གཡུ་རྔོག་ཐུབ་བཟང་།
སྐུ་ངོ་བློ་བཟང་སེང་གེས།།
མང་ཚོགས་གླེན་པ་ཁྱུ་ཞིག།
གླེན་འཁོར་ཡོང་བ་ཤེས་ནས།།
མགོ་སྐོར་འཁོར་ལོ་བསྐོར་སོང་།།
སྐུ་ངོ་ཤེས་རིག་བཀའ་བློན།།
དྭང་བླང་བྱེད་པར་ཕེབས་དུས།།
རྒྱུས་ཡོད་ལས་བྱེད་རྣམ་པས།།
ད་ཡང་འགྲིག་མེད་གསུང་ཡོད།།
ཆོས་མེད་ཀརྨ་གཡུ་ཐོག།།
སྡུག་ཅག་རེད་ཅེས་མ་སྡིག།
ཆབ་སྲིད་ནག་པོ་འཁྲབ་རྒྱུ།།
ཁྲག་ལ་ཞུགས་ནས་ཡོད་རེད།།
གླང་དར་ཁྲིམས་ཕོག་ཟེར་བའི།།
ལྷ་སྐུ་བོད་ལ་བྱུང་རེད།།
སེང་གེ་སྐུ་ངོའི་རིང་ལ།།
འབངས་ཀྱི་གྱེན་ལོག་བྱུང་སོང་།།
དོལ་འདྲེ་ཤུགས་ལྡན་ཚོགས་པས།།
དགའ་འབོད་གནམ་ལ་བསྒྲཊ་སོང་།།
སྐུ་ངོ་སྲིད་སྐྱོང་ཕྱོགས་ལ།།
མཐེ་བོང་མང་པོ་ཀེར་སོང་།།
ཟླ་བ་སྒྲོལ་མའི་ནུ་མ།།
གཡུ་ཐོག་རྒད་པོར་སྐྱེས་ན།།
རྒད་པོ་ཀརྨ་གཡུ་ཐོག།
ཉམས་བཟང་དོད་པོ་ཡོང་བ།།
༄༅། ཀླད་སྟོང་ཤེས་ཡོན་མེད་པ། ནང་དོན་ཅི་ཡང་མི་ཤེས།
གཞུང་ལ་ངོ་རྒོལ་བྱས་སོང། དགྲ་དགའ་གཉེན་སྡུག་བཟོས་སོང།
ཁྱེད་ཚོ་གཉིད་སྐྱིད་མི་ཁུག་། ཟས་ནས་བྲོ་བ་མི་ཡོང།
ེ
སྲིད་སྐྱོང་ཐོག་མར་ལངས་མཁན། །
བློ་སེང་ཕ་རྒོད་ཐོབ་སོང་། །
་
སྲིད་ཁྲི་ཐོག་མར་ཤོར་མཁན། །
སྤེན་ཚེ་ཁོང་ལ་གནག་སོང་། །
་
སྐལ་རྡོར་གྲོགས་པོ་སྙིང་ཐུབ། །
སྲིད་ཚབ་ཀརྨ་དགེ་ལེགས། །
་
བཀའ་བློན་དངོས་གྲུབ་ཁྱི་རྒན། །
བཀའ་ཤག་ངོ་རྒོལ་བྱུང་སོང་། །
༄༅། ཨ་རྩི་དེ་འདྲའི་མ་ལབ། འབངས་ཀྱི་གྱེན་ལོག་མ་རེད།
བསམ་མེད་མི་སྣ་འགའ་ཡིས་། ཆེད་བཟོས་བྱས་པའི་རྙོག་ཁྲ།
རང་ཡུལ་བཙན་འཕྲོག་བྱས་ནས། མི་ལོ་ལྔ་བཅུ་བརྒལ་སོང།
རང་སྲོག་མཆོད་མེ་ཕུལ་ནས། བརྒྱ་དང་ལྔ་གཉིས་བསླེབས་སོང།
གྱེན་ལངས་དགྲ་ལ་བྱེད་དགོས། རྒོལ་ན་དགྲ་ལ་རྒོལ་དགོས།
ནང་ཁུལ་ཕྱོགས་ཞེན་དེ་ནི། དགྲ་དགའ་གཉེན་སྡུག་རེད་འདུག།
རྒྱལ་འབངས་གྱེན་ལོག་མ་རེད།
མང་གཙོའི་རང་དབང་རེད་དོ།
སྲིད་སྐྱོང་དྲང་པོ་མ་རེད།
སྤེན་ཚེ་དྲང་བ་རེད་དོ།
ས་ཡ་གཅིག་ཕྱེད་མ་རེད།
ལག་གཡོན་གཡས་སྤྲོད་རེད་དོ།
སྐལ་རྡོས་ནོར་བ་མ་རེད།
བློ་སེང་གཡོ་སྐྱོན་རེད་དོ།
སྤེན་ཚེ་སྲིད་སྐྱོང་ཆགས་ཚེ།
ཁམས་ཕྲུག་གར་འཁྱམས་ཕྱིན་འོངས།