གཉན་ཆེན།
རི་བོ་སྒང་དྲུག་བསྣོལ་བའི་ལྟེབ་ཁུག་དང་། །
རྨ་འབྲི་རྫ་གསུམ་བཞུར་བའི་འགྲམ་ངོགས་སུ། །
མདོ་ཁམས་མི་ཡི་ཆོལ་ཁ་གསེར་ལྡན་མའི། །
དེང་དུས་མོ་རྣམས་ཕལ་ཆེར་བཙུན་མའི་གཟུགས། །
ཡ་ཆེན་སྒར་ན་བཙུན་མ་ཁྲི་ཕྲག་ཟེར། །
གསེར་རྟ་སོགས་ན་སྟོང་ཕྲག་དུ་མ་འདུག །
ས་ཁུལ་རེ་ན་བཙུན་མ་ཁྲི་མ་འབུམ། །
བོད་ཀྱི་མི་འབོར་འགྲིབ་པའི་སྔ་ལྟས་ཡིན། །
བོད་ལ་དགོས་པ་མི་འབོར་འཕེལ་རྒྱས་ཡིན། །
བོད་ལ་དགོས་པ་ནང་ཁུལ་མཐུན་སྒྲིལ་ཡིན། །
བོད་ལ་དགོས་པ་གནའ་དེང་རིག་གནས་ཡིན། །
བོད་ལ་དགོས་པ་བླ་སྲོག་སླར་གསོ་ཡིན། །
མི་འབོར་ཉམས་པའི་བཙུན་གཟུགས་ཟོག་པོའི་རིགས། །
མེས་པོ་བཙན་པོས་གཟིགས་ན་མིག་ཆུ་ཤོར། །
ལ་རྒྱ་ཅན་གྱི་མཐོང་ན་སྙིང་རླུང་ལྡང་། །
མི་རིགས་འོས་འགན་བསམ་ན་ཡིད་རེ་མུག །
གོང་མའི་བཙན་ཁྲིམས་སྐྱེ་རྒྱུན་གཅོད་པ་དང་། །
སྡོམ་པའི་གཉའ་ཤིང་སྐེ་ལ་སྐོན་པ་གཉིས། །
རང་ཉིད་མོས་པ་ཡོད་མེད་ཙམ་ཞིག་ལས། །
མི་རིགས་སྲོག་རྩ་གཅོད་ལ་གཅིག་ཏུ་འཁུམས། །
དད་པ་རྫུན་མའི་ནམ་མཁར་འཇའ་ཡི་ཁེངས། །
ངེས་འབྱུང་རྫུན་མའི་ལྷ་སྐུ་དངོས་སུ་བྱོན །
ཆོས་པ་རྫུན་མའི་སངས་རྒྱས་འཕུར་ལ་ཁད། །
ཆོས་མིན་སྲིད་མིན་བསྒྲུབས་པའི་བོད་འདི་ཕོངས། །
མི་རིགས་རྩ་མེད་གཏོང་བའི་གཡོ་བྱུས་གཉིས། །
ལྷ་ཡི་གནང་བའི་ཆོས་ཀྱི་སྡོམ་ཁྲིམས་དང་། །
མོ་ཡི་སྐྱེ་སྒོ་འགོག་པའི་སྲིད་ཁྲིམས་སོགས། །
རིགས་ཀྱི་སྐྱེ་རྒྱུན་གཅོད་པའི་སྟ་རེ་ཡིན། །
ཡང་དག་མིན་པའི་བཙུན་གཟུགས་ཁྲི་མ་འབུམ། །
སྒར་དང་དགོན་པའི་ཞབས་འདྲེན་ཞུ་བ་ལས། །
རིགས་ཀྱི་ས་བོན་འདེབས་པའི་ཞིང་ས་ལ། །
རིགས་རྒྱུན་མྱུ་གུ་ཞིག་གི་ཞལ་འདེབས་རྒྱོབས། །
མི་ཆོས་སྒྲུབ་པར་གཡོལ་བའི་དམར་སེར་རིགས། །
ངེས་འབྱུང་རྫུན་མའི་གདོང་པགས་ཕྱིས་གྱུར་ཏེ། །
དམར་སེར་བླ་གོས་འོག་གི་ཆགས་པ་ཡང་། །
འཇིག་རྟེན་ཁྱིམ་པའི་ལུགས་སུ་སྟོན་པར་ཤོག །
ཕོ་རྒོད་སྟོང་གི་དྲན་པའི་ལངྐ་ཡིས། །
བརྩེ་ཆེན་བཙུན་མའི་དགའ་བའི་བུ་ག་ལ། །
ཡང་དག་བྱམས་པའི་འོ་ཡི་བདུད་རྩིའི་རྒྱུན། །
ཡང་ཡང་འབབ་པའི་རྟེན་འབྲེལ་སྙིང་ལ་སིམ། །
དམར་པོ་རྫུན་མ་སྐྱ་བོའི་གྲོང་ལ་ཕབ། །
གྲོང་གི་སྐྱ་བོའི་མཚན་མ་བཅོས་ཁྲིམས་མེད། །
ཉམ་ཐག་བོད་ཀྱི་མ་འོངས་མི་འབོར་དེ། །
འགོག་མེད་འཕེལ་བའི་ལས་ལ་ད་བརྩོན་ཞིག །
༢༠༡༧ ༡༢ ༡༣ ཉིན་གྱི་དགོང་མོ་བྲིས། །
མི་འབོར་མང་དྲགས་སྔང་འཚབ་གཅིག །
བོད་མི་ཉུང་དྲགས་སེམས་ཕྲལ་གཉིས། །
བཙུན་གཟུགས་མང་དྲགས་མཐོང་བ་གསུམ། །
གཅིག་གཉིས་གསུམ་བཞིའི་འཇིག་རྟེན་བཞི། །
ཟ་ཁང་ནང་ནས་ཟ་མ་མཉམ་ཟ་བྱེད།།
ཚོང་ཁང་ནང་ནས་ལག་རྟགས་ཕན་ཚུན་ཉོ།།།
སྲང་ལམ་ནང་ནས་ལག་འཇུས་བྱེད་པ་སོགས།།
ཁྱེད་ལ་མཁོ་བའི་ལོག་སྤྱོད་མང་ཙམ་སྣང་།།
རྡ་ས་ལྡི་ལི་བོད་པ་གང་ཡོད་དེར།།
སྦྲང་བོ་ཕལ་ཆེར་གྲ་ལོག་ཇོ་ལོག་རེད།།
སྐྱ་མིན་སེར་མིན་གང་སར་མཐོང་རྒྱུ་མང་།།
རིགས་རྒྱུད་སྤེལ་ལ་སྣང་དོགས་མི་དགོས་སྙམ།།
བླ་མས་གཟན་ཤམ་གོན་བཞིན་རིག་མར་གཡབ།།
གྲྭ་བས་གཟན་ཤམ་གྱོན་བཞིན་བཞང་ཁང་འགྲིམ།།
དངོས་སུ་མ་མཐོང་རྣ་བའི་གོ་ཚོད་མང་།།
བླ་ལོག་གྲྭ་ལོག་ས་སྟེང་གཡོགས་དང་མཚུངས།།
ཉི་མ་རེ་ལ་ཇོ་མོ་རེ་རེ་རྫོགས།།
མཚན་མོ་རེ་ལ་ཇོ་ཕྲུག་རེ་རེ་སྤེལ།།
ཡ་ཆེན་སྒར་དང་གསེར་རྟ་བླ་རུང་གི།
ཨ་ཁུ་སྟོན་པ་འཇོན་ན་ཁྱེད་རང་བྱོས།།
ཧཧཧ་་ཀུ་རེ་ཞུའོ། བཛྲ་ས་ཏྭ།