བསྟན་འཛིན།
ལོ་སྔོན་མའི་བཀའ་ཁྲིའི་འདེམ་སྒོ་དང་། ཐེངས་འདིའི་སྐུ་ཚབ་གནས་དབྱུང་། དེ་བཞིན་རྒྱུན་གཏན་གྱི་སྤྱི་འཐུས་ཚོགས་འདུ་ནས་ང་ཚོས་ཤེས་པར། བོད་པ་རྣམས་ལ་མི་རིགས་གཅིག་གི་ལ་རྒྱ་དང་འདུ་ཤེས་མི་འདུག ང་ཚོ་ནི། ཨ་མདོ། ཁམས། དབུས། གཙང་། སྟོད་པ་སོགས་ཡུལ་གྲུ་དུ་མའི་ལ་རྒྱ་དམ་པོ་དང་ཕྱོགས་ཞེན་ནག་པོས་བཅིངས་པའི་མི་རིགས་རྗེས་ལུས་ཤིག་རེད་འདུག དཔང་པོ་ནི། བཀའ་ཁྲི་དང་། བཀའ་ཤག སྤྱི་འཐུས། ཨ་རིའི་སྐུ་ཚབ། དབུས་གཙང་། མདོ་སྨད། མདོ་སྟོད་ཀྱི་ཚོགས་པ་ཁག་གིས་བྱས་སོང་།
མ་འོངས་པར་ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་རྒྱུ་ནི་གཏན་ནས་མི་ཐུབ་པའི་རྨི་ལམ་ཞིག་ཡིན་པ་གཞི་ནས་ཤེས་སོང་། ཆོལ་གསུམ་ཆིག་སྒྲིལ་ཟེར་བ་འདི་བོད་རང་བཙན་ལས་གྲུབ་དཀའ་བ་ཞིག་རེད་འདུག ལ་རྒྱ་དང་ཕྱོགས་ཞེན་གྱིས་ང་ཚོ་ནི་ཇི་ལྟར་འཐེན་བཞིན་པ་འདི་དངོས་ཡོད་རེད། སློབ་གསོ་དང་། ཚན་རིག དཔལ་འབྱོར། རིག་གཞན་གང་གིས་ཀྱང་ང་ཚོའི་གླེན་རྟགས་དང་ལོ་རབས་དུ་མས་བཅིངས་པའི་ལ་རྒྱ་ངན་པ་འདི་གཏོར་མི་ཐུབ་པ་ད་གཟོད་ཤེས།
ད་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདིའི་ནང་ལ་ལོ་ཤས་མཉམ་དུ་གཤིབ་དགོས་ན། ཆོལ་གསུམ་ཆིག་སྒྲིལ་ཟེར་བ་དང་། རྒྱལ་བའི་དགོངས་པ་ཟེར་བ་འདི་གཉིས་ཀྱིས་སྐྱབས་མི་ཐུབ་པ་དཔང་པོ་མང་པོ་ཐོན་སོང་། འོ་ན་ང་ཚོས་ལོ་ཤས་མཉམ་དུ་གཤིབ་ནས། བཙལ་བྱོལ་ནང་གི་མི་དམངས་རྣམས་ལ་སྒྲིག་འཛུགས་ཀྱི་ཁེ་ཕན་མུ་མཐུད་ལེན་ནས། སློབ་གྲྭ་དང་། དགོན་པ། དེ་བཞིན་གཞིས་ཆགས་བཅས་ལོ་ཤས་མཉམ་དུ་འཚོ་དགོས་ན། ང་ཚོས་མགོ་ནས་སྒྲིག་གཞི་དང་ཁྲིམས་གསལ་པོ་ཞིག་བཟོས་ནས། དེ་ཁོ་ན་ལག་བསྟར་བཏང་ནས། ང་ཚོ་མཉམ་གནས་ཨེ་ཐུབ་བལྟ་དགོས་འདུག
ང་ཚོས་སྔོན་ལ་ཁྲིམས་དྲང་པོ། ཆོལ་ཁ་གསུམ་ཀས་འདོད་མོས་ཡོད་པ་ཞིག་བཟོས་ནས། དེ་ལག་ལེན་བསྟར་ཐུབ་ན། ང་ཚོ་ལོ་ཤས་མཉམ་གཤིབ་ཐུབ། དེ་ལྟར་ཡོང་བར། ང་ཚོས་ཁྲིམས་དང་སྒྲིག་གཞི་ཇི་འདྲ་ཞིག་བཟོ་དགོས་པའི་བགྲོ་གླེང་བྱེད་དགོས་འདུག
དཔེར་ན། བཀའ་བློན་ཁྲི་པའི་དབང་ཚད། སྤྱི་འཐུས་ཀྱི་དབང་ཚད། སྤྱི་འཐུས་སྒེར་གྱི་མི་སྣའི་དབང་ཚད་དང་ཤེས་ཡོན་གྱི་ཆུ་ཚད། ཀླད་པ་ཐང་ཐང་ཡིན་མིན་གྱི་སྨན་པའི་ལག་ཁྱེར་སོགས་བཟོ་དགོས་འདུག སྤྱི་འཐུས་ཁག་གཅིག་སེམས་ཁམས་ཐང་པོ་མེད་པ་ཀུན་ལ་ར་སྤྲོད་བྱུང་སོང་རུང་། ཁོང་ཚོ་གནས་དབྱུང་གཏོང་བའི་ཐབས་ལམ་ཞིག་མི་འདུག
གལ་ཏེ་བཀའ་བློན་ཁྲི་པའི་དབང་ཚད་ནང་ལ་ཁོང་ལ་དོན་གཅོད་སྐུ་ཚབ་སོགས་བསྐོ་དབང་ཡོད་ན། གཞན་སུ་གཅིག་གིས་ཇུས་གཏོགས་མ་བྱས་ན་བཟང་། ཁོང་གིས་བསྐོ་ནའང་འདྲ། གནས་དབྱུང་གཏོང་ནའང་འདྲ། ཁོང་གི་དབང་ཚད་ཡིན་ན། ཚང་མས་ཁ་བཙུམས་ནས་བསྡད་ན་བཟང་། དམངས་གཙོའི་རྒྱལ་ཁབ་མང་པོ་ཞིག་གི་ནང་ལ་སྐུ་ཚབ་དོན་གཅོད་ནི། རྒྱལ་ཁབ་དེའི་འདེམ་ཤོག་ཐོབ་པའི་སྲིད་འཛིན་དེས་བསྐོ་བཞག་བྱེད་པ་དང་། དེ་ལ་འཕོ་སྒྱུར་གཏོང་བ་སོགས་ཁོང་རང་གི་དབང་ཚད་ལས། གཞན་པས་ཇུས་གཏོགས་བྱེད་སྲོལ་ཞིག་མི་འདུག དེ་བཞིན་འཛམ་གླིང་གི་འགྲོ་སྟངས་ཤིག་ལ། སྐུ་ཚབ་དེས་རང་གི་མགོ་ལ་ཡོད་པའི་སྲིད་འཛིན་ལ་དྲི་བ་དང་རྩིས་བཤེར་བྱེད་པའི་སྲོལ་ཞིག་ད་བར་མཐོང་མ་སོང་། མ་འགྲིགས་པ་ཡོད་ན། ལས་བྱེད་བདག་གཉེར་ལས་ཁུངས་ཟེར་བ་དང་། ཨ་རི་ལྟ་བུར་ཞིབ་བཤེར་ལས་ཁུངས་ལ་སྙན་ཞུ་འབུལ་ནས་རྩད་གཅོད་གཏོང་སྲོལ་འདུག དབྱིན་ཇི་དང་དམངས་གཙོའི་རྒྱལ་ཁབ་གཞན་པ་ཚོར་ཁྲིམས་ཁང་ལ་སྙན་ཞུ་འབུལ་ནས། ཁྲིམས་ཀྱིས་སྲིད་འཛིན་སོགས་ཀྱིས་འགྲིགས་མིན་རྩད་གཅོད་བྱེད་སྲོལ་འདུག ང་ཚོར་ཡང་འདི་ལྟར་ཡོད་ན་བཟང་། དེ་ལྟར་ཡོང་བར་སྔོན་ལ་ཁྲིམས་གཙང་མ་དང་དྲང་པོ་ཞིག་དགོས་པ་བཤད་མི་དགོས།
ཁྲིམས་དེ་ལྟར་བྱུང་ན། ང་ཚོ་ལོ་ཤས་ཆོལ་ཁ་གསུམ་ཕན་ཚུན་གསོད་རེས་གཏོང་མི་དགོས་པ་དང་། དབང་ཆ་འཕྲོག་རེས་གཏོང་མི་དགོས་པའི་འགན་ལེན་ཡོང་རེ་འདུག དེ་མིན་ཆིག་སྒྲིལ་ལྟ་ཅི། སྡེབས་གསོད་ཀྱི་ལས་འགུལ་མ་སྤེལ་བའི་ངེས་པ་མི་འདུག སྐད་འཕྲིན་ནང་ལ་རང་གི་འདོད་པ་དང་འགལ་་བའི་སྐད་ཆ་བཤད་ན། འཇིགས་སྐུལ་དང་ཁ་རྡུང་གཏོང་བ་ལས། རྒྱུ་མཚན་དང་གནས་ལུགས་ཤོད་མཁན་མི་འདུག
དེར་རྟེན། ང་ཚོ་བོད་པ་རྣམས་སྒྲིག་འཛུགས་གཅིག་གི་འོག་ལ་སྡོད་དགོས་ན། སྔོན་ལ་ཁྲིམས་ཁ་གསལ་པོ་དང་། དྲང་པོ་ཞིག་བཟོ་དགོས་འདུག དེ་ནི་ང་ཚོའི་ཆོས་དང་མ་འབྲེལ་བའི་མགོན་སྐྱབས་ཉག་གཅིག་དེའོ།
དངོས་ཡོད་རེད་འདུག
དངོས་གནས་རེད་འདུག་ང་ལ་ཉམ་མྱོང་དེ་ལྟར་བྱུང་།
གདན་ས་ཁག་ཏུ་མཉམ་གནས་དང་ཆིག་སྒྲིལ་ཡོང་གི་ཡོད་རེད། རྡ་སའི་རི་ཞོལ་འདིར་མཉམ་གནས་དང་ཆིག་སྒྲིལ་མི་ཡོང་བའི་རྒྱུ་མཚན་གང་ཡིན་ནམ།
ཁྲིམས་དང་སྒྲིག་གཞི་ཁ་བདེ་ལྕེ་བདེ་མིན་།
ཁྲིམས་དང་སྒྲིག་གཞི་འགོ་འདྲེན་རིང་ལུགས་མིན་།
ཁྲིམས་དང་སྒྲིག་གཞི་ཕྱོགས་གཏོགས་ཤོག་བསྒྲིལ་མིན་།
ཁྲིམས་དང་སྒྲིག་གཞི་ལུང་ཚན་ཤོག་བསྒྲིལ་མིན་།
ཁྲིམས་སྲུང་ངོ་ཚ་ཡ་རབས་བཟང་སྤྱོད་རེད་།
ཁྲིམས་སྲུང་ངོ་ཚ་མཁས་པའི་དཔལ་ཡོན་རེད་།
ཁྲིམས་སྲུང་ངོ་ཚ་སྤྱི་ཚོགས་བདེ་འཇག་རེད་།
ཁྲིམས་སྲུང་ངོ་ཚ་ཕ་བཟང་བུ་རབས་རེད་།
ཁྲིམས་འགལ་སྒྲིག་འགལ་མང་གཙོའི་དགྲ་།
ཁྲིམས་འགལ་སྒྲིག་འགལ་རྒྱལ་ཁབ་དགྲ་།
ཁྲིམས་འགལ་སྒྲིག་འགལ་སྤྱི་ཚོགས་དགྲ་།
ཁྲིམས་འགལ་སྒྲིག་འགལ་བདེན་པའི་དགྲ་།
#3དགེ་འདུན་རྒྱ་མཚོ་ལྡན་པ་རྒྱ་ཆ་༡༠༠ཡོད་དོ་ གང་ལ་ཟེར་ན་ ལོ་གསུམ་དངཕྱེད་(༣/༥)ལས་ལྷག་མེད་ དེའི་ནི་བཀའ་ཤག་མི་བདུན་(༧)དང་དྲུང་ཆེ་གང་ཙམ་ནས་ རང་ཉིད་གྱི་ མ་འོང་མདུན་ལམ་བུ་ཕྲུག་དངབཅས་གསོལ་ཞིན་ཡོད་ སྔ་མོ་གང་སྐྱིད་གཡས་གཡོན་དུ་ པོ་པོ་ལགས་དང་མོ་མོ་ལགས་མང་པོ་ ལག་དུ་ཕྲེང་བ་མཁྱེར་དེ་སྐོར་བ་བྱེད་བཞིན་མཐོང་རྒྱུ་ཡོད་ ད་ན་ི་རྣམས་ཏོགས་ རྒྱ་གར་police དང་ངོ་རྒོལ་བ་མཐོང་རྒྱུ་འདུག་ དེ་ཐམས་ཅད་ ང་ང་ང་ ངའི་ངའི་ བཀའ་བློན་ཁྲི་པ་ ཡང་ན་ སྲིད་སྐྱོང་ ཡང་ན་ ཚོགས་གཙོ་དང་ དེའི་མཉམ་དུ་ཁྱི་མོ་ཟླ་སྒྲོན་ཡིན་ནོ་
ཁྱེད་ཀྱི་བསམ་ཚུལ་དེའང་ཡང་དགས་ཤིག་མཐོང་མ་སོང་། ཁྱེད་ཀྱི་དཔེ་དེ་འདྲ་བློ་སེང་གི་མངཔོ་་ལེན་ཡོག་རེད་དཔེར་ན་རྒྱ་གར་རང་བཙན་ལེན་སྟང་ཨ་ཕེ་རེགའི་རྒྱལ་ཁབ་ཁ་ཤས་རང་བཙན་འཐོབ་སྟང་སོགས་རེད་ ་རང་དབང་དེ་ཚོ་ལེན་མཁན་མི་དེ་ཚོ་སོ་སོའི་ལུང་པ་རང་ལ་སྡད་ནས་རང་དབང་འཐབ་བརྩོད་བྱས་པ་ལས་རང་དབང་གི་ལུང་པ་གཞན་ཞིག་ནས་ཁ་བདེ་པོ་བཤད་ནས་འཐོབ་པ་མ་རེད། ང་ཚོ་ལ་མི་དྲང་པོ་ཧམ་བཤད་མི་བྱེད་མཁན་སྔ་ཕྱི་ལ་བསམ་བློ་གཏོང་ནས་ལས་དོན་ཚང་མ་ཧོལ་རྒྱུག་མེད་པའི་ཐོག་མི་དམངས་ཀྱི་ཆ་འཇོག་འཐུབ་པའི་དབུ་འཁྲིད་ཞིག་ཁ་ཚ་དགོས་ཐུག་རེད། དེ་མིན་སྲིད་སྐྱོང་གི་རང་དབང་རེད་ཁོང་མི་དམངས་གི་འདེམས་པ་རེད་ཟེ་ནས་དོན་ཚན་བཅུ་ཡིས་རྒྱ་མཚན་ལ་བསྟན་ནས་དབང་ཆ་ལོག་སྤྱོད་དེ་སྐྱེ་བུ་རབས་ཤིག་གི་་བྱེད་སྟང་མ་རེད་ ང་ཚོ་ད་ལྟ་ལུང་པ་མེད་པའི་མི་ཤ་ཏག་རེད་མཐོ་བློ་སེང་ནས་གཤམ་མི་དམངས་བར་དང་མཐོ་བླ་མ་ནས་བར་བྲ་བཙུན་བར་་
ཕྲན་བུ་ཞིག་གི་ཐོག་ནས་སྒོ་བསྐྱག་ནས་འགྲོ་རྒྱ་བྱུང་བ་དེ་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་རེད་དེར་བསྟན་ད་ལྟའི་གནས་སྐབས་ལ་ཁོང་གི་བཀའ་སློབ་ཤིག་ཕེབས་འདོག་ཁ་པོ་རེད་དེ་ལ་ཤར་བསྐྱོད་བྱས་ནས་རིན་པས་ཉམ་མྱོང་ལ་གཞི་བཞགས་ནས་བོད་འབངས་ཚང་མ་ཕྲན་བུ་སྒོ་བསྐྱག་རྒྱུ་བྱུང་བ་དེ་ཡང་སྐྱར་གྱེར་མི་འགྲོ་བ་ཚང་མས་ཐུགས་འཇག་གནང་གལ་ཆེ།
ངས་སྔོན་མ་ནས་ཁྲིམས་དང་སྒྲིག་གཞི་ལག་ལན་་གནང་དགོས་ཀྱི་འདུག ཟླ་བ་ཚེ་རིང་སྤྱི་མཐུས་ཀྱི་འོས་གཞི་ཚང་མི་འདུག་བཤད་དུས། ཁྱེད་ཚོས་ངོས་ལན་གནང་གི་མི་འདུག དེ་རིང་ཁྱེད་ཚོས་ཁྲིམས་དང་སྒྲིག་གཞི་ཟེར་ནས་མང་པོ་བཤད་ཡོངས་ཀྱི་འདུག
མང་གཙོའི་ལམ་ལུགས་ཁྲིམས་ཀྱི་འོག་ཏུ་སྲུང་།
དམངས་གཙོའི་ལམ་ལུགས་གྲལ་རིམ་འོག་ཏུ་སྲུང་།
མང་གཙོའི་འཛིན་སྐྱོང་བཅའ་སྒྲིག་འོག་ནས་སྲུང་།
དམངས་གཙོའི་འཛིན་སྐྱོང་འགོ་འདྲེན་འོག་ནས་སྲུང་།