རྫུན་ཁྲམ་སྙིང་པོའི་མདོ་བཞུགས་སོ།། Posted on 2017-12-06 By ཁ་བརྡ་ 20 Comments on རྫུན་ཁྲམ་སྙིང་པོའི་མདོ་བཞུགས་སོ།། གེ་སེར་ཚང་ཡ་མ་བུ་འཁྲིད་ཀྱིས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བློ་སེང་རྗེ་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ན་བཀའ་ཤག་གི་བཀའ་བློན་ཆེན་པོ་དང་། རྫུན་ཁྲམ་ལ་བྱང་ཆུབ་པའི་ཨབ་ཕྲུག་ཁག་ཅིག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བློ་སེང་རྗེ་དགྲ་ཤ་ཚ་ལེན་ཞེས་བྱ་བའི་སྲིད་ཀྱི་རྣམ་གྲངས་ཀྱི་ཐབས་ཇུས་ལ་སྙོམས་པར་ཞུགས་སོ། ཡང་དེའི་ཚེ་དབང་ཆའི་ཆེད་དུ་རང་གི་ཡོད་ཚད་བློས་བཏང་བའི་གཡུ་ཐོག་བླ་རྒན་དེ་ཡང་རྫུན་ཁྲམ་གྱི་ཕ་རོལ་ཏུ་ཕྱིན་པའི་གཡོ་སྒྱུའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་། སྤེན་པ་ཚེ་རིང་དེ་མ་ཐག་ཉེས་ཅན་པ་ཞིག་བཟོ་ཐབས་ལ་རྣམ་པར་བལྟའོ། དེ་ནས་བློ་སེང་གི་མཐུས། ཚེ་དང་ལྡན་པ་སྐལ་རྡོར་གྱིས་སྲོག་རླུང་གིས་གཟིར་བའི་བླ་རྒན་གཡུ་ཐོག་ཀརྨ་དགེ་ལེགས་ལ་འདི་སྐད་ཅེས་སྨྲས་སོ། རིགས་ཀྱི་བུ་མཁས་དབང་བློ་སེང་རྗེ་ཡི་ཞེ་ནད་ཆགས་པའི་སྤེན་པ་ཚེ་རིང་དེ་ཇི་ལྟར་འཕོ་འགྱུར་གཏོང་བར་བྱ། །དེ་སྐད་ཅེས་སྨྲས་པ་དང་། རབ་བྱུང་གི་སྡོམ་པ་ཤོར་བའི་བཙུན་གཟུགས་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཚེ་དང་ལྡན་པ་སྐལ་བཟང་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།སྐལ་རྡོར་ལགས་ཁྱེད་རང་ངམ། དངོས་གྲུབ་ཚེ་རིང་ལ་སོགས་བྱང་ཨ་རི་ནས་ཁེ་བཟང་ཏོག་ཙམ་བླང་བར་འདོད་པ་དེས་འདི་ལྟར་རྣམ་པར་བརྩམ་པར་བྱ་སྟེ། སྤེན་པ་ཚེ་རིང་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་འདོད་བློ་ཁེངས་པ་ཞིག་ཏུ་འགྱུར་ཐུབ་མེད་དོ། འཇོན་དྲགས་སོ། གྲུབ་འབྲས་ཀྱང་མང་ངོ་། སྤྱི་ཚོགས་ནང་དུ་མང་པོ་ཁྱབ་སོང་། སྲིད་སྐྱོང་ལས་ཀྱང་བྱས་རྗེས་ཆེ་མདོག དེ་བཞིན་དུ་བོད་རིགས་ཚོགས་པ་དང་། ཆོས་ཚོགས་དང་། ཕྱོགས་བཞུགས་སྤྱི་འཐུས་དང་། བོད་ཀྱི་ཐེབས་རྩ་དང་། ICT སོགས་ཚང་མ་མཉམ་དུ་འཁྲིད་སོང་ངོ་། སྐལ་རྡོར་ལགས། དེ་ལྟར་ངོ་སོ་ཐམས་ཅད་སྤེན་ཚེས་ཁྱེར། སྲིད་སྐྱོང་གཉིད་མི་ཁུག ཟས་མི་ཟ། ཇ་མི་འཐུང་། མི་བདེ་བ། མི་སྐྱིད་པ། སྲོག་རླུང་འཕར་ཉེན་ནོ། སྐལ་རྡོར་ལགས། དེ་ལྟ་བས་ན་སྤེན་པ་ཚེ་རིང་ལ་ཡིད་ཆེས་མེད། བློས་འགེལ་མེད་དེ། བྱ་སྤུ་ནོན་མེད། སྒྲིག་འཛུགས་མེད། བརྩི་བཀུར་མེད། གུས་ཞབས་མེད། གོང་རིམ་མེད། གོ་རིམ་མེད། སྙན་སེང་མེད། ནང་སྙན་མེད། ལས་སྡོམ་མེད། ཁྲིམས་མེད། སྒྲིག་མེད། ལུགས་མེད་དོ། མིག་ནང་སྲིད་སྐྱོང་མེད་པ་ནས་བཀའ་ཤག་ཀྱང་མེད། བཀའ་ཤག་གི་ཐུགས་རེ་ལྟར་ལས་དོན་ཡང་སྒྲུབ་ཐུབ་མེད་དོ། སྲིད་སྐྱོང་ལ་ཕེབས་བསུ་མེད། ཕེབས་བསུ་ཕེབས་སྐྱེལ་མེད་པ་ནས་གུས་ཞབས་མེད། ཕྱོགས་ཕེབས་སྐབས་སུ་ལྷན་བཅར་ཡང་མེད་དོ། དེ་བཞིན་དུ་ཚོགས་འདུ་དང་། མང་འཛོམས་འདུ་འཛོམས་དང་། གསོལ་སྟོན་དང་། དཔོན་རིགས་མཇལ་འཕྲད་སྐབས་སུའང་ཡ་མེད་ཡིན་ནོ། སྐལ་རྡོར་ལགས། དེ་ལྟ་བས་ན་སྤེན་ཚེ་རིང་ལས་བྱེད་སྒྲིག་ཁོངས་སུ་མེད་པའི་ཕྱིར། སྒྲིག་གཞིའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་སྲིད་སྐྱོང་མིག་ནང་མེད་པས་སྐྲག་པ་མེད་དེ། ད་དུང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་འདུ་ཤེས་ཀྱིས་བཀའ་ཤག་ཀྱང་ཁོ་པའི་འོག་ལ་ཡིན་མདོག་སྟོན་ནོ། འཛམ་གླིང་ཡུལ་གྲུ་གང་ས་ན་བཞུགས་པའི་ཁམས་རིགས་དང་དོལ་ཕྲུག་ཐམས་ཅད་ཀྱང་རྫུན་ཁྲམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་སུ་དང་གང་ལ་ཞེད་སྣང་འཚེར་སྣང་མེད་པར་སྲིད་སྐྱོང་རྗེ་ཡི་མཐའ་བསྐོར་དུ་མངོན་སུམ་གྱིས་ལངས་ཡོད་དོ། དེ་ལྟ་བས་ན་རྫུན་ཁྲམ་གྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། རྫུན་ཁྲམ་གྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། བྷ་ཡེ་སེབ། ཇལ་ཏེ་ཇལ་ཏེ་ཛ་ར་ཇལ་ཏེ་ཨི་སི་ཀོ་ཇལ་ཏེ་མི་྄ཊ་དྷོ། སྐལ་རྡོར་ལགས་བཀའ་ཤག་ལྷན་རྒྱས་ནས་སྤྱི་མོས་ཀྱིས་ཐག་གཅོད་དེ་ལྟར་མཛད་པ་ལྟར་ངས་གསར་འགོད་གསལ་བསྒྲགས་ཤིག་བསྐོང་བར་བྱའོ། དེ་ནས་བློ་སེང་རྗེ་དགྲ་ཤ་ཚ་ལེན་གྱི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། སྲོག་རླུང་རབ་ཏུ་ཁྲོས་པའི་བཙུན་གཟུགས་གཡུ་ཐོག་ཀརྨ་དགེ་ལེགས་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ། ལེགས་སོ། རིགས་ཀྱི་བུ། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་རྫུན་ཁྲམ་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། ཆོལ་ཞེན་དང་ཆོས་ཞེན་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་།བློ་སེང་རྗེ་ཡིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་སྐལ་བཟང་རྡོ་རྗེ་དང་།རབ་བྱུང་གི་སྡོམ་པ་རྒྱབ་ཏུ་བསྐྱུར་བའི་བཙུན་གཟུགས་ཀརྨ་དགེ་ལེགས་དང་། འཕུར་ནད་ལངས་པའི་དངོས་གྲུབ་ཚེ་རིང་དང་། བཀའ་བློན་དང་། བཀའ་དྲུང་དང་། ཨབ་ཕྲུག་ཚོ་དང་། རྒྱ་གཞུང་བཅས་པའི་སྡེ་རྣམས་ཡི་རངས་ཏེ། བློ་སེང་རྗེ་ཡིས་གསུངས་པ་ལ་མངོན་པར་བསྟོད་དོ། ། རྩོམ་རིག
མདོ་འདི་བཀའ་ཤག་གིས་མང་ཙམ་གྲངས་ཀ་བསག་ན་ཡག་པོ་ཡོང་ས་རེད། ལྷག་པར་དུ་བློ་སེང་དང་ཀརྨ་དགེ་ལེགས་གཉིས་ཀྱིས་ཉིན་ལྟར་ཁ་འདོན་བྱེད་ཐུབ་ན་ཡག་པོ་རེད།
ཡ་མ་བུ་ཁྲིད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།སེང་གེ་བཀའ་ཤག་གིས་ཞལ་འདོན་གནང་ན་ཕན་ཡོན་བླ་ན་མེད་པ་གོང་ན་མེད་པ་ཡོད་དོ་བཅས་ཕྱི་བཙུན་གཟུགས་ནང་གདོན་འདྲེ་གཟུགས་ཅན་ཀརྨ་དགེ་ལེགས་ཀྱིས་གསུངས་སོ།
སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་སློབ་བཟང་སངས་རྒྱས་དང་བཀའ་བློན་བྱ་སྤུ་གནོད་ཀརྨ་དགེ་ལེགས་གཉིས་ཀྱིས་གང་མགྱོགས་དགོངས་པ་ཞུ་དགོས་ཀྱི་དུས་ལ་བབས་ཡོད།
ད་ཡང་ལྟད་མོ་བཤམ་འདུག། ཁ་ན་ཌ་ལ་སྲིད་སྐྱོང་གིས་བཏམ་བཤད་ཚང་མ་དེ་རིང་བོད་ཀྱི་ཐེབ་རྩ་ཁང་གིས་གསལ་བསྒྲགས་སྤེལ་ཏེ་རྫུན་རྐུབ་བཏོལ་འདུག། ལོན་སུམ་ཅུ་རྗེས་སུ་བུན་དངུལ་སྤྲོད་དགོས་པའི་དུས་བཀག་གན་ཡིག་བཞག་པ་དང་། བུན་དངུལ་རོགས་དངུལ་ལ་བསྒྱུར་རྒྱུའི་སྐོར་ཐོག་མར་ནས་མོས་མཐུན་བྱུང་མེད་པ། དོན་ཁང་གིས་རོགས་དངུལ་བསྒྱུར་རྒྱུའི་རེ་འདུན་ལ་ད་དུང་ཡང་དེ་ལྟར་ཡོང་བའི་རེ་འདུན་ཐེབ་རྩ་ཁང་ནས་ཀྱང་ཡོད་པ། སོགས་བཀོད་འདུག། ལོ་སུམ་ཅུ་རྗེས་ལ་ལས་བྱེད་ཚང་མ་གསར་པ་རེད་ལ། སྲིད་སྐྱོང་ཡང་སུ་ཟེར་བ་ཞིག་ཡོང་ངམ། དེ་དུས་ལས་བྱེད་ཚོས་ཡིག་ཆ་གཞིར་བཟུང་གི་ལས་ཀ་བྱེད་ཀྱི་རེད་དམ། སྔ་མོ་སྔ་མོ་སྲིད་སྐྱོང་བློ་བཟང་སེང་གེས་ནང་མོལ་བྱུང་ཟིན་ཟེར་བ་ཞིག་བཤད་ཡོད་པར་ཐོས། ད་དེ་གཞིར་བཟུང་ཡིན་ད། ཁྲིམས་དང་གན་ཡིག་ལ་ཚད་འཛིན་མ་བྱེད་ཟེར་རམ། ངོ་མ་ཧཧཧརེད།
དུས་ནི་མི་འགྱུར་མི་རྣམས་འགྱུར་ཟེར་བ་ལྟར་སངས་རྒྱས་ཀྱི་མཛད་པ་ལ་གུས་རྩི་དང་ཆེ་མཐོང་ཞུ་དགོས་པ་ལས་དེ་ལ་དཔེ་བླངས་ནས་སྤྱི་ཚོགས་ལ་འགན་འཁུར་སྟངས་དེ་ཚོ་ཡག་རྟགས་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་བོ་།
བློོ་སེང་ལགས་ངེས་པར་བསམ་ཤེསའཐུབ་པའི་ཐོག་ནས་ཁྱེད་ཀྱི་བོད་མི་དམངས་ལ་སྒོ་བསྐོར་ཀྱང་ཀྱང་མ་གཏང་བར་ཕྱི་ནང་གི་བོད་མི་ས་ཡ་དྲུག་གི་དཀའ་སྡུགས་ལ་གཟིགས་ནས་མུས་མཐུད་བོད་མི་ས་ཡ་དྲུག་ལ་དཀའ་ངལ་མ་བཟོ་རོག་གནང་། ངའི་ཁྱིམ་རྒྱུད་ཁམ་ཕྱོགས་ནས་ཡིན་སྟབས་ཁྱེད་ལ་ཕུ་བརྒྱབ་མཁན་གྱི་མི་ངན་ཁ་ཤས་ཀྱི་ཁ་ལ་མ་ལྟ་བར་ང་ཚོ་ཁམ་ནས་ཡིན་པའི་བཟང་གདོང་རིན་པོ་ཆེ་འདྲ་པོར་བཀའ་སློབ་ལམ་སྟོན་ཞུས་ནས་ཁམ་པ་ཟེ་དུས་མི་ཚང་མ་བསྡུག་ཅག་འདྲ་པོ་མ་བཟོ་རོག་ སྔོན་ཆད་ཀེམ་བཞི་པ་ཟེ་བ་དེསཀྱང་༧གོང་ས་མཆོག་ལ་སྐུ་ངལ་མང་པོ་བཟོ་ཡི་ཡོད་པ་བོད་ནང་ཡོད་དུས་ནས་གོ་མྱོང་ཡོད་ ད་ཆ དོད་ཚོག་ཉུང་ཤས་ནང་ལོག་ལའང་ཁྱི་རྒན་ཁམ་པ་ཉུང་ཤས་དེས་ང་ཚོ་ཁམ་ཁུལ་གྱི་མི་ཚང་མའི་མིང་ཆད་ངན་པ་བཟོ་ཡི་འདུག་དེས་ན་བློ་སེང་གིས་མུས་མཐུད་ལས་ངན་པ་མ་ཟོ་རོག་ཞུ
ཀར་དགེ་དྷ་སའི་དགེ་སློང་། ། དངོས་ཚེ་ཨ་རིའི་དང་བླངས། ། བཀའ་བློན་དོན་གཅོད་ལས་འགན། ། རྡོར་དྲིལ་གར་བཞག་རེད་འདུག །
ཀེམ་བཞི་པའི་སྐོར་ཞེ་དྲགས་མ་བཤད་ན་བཟང་། གལ་ཏེ་དེའི་སྐོར་ཤེས་འདོད་ཡོད་ན། སྐུ་ངོ་རྒྱ་ལོ་དོན་གྲུབ་ཀྱིས་བོད་ཤོར་ནས་རྒྱ་གར་བཙན་བྱོལ་ནང་ལས་ཀ་ག་འདྲ་བྱས་ཡོད་མེད་ལ་ཞིབ་འཇུག་ཅིག་བྱེད་ན་གཞི་ནས་ཀེམ་བཞི་པ་སོགས་ཀྱི་གནད་དོན་རྣམས་གསལ་རྗེན་ཕྱིར་མངོན་པར་འགྱུར་རོ།
སྐྱེ་ས་ཁམས་ཕྱོགས་ཡིན་ན་བཟང་རྒྱུ་དང་། ཉལ་ས་ལྷ་ཁང་ཡིན་ན་དྲོ་རྒྱུ་ཅི་ཡོད། ལས་ཀ་ཡག་པོ་མ་བྱེད་ན་མདོ་དབུས་ཁམས་གསུམ་གྱི་མི་བུ་སུ་འདྲ་ཞིག་ཡིན་ན་གཅིག་པ་རེད།
ཁམས་པས་ཁམས་པ་ཡར་བཀྱག ། སྐྱག་པས་སྐྱག་པ་ཡར་བཀྱག ། སྲིད་སྐྱོང་བོད་མིས་ཡར་བཀྱག ། རང་གིས་འགོ་འཁྲིད་ཡར་བཀྱག །
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུས་རྟག་ཏུ་རྒྱལ་འགྱུར་ཅིག སྲིད་སྐྱོང་ཕྱོགས་ཐམས་ཅད་ལས་རྒྱལ་འགྱུར་ཅིག སྲིད་སྐྱོང་གི་ལས་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་ཅིགུ
གེ་སེར་ཚང་ཡ་མ་བུ་ཁྲིད་མིང་ཅན་འདིས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་སྟངས་གཞིགས་ན། འདི་ཕ་རོལ་པོ་ཞིག་ཡིན་པ་གསལ་པོ་དང་། ལར་ནས་གོ་དོན་སྣེ་གཅིག་མེད་པའི་མཆན་འགོད་པ་རྣམས་སྙིང་རེ་བརྗེ།།
འདི་ནི་བློ་སེང་གི་ཤེས་རབ་སྙིང་པོའི་མདོ་ཡིན་པ་འདྲ། ཧ་ཧ།། །།
མདོ་འདི་བཀའ་ཤག་གིས་མང་ཙམ་གྲངས་ཀ་བསག་ན་ཡག་པོ་ཡོང་ས་རེད།
ལྷག་པར་དུ་བློ་སེང་དང་ཀརྨ་དགེ་ལེགས་གཉིས་ཀྱིས་ཉིན་ལྟར་ཁ་འདོན་བྱེད་ཐུབ་ན་ཡག་པོ་རེད།
ཡ་མ་བུ་ཁྲིད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།སེང་གེ་བཀའ་ཤག་གིས་ཞལ་འདོན་གནང་ན་ཕན་ཡོན་བླ་ན་མེད་པ་གོང་ན་མེད་པ་ཡོད་དོ་བཅས་ཕྱི་བཙུན་གཟུགས་ནང་གདོན་འདྲེ་གཟུགས་ཅན་ཀརྨ་དགེ་ལེགས་ཀྱིས་གསུངས་སོ།
བོད་པས་མདོ་རྩོམ་པའི་དུས་པ་བབ་པ་འདྲ། ཧཧཧ
ད་ཐུགས་རྗེ་གཟིགས་སྤྱི་ཚོགས་མ་དཀྲུག་རོག་གནང་
བློབ་བཟང་སངས་རྗས་གི་མདོ་ལོག ཀརྨ་དགེ་ལོག་གི་ཁ་འདོན་
སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་སློབ་བཟང་སངས་རྒྱས་དང་བཀའ་བློན་བྱ་སྤུ་གནོད་ཀརྨ་དགེ་ལེགས་གཉིས་ཀྱིས་གང་མགྱོགས་དགོངས་པ་ཞུ་དགོས་ཀྱི་དུས་ལ་བབས་ཡོད།
ད་ཡང་ལྟད་མོ་བཤམ་འདུག། ཁ་ན་ཌ་ལ་སྲིད་སྐྱོང་གིས་བཏམ་བཤད་ཚང་མ་དེ་རིང་བོད་ཀྱི་ཐེབ་རྩ་ཁང་གིས་གསལ་བསྒྲགས་སྤེལ་ཏེ་རྫུན་རྐུབ་བཏོལ་འདུག། ལོན་སུམ་ཅུ་རྗེས་སུ་བུན་དངུལ་སྤྲོད་དགོས་པའི་དུས་བཀག་གན་ཡིག་བཞག་པ་དང་། བུན་དངུལ་རོགས་དངུལ་ལ་བསྒྱུར་རྒྱུའི་སྐོར་ཐོག་མར་ནས་མོས་མཐུན་བྱུང་མེད་པ།
དོན་ཁང་གིས་རོགས་དངུལ་བསྒྱུར་རྒྱུའི་རེ་འདུན་ལ་ད་དུང་ཡང་དེ་ལྟར་ཡོང་བའི་རེ་འདུན་ཐེབ་རྩ་ཁང་ནས་ཀྱང་ཡོད་པ། སོགས་བཀོད་འདུག།
ལོ་སུམ་ཅུ་རྗེས་ལ་ལས་བྱེད་ཚང་མ་གསར་པ་རེད་ལ། སྲིད་སྐྱོང་ཡང་སུ་ཟེར་བ་ཞིག་ཡོང་ངམ། དེ་དུས་ལས་བྱེད་ཚོས་ཡིག་ཆ་གཞིར་བཟུང་གི་ལས་ཀ་བྱེད་ཀྱི་རེད་དམ། སྔ་མོ་སྔ་མོ་སྲིད་སྐྱོང་བློ་བཟང་སེང་གེས་ནང་མོལ་བྱུང་ཟིན་ཟེར་བ་ཞིག་བཤད་ཡོད་པར་ཐོས། ད་དེ་གཞིར་བཟུང་ཡིན་ད། ཁྲིམས་དང་གན་ཡིག་ལ་ཚད་འཛིན་མ་བྱེད་ཟེར་རམ། ངོ་མ་ཧཧཧརེད།
དུས་ནི་མི་འགྱུར་མི་རྣམས་འགྱུར་ཟེར་བ་ལྟར་སངས་རྒྱས་ཀྱི་མཛད་པ་ལ་གུས་རྩི་དང་ཆེ་མཐོང་ཞུ་དགོས་པ་ལས་དེ་ལ་དཔེ་བླངས་ནས་སྤྱི་ཚོགས་ལ་འགན་འཁུར་སྟངས་དེ་ཚོ་ཡག་རྟགས་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་བོ་།
བཀྲ་ཤིས་བདེ་ལེགས་ཞུ།
བློོ་སེང་ལགས་ངེས་པར་བསམ་ཤེསའཐུབ་པའི་ཐོག་ནས་ཁྱེད་ཀྱི་བོད་མི་དམངས་ལ་སྒོ་བསྐོར་ཀྱང་ཀྱང་མ་གཏང་བར་ཕྱི་ནང་གི་བོད་མི་ས་ཡ་དྲུག་གི་དཀའ་སྡུགས་ལ་གཟིགས་ནས་མུས་མཐུད་བོད་མི་ས་ཡ་དྲུག་ལ་དཀའ་ངལ་མ་བཟོ་རོག་གནང་། ངའི་ཁྱིམ་རྒྱུད་ཁམ་ཕྱོགས་ནས་ཡིན་སྟབས་ཁྱེད་ལ་ཕུ་བརྒྱབ་མཁན་གྱི་མི་ངན་ཁ་ཤས་ཀྱི་ཁ་ལ་མ་ལྟ་བར་ང་ཚོ་ཁམ་ནས་ཡིན་པའི་བཟང་གདོང་རིན་པོ་ཆེ་འདྲ་པོར་བཀའ་སློབ་ལམ་སྟོན་ཞུས་ནས་ཁམ་པ་ཟེ་དུས་མི་ཚང་མ་བསྡུག་ཅག་འདྲ་པོ་མ་བཟོ་རོག་ སྔོན་ཆད་ཀེམ་བཞི་པ་ཟེ་བ་དེསཀྱང་༧གོང་ས་མཆོག་ལ་སྐུ་ངལ་མང་པོ་བཟོ་ཡི་ཡོད་པ་བོད་ནང་ཡོད་དུས་ནས་གོ་མྱོང་ཡོད་
ད་ཆ དོད་ཚོག་ཉུང་ཤས་ནང་ལོག་ལའང་ཁྱི་རྒན་ཁམ་པ་ཉུང་ཤས་དེས་ང་ཚོ་ཁམ་ཁུལ་གྱི་མི་ཚང་མའི་མིང་ཆད་ངན་པ་བཟོ་ཡི་འདུག་དེས་ན་བློ་སེང་གིས་མུས་མཐུད་ལས་ངན་པ་མ་ཟོ་རོག་ཞུ
ཤིག་ལ་བརྒྱབས་ཀྱང་། སྒོ་ངའི་ཕྱི་ལོགས། བློ་སེང་ལ་བརྒྱབས་ཀྱང་། དྷ་སའི་སྲང་ལམ།
ཀར་དགེ་དྷ་སའི་དགེ་སློང་། །
དངོས་ཚེ་ཨ་རིའི་དང་བླངས། །
བཀའ་བློན་དོན་གཅོད་ལས་འགན། །
རྡོར་དྲིལ་གར་བཞག་རེད་འདུག །
སངས་རྒྱས་ཀྱིས་གསུངས་ཤེར་ཕྱིན་གྱི་མདོ་ཡང་རྩེད་ཆས་སམ་ཟུར་ཟ་ཉེ་རིང་ཆགས་ལྡང་ལ་བེད་སྤྱད་ན་ལེགས་སམ
ཀེམ་བཞི་པའི་སྐོར་ཞེ་དྲགས་མ་བཤད་ན་བཟང་། གལ་ཏེ་དེའི་སྐོར་ཤེས་འདོད་ཡོད་ན། སྐུ་ངོ་རྒྱ་ལོ་དོན་གྲུབ་ཀྱིས་བོད་ཤོར་ནས་རྒྱ་གར་བཙན་བྱོལ་ནང་ལས་ཀ་ག་འདྲ་བྱས་ཡོད་མེད་ལ་ཞིབ་འཇུག་ཅིག་བྱེད་ན་གཞི་ནས་ཀེམ་བཞི་པ་སོགས་ཀྱི་གནད་དོན་རྣམས་གསལ་རྗེན་ཕྱིར་མངོན་པར་འགྱུར་རོ།
སྐྱེ་ས་ཁམས་ཕྱོགས་ཡིན་ན་བཟང་རྒྱུ་དང་། ཉལ་ས་ལྷ་ཁང་ཡིན་ན་དྲོ་རྒྱུ་ཅི་ཡོད། ལས་ཀ་ཡག་པོ་མ་བྱེད་ན་མདོ་དབུས་ཁམས་གསུམ་གྱི་མི་བུ་སུ་འདྲ་ཞིག་ཡིན་ན་གཅིག་པ་རེད།
ཁམས་པས་ཁམས་པ་ཡར་བཀྱག །
སྐྱག་པས་སྐྱག་པ་ཡར་བཀྱག །
སྲིད་སྐྱོང་བོད་མིས་ཡར་བཀྱག །
རང་གིས་འགོ་འཁྲིད་ཡར་བཀྱག །
སྔར་མི་བོད་ཀྱི་གཏམ་དཔེ་ལ། །
རང་གིས་རང་བཀྱག སྐྱག་པའི་རྐུབ་བཀྱག ད་ནི་བོད་མིས། དེ་ལ་བརྩོན་བགྱིད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུས་རྟག་ཏུ་རྒྱལ་འགྱུར་ཅིག སྲིད་སྐྱོང་ཕྱོགས་ཐམས་ཅད་ལས་རྒྱལ་འགྱུར་ཅིག སྲིད་སྐྱོང་གི་ལས་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་ཅིགུ
གེ་སེར་ཚང་ཡ་མ་བུ་ཁྲིད་མིང་ཅན་འདིས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་སྟངས་གཞིགས་ན། འདི་ཕ་རོལ་པོ་ཞིག་ཡིན་པ་གསལ་པོ་དང་། ལར་ནས་གོ་དོན་སྣེ་གཅིག་མེད་པའི་མཆན་འགོད་པ་རྣམས་སྙིང་རེ་བརྗེ།།