བློན་གསེར་ཆེན།
ཀ་ཡེ་གསོན་དང་ཕུ་ནུ་མིང་སྲིང་ཚོ།།
ཁ་སང་དེ་རིང་བྱུང་བའི་རྩོད་ཉོག་འདི།།
ག་ལེར་ཕྱི་གསལ་ནང་གསལ་མ་བྱུང་ན།།
ང་ཚོ་འཐོར་རྒྱུ་ཡིན་པ་ཁག་ཐེག་རེད།།
ཅ་དག་ནུབ་ལྭ་གྱོན་པའི་བློ་སེང་གཅིག།
ཆ་ལུགས་བཙུན་གཟུགས་ཀརྨ་གཡུ་ཐོག་གཉིས།།
ཇ་འཚོང་ལྟ་བུའི་བཀའ་དྲུང་སྐུ་ངོ་ཚོའི།།
ཉ་ཉོག་གཏམ་གྱིས་ཕུ་དཀྲུག་མདའ་དཀྲུག་བྱས།།
ཏ་ལའི་ལྗོན་བཟང་ལྟ་བུའི་དོན་གཅོད་ནས།།
ཐ་ཤལ་སྐལ་རྡོར་སྐབས་ཀྱི་གསང་བའི་རྩིས།།
ད་ལོར་ཕྱིར་སྒྲོགས་གནང་པས་གནོང་བ་ཡིས།།
ན་ཟུག་སྙིང་ནས་མ་བཟོད་གནས་དབྱུང་བཏང་།།
པ་ལོ་དཀར་བོའི་མི་ཐོག་རྒན་པ་དང་།།
ཕ་མ་ལྟ་བུའི་སྐྱེས་ཆེན་དམ་པ་ཚོས།།
བ་གམ་བཞིན་དུ་བརྩེགས་པའི་སྒྲིག་འཛུགས་འདི།།
མ་རབས་དཔོན་པས་རྨང་ནས་གཏོར་ལ་ཉེ།།
ཙ་རིའི་གནས་བཟང་གངས་དཀར་རི་བོ་ལྟར།།
ཚ་ཐོག་འདི་ནས་གསལ་གསལ་ཐིང་ཐིང་ཞིག།
ཛ་དྲག་ཚོགས་པ་ཚོ་དང་གསར་འགོད་པས།།
ཝ་སྐྱེས་བཀའ་ཤག་ཕུ་འདེད་བདའ་འདེད་དགོས།།
ཞྭ་མོ་ནག་པོ་སུ་ལ་འོས་པ་དང་།།
ཟ་འདྲེ་ཕུང་དཀྲུག་བྱེད་མཁན་གང་ན་འདུག།
འ་ཅག་མི་དམངས་ཡིན་རུང་འགན་འཁུར་ནས།།
ཡ་མ་བརླ་ཚོ་རང་ཡན་མ་གཏོང་རོགས།།
ར་བ་གངས་བསྐོར་རང་ལ་མི་དབང་གི།
ལ་ལུང་ཞིག་ནས་བཙུགས་པའི་སྒྲིག་འཛུགས་འདི།།
ཤ་ཚ་སྙིང་རྗེ་མེད་པར་གཏོར་བཏང་ན།།
ས་ཐོབ་སེམས་དཔའ་ཡིན་རུང་བཟོད་ནུས་སམ།།
ཧ་ཅང་གཟབ་ནན་ཞིབ་མོས་འདང་ཞིག་རྒྱོབས།།
ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཕྱིར།།
མཐུན་ལམ་ཤེལ་གྱི་གོང་བུ་བཅག་དང་ཐལ།།
བོད་མིའི་རྩ་དོན་རླུང་ལ་བསྐུར་དང་ཐལ།།
༢༠༡༧/༡༡/༡༦ ལ་བྲིས།
བློན་གསེར་ཆེན་ལགས་བོད་ཀྱི་ཁ་དཔེ་ཞིག་ཡོད་པ་ནི་་་་་རོ་མ་མཐོང་གོང་ནས་མ་ངུས་ཟེར་བ་ལྟར་གང་ཡང་གསལ་ཁ་མ་བྱུང་གོང་བོད་མི་སྤྱིས་འདེམས་པའི་རང་གི་འགོ་འཁྲིད་དང་སྒྲིག་འཛུགས་ལ་དེ་འདྲིའི་ཚིག་རྩུབ་དང་ངན་སྨོད་མ་གནང་ན་ལེགས།་་་ང་ལ་སྤེན་ཚེ་དང་བློ་གསེང་གཉིས་ཀ་གལ་མི་ཆེ་སྐབས་སུ་བོད་མིའི་མཐུན་སྒྲིལ་གལ་ཆེ་།།
ཀ་བ་བུམ་པ་རྩོད་པའི་ཨ་ཁུ་ཚོ།།
ཁ་ཅིག་རང་ལུགས་བརྩད་ནས་བསྡད་ན་བཟང་།།
ག་ས་གང་ལ་ཇུས་གཏོགས་མང་དྲག་ན།།
ང་ཚོའི་དམངས་སྲིད་འཁྲུགས་ནས་ཐོར་ལ་ཁད།།
ཅ་ཅོའི་གཏམ་གྱིས་བཟི་བའི་སེར་སྐྱ་ཚོས།།
ཆ་རྒྱུས་མེད་པའི་གཏམ་ཡན་མ་སྒྲོག་རོགས།།
ཇ་ཆང་འཐུང་ནས་ཁ་རོག་ཁ་དེ་བཙུམས།།
ཉ་ཉུང་བསྲེས་པའི་སྤྱི་ཚོགས་ཕོངས་འདེད།།
ཏ་ལའི་བླ་མའི་ཐུགས་དགོངས་དཀྲུགས་ཕྱིར་དུ།།
ཐ་ཤལ་མང་བོས་དགོས་མེད་སྲིད་དབང་རྩོད།།།
ད་ལྟའི་བཙན་བྱོལ་སྲིད་ཀྱི་ཁ་ལོ་འདི།།
ན་གཞོན་འདི་ཚོས་འུར་གྱིས་ཕོངས་ལད་ཁད།།
པ་ལོ་མེད་པས་ཆོས་བརྒྱུད་ཕྱོགས་རིས་བྱེད།།
ཕ་ཡུལ་གཅིག་པས་སྲིད་ཀྱི་དཔུང་ཁག་བསྒྲིགས།།
བ་མོ་སེར་གྱིས་མེ་ཏོག་བཅོམ་པ་བཞིན།།
མ་རབས་སྤྱོད་པས་ཆོས་སྲིད་བསྒྱུར་ལད་ཁེད།།
ཙ་མུ་ཌི་སྟེ་ཤར་གླིང་ཟླ་སྒྲོན་གཅིག།
ཚ་གེ་ཚིག་གེ་བློ་བཟང་སེང་གེ་གཉིས།།
ཛ་བ་ཛུབ་བེ་སྤེན་པ་ཚེ་རིང་གསུམ།།
ཝ་མོ་གཡོ་རྒྱུས་ཅན་ཚོས་རང་འཚང་སྟོན།།
ཞྭ་མོའི་ཁ་དོག་བསྒྱུར་ནས་ཁྲི་ལ་འཛེགས།།
ཟ་འཐུང་མང་བོས་སྲིད་ཀྱི་སྐུ་དབང་ཉོས།།
འ་འུར་རྫུན་གྱིས་ཤེས་དམན་དམངས་སེམས་བསླུས།།
ཡ་རབས་ཁ་ནས་བཤད་པས་ཅི་ལ་ཕན།།
ར་རོ་ཆང་གི་མྱོས་པའི་སྤེན་པ་དང་།།
ལ་ལུང་རྫུན་གཏམ་སྒྲོག་པའི་བློ་བཟང་སེང་།།
ཤ་ཚ་ཡོད་ན་བདག་པོ་བརྒྱག་རོགས་གནང་།།
ས་སྟེང་བཙོག་པར་བཟོ་བ་བདག་གིས་མཐོང་།།
ཧ་ཅང་མང་བོའི་ཚིག་གིས་མ་བརྫི་བར།།
ཨ་ལ་ཀུ་རེའི་བསམ་འཆར་ཙམ་ཞིག་བྲིས།།
འགྲོ་རན་སོང་
དག་བཅོས་གནོངས
ཤ་་ཚ་ཁ་བརྡ་དྲ་བ་ཚང་། བློ་སེང་ལ་སྐྱོན་བརྗོད་མ་གཏོགས་འགོད་ཡ་མི་རག་ལེ་ཨེ་རེད། ད་ཁྱེད་ཚོ་ཡིག་འབྲི་བའི་གོ་ཆོད་མ་སོང་། ཡིག་འབྲི་བའི་ཞབས་འདྲེན་ཞུས་སོང་།
བཀའ་ཤག་བཀོད་ཁྱབ་འོག་ཏུ་ཨ་དོན་གསར་བསྐོ་གནང་།
ཁ་གསལ་འབྲེལ་བཤད་མེད་པའི་གསལ་བསྒྲགས་འོག་།
ག་ས་ག་ལ་མི་མང་དཱོགས་གླེང་མང་།
ང་ཚོ་བོད་མིའི་ལས་དབང་ཨ་སྒོར་འོག་།
ཅ་ཅོ་འུར་ལངས་ནང་ཁུལ་ཆིག་བསྒྲིལ་གཏོར་།
ཆོལ་ཞེན་འོག་ཏུ་སྤྱི་ཚོགས་ཟང་ཟིང་བཟོས་།
ཇི་ལྟར་བསམ་ཀྱང་བོད་མིའི་ལས་དབང་འདི་།
ཉེ་སྐྱོར་ཕྱོགས་ལྷུང་འགོ་འདྲེན་འོག་ཏུ་རུལ་།
ཏཱ་ལའི་བླ་མས་ཐུགས་སྐྱེད་ལམ་སྟོན་འོག་།
ཐ་སྙད་མང་གཙོ་བོད་མིའི་མདུན་ལམ་བསྟན་།
དོན་དངོས་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ལ་།
ནག་ནོག་མེད་པའི་ཁྲིམས་སྲུང་བོད་མིའི་འགན་།
དཔལ་དང་གཟི་བརྗིད་འགོ་འདྲེན་འོག་ཏུ་རུལ་།
ཕ་ཡུལ་ཞེན་ཁོག་ལར་རྒྱའི་འོག་ཏུ་རུལ་།
བ་ཕྱུགས་དུད་འགྲོ་བསམ་མེད་སེམས་ཅན་ཡང་།
མ་བུའི་འདུ་ཤེས་སྨྲ་ཤེས་མི་ལས་དྲག་།
ཕྱི་གསལ་ནང་གསལ།
ལས་བྱེད་གསལ་བསྒྲགས་ཕྱི་གསལ་ནང་གསལ། །
སྲིད་ཚབ་མགྲིན་བསྒྲགས་ཕྱི་གསལ་ནང་གསལ། །
དོན་གཅོད་རྙིང་ཚབ་ཕྱི་གསལ་ནང་གསལ། །
གསར་རྙིང་བརྗེ་ལེན་ཕྱི་གསལ་ནང་གསལ། །
་
ཨ་མདོ་ཁམས་འཁྲུགས་ཕྱི་གསལ་ནང་གསལ། །
དབུས་གཙང་ངུ་འབོད་ཕྱི་གསལ་ནང་གསལ། །
ངོ་རྒོལ་བྱས་ཚད་ཕྱི་གསལ་ནང་གསལ། །
མི་མངས་མགོ་འཐོམས་ཕྱི་གསལ་ནང་གསལ། །
རྩ་བ་ད་ལྟའི་སྤྱི་ཚོགས་འཁྲུགས་རྐྱེན་འདི་།
ཚ་གྲང་མ་སྙོམས་འཛིན་སྐྱོང་བཀའ་ཤག་འགན་།
ཛ་དྲགས་ཆེ་བས་ཨ་དོན་འཕོ་འགྱུར་འོག་།
ཝ་མོའོ་ངུ་སྐད་དྲ་རྒྱ་སྐད་འཕྲིན་ཁེངས་།
ཞ་མོ་མི་ལ་གཡོག་གམ་རང་གི་གྱོན་།
བཟང་སྤྱོད་ཟེར་བའི་ཐ་སྙད་མིང་ཙམ་ལྷག་།
འུར་གཏམ་བཤད་ནས་རང་དོན་གཉེར་མཁན་ལ་།
ཡ་རབས་ངོ་ཚ་ཉིན་གྱི་ཀརྨ་ཙམ་།
རང་ཡུལ་བཅོམ་མཁན་དགྲ་བོ་སྣང་མེད་བཞག་།
ལ་རྒྱ་ཞེན་ཁོག་ཕྱོགས་གཏོགསའགོ་འདྲེན་རྒྱུད་།
ཤ་ཚའི་སྙིང་གཏམ་གསང་བ་ཕྱི་ལ་ཤོར་།
ས་མཚམས་མ་ཤེས་རྔོན་ལོ་ཁྲོམས་ལ་བསྟན་།
ཧ་ལོའི་མེ་ཏོག་ལྷ་ལ་འབུལ་མཁན་མེད་།
ཨུ་དུམ་ཝོ་རེའི་མེ་ཏོག་མཆོད་པའི་རྫས་།
ཀ་ཡེ་གསོན་དང་བློན་གསེར་ཆེན་ཀྱེ།།
ཁ་སང་དེ་རིང་བྱུང་བའི་རྩོད་ཉོག་འདི།།
རྙོག་ལ་ར་མགོ་སྤངས་པའི་ལན་དུ་མཐོང་།
ག་དུས་ཡིན་ཡང་རྩོད་རྙོག་མེད་འདོད་ཅིང་།
ང་ཅག་མི་མངས་ཡོངས་ལ་ཞི་བདེ་རུ།
མངས་དང་དམངས་ཀྱི་ཁྱད་པར་ཤེས་པ་གཅེས།
སྔོན་བྲིས་མ་དང་ལུང་པ་འགའ་རེར་མངས།
དམངས་ནི་གཡོག་པོར་མདོ་རྒྱུད་གཞུང་ན་མཆིས།
ཅ་ག་བྱས་ཏེ་བོད་ཀྱི་་སྐད་བྲིས་བཟང་།
ཆ་ལུགས་ཀུན་དང་མཐུན་པར་བྱེད་པ་གཙོ།
ཇ་ཆང་འདོད་དགུའི་དཔལ་ལ་སྤྱོད་པ་ཡི།
ཉ་གང་ཟླ་བཞིན་བོད་ཀྱི་མི་མངས་གསལ།།
་
ཞེས་སོ།
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།
བོད་མིའི་ལས་དབང་རང་བཙན་རང་དབང་འོག་།
བོད་མིའི་ལས་དབང་རང་བཙན་དབུ་མའི་འོག་།
བོད་མིའི་ལས་དབང་མང་གཙོ་དམངས་གཙོའི་འོག་།
བོད་མིའི་ལས་དབང་ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་འོག་།
མང་ནི་གྲངས་ཀྱི་གསལ་འབྱེད་རེད་།
དམངས་ནི་གྲལ་རིམ་གྱི་གསལ་འབྱེད་རེད་།
རང་བཙན་ནི་རྒྱལ་ཁབ་ཀྱི་མངའ་དབང་རེད་།
རང་དབང་ནི་མི་སྒེར་གྱི་ཐོབ་ཐང་རེད་།
ཡུལ་མིའི་རྒྱལ་ཁབ་ནི་མི་མང་གི་སྲིད་དབང་རེད་།
ཡུལ་མིའི་སྲིད་སྐྱོང་ནི་གང་ཟག་གི་སྲིད་དབང་རེད་།
ཀ་ཁ་བཞིན་དུ་ཁ་ནས་མཐུན་སྒྲིལ་བཀླགས། །
ཁ་དོན་མི་མཚུངས་ལག་པས་མཐུན་སྒྲིལ་གཏོར། །
ག་བར་བལྟས་ཀྱང་ད་ལྟའི་སྲིད་སྐྱོང་འདིས། །
ང་ཉིད་གཅིག་བུའི་དོན་དག་འབའ་ཞིག་གཉེར། །
ཨ་མི་རི་ཀ་རྒྱལ་ཁབ་སྟོབས་ཆེན་རེད།།
ཧ་ཝར་གཙུག་ལག་སློབ་ཆེན་མིང་ཆེན་རེད།།
ཨ་ཕོ་བློ་བཟང་སེངྒེ་མཁས་ཆེན་རེད།།
ཧམ་བཤད་རྫུན་བཤད་བྱས་ན་རྫབ་ཆེན་རེད།།
ས་ཆ་སྤར་གང་མེད་པ་སྔོན་ལས་རེད།།
ཤ་ཉེས་ནང་འཛིངས་བྱེད་པ་རྣམ་སྨིན་རེད།།
ལ་རྒྱ་ཕུ་ནུར་རྩོད་པ་བླུན་རྟགས་རེད།།
ར་རྫི་ལུག་རྫི་མང་པོས་དན་རྟགས་རེད།།
ཡ་སེ་ཡོ་ལངས་བྱེད་མཁན་བཀའ་ཤག་རེད།།
འ་ཆད་འུ་ཐུག་བྱེད་མཁན་དམངས་ཚོགས་རེད།།
ཟ་ཟུར་དཀྲུག་ཤིང་འཕེན་མཁན་དྲྭ་འབུ་རེད།།
ཞ་ར་གཡང་མཆོངས་བྱེད་མཁན་བོད་མི་རེད།།
ཝ་རྒྱ་རི་ལ་བསྟར་འདྲ་དྲྭ་རྒྱ་རེད།།
ཛ་དྲག་དོགས་ཟོན་བྱེད་ས་སྐད་འཕྲིན་རེད།།
ཚ་འཇུན་དྲང་འདོམས་བྱེད་མཁན་རྒྱ་དམར་རེད།།
ཙ་ར་ཡང་ཡང་གཅོད་ས་ང་ཚོ་རེད།།
མ་རབས་འགོང་འདྲེ་སྐུང་ས་ངོ་དེབ་རེད།།
བ་ཉལ་མཛོ་གྲོད་བྱེད་མཁན་ཁོ་ཚོ་རེད།།
ཕ་ཁག་བུ་དཀྲི་མཁན་ཡང་དེ་ཚོ་རེད།།
པ་ལོ་ལྷས་མ་ཅན་ཚོ་མང་ཤས་རེད།།
ན་ནིང་དུས་ནས་ནང་འཁྲུག་རྐྱང་རྐྱང་རེད།།
ད་ལོ་སྔོན་དང་བསྡུར་ན་ཇེ་ཐུ་རེད།།
ཐ་ཤལ་སྨྱོན་པ་གཟའ་རོའི་བྱ་སྤྱོད་རེད།།
ཏཱ་ལའི་བླ་མའི་དགོངས་པ་དཀྲུག་སྤྱད་རེད།།
ཉ་ཉོག་འཆལ་གཏམ་ཇེ་མང་ཇེ་མང་རེད།།
ཆ་བྱེད་ཆོས་པའི་ནང་ན་མང་པོ་རེད།།
ཇ་ཆང་གཏམ་གྱི་ཁྲོད་ན་འཇགས་མེད་རེད།།
ཅ་ལག་བདག་མེད་བཞིན་དུ་གཡུག་རྐྱང་རེད།།
ང་རྒྱལ་ཁོང་ཁྲོ་ཇེ་ཆེ་ཇེ་ཆེ་རེད།།
ག་ལོག་སྒྲོ་འདོགས་ཇེ་མང་ཇེ་མང་རེད།།
ཁ་ཁ་སོ་སོར་འགྲོ་རྒྱུ་ད་ད་རེད།།
ཀ་བཤད་འདི་ཡང་སྐྱོན་ཆ་དག་དག་རེད།།
ཞྭ་མོ་ནག་པོ་སྤེན་ཚེའི་མགོར་གཡོགས་ནས། །
ཟ་འཐུང་མཉམ་བྱེད་གྲོགས་ཤིག་ཡིན་རབས་བཤད། །
འ་ཆད་འུ་ཐུག་ལས་འདི་བགྱིས་སྟངས་ཀྱིས། །
ཡ་རབས་བཟང་སྤྱོད་བྲལ་བའི་སྲིད་སྐྱོང་ཤེས། །
ཀ་ཁ་ག་ང་ཀློག་ཙམ་ཤེས་པ་ལས། །
ཁ་ཁོག་གཉིས་ན་བོད་ཀྱི་རིག་གནས་མེད། །
ག་བར་སོང་རུང་ང་ཉིད་ཡིན་ཞེས་པའི། །
ང་རྒྱལ་ཆེ་བའི་སྲིད་སྐྱོང་སྐུ་ངོ་འདིས། །
ཅ་ཅོའི་གཏམ་ངན་སྣ་ཚོགས་བསྒྲགས་བསྒྲགས་ནས། །
ཆ་ལུགས་གཅིག་པའི་བོད་རིགས་སྤུན་ཟླའི་རྣམས། །
ཇ་ཁང་དྲ་ཁང་སོགས་ནས་ནང་ཐུག་རྒྱབ། །
ཉ་ཉོག་མང་བའི་ནང་ཁུལ་འགལ་བ་བཟོས། །
ཏ་ལའི་བླ་མ་གསེར་ཞལ་འཚོ་བའི་སྐབས། །
ཐ་ཤལ་བ་ཡི་ལས་འདི་བགྱིས་ཕོད་ན། །
ད་ལྟ་ཉིད་ནས་ཆོལ་གསུམ་བོད་མི་རྣམས། །
ན་ཚ་འདྲ་བའི་སྲིད་སྐྱོང་སྐྲོད་ན་ལེགས། །
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་ཡོད་པ་ན།
དེ་དག་མངས་དང་དམངས་ཀྱི་དོན་ལ་རྣམ་དཔྱོད་འཚལ།
མང་གཙོ་ནི་མི་མང་གཙོ་བོར་འཛིན་པའི་དབང་ཆ་ལ་གོ་དགོས་པ་ (Democracy or Power of People) དང་དམངས་གཙོ་ནི་གྲལ་རིམ་གཙོ་བོར་འཛིན་པའི་དབང་ཆ་
(Proletarian or Class)
མང་གཙོ་ནི་ནུབ་ཕྱོགས་རྒྱལ་ཁབ་ནས་དར་བའི་ཆབ་སྲིད་ཀྱི་ལམ་ལུགས་ཡང་དག་ཞིག་ཡིན་པ་དང་དམངས་གཙོ་ནི་ཤར་ཕྱོགས་རྒྱལ་ཁབ་ནང་ལག་ལེན་ལྟར་བཞིན་པའི་གྲལ་རིམ་བྱེ་བྲག་པ་ཞིག་གི་རྒྱལ་ནང་གི་ཆབ་སྲིད་ལ་འགན་འཁུར་བྱེད་པའི་ཆབ་སྲིད་ཀྱི་ལམ་ལུགས་རྐྱོན་ཅན་ཞིག་ཡིན་པ་བཅས་།
མངས་གཙོ་དང་མང་གཙོ་གཉིས་དོན་གཅིག་ཏུ་འདོད། རྒྱ་གར་དང་རྒྱ་ནག་སོགས་སུ། མངས་གཙོའམ མང་གཙོའི་རིང་ལུགས་དར། འོན་ཀྱང་། དམངས་ཀྱི་དོན་ནི། གཡོག་པ་ལ་གོ་བ་བོད་ཀྱི་སྒྲ་སྒྱུར་སྐ་བ་དཔལ་བརྩེགས། རིན་ཆེན་བཟང་པོ། བློ་ལྡན་ཤེས་རབ་བཅས་པ། ཚང་མས་མགྲིན་གཅིག་ཏུ།” དམངས་ཀྱིས་རྒྱལ་གཏུམ་བཞིན།” ཞེས་དང་། དམངས། ཞེས་པ་དམན་པར་གོ་བ་བཀའ་བསྟན་དཔེ་ཆ་མང་པོར་ཡོད་པར་མ་ཟད། དུས་ཕྱིས་མི་ཕམ་རིན་པོ་ཆེས། རྒྱ་གར་བོད་སྐད་གཉིས་ཤན་སྦྱར་དུ། རྒྱ་གར་རིགས་བཞིའི་དམན་ཤོས་དེ་ལ། དམངས་རིགས་དང་། རིགས་དམན། ཞེས་བོད་སྤར་མ་ཤོག་གྲངས་༡༨༢་ན་བྲིས་སོ།
རྒྱ་ནག་ཏུ་མིང་ཙམ་མ་གཏོགས། མངས་གཙོའི་རིང་ལུགས་དངོས་མེད། མ་འོངས་པ་ན། མངས་གཙོའི་རིང་ལུགས་དངོས་མ་འོང་བར་མི་མངས་ཀྱིས་རེ་བ་བྱེད། མིང་ཙམ་ནི མི་དམངས་བརྙན། ཞེས་དུས་དེབ་ཁོ་བོ་གཞོན་པའི་སྐགས་བཀླགས་མྱོང་ངོ་།
གཡོག་པ། གཡོག་པོ། མི་དམངས་བརྙན། མི་དམངས་བརྙན་པར ཞེས་བཅོས་སོ།
གདོན་མའི་སྤྱི་ཚོགས་ཡར་རྒྱས་འཕེལ་སྒྲིབ་འོག་།
ཆབ་སྲིད་ལམ་ལུགས་རིག་པའི་རྩལ་གྱིས་བསྟན་།
འཛམ་གླིང་ཡོངས་ལ་རྒྱལ་པོའི་རིང་ལུགས་དར་།
མི་མང་འཚོ་བའི་འགན་འཁུར་རྒྱལ་པོའི་སྦྱིན་།
དུས་རབས་གོང་མའི་དཀྱིལ་ཙམ་ནས་།
ཨུ་གླིང་ཡུལ་གྱི་རྒྱེན་ལངས་འོག་།
སྲིད་དབང་འབངས་མིའི་ལག་ཏུ་ཐོབ་།
ཆབ་སྲིད་ལམ་ལུགས་འཕོ་འགྱུར་ཕྱིན་།
ནུབ་གླིང་གི་རིག་ཡུལ་དུ་དར་བའི་མང་གཙོ་དང་།
ཤར་གླིང་རྒྱག་ནག་ཡུལ་གྱི་དམངས་གཙོ་གཉིས་།
མིང་ཚིག་འདྲ་ལ་དག་ཆ་དང་གོ་དོན་སོ་སོ་རེད་།
མང་ནི་གྲངས་ཀྱི་གསལ་འབྱེད་རྩལ་དུ་སྟོན་པ་དང་།
དམངས་ནི་གྲལ་རིམ་གྱི་གསལ་འབྱེད་རྩལ་དུ་སྟོན་པའ་ོ།
དེ་གཉིས་མ་ནོར་མཁས་པའི་རྣམ་དཔྱོད་རེད་།
དེ་གཉིས་ནོར་ན་བླུན་པོའི་རྣམ་དཔྱོད་རེད་།
དེང་རབས་མཁས་པ་ཕྱོགས་གཏོགས་འོག་ཏུ་ཚར་།
དེང་རབས་མཁས་པ་ཤོག་བསྒྲིལ་འོག་ཏུ་ཚར་།
དེང་རབས་མཁས་པ་འགོ་འདྲེན་འོག་ཏུ་ཚར་།
དེང་རབས་མཁསཔ་དཔལ་འབྱོར་རྗེས་རྒྱུགས་མང་།
ནོར་བཅོས་ དེང་རབས་མཁས་པ་དཔལ་འབྱོར་རྗེས་རྒྱུགས་མང་།
རྒྱ་ནག་དམར་པོས་སྔར་གྱི་གྲལ་རིམ་ཡོད་པ་རྒྱང་ཕུད་བཏང་།
མངས་ལ་རང་དབང་ཐོབ་པ་ཡིན་ཞེས་འབྲུག་ལྟར་ཆེར་བསྒྲགས་ཤིང་།
མངས་དང་དམངས་ལ་གོ་དོན་སོ་སོར་ཡོད་པ་བོད་ཀྱི་མཁས་རྣམས་བཞེད།
རྒྱ་ནག་དམར་པོས་རིགས་དམན་གཡོག་པོར་རང་དབང་ཞེས་མ་མཐོང་།
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན། །
ཞེས་དགེ་ཆོས་ཀྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པ་དང་། སྔར་བསྒྱུར་ཆེད་དུ་བརྗོད་པའི་ཚོམས་ན་ཡང་མཆིས།
སྙིགས་དུས་གྱི་དབྱངས་ཅན་གྲུབ་པའི་རྡོ་རྗེས།
་
ང་ཡིག་མ་གཏོགས་ཡིག་ཤད་བར།
ཚེགས་མེད་དེ་སོགས་ཞིབ་ཏུ་འབད།
ཅེས་གསུངས།
འོན་ཀྱང་། མི་ཉན་པ་ལ་ཁ་ཏ་བྱེད་པ་སྐྱོན། སྐྱོན་འདི་བདག་གིས་དང་དུ་ལེན།
རྗེ་མར་པའི་རྣམ་ཐར་ན།
བུ་ང་རྒྱལ་གྱི་སྒང་པོ་ལ།
ཡོན་ཏན་གྱི་ཆུ་མི་ཆགས།
བྱ་བ་ཡིན་ཞེས་སོགས་གསུངས།
མ་འོ་ཙེ་ཏུང་གི་ཞིང་པའི་གྲལ་རིམ་འོག་ད་ལྟའི་དམར་ཤོག་གི་གཞུང་འདི་བཙུགས་ནས་དམངས་གཙོ་ཡིན་ལ་གཅིག་བསྡུད་ཡིན་ཟེར་བ་དང་མི་རིགས་འདྲ་མཉམ་ཡིན་ལ་ཐ་དད་ཡིན་ཟེར་བ་ནས་གུང་ཁྲན་ཏང་མིའི་གྲལ་རིམ་འོག་ཏུ་ཞི་བའི་མི་མང་འཚོ་དགོས་པ་ང་ཚོའི་མིག་མདུན་དུ་མཐོང་བཞིན་པ་མ་རེད་དམ་།
རྣམ་པ་ཚོ་ཕེབས་ནས་སྙན་རྩོམ་གྱི་མཆན་དང་དགོངས་ཚུལ་གསུང་བར་བཀའ་དྲིན་ཆེ་ཞུ། ཁྱད་པར་དུ་རྒན་འཇམ་དཔལ་ལགས་ཀྱིས་ཞུ་དག་དང་འབྲེལ་མངས་དང་དམངས་ཀྱི་སྐོར་ལ་དགོངས་ཚུལ་གསུང་བ་ལ་དམིགས་བསལ་གྱི་བཀའ་དྲིན་ཆེ་ཞུ།
མ་འོ་ཙེ་ཏུང་གིས་མངས་ལ་ འདྲ་མཉམ་ཟེར་བ་མཏོགས། དམངས་ལ་འདྲ་མཉམ་ཟེར་བ་མེད། མངས་ལ་དམངས་ནི། ང་ཡིག་མ་གཏོགས་ཡིག་ཤད་བར་ཚེག་རྒྱབ་པ་དང་འདྲ་སྟེ། དེ་བས་ གཉིད་ཉལ་ན་ལེགས་པར་མཐོང་།
དམངས་གཙོ། མང་གཙོ། མངས་གཙོ་གསུམ་ལས། གང་དག་ཤོས་རེད། རྒྱུ་མཚན་དང་། དག་ཁུངས་བཅས་གསུང་རོགས་གནོངས་དང་།
མང་ལ་ས་ཡང་འཇུག་ཡོད་པའི་ (མངས་ ) འདི་ དག་ཡིག་དང་ཚིག་མཛོད་གཞུང་ལུགས་ག་འདྲ་ཞིག་གི་ནང་ཡོད་ངས་མཇལ་མ་མྱོང་ལ་ཤེས་མ་སོང་
མ་འོ་ཙེ་ཐུང་གི་རྒྱ་ནག་ནང་ཞིང་པའི་གྲལ་རིམ་འོག་དམངས་གཙོའི་སྒེར་ལངས་ཀྱིས་ད་ལྟའི་དམངས་གཙོའི་གཞུང་བཙུགས་པ་ལས་མང་ལ་ས་རྗེས་འཇུག་ཡོད་པའི་ཐ་སྙད་འདི་བོད་ཀྱི་སྐད་ཡིག་འཕེལ་རིམ་གྱི་ལོ་རྒྱུས་ནང་ངས་ནི་མཇལ་མ་མྱོང་ཤེས་མ་སོང་ངོ་།
ཁག་མེད། ་དེབ་གཟུགས་ཤོག་གྲངངས་༥༡༦ན། བསྟན་དར་ལྷ་རམས་པས།
་
རྒྱུད་མངས་ཁུར་མངས་མགོ་རིམས་སོགས།
ཡང་འཇུག་སྦྱོར་རམ་མི་སྦྱོར་ཡང་།
ཁྱད་མེད་གདམས་ང་ཡིན་ནོ་ཞེས།
སྔོན་གྱི་མཁས་པ་མང་པོས་བཞེད།
རྒྱུ་མཚན་ཅི་ཡིན་མ་གོ་ལགས།
་
རྒྱུ་མཚན་ནི། སྔོན་དུས་ཀྱི་མིང་ཚིག་མང་པོར་སའི་ཡང་འཇུག་སྤོང་བར་མ་ཟད། ཨ་རིར་བོད་པ་ཞིག་གིས། ཆོས་ཀྱི་རྗེས་འཇུག་སྤངས་ཏེ། ཆོ། ཞིས་བྲིས་པ་ཐོས་སོ།
ཞུས་དག ༦༡༦ན། གཟིགས་མཛོད།
རྒྱུད་མངས། ཁུར་མངས། གཞུང་མངས། མི་མངས་བཞི་ལ་འདྲ་མཚུངས་དང་། ཡང་འཇུག་ས་ཐོབ་དང་མི་ཐོབ། ལགས།