བློ་གྲོས་རབ་བརྟན།
བློ་བཟང་སེང་གེ་འཇོན་སོང་།།
ཤར་གླིང་ཟླ་སྒྲོན་འཁྲབ་སོང་།།
དངོས་གྲུབ་ཚེ་རིང་འཕུར་སོང་།།
སྐལ་བཟང་རྡོ་རྗེ་ལུས་སོང་།།
ཤར་གླིང་ཟླ་སྒྲོན་རྐུབ་ལ།།
ཉི་མ་ནུབ་ནས་ཤར་སོང་།།
ཉིན་གཅིག་བཀའ་བློན་བྱེད་ལ།།
བློ་སེང་འཇོན་ཐང་ངོམ་སོང་།།
ནུབ་ཀྱི་ཨ་རིའི་ཡུལ་ནས།།
དངོས་ཚེ་རྡ་སར་བླངས་ཏེ།།
བློ་སེང་ཨ་ཕོའི་ཟུར་ནས།།
དངོས་ཚེའི་འཁྲབ་ཚན་ཡག་སོང་།།
ཨ་རིའི་དོན་གཅོད་ནང་ན།།
བློ་སེང་སེམས་པ་ལྷག་འདུག།
སེམས་སྲུང་སྐལ་བཟང་རྡོ་རྗེ།།
ལས་ཀྱིས་རྡ་སར་ཕེབས་སོང་།།
ཤར་གླིང་ཟླ་སྒྲོན་མཛེས་སོང་།།
བློ་སེང་ཕོ་གསར་རྫིག་སོང་།།
མཛེས་རྫིག་གཉིས་ཀྱི་བར་ན།།
སྐུ་ངོ་སྤེན་ཚེ་མྱངས་སོང་།།
དངོས་ཚེ་རྒན་པོ་ཡིན་རུང་།།
རང་དོན་སེམས་ནས་མི་བརྗེད།།
རང་ལ་ཁེ་ཕན་ཡོད་ན།།
གདོང་པ་ཚ་རྒྱུ་མི་འདུག།
བློ་སེང་སེམས་པ་དངུལ་རེད།།
དངུལ་དེ་ཨ་རིའི་དངུལ་རེད།།
གྲངས་ཀ་ཉུང་ཉུང་མ་རེད།།
ས་ཡ་གཅིག་དང་ཕྱེད་རེད།།
དོན་གཅོད་ཁང་ཆུང་ནང་ནས།།
སྐལ་བཟང་རྡོ་རྗེས་འཇོན་འདུག།
དངུལ་དང་རྩིས་ཀྱི་ཐད་ལ།།
འཁྲབ་རྒྱུ་ཡོད་ཚད་འཁྲབ་འདུག།
སྤེན་ཚེས་དོན་གཅོད་རྩིས་རྙོག།
གང་ཡིན་གསལ་ཁ་བཏོན་དུས།།
བློ་སེང་ངར་ཐག་ཆོད་དེ།།
སྤེན་ཚེ་ཐང་ལ་བརྡབས་སོང་།།
བདེན་པ་རི་ལས་མཐོ་ན།།
བདེན་དོན་སྨྲ་ལ་དཔའ་ཡོད།།
དཔའ་མཛངས་ཟུང་གི་སྐད་ཆར།།
མི་རིང་གོ་ལ་སྒུག་ཡོད།།
བློ་སེང་མཁས་དབང་ཡིན་རུང་།།
ཟླ་སྒྲོན་གཅེས་རྒྱུ་མང་སོང་།།
ཤར་གླིང་ཟླ་སྒྲོན་གཅིན་པ།།
བཀའ་ཤག་ནང་ན་བཏང་སོང་།།
ཨ་ཅེ་ཟླ་སྒྲོན་ཁོམ་ཡོད།།
སྤེན་ཚེའི་སྐད་ཆ་དྲན་ཡོད།།
དྲན་པ་མ་བརྗེད་གོང་ལ།།
བློ་སེང་སྙན་ལ་བསྒྲོན་ཡོད།།
ཤར་གླིང་ཟླ་སྒྲོན་མོ་རེད།།
བློ་བཟང་སེང་གེ་ཕོ་རེད།།
མོ་ཡི་མདུན་གྱི་ཕོ་དེ།།
ཕོ་ཞིག་ཡིན་ཚོད་མི་འདུག།
བསྟན་འཛིན་ཟླ་སྒྲོན་ཡག་སོང་།།
བློ་བཟང་སེང་གེའི་ལག་ནས།།
དམར་ཧྲིང་འཁྲབ་རྒྱུ་མང་ན།།
སྟུ་ལ་ལྟ་ནི་མི་འདུག།
བློ་བཟང་སེང་གེའི་ཕྱོགས་ལ།།
རེ་བ་རི་ལས་མཐོ་མྱོང་།།
རེ་བཞག་ཆུ་ལ་བསྐུར་དུས།།
སེམས་པ་གྲང་ཚད་མི་འདུག།
སྤེན་ཚེ་ཐང་ལ་བརྡབས་ཀྱང་།།
སྤེན་ཚེ་དྲང་མོ་ཡིན་པ།།
བློ་སེང་བསམ་དོན་གྲུབ་ཀྱང་།།
རྫུན་དང་གཡོ་སྒྱུ་ཡིན་པ།།
བདེན་པ་སུ་ལ་ཡོད་ན།།
རྒྱལ་ལ་སྨོན་ལམ་ལོས་འདེབས།།
རུལ་སུངས་གང་དུ་ཡོད་ན།།
མགོ་ལ་གཅིན་པ་གཏང་དགོས།།
རྫུན་དང་གཡོ་སྒྱུའི་དཔོན་ཞིག།
མི་དགོས་ཁོ་ཐག་ཡིན་ནོ།།
དྲང་བདེན་གཙུག་ཏུ་བཀུར་བའི།།
དཔོན་ཞིག་འབྱོན་པར་སྨོན་ནོ།།
བློ་སེང་ལགས་ནི།
་
བློ་སེང་བཙན་བྱོལ་བུ་ཕྲུག །
བློ་སེང་ཁམས་པའི་ཨབ་ཕྲུག །
བློ་སེང་གཞོན་ལྷན་ལས་བྱེད། །
བློ་སེང་ཧ་ཝར་འབུམ་རམས། །
་
བློ་སེང་འོས་མིར་ལངས་སོང་། །
བློ་སེང་ལས་བྱེད་བྱས་མེད། །
བློ་སེང་བདེན་རྫུན་བསྒྲགས་ནས། །
བློ་སེང་སེང་ཁྲིར་བཞེངས་སོང་། །
་
བློ་སེང་ལོ་ལྔའི་རྗེས་ལ། །
བློ་སེང་ཡང་བསྐྱར་ལངས་སོང་། །
བློ་སེང་ལངས་མ་ཐག་ནས། །
བློ་སེང་སྲིད་ཁྲི་ཉར་སོང་། །
་
བློ་སེང་བོད་ཡིག་སྐྱོ་ཡང་། །
བློ་སེང་ཨིན་སྐད་མཁས་སོང་། །
བློ་སེང་ཨིན་སྐད་ནང་དོན། །
བློ་སེང་སྐད་གྲགས་བཞག་ནས། །
་
བློ་སེང་དིང་དུས་ཕོ་གསར། །
བློ་སེང་ཀྲོག་ཀྲོག་ཆེ་ཡང་། །
བློ་སེང་༸རྒྱལ་བའའི་དབང་པོའི། །
བློ་སེང་ཐུགས་བཀུག་བསྟོད་སོང་། །་
་
བློ་སེང་འཇོན་སོང་འཇོན་སོང་། །
བློ་སེང་ནང་འཁྲུགས་འཇོན་སོང་། །
་
བློ་སེང་འཇོན་རང་འཇོན་ན། །
བློ་སེང་༸གོང་ས་མཆོག་ཁོང་། །
་
བོད་ནང་གདན་འདྲེན་ཐུབ་བམ། །
བོད་ནང་རང་དབང་འོངས་སམ། །
་
བློ་སེང་སྐུ་ཚེ་བརྟནད་ཅིང་། །
སྲིད་སྐྱོང་རྟག་ཏུ་རྒྱལ་ཅིག །
སྲོད་ལ་ཟླ་སྒྲོན་ཐུག་ནས།
སྙིང་གཏམ་མཚན་གང་བཤད་ཀྱང་།
མཐོ་རེངས་ལྐོག་ཏུ་བྲོས་ནས།
བཀའ་ཤག་ནང་ལ་ཤོར་འདུག
ཤར་གླིང་ཟླ་བ་སྒྲོན་མ།
འོག་འདེགས་མི་འདུག་མ་གསུངས།
འཕར་ལྡིང་ཆེན་པོ་ཞིག་གིས།
སྤེན་ཚེ་ས་ལ་དབྱུགས་སོང་།
བཀའ་བློན་ཁྲི་པ་མི་དགོས།
སྐུ་ཚབ་དོན་གཅོད་མི་དགོས།
ཟླ་བ་སྒྲོན་མ་བྱུང་ན།
སྦ་འཛིལ་ཕྱོགས་ལ་འགྲོ་ཆོག
རྡ་ས་རི་བོའི་རྩེ་ནས་།
སྤེན་ཚེས་སྙིང་གཏམ་བཤད་ཀྱང།
ཤར་གླིང་ཟླ་བ་སྒྲོལ་མས་།
སྤེན་ཚེ་ཆུ་ལ་སྐྲུར་སོང།
ཨ་ཙི་ཟླ་བ་སྒྲོལ་མ།
གོ་སར་རྔམ་འདོོད་དེ་འདྲ།
ཡོད་འགྲོ་བསམ་པ་མ་བྱུང།
མི་ངན་གཡོ་བྱུས་འོག་ལ་།
རང་གི་མདུན་ལམ་ཤོར་སོང།
ཨ་ཙི་ཟླ་བ་སྒྲོལ་མ།
ཡིད་ཆེས་ཉོ་དགོས་བསམ་ཡང།
ཉོ་ས་མེད་པ་ཆགས་སོང།
ཡིད་ཆེས་བཟོ་དགོས་བསམ་ཡང།
བཟོ་ས་མེད་པ་ཆགས་སོང།
ཐོབ་དང་གོ་སའི་བར་ན།
ཤར་གླིང་ཟླ་བ་སྒྲོལ་མའི་
ཡིད་ཆེས་རིན་མེད་བཙོང་སོང།
ཤར་གླིང་ཟླ་བ་སྒྲོལ་མ་།
སེམས་པ་སྐྱོ་བ་མ་གནང།
མུ་མཐུད་ཕྱི་དྲུང་བྱས་ན་།
ལྟས་མོ་ལྟ་རྒྱ་མང་ཡོང།