་སྟེ། ཟླ་བ་དཀར་པོ་ཞིག་ནམ་མཁའི་ཨི་ཁུང་བཞིན་དཀར་ཆེམ་མེར་མཁའ་དབྱིངས་སུ་དཔྱངས་འདུག་ཅིང་། ཁྲ་ཆིལ་དགུ་ཆིལ་གྱི་སྐར་ཚོགས་ནི་དེང་སང་གི་ལྡི་ལིའི་མཚན་མོའི་གློག་སྒྲོན་དང་ཤིན་ཏུ་མཚུངས། མེ་ཏོག་མདངས་ཅན་གྱི་དགོན་པའི་གཡས་ཕྱོགས་སུ་རྒྱུགས་ཆུ་ཆུང་ཆུང་ཞིག་ཡོད་པ་དེ་ཟླ་འོད་འོག་ཏུ་ཁྲ་སིལ་སིལ་འབྲས་ཞིང་ཆེན་པོ་ཞིག་གི་དཀྱིལ་ནས་རྒྱང་རིང་དུ་བཞུར་གྱིན་མཆིས།
ནམ་རྒྱུན་མར་པ་སྐབས་རེར་ཁོང་གི་མཛའ་མོའི་་ཁྱིམ་དུ་གཟིམ་པ་ཡིན་ན་ཡང་། མི་རིང་བར་ཁོང་བོད་ལ་ཕེབས་རྒྱུ་ཡིན་པས། དེང་སྐབས་པཎ་ཆེན་ནྰ་རོ་བ་དང་ཁོང་རྣམ་གཉིས་ཀྱིས་རྟག་པར་མཚན་ཕྱེད་བར་དུ་སྒྲ་སྒྱུར་དང་དབང་ལུང་ཁྲིད་གསུམ་སོགས་ཀྱི་ཆེད་དུ་བཞུགས་པ་རེད། དོ་དགོང་ཡང་ཁོང་རྣམ་གཉིས་དཔལ་དགྱེས་པ་རྡོ་རྗེའི་སྐོར་གྱི་བཀའ་མོལ་ཞིག་ལ་དབུ་འཁོར་ནས་མཚན་ཕྱེད་བར་དུ་བཞུགས་ཤིང་། དེ་ནས་རྗེ་མར་བ་བླ་མའི་བཀའ་བཞིན་ནྰ་རོ་བའི་གཟིམ་ཁང་དུ་གཟིམས། མཚན་ཕྱེད་ཙམ་ལ། གློ་བུར་དུ་མར་པ་མར་པ། ཞེས་ནྰ་རོ་བའི་གསུང་གདངས་མཐོན་པོས་བོས་གནང་མཛད་དེ་མར་པ་གཟིམ་ལས་དཀྲོགས། ཁོང་གི་སྐུ་སྟོད་ཡར་བཀྱགས་ཏེ་གཟིགས་པ་ན། མདུན་གྱི་ནམ་མཁར་ཁོང་གི་ཡི་དམ་གྱི་ལྷ་མཆོག་དཔལ་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ཁྲ་ལམ་ལམ་མེར་བཞུགས་འདུག་ཅིང་། དཔལ་ནྰ་རོ་པ་ཡང་དཀྱིལ་འཁོར་གྱི་འཁྲིས་དེར་བཞུགས་འདུག དེར་ནྰ་རོ་པས། ངའི་སྙིང་གི་བུ་མཆོག་མར་པ་ལགས། ཁྱེད་ཀྱིས་དོ་ནུབ་ཁྱེད་ཀྱི་ཡི་དམ་གྱི་ལྷ་དཔལ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བ་རེད། ཁྱེད་ཀྱིས་རང་གི་བླ་མར་ཕྱག་འཚལ་ལམ་ཡི་དམ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ། ཞེས་གསུངས་པས། མར་པའི་ཐུགས་ལ་ངས་རང་གི་བླ་མ་ཉིན་རྟག་པར་མཇལ་ཐུབ་ཀྱང་ཡི་དམ་མཇལ་བ་ད་རེས་ཙམ་ཡིན་པས། ཡི་དམ་ལ་ཕྱག་འཚལ་དགོས་དགོངས་ནས་ཕྱག་དགུ་ཕྲུགས་ཤིག་ཡི་དམ་དགྱེས་པ་རྡོ་རྗེ་ལ་བཙལ་བས། ནྰ་རོ་པས། བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་།། བླ་མ་དག་ལ་བསྟེན་ནས་བྱུང་།། གསུངས་ཏེ་སེ་གོལ་ཞིག་མཛད་པས། ཡི་དམ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ཡང་དཔལ་ནྰ་རོ་བའི་ཐུགས་ཀར་ཐིམ་སོང་། དེར་མར་པ་ཤིན་ཏུ་འགྱོད་ནས་རང་གི་བླ་མར་ཕྱག་མང་པོ་བཙལ་ཏེ་དགོངས་པ་མ་ཚོམས་ཞེས་ཞུས་པ་ན། ནྰ་རོ་པས། ཆོས་བརྒྱུད་ཆུ་བོའི་གཞུང་ལས་རིང་།། རིགས་བརྒྱུད་ནམ་མཁའི་མེ་ཏོག་ཡལ།། ཞེས་གསུངས་རྗེས་ཡབ་སྲས་གཉིས་རང་རང་སར་སྔར་བཞིན་གཟིམས་པ་རེད།
སང་ཉིན་ཞོགས་པའི་ཉི་ཟེར་ཤར་ཕྱོགས་ཀྱི་མཁའ་མཐའ་ནས་འཕྲོས་པ་ན་མར་པ་གཟིམ་ལས་སད་ཅིང་། མདང་དགོང་གི་དོན་དག་དེས་རྐྱེན་བྱས་ཏེ་ཁོང་སྐུ་ཁམས་ཤིན་ཏུ་མི་བདེ་བ་ཞིག་བྱུང་བ་དང་། ཉིན་མང་པོའི་རིང་ཐུགས་སྐྱོ་ནས་བཞེས་པ་མཆོད་མི་འདོད་པ་དང་སྐུ་གཟུགས་བཀྲུ་འདོད་ཀྱང་མེད་པ། ཐ་ན་རང་གི་སྙིང་ཉེ་བའི་མཛའ་མོར་ཡང་ཐུག་འཕྲད་གནང་འདོད་མེད་པ་སོགས་བྱུང་། ཉིན་ཤས་རྗེས་མར་པ་སྐུ་ཤིན་ཏུ་བསྙུུངས་པས་ནྰ་རོ་པ་དང་མར་པའི་ཆོས་གྲོགས་རྣམ་པ། ཁོང་གི་མཛའ་མོ་སོགས་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་བྱུང་སྟེ་སྨན་དཔྱད་རིམ་གྲོ་སོགས་ཐབས་བརྒྱ་ཇུས་སྟོང་གིས་མར་པའི་སྐུ་གཟུགས་ཕྱིར་སོས་ཡོང་ཐབས་ལ་འབད་བརྩོན་གནང་། ཟླ་བ་རེ་ཟུང་གི་རྗེས་སུ་མར་པའི་སྐུ་གཟུགས་སྔར་བཞིན་སོས་ཤིང་ཐུགས་ཀྱང་ཇེ་བདེར་དགའ་རབ་ཕེབས་ཏེ་བོད་ལ་ཕེབ་རྒྱུའི་གྲ་སྒྲིག་གནང་། ཁོང་བོད་ལ་ཕེབས་པར་མགུར་གླུ་གྲགས་ཆེན་ཞིག་བཞེངས་ཤིང་། མགུར་གླུ་དེའི་ཁྲོད་ནས་ང་ཚོའི་ཁོང་གིས་རང་གི་བླ་མར་བཅངས་པའི་དད་གུས་དང་མཛའ་མོར་བཅངས་པའི་བརྩེ་དུང་སོགས་མཇལ་ཐུབ། རྗེ་མར་པ་བོད་དུ་ཕེབས་རྗེས་ཀྱང་རང་གི་མཛའ་མོ་དེ་ཐུགས་ནས་མ་བརྗེད་པར་རྟག་ཏུ་དྲན་གསོ་གནང་བ་དང་། སྐབས་རེར་བོད་ནས་རྒྱ་གར་ཡུལ་དབུས་སུ་བསྐྱོད་མཁན་ཚོར་རང་གི་མཛའ་མོར་བོད་ཀྱི་ཡུལ་ནས་བཟོས་པའི་གསེར་གྱི་ཚིགས་ཁེབས་དང་གཡུ་གི་དོ་ཤལ་སོགས་ལེགས་སྐྱེས་སུ་བསྐུར་གནང་བ་རེད།
ཉེ་ལམ་ཁོ་བོ་རྒྱ་གར་ཡུལ་དབུས་ཀྱི་མེ་ཏོག་མདངས་ཅན་གྱི་རི་བོའི་དགོན་པར་བོད་དགོན་གསར་བཞེངས་ཀྱི་རབ་གནས་མཛད་སྒོར་ཆེད་འབོད་བཞིན་ཕྱིན་སྐབས། ཉེ་འཁྲིས་ཀྱི་གྲོང་གསེབ་ཅིག་ནས་རྗེ་མར་བའི་མཛའ་མོའི་ཁྱིམ་བརྒྱུད་ཅིག་དང་འཕྲད་ཅིང་། ཁྱིམ་དེར་ད་དུང་ཡང་ལོ་ངོ་དགུ་བརྒྱའི་སྔོན་རྗེ་མར་པས་ཁོང་གི་མཛའ་མོར་བསྐུར་པའི་གསེར་གྱི་ཚིགས་ཁེབས་དང་གཡུའི་མགུལ་རྒྱན་ཉར་འདུག ཁོ་བོས་གསེར་གྱི་ཚིགས་ཁེབས་དེའི་ནང་ལོགས་སུ་ཞིབ་བལྟ་བྱེད་དུས། མར་པ་ཞེས་པའི་བོད་ཡིག་གསལ་ལ་མི་གསལ་བ་ཞིག་མཐོང་བྱུང་བས། ཚིགས་ཁེབས་དེ་རྗེ་མར་པས་ཁོང་གི་མཛའ་མོར་བསྐུར་པའི་ཚིགས་ཁེབས་དེ་ཡིན་པའི་ཡིད་ཆེས་ཆེན་པོ་ཞིག་རྙེད། ་་་ ་་་
་་་་་་་་ ཉེ་འཁྲིས་ཀྱི་གྲོང་གསེབ་ཅིག་ནས་རྗེ་མར་བའི་མཛའ་མོའི་ཁྱིམ་བརྒྱུད་ཅིག་དང་འཕྲད་ཅིང་། ཁྱིམ་དེར་ད་དུང་ཡང་ལོ་ངོ་དགུ་བརྒྱའི་སྔོན་རྗེ་མར་པས་ཁོང་གི་མཛའ་མོར་བསྐུར་པའི་གསེར་གྱི་ཚིགས་ཁེབས་དང་གཡུའི་མགུལ་རྒྱན་ཉར་འདུག ་་་་་་་་་
བླ་མ་མར་པ་རྡོ་རྗེ་འཆང་། །
གསང་ཡུམ་བདག་མེད་མ་ལ་འཁྱུད། །
གཞན་མ་བརྒྱད་ཀྱང་ཕྱག་རྒྱར་བཀུགས། །
རྒྱ་གར་ལ་ཡང་ཡོད་པ་བཟང་། །
བླ་མ་ན་རོ་ལས་ལྷག་པ། །
ཡིད་དམ་བཀུར་བས་རྟེན་འབྲེལ་འཕྱུགས།
རང་སྲས་དར་མ་རྡོ་མདོ་སྡེ་ལ། །
བར་ཆད་བྱུང་ཡང་གྲོང་འཇུག་མཛད། །
རིགས་བརྒྱུད་བསྟན་པ་མ་འཕེལ་ཡང་། །
འཆད་བརྒྱུད་མི་ལ་སྒམ་པོ་སོགས། །
བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་གྱེས། །
གྱེས་པའི་ཆུ་བཞིའི་ཆོས་རྒྱུན་འབབ། །
བཀའ་མ་ཆོས་ཀྱི་ལུང་རྟོགས་དང་། །
གཏེར་མ་ཟབ་ཆོས་ཡོད་རྒུ་སོགས། །
བཀའ་རྙིང་ས་དགེ་ཇོ་ནང་དང་། །
ཞི་གཅོད་ལ་སོགས་སྣ་མང་འཕེལ། །
སངས་རྒྱས་བསྟན་པ་དར་ལ་གཙང་། །
བཙུན་པ་བཙུན་མའི་ཚུལ་ཁྲིམས་གཙང་། །
དགེ་འདུན་དགེ་བསྙེན་དམ་ཚིག་གཙང་། །
སྔགས་འཆང་ཡོངས་ཀྱི་གསང་ཡུམ་གཙང་། །
༄༅། ཀླུ་སྨྱོན་ལགས་ནས་་་རྗེ་མར་པ་དང་ཁོང་གི་མཛའ་མོའི་སྐོར་ཞིག་བྲིས་འདུག་་་
བཀྲིེས་བདེ་ལེགས་ཡོད།
རྗེ་མར་པ་རིན་པོ་ཆེའི་མཛད་རྣམ་གྱི་ཕྱག་དེབ་གཅིག་ག་ནས་རག་གམ། ང་ལ་གསུང་རོགས།
རྗེ་བཙུན་མི་ལའི་མགུར་གླུ་སོགས་མང་པོ་བཀླགས་མྱོང།
མར་པའི་རྣམ་ཐར་དཔེ་ཚོང་ཁང་ན་འདུག་ག
མར་པའི་སྲས་མཆོག་དར་མ་མདོ་སྡེ་ཁོང་། །
ཚེ་ལ་བར་ཆད་བྱུང་དུས་བསྐྱེད་རིམ་བསྒོམས། །
འཕོ་བ་གྲོང་འཇུག་རྫུ་འཕྲུལ་ཀུན་ལམ་དུ། །
བསྟན་ནས་འང་གུའི་རོར་འཇུག་ཐག་རིང་འཕུར། །
རྒྱ་གར་ཡུལ་གྱི་གྲོང་གསེབ་དུར་ཁྲོད་དུ། །
ཕ་མ་གཉིས་ཀྱི་བུ་ཤིའི་ཕུང་པོ་དེ། །
དུར་ཁྲོད་བསྐྱལ་དུས་འང་གུ་དེར་འབབ་ནས། །
འང་གུ་དབུགས་ཆད་ས་ལ་གྱེལ་དུས་སུ། །
བུ་ཤིའི་ཕུང་པོར་སླར་ཡང་གྲོང་འཇུག་མཛད། །
བུ་དེ་སླར་གསོའི་རོ་ལངས་འདས་ལོག་ལྟར། །
འགའ་ཞིག་འཇིགས་ཤིང་འགའ་ལ་ཡ་མཚན་གྱུར། །
དེ་ནས་ཕུང་ལས་ཀུན་མཉམ་ནང་དུ་ལོག །
དེ་ནས་ཁོ་ལ་ཏི་ཕུ་ཏི་ཕུ་ཞེས། །
མིང་ཐོགས་གསར་པ་ཐོབ་ཅིང་ཕ་མས་ཀྱང་། །
བུ་འདི་སྔར་དང་མི་འདྲ་ཆོས་དད་དང་།།
ཕ་མར་རྩིས་བཀུར་ཆེ་བས་ཆོས་པར་བརྩིས། །
ཕྱིས་སུ་ཏི་ཕུ་གསང་སྔགས་སྡོང་པོར་གྲགས། །
ཀླུ་སྨྱོན་ལགས་ཀྱིས་ཡག་པོ་བྲིས་འདུག ཨ་འབར་ལགས། སྒྲ་བསྒྱུར་མར་པའི་རྣམ་ཐར་དྲ་ཐོག་ནས་ཕབ་ཐུབ་ཀི་རེད། །
http://www.tibetanebook.com/lineages/kagyu?start=60
ཨ་འབར་འཇིགས་མེད་འདི་སྤྱང་མདོག་སྟོན་ཀ་བྱེད་པ་མ་གཏོགས། ད་དུང་དུས་རབ་ཉི་ཤུ་པའི་མི་བྱས་ཏེ་བསྡད་འདུག རེས་འགའ་ནི་རྗེ་གུང་ཐང་པའི་བསླབ་བྱ་གང་ནས་ཐོབ་ཟེར། རེས་ནི་རྗེ་མར་པའི་རྣམ་ཐར་གང་ནས་ཐོབ་བམ་ཟེར། ཚང་མ་དྭ་ཐོག་ནས་ཕབ་ལེན་བྱ་རྒྱུ་ཡོད་པ་ད་དུང་མི་ཤེས་པ། སྡོད་ས་ཡར་ཐོན་རྒྱལ་ཁབ་ནང་ཡིན་ཀྱང་། སྡོད་མཁན་རིག་པ་རྐུབ་ལ་ཟུག་པ་ཞིག་ཡིན་པ་འདྲ། ཨ་ཅང་ཀུ་རེ་ཞུས།
སྔར་བོད་ནས་བླ་མ་མར་པའི་རྣམ་ཐར་བཀླགས་པས་དད་པ་འདྲ་སྐྱེས་ནས་ཡོད། ད་ལྟ་མར་པས་མ་ཧཱ་མ་ཡཱའི་ཆོས་སྐོར་ཞུ་ཆེད་དུ་ལྷོ་ནུབ་དུག་མཚོ་གླིང་དུ་བསྐྱོད་ནས་ཀུ་ཀུ་རི་བ་མཇལ་བའི་ལམ་བར་དུ་དུག་མཚོ་བགྲོད་སྟངས་སོགས་ལ་དོགས་པའང་སྐྱེས་བཞིན་འདུག ད་མང་པོ་མ་བཀླག་ན་ཡག་ས་རེད་བསམ་བྱུང་། །
༄༅། རྟ་བདུན་དབང་པོ་། ང་སྡོད་ས་་་རྒྱ་བལ་འབྲུག་གསུམ་ལ་མིན།
གཞུང་ལམ་མིག་སྟོན་གནང་བ་ཐུགས་རྗེ་ཆེ་།
ཁྱེད་རང་་་རང་དྲག་་་ག།
་་་་་་་་ མར་པས་མ་ཧཱ་མ་ཡཱའི་ཆོས་སྐོར་ཞུ་ཆེད་དུ་ལྷོ་ནུབ་དུག་མཚོ་གླིང་དུ་བསྐྱོད་ནས་ཀུ་ཀུ་རི་བ་མཇལ་བའི་ལམ་བར་དུ་དུག་མཚོ་བགྲོད་སྟངས་སོགས་ལ་དོགས་པའང་སྐྱེས་བཞིན་འདུག ་་་་་་ཟེར།
ཀུ་ཀུ་རི་པ་དང་། ན་རོ་མར་པའི་བར་ལ་མི་རབས་མང་པོ་ཆུ་ཡོད་རེད། དག་སྣང་གིས་མཇལ་སྟངས་ནི་དམིགས་བསལ་ཞིག་རེད། དེའི་སྐོར་ལ་དཔེ་ཆ་ཞིག་ངས་ནི་མཇལ་མ་སོང་བས་ཞུ་མི་ཐུབ།
https://www.facebook.com/photo.php?fbid=10104235772360031&set=a.717235372401.2284862.3335&type=3&theater
་
དྲ་གྲོགས་ཚོ། དེབ་གསར་འདི། བཀླག་ས་ག་ནས་རག་བགྱི་རེད། ལགས།