ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
བཀའ་ཤག་སྤྱི་མོས་ཨ་དོན་འཕོ་འགྱུར་བཏང་།།
ཁ་གསལ་འབྲེལ་བཤད་མེད་པའི་གསལ་བསྒྲགས་གནང་།།
ག་ས་ག་ལ་མི་མང་དཱོགས་གླེང་མང་།།
ང་ཚོ་བོད་མིའི་ལས་དབང་ཨ་སྒོར་འོག།
ཅ་ཅོ་མང་བའི་སྐད་འཕྲིན་དྲ་རྒྱའི་ནང་།།
ཆོལ་གསུམ་དཀྲུགས་པའི་ལས་ངན་མིང་རྫུན་འོག།
ཇི་ལྟར་བསམ་ཀྱང་བོད་མིའི་ལས་དབང་འདི།།
ཉོན་མོངས་ཆགས་སྟངས་ཕྱོགས་གཏོགས་འོག་ཏུ་ཚུད།།
ཏ་ལའི་བླ་མས་ཐུགས་སྐྱེད་ལམ་སྟོན་འོག།
ཐ་སྙད་མང་གཙོ་བོད་མིའི་མདུན་ལམ་བསྟན།།
དོན་དམ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ལ།།
ནག་ནོག་མེད་པའི་ཁྲིམས་སྲུངས་བོད་མིའི་འགན།།
དཔལ་དང་གཟི་བརྗིད་འགོ་འདྲེན་འོག་ཏུ་རུལ།།
ཕ་ཡུལ་ཞེན་ཁོག་ལར་རྒྱའི་འོག་ཏུ་རུལ།།
བ་ཕྱུགས་དུད་འགྲོ་བསམ་མེད་སེམས་ཅན་ཡང་།།
མ་བུའི་འདུ་ཤེས་སྨྲ་ཤེས་མི་ལས་དྲག།
རྩ་བ་ད་ལྟའི་སྤྱི་ཚོགས་འཁྲུགས་རྐྱེན་འདི།།
ཚོད་དཔག་མ་ཐུབ་འཛིན་སྐྱོང་བཀའ་ཤག་འགན།།
ཛ་དྲག་བྱས་ནས་ཨ་དོན་འཕོ་འགྱུར་འོག།
ཝ་མོའི་ངུ་འབོད་དྲ་རྒྱ་སྐད་འཕྲིན་ཚང་།།
ཞ་མོ་མི་ལ་གཡོག་དང་རང་གི་གྱོན།།
བཟང་སྤྱོད་ཟེར་བའི་ཐ་སྙད་མིང་ཙམ་ལྷག།
་འུར་གཏམ་བཤད་ནས་རང་དོན་སྒྲུབ་མཁན་ལ།།
ཡ་རབས་ངོ་ཚ་ཉིན་གྱི་སྐར་མ་ཙམ།།
རང་ཡུལ་བཅོམ་མཁན་དགྲ་བོ་སྣང་མེད་བཞག།
ལ་རྒྱ་ཞེན་ཁོག་ཕྱོགས་གཏོགས་འགོ་འདྲེན་རྒྱུད།།
ཤ་ཚའི་སྙིང་གཏམ་གསང་བ་གང་ནས་ཐུབ།།
ས་མཚམས་མ་ཤེས་མངོན་ལོ་ཁྲོམས་ལ་བསྟན།།
ཧ་ལོག་བུད་མེད་བཀའ་བློན་འོས་གཞི་དེ།།
ཨ་མའི་བུ་མོའི་མི་ཚེའི་མདུན་ལམ་ཕྱུགས།།
རང་ཡུལ་འཕྲོག་མཁན་དགྲ་བོ་སྣང་མེད་བཞག །
ལ་རྒྱ་ཞེན་ཁོག་བཞག་ནས་ནང་ཁུངས་དཀྲུགས། །
ཤ་ཚའི་སྙིང་གཏམ་བཞག་ནས་འདྲ་འབུར་ཉན། །
ས་ཆ་བོད་ཡུལ་བཞག་ནས་གཞན་ཡུལ་གྱར། །
ཧ་ཅང་སྙན་ཆ་མེད་ཀྱང་སྙིང་གཏམ་འདི། །
ཨ་ཕའི་བུ་དང་ཨ་མའི་བུ་མོས་ཉོནད། །
༄༅། དོན་དངོས་གསལ་པོ་ཇི་བཞིན་མ་རྟོགས་པར།།
འཆལ་གཏམ་གཅིག་རྗེས་གཉིས་སུ་བཤད་པ་དང།།
ཕ་ཡུལ་བཙན་འཕོྲོག་བྱེད་པོ་ཕར་ལ་བཞག།
བཀའ་ཤག་ལྷན་ལ་ངོ་རྒོལ་བྱེད་མཁན་ཚོའི།།
རྒྱབ་ལ་ངན་འཛུལ་སུས་བྱེད་ཞིབ་དཔྱད་དགོས།།
བོད་དགྲ་དགའ་ཞིང་བོད་གཉེན་སྡུག་ལ་ལྟོས།།
སྨྲ་ཤེས་དོན་གོ་མི་ཞིག་ཡིན་ཆ་ནས།།
ངེས་པར་སེམས་ཀྱི་ནང་ལ་བཞག་པར་འཚལ།།
སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས་།
རང་དབང་མང་གཙོའིི་སྤྱི་ཚོགས་ཆེན་པོའི་ནང་།
རང་རང་བསམ་ཚུལ་གླེང་སའི་རྒྱུད་ལམ་མང་།
ལྷག་བསམ་དཀར་པོ་དྲི་མེད་རང་མིང་འོག་།
ལྷག་བསམ་དཀར་པོའི་དགེ་སྐྱོན་མཛུབ་སྟོན་ལ་།
ལྷག་བསམ་ནག་པོའི་སྤྱི་ཚོགས་དཀྲུགས་ཐབས་སུ་།
ལྷག་བསམ་ནག་པོའི་མིང་རྫུན་འཆན་འདེབས་མང་།
ལྷག་བསམ་འགན་འཁུར་ཡིན་ན་རང་མིང་བཀོད་།
ལྷག་བསམ་རྨ་མེད་ཡིན་ན་མདུན་དུ་འཐོན་།
ལྷག་བསམ་ནག་པོའི་ལྷག་བསམ་ཅན་ལ་རྒོལ་།
ལྷག་བསམ་ནག་པོའི་མཆན་འདེབས་མིང་རྫུན་འོག་།
སྐྱབས་བཅོལ་ཁྲོད་ཀྱི་དམར་འཛིང།
Tibetan yaks are fighting in the summer, but they aren’t fighting by political in the exile.
https://www.facebook.com/serta.choedak/videos/1511866795529548/?hc_ref=ARS6i4S1digNuUACHQWuTU_IuH4hiWoNDqA8lSrL0U32Dmd1mAOIJfUIA-Z68-I_284&fref=nf
བོད་ནང་ལ་་་་་་
https://www.facebook.com/serta.choedak/videos/1442012615848300/
མིང་རྫུན་འོག་ཏུ་དྲ་ནང་འཛུལ་མཁན་དང་།
མིང་རྫུན་འོག་ཏུ་དཔྱད་རྩོམ་སྤེལ་མཁན་དང་།
མིང་རྗུན་འོག་ཏུ་མཆན་འགོད་འདེབས་མཁན་དང་།
མིང་རྫུན་འོག་ཏུ་སྤྱི་ཚོགས་དཀྲུགས་མཁན་ཚོ་།
རང་དབང་མང་གཙོའི་འགན་འཁུར་མ་ཐུབ་རྟགས་།
མཐོ་ལ་སྤྲེལ་ལས་གཞུང་པས་ཤེས་ལེ་མིན་།
དམའ་ལ་སྡངས་སེམས་གཞུང་པས་ཤེས་ལེ་མིན་།
ཁྲིམས་སྒྲིག་འགན་འཁུར་བསམ་ཚུལ་གླེང་བ་འདི་།
རང་མིང་གསལ་སྟོན་འོག་ཏུ་འགན་འཁུར་བླངས་།
ཁྱེད་ཀྱི་སྐད་ཆ་ལ་གནས་ལུགས་དང་རྒྱུ་མཚན་དེ་ཙམ་མེད་དུས་ང་ཚོའི་སྤྱི་ཚོགས་འདི་དཀྲུགས་དགོས་བསམས་ཀྱང་དཀྲུགས་ཐུབ་ཀྱི་མ་རེད། དེ་མིན་ཁྱེད་ཀྱིས་སྔོན་མ་ཞིག་ནས་གཅིག་དཀྲུགས་ཐུབ་རེ་བྱེད་ནས་འབོད་བཞིན་པ་ཧ་གི་ཡི་ཡོད།།།
མིང་རྫུན་འོག་གི་རྩོམ་ཡིག་དང་།
མིང་རྫུན་འོག་གི་མཆན་འགོད་དང་།
མིང་རྫུན་འོག་གི་སྐྱོན་བརྗོད་སོགས་།
སྤྱི་ཚོགས་དཀྲུགས་པའི་རྨངས་གཞི་རེད་།