སྙིགས་མའི་སྐབས་ན་ཐུབ་བསྟན་ཉིན་མོར་བྱེད། །
ངན་རྟོག་སྤྲིན་གྱིས་སྒྲིབ་པའི་མཚམས་དུས་སུ། །
རྒྱལ་ཀུན་ཡེ་ཤེས་ངུར་སྨིག་གོས་ཅན་དུ། །
བྱོན་པའི་ཀུན་མཁྱེན་ཙོང་ཁ་པ་ལ་འདུད། །
གཞོན་པའི་དུས་ནས་ཤེས་རབ་རྩལ་རྫོགས་ཏེ། །
ཐར་བ་འདོད་རྣམས་ཐར་བར་འཇུག་པའི་ཕྱིར། །
མདོ་རྒྱུད་དགོངས་དོན་ཚང་ལ་མ་ནོར་བ། །
སྟོན་པའི་བསྟན་བཅོས་ལམ་སྔགས་གཉིས་སུ་མཛད། །
ཇི་ལྟར་དངོས་པོའི་གཤིས་ལ་འདྲིས་གྱུར་ནས། །
སྲིད་པའི་རྩ་བ་རྩད་ནས་གཅོད་པ་ལ། །
རྟེན་འབྱུང་གནས་ལུགས་མེད་ན་མི་འབྱུང་གི །
འབྲེལ་བའི་རྟེན་འབྲེལ་འཇམ་མགོན་ཁྱེད་ཀྱིས་གསུངས། །
བསིལ་ལྡན་ལྗོངས་ན་ས་དགེའི་བཀའ་རྙིང་གི །
མཁས་གྲུབ་དུ་མས་རྩོད་མེད་མགྲིན་གཅིག་གིས། །
ཐུབ་པའི་བསྟན་ལ་ཐུབ་དབང་གཉིས་པ་ཞེས། །
གངས་ཅན་མཁས་པའི་གཙུག་རྒྱན་ཁྱེད་ལ་བསྔགས། །
དགའ་ལྡན་ལྔ་མཆོད་ལ་བཛྲ་རཏྣའི་མིང་ཅན་གྱིས་སྤེལ་པ་དགེའོ།།
སྔར་གྱི་དུས་སུ་སློབ་དཔོན་པདྨར་རྫུས། །
བར་གྱི་དུས་སུ་ཨ་ཏི་ཤ་ལ་སྤྲུལ། །
ཕྱིས་ཀྱི་དུས་སུ་བློ་གྲགས་ཙོང་ཁ་པ། །
བརྒྱུད་པའི་བླ་མ་གསུམ་ལ་གསོལ་བ་འདེབས། །
་
ཐུབ་དབང་སླར་བྱོན་དགེ་སློང་གཟུགས་སུ་སྤྲུལ། །
འཇམ་དཔལ་དབྱངས་དངོས་བོད་མིའི་གཟུགས་སུ་སྤྲུལ། །
འཆད་རྩོད་རྩོམ་གསུམ་གསུང་རབས་བཅོ་བརྒྱད་སྤྲུལ། །
མཁྱེན་བརྩེ་ནུས་གསུམ་རིགས་གསུམ་མགོན་པོར་སྤྲུལ། །
་
བོད་ཀྱི་འཇམ་དབྱངས་དང་པོ་ཀློང་ཆེན་པ། །
བོད་ལྗོངས་འཇམ་དབྱངས་གཉིས་པ་ས་སྐྱའི་པཎ། །
བོད་རིགས་འཇམ་དབྱངས་གསུམ་པ་བློ་བཟང་གྲགས། །
འཇམ་དབྱངས་རྣམ་གསུམ་ཞབས་ལ་གསོལ་བ་འདེབས། །
་
སངས་རྒྱས་གཉིས་པ་སློབ་དཔོན་པད་འབྱུང་མཁྱེན། །
བཙུན་གཟུགས་བྱང་སེམས་ཨ་ཏི་ཤ་ཡིས་མཁྱེན། །
འཇམ་དབྱངས་མི་གཟུགས་བླ་མ་ཙོང་ཁ་མཁྱེན། །
རྣམ་གསུམ་གཅིག་བསྡུས་བསྟན་འཛིན་རྒྱ་མཚོ་མཁྱེན། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
སངས་རྒྱས་གཉིས་པ་སློབ་དཔོན་པད་འབྱུང་མཁྱེན། །
བཙུན་གཟུགས་བྱང་སེམས་ཨ་ཏི་ཤ་ཡིས་མཁྱེན། །
འཇམ་དབྱངས་མི་གཟུགས་བླ་མ་ཙོང་ཁ་མཁྱེན། །
རྣམ་གསུམ་གཅིག་བསྡུས་བསྟན་འཛིན་རྒྱ་མཚོ་མཁྱེན། །
འདི།
སངས་རྒྱས་གཉིས་པ་སློབ་དཔོན་པད་འབྱུང་མཁྱེན། །
བཙུན་གཟུགས་བྱང་སེམས་ཨ་ཏི་ཤ་ཡིས་མཁྱེན། །
འཇམ་དབྱངས་མི་གཟུགས་བླ་མ་ཙོང་ཁས་མཁྱེན། །
རྣམ་གསུམ་གཅིག་བསྡུས་བསྟན་འཛིན་རྒྱ་མཚོས་མཁྱེན། །