སོག་ཚང་སྨོན་ལམ།
སེང་གེས་འཕངས་པའི་མདའ་དེས།
རྨ་ཁ་མི་མང་གི་སེམས་པ་ལ་བཟོས་པ།
་་་་་་་སྒྲོལ་མ་ཉེར་གཅིག
གླེང་གཞི།
བོད་མི་ལ་སྙིང་རྗེ་ཨེ་ཡོད་ཟེར་ན་ཡོད། སྐུ་ངོ་སྤེན་ཚེ་ལ་སྙིང་རྗེ་ཞེས་པའི་ཚིག་འདིས་ཕངས་སེམས་དང་རྒྱབ་སྐྱོར་གནང་གི་འདུག མི་གཞན་ཞིག་ལ་དངོས་སུ་དཀའ་ངལ་ཞིག་འཕྲད་ཡོད་པ་གོ་རིག་ཚོར་གསུམ་བྱུང་ནས་མི་མང་གི་ཁ་ནས་སྙིང་རྗེ་ཞེས་པའི་ཚིག་འདི་ཐོན་ཡོང་གི་ཡོད་དུས་དོན་དག་ཚབ་ཆེན་ཞིག་བྱུང་ཟིན་པའི་རྟགས་རེད། མི་མང་གིས་དོན་རྐྱེན་དེ་གང་ནས་བྱུང་ཡོད་པ་ཤེས་རྟོགས་བྱུང་རྗེས་བཀྲ་མི་ཤིས་པའི་མི་དེས་དམིགས་ཡུལ་ཡོད་པའི་སྒོ་ནས་གྲ་སྒྲིག་གང་མང་ཞིག་བྱས་ཚར་ཡོད་པ་རེད། མི་སུ་འདྲ་ཞིག་ཡིན་རུང་འཚག་འཕག་རྒྱག་ས་དེ་ཙམ་མེད་པ་བཟོས་ཚར་རེད། སྒོ་དང་སྒེའུ་ཁུང་གང་ཡང་མེད་པའི་ཁང་མིག་ནག་ཁུང་ཞིག་གི་ནང་ནས་གློ་བུར་བའི་སྒྲ་ཞིག་ཕྱི་ལོགས་ནས་གོ་ཡོང་གི་ཡོད། མི་མང་ལ་སེམས་འཚབ་དང་དངངས་སྐྲག་ལོས་ཡོད། ཨུ་ཚུགས་དང་གླེན་རྟགས་བསྟན་ན་ཁང་མིག་ནག་ཁུང་དེའི་ནང་ན་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཅི་ཞིག་བྱེད་ཀྱིན་ཡོད་མེད་ད་དུང་ཐེ་ཚོམ་རེད། སྒྲ་དེ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ནས་བོད་ཀྱི་རྒྱལ་ས་ཕོ་བྲང་པོ་ཏཱ་ལའི་བར་དུ་ནམ་ཡང་མཚམས་ཆད་མ་མྱོང་བ་དང་འདྲ་བའི་སྒྲ་དང་གཅིག་མཚུངས་ཡིན་པ་འདྲ།
ཚོགས་པ་གཉིས་ཀྱི་ཚོགས་གཙོ་བློ་སེང་ཡིན་ནམ།
སྲིད་སྐྱོང་བློ་བཟང་སེང་གེ་(སློབ་བཟང་སངས་རྒྱས)ནི་མི་མང་གི་དཔོན་པོ་རེད། དམངས་གཙོའི་ལམ་ནས་བདམས་པའི་དཔོན་པོ་ཞིག་ལ་བཟང་ངན་ཅི་རིགས་ཡོད་ཆོག་ཆོག་རེད། རྒྱལ་ཁབ་ཆེ་ཆུང་ལ་མ་ལྟོས་པར་དམངས་གཙོའི་ཁེ་དབང་ནི་མི་མང་གི་ལག་ན་ཡོད་པའི་ཐོབ་ཐང་ཞིག་རེད། ཐོབ་ཐང་དེས་དཔོན་པོ་བདམས་ཆོག་ཅིང་བརྗེ་ཡང་ཆོག་གི་རེད།
བློ་སེང་གིས་ཕྱག་ལས་གནང་ས་འདི་སྐྱབས་བཅོལ་བའི་ཚོགས་པ་ཞིག་རེད། ཚོགས་པ་འདི་ནི་ཐོག་མར་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་ངོ་བོ་དང་ཁྱད་ཆོས་ཡོངས་སུ་མ་ཚང་བ་དེ་ཙམ་མེད་པའི་སྒོ་ནས་རྩ་འཛུགས་གནང་ཐུབ་ཡོད། སྐབས་ཤིག་ནས་དམངས་གཙོའི་འགྲོ་ལུགས་གཞིར་བཟུང་གིས་གྲོས་ཚོགས་འཐུས་མིས་”བཙན་བྱོལ་བོད་མིའི་སྒྲིག་འཛུགས”ཞེས་འབོད་དགོས་པ་ཐག་ཆོད་ཡོད་ཀྱང་། བློ་སེང་གིས་སྲིད་སྐྱོང་ཞེས་པ་དབྱིན་ཡིག་ཏུ་བསྒྱུར་སྟངས་དེ་རང་གི་ཆེ་མཐོང་ཁོ་ནའི་ཆེད་དུ་དམིགས་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། དེ་ཡང་རྒྱལ་བ་རིན་པོ་ཆེ་བེད་སྤྱོད་བཏང་ནས་གྲོས་ཚོགས་འཐུས་མི་དང་བོད་རྒྱ་ཆེའི་མི་མང་གི་བསམ་འཆར་འགྲོ་ས་མེད་པ་བཟོས། རྒྱལ་བ་རིན་པོ་ཆེ་དང་བློ་སེང་རྣམ་པ་གཉིས་ནས། སྲིད་སྐྱོང་ལ་དབྱིན་སྐད་དུ་president ཞེས་འབོད་དགོས་པའི་འགྲེལ་བཤད་ནི་མིང་ཚིག་དེ་སྐབས་རེེར་ཚོགས་པ་བྱེ་བྲག་པའི་འགན་ཁུར་མི་སྣ་གཙོ་བོ་སོགས་ལ་ཡང་བེད་སྤྱོད་གཏོང་ཆོག་གི་ཡོད་གསུངས་པ་འདི་འདྲ་ཞིག་རེད། འདི་ནས་ང་ཚོས་མཐོང་ཐུབ་པ་ནི་བློ་སེང་གི་གོ་གནས་རེད། ཕྱི་ནང་གང་ནས་བལྟས་ཀྱང་། ད་ལྟའི་སྲིད་སྐྱོང་བློ་སེང་ནི་ཚོགས་གཙོ་ཞིག་རེད། ཕྱག་ལས་གནང་སྟངས་ཀྱི་ཆ་ནས། སྤྱི་དོན་ལས་སྒེར་དོན་གཙིགས་སུ་འཛིན་པའི་ཚོགས་གཙོ་ཞིག་རེད།
ཡང་གཅིག་བཤད་ན། བློ་སེང་ནི་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ཁྲིམས་ཆད་ཕོག་སྲིད་པའི་མི་སྣ་མི་ཉུང་བ་ཞིག་དང་འབྲེལ་བ་དམ་ཟབ་ཡོད་སྲིད་པའི་དོགས་གཞི་ཇེ་ཆེར་འགྲོ་བཞིན་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས་། དེ་བས་ཀྱང་ཨ་ཅང་ཅང་བློ་སེང་ནི་ཚོགས་གཙོ་ཞིག་རེད། ཁོ་ཚོས་གཅིག་ལ་གཅིག་བརྟེན་དང་གཅིག་གི་རྒྱབ་ཏུ་གཅིག་ཡིབ་ནས་ལས་ཀ་ཅི་ཞིག་བྱས་དང་བྱེད་འཆར་ཡོད་མེད་ནམ་ཞིག་གི་ཚེ་ན་ཐེར་འདོན་དང་ཞིབ་འཇུག་གནང་མཁན་ཡོད་སྲིད་པ་རེད། མཚམས་འདི་ནས་འབྲེལ་ཡོད་ཀྱི་དྲ་ཚུགས་འགའ་མི་མང་ལ་དཔྱད་གཞིར་ཕུལ་ཆོག http://tibetcorps.vajras.org https://https://www.tibetsun.com/
“གནས་དབྱུང”གཏང་དགོས་པའི་མི་དེ་སུ་ཡིན་ནམ།
མིང་ངོ་མ་བློ་བཟང་སངས་རྒྱས་(བློ་བཟང་སེང་གེ) མཆོག་ནས་རང་གི་དབང་ཆ་ལ་ཚད་འཛིན་ཤེས་ན་བཟང་གི རྒྱལ་བ་རིན་པོ་ཆེའི་དབང་ཚད་ལ་ཐད་ཀར་ལག་པ་འཆང་ཕོད་པའི་ཧམ་པ་འདི་དོ་བདག་རང་ལ་ངོ་ཚ་མེད་པས་ཡིན་པ་ཤེས་ན་བཟང་གི འདིས་མི་མང་གི་སེམས་ལ་རྨ་ཁ་བཟོ་བཞིན་ཡོད། དཔེར་ན། བཀའ་ཤག་ནས་ཨ་རིའི་དོན་གཅོད་ལས་ཐོགས་སྐུ་ངོ་སྤེན་ཚེ་རིང་མཆོག་གནས་དབྱུང་དང། ཡང་ན། འཕོ་འགྱུར་གཏོང་རྒྱུ་ཡིན་ལུགས་ཀྱི་བཀའ་ཡིག་འབྱོར་ཡོད་ཀྱང་། དོན་དུ་བཀའ་ཤག་ནས་སྤེན་ཚེ་ལ་བརྙས་བཅོས་དང་། སྒྲིག་ཁྲིམས་ཀྱི་ཚབ་ཏུ་དབང་ཆ་བེད་སྤྱོད་བཏང་ནས་སྐུ་སྒེར་གྱི་དབང་ཚད་དང་འབྲེལ་བ་ཡོད་པ་ཞིག་ལ་ཐད་ཀར་ལག་པ་འཆང་བ་ལྟ་བུ་རེད།
སྐུ་ངོ་སྤེན་ཚེ་གནས་དབྱུང་གཏོང་དགོས་པའི་གནད་འགག་གཏུགས་ས་གཅིག་ནི། བཀའ་ཤག་ནས་དོན་གཅོད་སྐུ་ངོ་སྤེན་ཚེ་ལ་འབྱོར་བའི་”ཉེན་བརྡ་ཐ་མ་ཡིན”ཟེར་བ་དེའི་ནང་དུ་”སྲིད་སྐྱོང་གི་བཀའ་ལ་བརྩི་གི་མི་འདུག བླང་དོར་སྒྲིག་གཞི་དང་འགལ་བའི་ལས་ཀ་བྱེད་ཀྱི་འདུག” སོགས་བཀོད་འདུག་ཅེས་སྐུ་ངོ་སྤེན་ཚེ་མཆོག་ནས་གསུངས་པ་འདི་རེད། “བཀའ”ལ་མ་བརྩིས་པའི་དཀའ་ངལ་ཞིག་བྱུང་ཡོད་ན་བྱེ་བྲག་གི་དོན་རྐྱེན་ཅི་ཞིག་དང་འབྲེལ་བ་ཡོད་པ་ཡིན་ནམ། ངོས་ལེན་བྱེད་ཐབས་མེད་པའི་”བཀའ”ཞིག་ཡིན་པས་་”བཀའ”ལ་མ་བརྩིས་པ་ཡིན་ན་བླང་དོར་སྒྲིག་གཞི་དང་ཇི་ལྟར་འགལ་བ་འགྲོ་བ་རེད། སྲིད་སྐྱོང་གི་བཀའ་ཡིན་པ་ཙམ་གྱིས་ངོས་ལེན་མ་བྱས་ན་སྒྲིག་གཞི་དང་འགལ་འགྲོ་བ་ཡིན་ན། “བཀའ”དེ་སུ་ཞིག་གི་ནག་ཉེས་འགེབ་སྲུང་གི་ཆེད་དུ་བཏང་བ་ཞིག་ཀྱང་ཡིན་སྲིད་པས་ན། དོན་དམ་དུ་”གནས་དབྱུང”གཏང་དགོས་པའི་མི་དེ་བློ་སེང་ཡིན་ངེས་རེད།
སྐུ་ངོ་སྤེན་ཚེས་ “ཨ་རིའི་སྐུ་ཚབ་དོན་གཅོད་ལ་འགྱུར་བ་གཏོང་མིན་གྱི་དབང་ཆ་འཛིན་སྐྱོང་བཀའ་ཤག་ལ་ཡོད་སྟབས། བཀའ་ཤག་གིས་ཐག་གཅོད་ག་རེ་གནང་པ་དེ་བཞིན་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད”ཅེས་གསུངས་ཡོད་པ་འདི་ནི། སྤེན་ཚེས་སྲིད་སྐྱོང་གི་བཀའ་ལ་བརྩི་གི་ཡོད་མེད་རྫུན་དང་ཧམ་པ་བཤད་ནས་ཁུངས་སྐྱེལ་ར་འཕྲོད་བྱེད་དགོས་དོན་མེད་པའི་བདེན་དཔང་དུ་གྲུབ་འདུག ཡང་སྐུ་ངོ་སྤེན་ཚེས”ང་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ཀྱི་སྤྱི་འཐུས་ལོ་༢༠ བྱས་མྱོང་མཁན་ཞིག་རེད། ་་་་་་ཁྲིམས་དང་སྒྲིག་གཞི་འགྲོ་ལུགས་འགྲོ་སྟངས་སོགས་གང་ལ་གང་འཚམས་ཤེས་ཀྱི་ཡོད།དེ་འདྲ་ཡིན་དུས། བྱ་སྤུ་གནོན་གྱི་སྒྲིག་འཛུགས་དང་འགལ་མེད་ལ། ད་ལྟའི་བར་དུ་བླང་དོར་སྒྲིག་གཞི་དང་གང་ཡང་འགལ་མེད་ཅེས་སྤོབས་པ་ཆེན་པོའི་ཐོག་ནས་ཞུས་ཐུབ་ཀྱི་ཡོད”། ཅེས་ཀུན་གླེང་གསར་འགོད་པའི་དྲི་བར་ལན་བཏབ་ཡོད་པ་ནི་དོན་ལ་གནས་ཤིང་གནད་དུ་ཁེལ་ཡོད། རྒྱུ་མཚན། “བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་སྐོར་གྱི་གསལ་བཤད”ཀྱི་ནང་དུ་སྐུ་ངོ་སྤེན་ཚེ་གནས་དབྱུང་གཏོང་དགོས་པའི་ནག་ཉེས་སྤུ་ཙམ་མེད་པ་གསལ་བོ་ཡིན་པས་སོ།།
སྐུ་ངོ་སྤེན་ཚེ་དང་འབངས་ཀྱི་རེ་བ།
སྐུ་ངོ་སྤེན་ཚེ་ལགས་ནས་སྒེར་གཅོད་པའི་བཀའ་ཡིག་ལ་ངོས་ལེན་བྱས་ནས་རང་གི་ཚབ་ཏུ་གཞན་ཞིག་བསྐོ་བཞག་བྱེད་ཆོག་ཆོག་ཡིན་པའི་གྲ་སྒྲིག་དང་རྣམ་འགྱུར་དེ་ཡག་པོ་མ་རེད། བཀའ་ཤག་གི་བཟང་སྤྱོད་དང་འགལ་བའི་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏོང་རྒྱུ་ཡིན་ལུགས་ཀྱི་བཀས་བཅད་ཡི་གེ་དེ་ངོས་ལེན་བྱེད་ཐབས་མེད་པའི་སྙན་ཞུ་ཞིག་ཆོག་པའི་ལམ་ཁ་ཐབས་ཀྱིས་འཚོལ་དགོས་པའི་དུས་ལ་བབ་པ་རེད། རྒྱུ་མཚན། “བླང་དོར་སྒྲིག་གཞི”དང་འགལ་མེད་པའི་གདེངས་ཚོད་ཡོད་བཞིན་དུ་རང་གི་”ལས་གནས”ལ་སྲུང་སྐྱོབ་མ་གནང་ན། དེ་ཡང་གོང་ས་མཆོག་གི་ཐུགས་རེ་ལྟར་སྒྲུབ་པར་འབད་བརྩོན་མཐའ་གཅིག་ཏུ་བྱས་ཡོད་མེད་བསམ་བློ་ཞིབ་ཏུ་གཏོང་འོས་པ་ཞིག་རེད། <བཙན་བྱོལ་བོད་མིའི་བཅའ་ཁྲིམས་>ཀྱི་ལེའུ་དང་པོའི་གཞི་རྩའི་ལམ་སྟོན་དོན་ཚན་དང་པོ་ལས། “བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་བཅས”ཞེས་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐོག་ནས། སྤྱི་ནོར་གོང་ས་མཆོག་གིས་ཐད་བསྐོས་གནང་བའི་སྐུ་ཚབ་ཅིག་གནས་དབྱུང་གཏོང་བའི་དབང་ཚད་སུ་ལའང་མེད།
གལ་སྲིད་བློ་སེང་གིས་འགལ་འཛོལ་གང་ཡང་མེད་བཞིན་དུ་གོང་ས་མཆོག་གི་སྐུ་ཚབ་གནས་དབྱུང་གཏོང་ཕོད་ཀྱི་ཡོད་ན། དེ་ལ་མི་མང་གིས་འགན་ཁུར་ནས་ལས་འགུལ་སྤེལ་ཆོག་པ་ནི་མང་གཙོའི་གཞུང་ལ་མི་མང་གིས་ཞབས་འདེགས་ཞུ་བའི་རྣམ་པ་ཚད་ངེས་ཅན་ཞིག་ལ་འབྱོར་ཡོད་པའི་མངོན་རྟགས་ལོས་ཡིན་སྙམ། གང་ལྟར། བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ལ་སྲིད་སྐྱོང་གི་འགྲེལ་བཤད་ཀྱང་དེ་ལས་ལྷག་ཅིག་མེད་པ་གསལ་བོ་ཡིན་དུས། སྐུ་ངོ་སྤེན་ཚེས་མི་མང་གི་མངོན་འདོད་ལ་ཅི་མི་སྙམ་པར་མཁྲེགས་འཛིན་གྱི་སྟ་རེ་བཟུང་ནས་ཕེབས་མི་འགྲོ་བའི་རེ་བ་ཡོད། རེ་བ་འདི་བཀའ་ཤག་གི་མི་རྗེ་སྐུ་ངོ་རྣམ་པའི་སྙན་དུ་སྒྲོན་རོགས། གང་ཉིད་གོང་ས་མཆོག་གི་ཚབ་ཏུ་ཨ་རིའི་དོན་གཅོད་ལ་བསྐོ་བཞག་གནང་མཁན་སུ་ཡིན་པ་དེ་བརྗེད་མི་འགྲོ་བའི་རེ་བ་ཞུ་བཞིན་ཡོད། རེ་བ་འདི་མི་མང་གི་སེམས་འཚབ་ཡིན་པ་བཀའ་ཤག་གི་ཐུགས་ལ་ཞིག་འཇོག་རོགས། གལ་སྲིད། བཀའ་ཤག་གི་ངོས་ནས་ཨ་རིའི་དོན་གཅོད་གནས་དབྱུང་གི་ཐག་ཆོད་འདི་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་འདོད་མེད་ཚེ། ཆ་རྐྱེན་ཞིག་མེད་ན་ལས་འགུལ་གྱི་དམིགས་ཡུལ་འགྲུབ་དཀའ་བ་ཆོས་ཉིད་ཡིན་པ་ལྟར། གཞུང་དང་མི་མང་གི་དབར་ན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གང་ཡོད་ཚད་ཐམས་ཅད་ལ་རྐྱེན་ངན་པའི་བར་ཆད་དང་ཆག་སྒོ་བློ་ཡུལ་ལ་ཤོང་དཀའ་བ་རེ་འབྱུང་མི་སྲིད་པ་མིན་པས། འདི་ཡང་བཀའ་ཤག་ལ་སྙན་སེང་ཞིག་ཞུ་རོགས།
བློ་སེང་གིས་མཇུག་བསྡུས་པ།
གཞུང་ལ་ཤ་ཚ་བའི་མི་མང་འུ་ཐུག་ཐབས་ཟད་ཀྱི་གཡང་ལ་གཡུགས་ནས་ཆབ་སྲིད་ཀྱིས་རྩེད་མོ་རྩེ་བའི་དུས་ཚོད་ཅིག་མིན་པ་ཤེས་བཞིན་དུ། སྲིད་སྐྱོང་གིས་རང་གི་མཚན་སྙན་དང་གོ་གནས་སྲ་བརྟན་ཡོང་ཐབས་ཁོ་ནའི་ཆེད་དུ་ཆོལ་ཁ་དང་ཆོས་བརྒྱུད་དབར་གྱི་ནད་རྙིང་གིས་དབང་རྩ་སྦྲིད་ཅིང་ཧོལ་རྒྱུག་བྱེད་མཁན་ཚོ་བེད་སྤྱོད་བཏང་ནས་ཆིག་སྒྲིལ་གྱི་རྨང་གཞི་གཏིང་ནས་གཏོར་ཡོང་གི་ཡོད། ཚང་མས་དོ་སྣང་བྱེད་དགོས་ས་ཞིག་ཡིན་པ་འདྲ། སྲིད་སྐྱོང་གིས་སྐབས་འཚོལ་རང་ལུགས་པའི་མི་ཐ་ཆད་འགའ་རེ་མགོ་བསྐོར་ནས་མ་འོངས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་ཐབས་ལ་གྲ་སྒྲིག་དང་འཆར་གཞི་འཐེན་ཡོང་གི་ཡོད། དེ་ནི་ང་ཚོས་སྔ་ས་ནས་ཤེས་དགོས་པའི་གནད་དོན་མང་བའི་ནང་གི་གཅིག་རེད།
སྲིད་སྐྱོང་གིས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་གོམས་གཤིས་མ་འཇགས་ཤིང་བློ་ཁ་དམན་པའི་དམངས་ཚོགས་དཀྱུས་མ་རྣམས་ཀྱི་དགའ་མོས་འདོད་ཕྱོགས་ལ་བསྟུན་ཅི་ཐུབ་ཀྱི་སྒོ་ནས་དོན་སྙིང་མེད་པའི་སྐད་ཆ་སྙན་པོ་རྐྱང་རྐྱང་བཤད་ནས་མི་མང་གི་སེམས་འགུག་ཐབས་ལ་རྣམ་འགྱུར་སྣ་ཚོགས་སྟོན་གྱི་ཡོད་པ་ནང་བཞིན་དགའ་བསུ་དང་རྒྱབ་སྐྱོར་བྱེད་མཁན་ཡང་མུ་མཐུད་འབྱུང་མུས་ཡིན། ཡིན་ནའང་། བློ་སེང་ནི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་ཡོད་པའི་མི་ཞིག་མ་རེད། བོད་ཀྱི་རྩ་དོན་དང་འབངས་ཀྱི་བདེ་སྡུག་གི་ཆེད་དུ་ལྷག་བསམ་རྣམ་དག་གིས་འབད་འབུངས་ཡོད་དགུ་རྩལ་དུ་བཏོན་ནས་ཕྱག་ལས་གནང་མཁན་ཞིག་ཀྱང་མིན། མདོར་ན། བློ་སེང་ནི་བོད་ཀྱི་མ་འོངས་པའི་ཆེད་དུ་ད་ལྟ་ནས་གཟབ་གཟབ་དང་དོགས་ཟོན་ནན་པོ་བྱེད་དགོས་པའི་མི་དེ་ཡིན་ནོ།
འདི་ནི་དོན་གཅོད་གནས་དབྱུང་གི་གླེང་ཉོག་སྐོར་ལ་སྤེལ་བའི་དཔྱད་བརྗོད་རྩོམ་ཡིག་ཀུན་ལས་ཆེས་གནད་དང་དོན་ལ་གཞོལ་ཤོས་སུ་མཐོང་བྱུང་། གཞན་ཡང་རྩོམ་པ་པོ་ཁང་གསར་རྗོ་རྡོ་རྗེ་མཆོག་རྩོམ་གཉིས་སྤེལ་བའི་
་་་་་་་་་་ རྒྱལ་བ་རིན་པོ་ཆེའི་དབང་ཚད་ལ་ཐད་ཀར་ལག་པ་འཆང་ཕོད་པའི་ཧམ་པ་འདི་དོ་བདག་རང་ལ་ངོ་ཚ་མེད་པས་ཡིན་པ་ཤེས་ན་བཟང་གི འདིས་མི་མང་གི་སེམས་ལ་རྨ་ཁ་བཟོ་བཞིན་ཡོད། ་་་་་་་་
་་་་་་་་་་་་ དོན་དམ་དུ་”གནས་དབྱུང”གཏང་དགོས་པའི་མི་དེ་བློ་སེང་ཡིན་ངེས་རེད། ་་་་་་་་་ ཟེར།
་་་་་་་་ སྤྱི་ནོར་གོང་ས་མཆོག་གིས་ཐད་བསྐོས་གནང་བའི་སྐུ་ཚབ་ཅིག་གནས་དབྱུང་གཏོང་བའི་དབང་ཚད་སུ་ལའང་མེད། ་་་་་་་་་
་་་་་་་་་ བློ་སེང་ནི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་ཡོད་པའི་མི་ཞིག་མ་རེད། བོད་ཀྱི་རྩ་དོན་དང་འབངས་ཀྱི་བདེ་སྡུག་གི་ཆེད་དུ་ལྷག་བསམ་རྣམ་དག་གིས་འབད་འབུངས་ཡོད་དགུ་རྩལ་དུ་བཏོན་ནས་ཕྱག་ལས་གནང་མཁན་ཞིག་ཀྱང་མིན། མདོར་ན། བློ་སེང་ནི་བོད་ཀྱི་མ་འོངས་པའི་ཆེད་དུ་ད་ལྟ་ནས་གཟབ་གཟབ་དང་དོགས་ཟོན་ནན་པོ་བྱེད་དགོས་པའི་མི་དེ་ཡིན་ནོ། ་་་་་་་་་་་་ ཟེར།
སོག་ཚང་སྨོན་ལམ་ལགས་སུ་ OMG ཤིན་དུ་བཀའ་དྲིན་ཆེའོ།🙏🙏🙏
སོག་ཚང་སྨོ་ལམ་ལགས་ནས་
དཔྱད་གླིང་འདི་དོན་གནས་ལ་ཁྱད་པ་ཞིག་འདུག་
ཐུགས་ཇེ་ཆེ
འདི་ནི་དོན་གཅོད་གནས་དབྱུང་གི་གླེང་ཉོག་སྐོར་ལ་ད་ལྟའི་བར་སྤེལ་བའི་དཔྱད་བརྗོད་རྩོམ་ཡིག་ཀུན་གྱི་ནང་ནས་ཆེས་གནད་དང་དོན་ལ་གཞོལ་ཤོས་སུ་མཐོང་བྱུང་། གཞན་ཡང་རྩོམ་པ་པོ་ཁང་གསར་རྡོ་རྗེ་མཆོག་གིས་འདིའི་སྐོར་ལ་སྔ་རྗེས་སུ་རྩོམ་ཡིག་གཉིས་སྤེལ་སོང་བ་དེ་དག་ཀྱང་གཟུར་གནས་ལྡན་གྱི་གཏམ་འབའ་ཞིག་ཏུ་མཐོང་ངོ་། །
གཞན་ཡང་རྩོམ་པ་པོ་ཁང་གསར་རྡོ་རྗེ་མཆོག་གིས་འདིའི་སྐོར་ལ་སྔ་རྗེས་སུ་རྩོམ་ཡིག་གཉིས་སྤེལ་བ་དེ་དག་ཀྱང་གཟུར་གནས་བློ་ལྡན་གྱི་གཏམ་འབའ་ཞིག་ཏུ་མཐོང་ངོ་།
འདམ་སྐྱེས།
ཀྱི་མཆེན།
དེང་སྐབས་ངོ་དེབ་དང་འཕྲིན་ཕྲན། དེ་བཞིན་གསར་ཤོག་འདིའི་ནང་བཅས་ལ་༧གོང་ས་སྐྱབས་མགོན་ཆེན་མཆོག་ད་ལྟའི་ཆར་ང་ཚོར་དབུ་བཞུགས་ཡོད་བཞིན་དུ་སྲིད་སྐྱོང་མཆོག་ལ་ཡིན་ཁུལ་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲོལ་རྒྱུན་དང་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་ཕྱག་བསྟར་གནང་དང་གནང་བཞིན་པའི་གནད་དོན་རྣམས་མ་ཤེས་པའམ་མ་མཁྱེན་པའི་ཁུལ་གྱིས། རེ་ཟུང་གིས་ཕྱོགས་ཞེན་དང་འགའ་ཤས་ཀྱིས་བྱ་ཕྱོགས་འདིའི་སྤྱི་འཐུས་ཚོགས་ཟུར་ལགས་ལ་དགེ་སྐྱོན་ཇི་ཆགས་ཙམ་མ་ཟད། རྒྱལ་སྤྱི་དང་གཞིས་བྱེས་རང་རིགས་ནང་ཁུལ་ལའང་སྣང་བརྙན་ཇི་ལྟར་ཆགས་མིན་ལ་བསམ་གཞིགས་ཙམ་ཡང་མི་གནང་བར་རི་བོང་ཅག་འདྲོགས་བྱེད་སྟངས་འདི་རིགས་ལ་དཔྱད་ན་རང་སྲོག་རང་གཅོད་བྱེད་པ་ལས་ཁྱད་པར་མ་མཐོང་།
༧གོང་ས་མཆོག་དགུང་གྲངས་འདི་ཙམ་ལ་ཕེབས་པར་དབུ་འོག་དཔུང་འདེགས་མེད་ཁར། བདེན་པ་དང་སྤྱི་དོན་ཡིན་ཁུལ་གྱིས་གཟུ་བོའི་རྒྱུ་མཚན་སྣེ་གཅིག་མེད་པར་མགོན་པོ་གང་ཉིད་ནས་ལོ་གྲངས་དེའི་རིང་བཀྲིན་ཆེ་དང་ཆེ་བཞིན་པའི། བོད་མིའི་རིན་ཐང་ཉམས་དམན་དུ་གཏོང་བཞིན་པའི་བྱ་ཕྱོགས་འདི་རིག་མཚམས་མགྱོག་མ་བྱས་ཚེ། ཉིན་ཞིག་རི་ལུག་ན་ཐག་པས་མི་འདོང་བ་ཞིག་འབྱུང་ངེས་སུ་མཐོང་བ་མ་ཟད་མགོན་པོ་གང་ཉིད་ཀྱང་ཐུགས་ཕམ་འབྱུང་གཞི་ཞིག་འགྱུར་རྒྱུ་ཡིན་པ་ནི་མངོན་གསལ་རེད། དེས་མ་ཚད་མངའ་གསལ་ལྟར་གོ་སྐབས་འདི་དང་བསྟུན་ནས་ཕ་རོལ་པོས་ཀྱང་རང་རེའི་ནང་ཁུལ་དུ་བསམ་སྦྱོར་ངན་པ་གང་སྤེལ་དང་སྤེལ་མིན་བསམ་གཞིགས་ཐུབ་པ་ཞིག་རེད།
མང་གཙོའི་ཀ་བ་གསུམ་ནས་འཛིན་སྐྱོང་བཀའ་ཤག་གིས་རང་འགན་སྒྲུབས་ནས་དོན་གཅོད་འཕོ་འགྱུར་གནང་ཐད་དགོས་པ་དང་རྒྱུ་མཚན་བཅས་ཞིབ་གསལ་ཇི་གནང་ད་སྔོན་བྱུང་མ་མྱོང་བའི་གསལ་བསྒྲགས་དང་གསལ་བཤད་གནང་བ་ལས་ལྷག་མེད་པ་དྲང་བདེན་གྱིས་དཔྱད་ན་ཤེས་ཐུབ། ལར་ནས་དོན་
གཅོད་གཞུང་ཞབས་ཤིག་ཡིན་ན་འཕོ་འགྱུར་རྗེས་ལས་ངོར་བསྐོད་སྒྲིག་དགོས་ནའང་ཚོགས་ཟུར་སྤེན་ཚེ་ནི་གཞུང་ཞབས་མིན་པ་དང་། སླད་ཀྱང་ཁོང་ནས་གསལ་བཤད་གནང་རྒྱུ་ཡིན་ཚུལ་གསུངས་པ་ནི་ཕན་ཐོག་དང་དགེ་མཚན་དུ་མ་མཐོང་། གང་ལགས་ཞེས་ན་གསལ་བཤད་ནི་ཕྱོགས་ཚང་མས་ད་ལྟ་ནང
བཞིན་གནང་ངེས་ཀྱང་དོན་གྱི་བདག་པོས་ཐག་གཅོད་ཟིན་པ་ཞིག་རེད།
དེས་ན་ད་ལྟའི་བྱེད་སྟངས་འདི་ལ་ལྟས་ན་འབྱུང་འགྱུར་ང་ཚོའི་མདུན་ལམ་ལ་སེམས་འཚབས་ཅུང་ཙམ་བྱུང་ནའང་། རང་ཚུགས་མེད་པའི་བོད་མི་རེ་ཟུང་ཙམ་ལས་རྒྱ་ཆེའི་མང་ཚོགས་རྣམས་༧མགོན་པོ་གང་ཉིད་དང་རང་གཞུང་ལ་ཡིད་ཆེས་གཏན་པོ་ཡོད་པ་སྨོས་མ་དགོས་པ་ཞིག་རེད།
སྐད་ཆ་དྲང་པོ་ཞིག་གསུང་འདུག་ཐུགས་རྗེ་ཆེ། དེ་མིན་སྨྱལ་བ་ས་འོག་རིམ་པ་བདུན་གྱི་འོག་ལ་འགྲོ་དགོས་རྒྱུའི་མིང་ངནརེ་ཟུང་ཞིག་གིས་ཧམ་བཤད་ཁོ་ནའི་ཐོག་ནས་བཙན་བྱོལ་བོད་མི་ཚོ་ཐུག་པ་དཀྲུག་དཀྲུག་རེད་འདུག་
དཔྱད་བརྗོད་ཟེར་ན་འདི་འདྲ་ཞིག་དགོས་ལེ་རེད།།དེ་མིན་ཧ་བོ་མ་བོ་ཟེར་བ་དག་ལ་ལྟ་འདོད་མི་འདུག
ཨ་རི་དོན་གཅོད་གནས་དབྱུངས་བཏང་བ་ཟེར་བའི་ཐ་སྙད་དེ་བཀའ་ཤག་གི་ཡིག་ངག་གཉིས་ཀྱི་གསལ་བཤད་ནང་གསལ་ཡོད་པ་ཡིན་ནམ་།
༄༅། སོག་ཚང་སྨོན་ལམ།
མི་ལ་དྲང་པོ་མེད་སྐོད་བཤད་པར་་་དང་པོ་སོ་སོའི་སོ་སོར་དཔྱད་དགོས།
ཁྱོད་རང་ནས་ཕྱོགས་གཅིག་རྐྱང་རྐྱང་བཤད་བྲིས་བྱས་འདུག་
མཁས་པའི་དཔྱད་རྩོམ་འབྲི་ན་དཀྱིལ་ལ་བསྡད་ནས་་་ཕྱོགས་གཉིས་ཀར་སྐོར་དྲང་ལྡན་
འབྲི་དགོས་དེ་མིན་ན་་གཡག་ཞར་རའི་རྩ་ཟ་བ་བཞིན་འབྲི་མ་འབྲི་ཅང་མེད་རེད།
སོག་ཚང་སྨོན་ལམ་ལགས།
ཁྱེད་ཀྱིས་གཞུང་གི་འཛིན་སྐྱོང་དང་ཆབ་སྲིད་རྩ་བ་ནས་མཁྱེན་གྱི་མི་འདུག
བློ་སེང་བཀའ་ཁྲི་ཡིན་པའི་དབང་གིས། ཁོང་གིས་སྣེ་ཁྲིད་པའི་གཞུང་གི་སྐུ་ཚབ་འགྱུར་བ་གཏོང་བར་ཁོང་ལ་དབང་ཆ་ཚང་མ་ཡོད། བློ་སེང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲི་པས་ཁོང་གི་སྐུ་ཚབ་འགྱུར་བ་གཏོང་བ་དེ་ཚད་ལྡན་རེད། དེ་ཁྱེད་ཀྱིས་མཁྱེན་མི་འདུག བློ་སེང་གིས་སྐུ་ཚབ་སྔོན་མ་ཨུ་དཀར་ཚང་འགྱུར་བ་གཏོང་དུས་ཁྱེད་ག་པར་ཡོད།
ང་ཚོ་དམངས་གཙོར་འགྲོ་འདོད་མཁན་ཞིག་གི་ངོས་ནས་བཤད་ན། བློ་སེང་མི་དམངས་ཀྱིས་བདམས་པ་རེད། གཞུང་གི་ལས་བྱེད་བསྐོ་འཐེན་ཁོང་གི་དབང་ཆ་རེད། ད་དེ་ལས་གསལ་བ་ག་རེ་དགོས། ཁྱེད་ཀྱི་རྩོམ་སྔ་ཕྱི་ཚང་མ་ཆོ་མེད་རེད། རྒྱུ་མཚན་ནི་མི་འདུག རིགས་པ་ནི་མི་འདུག ཡོད་པ་དེ་ཆགས་ཞེན་ཁོ་ནའོ།
ཨ་རིའི་གཞུང་གིས་སྐུ་ཚབ་བསྐོ་འཐེན་སྐོར་ལ་མི་དམངས་ཀྱིས་ཐེ་འཇུས་མི་བྱེད། སྲིད་འཛིན་གྱིས་མིང་འདོན་བྱས། གྲོས་ཚོགས་ཀྱིས་བཅའ་འདྲི་བྱས་ནས། དམིགས་བསལ་གནས་ཚུལ་མེད་ན་བསྐོ་རྐྱང་དང་གཡུག་རྐྱང་རེད། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་མང་ཆེ་བ་དེ་ལྟར་རེད། རྒྱ་གར་ཡང་དེ་ལྟར་རེད། རྒྱ་གར་གྱི་སྐུ་ཚབ་འཕོ་འགྱུར་གཏོང་དུས། མི་དམངས་ཀྱིས་ངོ་རྒོལ་བྱས་པ་བྱུང་མ་སོང་།
བསམ་བློ་ཡག་པོ་ཐོངས་དང་། ང་ཚོས་ཆགས་ཞེན་དང་ལ་རྒྱས་ཁྲིམས་དང་སྒྲིག་གཞི་ཚང་མ་གཏོར་གྱི་འདུག
སོག་སྨོན་ལ་ཨམ་ཞེན་མ་གཏོགས་མེད་ཟིག་།
སྲིད་སྐྱོང་ལ་རྒྱུ་མཚན་རང་མགོ་ཆུ་འདྲེན་གྱི་གསལ་་བཤད་སྣ་ཁ་བཅུ་དེ་ལས་མེད་ན་་སྤེན་ཚེ་ནག་པོ་ཆགས་རྒྱུ་དཀའ་པོ་རེད་འདུག དེར་བསྟན་ཧམ་བཤད་པ་ཚོས་བློ་སེང་ལ་སྙིང་རྗེ་བསྒོམ་ནས་ཀླད་སྟོང་གི་དབང་ཆ་ལོག་སྤྱོད་ལ་ལེགས་གསོལ་མ་གནང་ན་ཁྱེད་དང་བོད་འབངས་ཚང་མ་བདེ་བ་ཡོང་གི་རེད། དེ་ལྟར་མ་གནང་ན་སྡིག་ཉེས་ཧ་ཅང་ཆེན་པོ་རེད། གནད་སྐབས་རིང་ཕྲན་བུའི་ཧམ་བཤད་ལམ་ལ་འགྲོ་ནའི་ཨ་གུ་ཤིན་རྗེའི་སར་ཧམ་བཤད་འགྲོ་ས་ཡོད་པ་མ་རེད་མ་ཟད་ཨ་ཁུས་ཀྱང་་ཐར་པ་གཏོང་གི་མ་རེད་དེ་ལྟར་དགོང་འཇགས་འཚལ།
གནད་སྐབས་རིང་
འདི།
གནས་སྐབས་རིང་
འཛིན་སྐྱོང་གིས་འཛིན་སྐྱོང་གི་ལས་བྱེད་འཕོ་འགྱུར་དང་གནས་དབྱུང་བཏང་བ་ད་རེས་ཐེངས་དང་པོ་མ་རེད། དེ་འདྲའི་གནས་ཚུལ་རིམ་པ་བྱུང་ཡོག་རེད་ལ་ཡོང་སྲིད་པ་ཞིག་ཀྱང་རེད། དེ་ལ་ཧ་ལས་ཧང་སང་དགོས་དོན་གང་ཡང་མི་འདུག། འོན་ཀྱང་ད་རེས་ཨ་རི་དོན་གཅོད་གནས་དབྱུང་ངམ་འཕོ་འགྱུར་བཏང་བའི་སྐོར་སྤྱི་ཚོགས་ཁྲོད་སྐད་ཆ་མང་པོ་བཟོ་གི་འདུག་པས་རྒྱུ་མཚན་ག་རེ་ཡིན་ནམ། ? ? ?
སྤྱི་ཚོགས་མདའ་དཀྲུགས་ཕུ་དཀྲུགས་བཟོས་ན་གྱོང་གུན་བོད་མི་ས་ཡ་དྲུག་ལ་རག་རྒྱུ་རེད་དོ།
་་་་་་་ སྤྱི་ཚོགས་མདའ་དཀྲུགས་ཕུ་དཀྲུགས་བཟོས་ན་གྱོང་གུན་བོད་མི་ས་ཡ་དྲུག་ལ་རག་རྒྱུ་རེད་དོ། ་་་་་་་
སྤྱི་ཚོགས་མདའ་དཀྲུགས་ཕུ་དཀྲུགས་བཟོས་ན་གྱོང་གུན་བོད་མི་ས་ཡ་དྲུག་ལ་རག་རྒྱུ་རེད་དོ།
ཆོལ་ཞེན་གྱིས་བཟི་དྲགས་པའི་བླུན་པོ་ཚོ་བེད་སྤྱོད་ཅེས་པའི་ཚིག་དང་། བློ་སེང་དོགས་པ་ཟ་དགོས་པའི་མི་རེད་ཟེར་བ། མ་འོངས་བོད་ཀྱི་རྩ་དོན་ཆེད་ད་ནས་གཟབ་དགོས་པའི་མི་རེད་ཟེར་བ་སོགས་་དོན་ལ་གནས་པའི་སྐད་ཆ་རེད་སྙམ་བྱུང་། མདོར་ན། བློ་སེང་ནི་རང་གི་ཁེ་ཕན་ཆེད་བོད་ལ་གྱོང་བཏང་བའི་མི་ཞིག་རེད། ད་རེས་ཚུལ་མིན་ལོག་སྤྱོད་སྒོས་སྤེན་ཚེ་བརྗེས་པ་དེས་བོད་ལ་གྱོང་ཆེན་པོ་བཏང་ཡོད་ལ། དགྲ་བོ་རྒྱ་དམར་ལ་འདོད་པ་བསྒྲུབས་ཡོད། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འགྲེལ་མོལ་སྒྲུབ་ཕྱོགས་སམ་བོད་རྒྱ་འགྲེལ་མོལ་འཛུགས་ཕྱོགས་ལ་གྱོང་གུད་ཆེན་པོ་བཏང་ཡོད། བལྟས་ཡོང་ན་འདི་དག་ཚང་མ་གུང་ཁྲན་གཞུང་གིས་ཆེད་མངགས་བྱས་པའི་རྣམ་པ་འདྲ་བོ་ཞིག་མཐོང་ཡོང་གི། འོ་་ལྐོག་ཟ་རུལ་སྲུངས་ཀྱི་དོགས་པ་ཡོད་པའི་མི་རེད་ཟེར་བ་དེ་ཡང་བདེན་པ་རེད། ལོ་སྔོན་མར་ཁང་བ་ཉོས་པའི་དངུལ་གྱི་སྐོར་ལ་གསལ་བཤད་མ་ཐུབ་པ་དེ་ཅིག་བྱས་ན། ད་རེས་ཀྱི་སྒྲོ་ལར་ས་ཡ་གཅིག་དང་ཕྱེད་ཀ་ལའང་འབྲེལ་བ་མེད་དམ་སྙམ་པ་ཞིག་ཀྱང་རེད་འདུག
རྒྱ་མིས་བཟོས་པའི་གློག་རྔན་རྒྱ་དང་འབྱར་པན་དམག་འཁྲུག་སྐོར། རྒྱ་མི་གདོག་ཉེས་པ་དེ་ཚོས་འབྱར་པན་གྱི་རྒྱུག་ཁྱི་བྱས། འབྱར་པན་གྱི་རྒྱ་དེ་ཚོ་སྤྲང་ཁྱིར་བརྩིས་ནས་རྒྱའི་ནང་ཁུལ་དུ་ཁྱི་དགྲ་ལང་རུ་གཅུག དུས་ཚོད་རིང་པོ་མ་སོང་བའི་རྗེས་འབྱར་པན་་གྱིསརྒྱ་དེ་ཚོའི་པད་ཀོག་སྒང་ལ་མེ་གདའ་བརྒྱབ། དེ་འདྲ་བ་བོད་མི་དོད་ཚོགས་རེ་ཟུང་ལས་བློ་སེང་དང་སྤེན་གཉིས་ཀས་དེ་འདྲ་རྩ་བ་ནས་བྱེད་ཀྱི་མ་རེད། ཧམ་བཤད་འཐེན་འཁྱེར་རྒྱ་ཁྱི་ཚོས་དྲང་ཚུག་ཟིན་ན་ཁྱེད་དང་བོད་འབངས་བདེ་བ་ལས། མུས་མཐུད་རྒྱ་ཁྱི་བྱས་ན་རིང་པོར་མི་ཐོག་པར་ཁྱེད་ཀྱི་པད་ཀོག་སྒང་ལ་རྒྱ་གུང་གྲན་གྱིས་མེ་མདའའི་རྔན་པ་ཤིག་སྤྲོད་ཀྱི་རེད། གང་ཡིན་ཟེ་ན་རྒྱ་ཁྱི་དེ་ཚོ་རྒྱ་མི་མིན་སྟབས་ཁྱེད་ཁྱི་ལྟ་བུར་བེད་སྤྱོད་བྱེད་པ་ལས་རྒྱ་ལ་རྒྱ་ལྷག་བསམ་ཅན་མང་མ་དྲག་ནའི་ཉུང་དྲག་ནས་རྒྱ་ཁྱི་དོད་ཚོག་ལྟ་བུར་ལ་ཐོག་ཡོད་པ་མ་རེད་ དེར་བསྟན་ཕ་བཟང་བུ་ཚོས་ཐུག་པ་མ་དཀྲུག་རོག་ཕྱོགས་སུ་ལ་གདེན་པ་འདུག་དེ་ལ་བརྒྱ་བསྐྱོར་གནང་རོག
བོད་རིགས་ལས་མེད། ཀླད་མེད་ལས་འགུལ།
https://www.facebook.com/tibettimespage/videos/1538457462913153/?hc_ref=ARRQWf2nX0n-mxKp7BLsWcS9LhQ00jF0aleag5b00ce_MF3k__iQ6M11TNfxg2DZx6A