གཡུ་སྒང་དགེ་འདུན།
ངས་དེ་རིང་འདིར་ང་ཚོའི་སྤྱི་ཚོགས་ཁྲོད་དབང་རྩའི་ནད་ཡམས་ཁྱབ་བཞིན་པའི་ནད་རྟགས་ཀྱི་སྒྲུང་ཐུང་ཞིག་བརྗོད་འདོད་བྱུང་། དང་པོ་ནད་གཞི་ཞིག་སློང་བ་ལ་རྒྱུ་དང་རྐྱེན་དགོས་ལ། རྒྱུ་རྐྱེན་དེ་༡༩༩༤། ཟླ་ ༣ ཚེས་ ༣༡ ཉིན་གུང་ཆུ་ཚོད་ ༣ པར་(༡༩༨༣། ཟླ་ ༣ ཚེས་ ༣༡ རྒྱ་ཡིག་བོད་བསྒྱུར་ལྟར།) རྒྱ་གར་བྷན་ལོར་ནས་དམའ་རིམ་ནད་ཞབས་པ་སྐོར་ཞིག་ལ་བད་མཁྲིས་ཀྱི་ནད་གཞི་ཕོགས་པ་རེད། ནད་གཞི་དེའི་གནས་དང་རྒྱུ་ནི། བད་ཀན་ཀླད་པ་ལ་བརྟེན་སྟོད་ན་གནས། མཁྲིས་པ་མཆིན་མཁྲིས་ལ་བརྟེན་བར་ན་གནས། རྒྱུ་གཏི་མུག་ལས་འབྲས་བུ་བད་ཀན་བསྐྱེད། ཞེ་སྡང་ལས་མཁྲིས་པ་བསྐྱེད། ནད་དེ་གཉིས་ལ་རིགས་གཉིས་སུ་དབྱེ་བ་རེད། ༡། ཐེ་ཝན་བོད་སོག་ལས་ཁུངས་ཀྱི་རྟ་ཤ་ཚི་ལུ་ཅན་གྱི་རིགས་ལས་སྐྱེད་པ་ཞིག་དང་། ༢། ལྷན་སྐྱེས་མའི་ཁོག་ལས་བྱུང་སྐབས་ནས་བཟུང་རང་ཆས་སུ་ཡོད་པའི་ གཡོན་ཕྱོགས་རང་བཞིན་ལས་སྐྱེད་པ་གཉིས་རེད། དང་པོ་དེ་དང་འབྲེལ་ནས་ཟས་སྤྱོད་དམན་ལྷག་ལོག་པའི་རྐྱེན་གྱིས་རིམ་བཞིན་ནད་ཤུགས་ཆེ་རུ་ཕྱིན། ཟས་སྤྱོད་དེ་ཐ་མ་ནག་པོ་འཐེན་པ་དང་གཅིག་པ་ལྟར་ཆགས་པ་རེད། ཟས་སྤྱོད་དེར་ལོངས་སུ་སྤྱོད་པར་༸གོང་ས་མཆོག་དང་བཀའ་ཚོགས་ལ་གསང་སྟེ་བྷང་ལོར་ནས་རྟ་ཤ་དེར་ཁྱད་ཆོས་གསུམ་ཚང་དགོས་པའི་གྲོས་མཐུན་ཞིག་བཞག་པ་རེད། རྟ་ཤའི་གྲོས་ཆོད་ཀྱི་ཐད་ནས་ནད་རྟགས་མང་པོ་ཞིག་བྱུང་སྟབས་༸གོང་ས་མཆོག་ལ་མ་ཞུས་རང་ཞུས་ཐུག་པ་རེད། སྐབས་དེར་ས་སྟེང་སྐྱེ་རྒུ་ཡོངས་ཀྱི་ལྷ་རྗེ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱོད་ཚོས་ཟས་སྤྱོད་དེ་བསྟེན་ན་ནད་གཞི་དེས་བོད་མི་ཡོད་དོ་ཅོག་ལ་གནོད་པ་དང་། ལྷག་པར་དུ་ཟས་སྤྱོད་དེ་ཚད་ལས་བརྒྱལ་ཏེ་ལོངས་སྤྱོད་ཐལ་དྲག་ན་ཀླད་པའི་དབང་རྩ་ལ་སྐྱོན་རྒྱག་གི་རེད། སྐབས་དེར་སླེབས་དུས་མིག་གིས་ཕྱོགས་གཅིག་ལས་ཕྱོགས་གཞན་མི་མཐོང་བ་དང་། རྣ་བས་ཀྱང་ཕྱོགས་གཅིག་ལས་ཕྱོགས་གཞན་མི་གོ་བ་ཆགས་ཚུལ་སོགས་བཀའ་སློབ་ལམ་སྟོན་གནང་། ཡིན་ནའང་ཁོ་ཚོས་ཐེ་ཝན་བོད་སོག་གི་རྟ་ཤ་མཚམས་འཇོག་མ་ཐུབ་པར་ཐ་མ་ནག་པོ་འཐེན་མཁན་ཚོས་ཐ་མ་ནག་པོར་བསྟོད་བསྔགས་བྱེད་པ་ལྟར་ཆགས་པ་རེད། ཕྱི་ལོ་ ༡༩༩༩་ལོར་ཐ་མ་འཐེན་མཁན་གྱིས་ཐ་མ་གཅོད་པ་ལྟར་༸གོང་ས་མཆོག་གིས་བཀའ་ལ་ཉན་མདོག་གིས་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་རྟ་ཤ་ལོངས་སུ་མི་སྤྱོད་པའི་དམ་བཅའ་བཞག་པ་རེད། སྐབས་དེ་དུས་མཐོ་རིམ་ནད་ཞབས་ནད་རྟགས་ཐོ་འགོད་ཁང་དུ་མཁྲིས་ནད་ཕོག་པའི་ནད་པ་ཡོད་པ་རེད། ནད་པ་དེའི་རིགས་རྟ་ཤས་སྐྱེད་པའམ་ལྷན་སྐྱེས་གཡོན་ཕྱོགས་རང་བཞིན་ལས་སྐྱེད་པའི་མཁྲིས་ནད་གང་ཡིན་མིན་གསལ་ཁ་ཐོན་མེད། གང་ལྟར་མཁྲིས་ནད་ཅིག་ཡོད་པའི་རྐྱེན་གྱིས་ཁོ་པས་རང་ཉིད་ཀྱི་མིག་གི་དཀར་ས་དེ་མཁྲིས་རྐྱེན་གྱིས་སེར་པོ་ཆགས་ཡོད་པ་དེ་གཞན་གྱིས་མི་མཐོང་ཆེད་མདོག་བསྒྱུར་གྱི་མིག་ཤེལ་ཞིག་གྱོན་ནས་སོང་ཡོད་སྟབས་སུ་གང་གིས་མ་ཤེས་པ་རེད། འོན་ཀྱང་། སོ་སོའི་ནང་དུ་སླེབས་དུས་རང་ཉིད་ལ་ན་ཟུག་གཏོང་བའི་ཟས་སྤྱོད་ཡོད་ཚད་ཀྱི་བྱེད་ལས་ཚང་མ་ཐོ་འགོད་བྱས་ཏེ། རང་ཉིད་གྲོངས་རྗེས་ཀློག་མི་ཚར་བའི་ཟིན་ཐོ་ཞིག་ཀྱང་བཞག་ཡོད་པ་རེད། ཟིན་ཐོ་དེའི་ནང་ན་ཟུག་གཏོང་ཁོངས་སུ་བགྲང་བའི་ཟས་སྤྱོད་རྣམས་ནད་ལ་གནོད་པའི་ངེས་པ་མེད་པ་ཞིག་ཆགས་པ་རེད། སྟབས་མ་ལེགས་པ་ཞིག་ལ་ ༢༠༡༥ ལོར་ནད་རོ་རྙིང་པ་དེ་སློང་རྐྱེན་གཞན་གིས་ཐོག་ནས་ཡང་བསྐྱར་ལངས་པ་རེད། སློང་རྐྱེན་ནི་ཕྱོགས་གཅིག་ལས་ཕྱོགས་གཞན་མི་མཐོང་བའི་ཟས་སྤྱོད་དམན་ལྷག་ལོག་པ་དེ་རེད། ནད་དེ་རྙིང་དྲག་པས་དབང་རྩ་དང་འབྲེལ་དེ་བྱུང་བ་རེད། བད་ཀན་རྒྱུ་གཏི་མུག་ཡིན་པས་གཏི་མུག་ནི་མ་རིག་པ་ལས་བྱུང་། དེའི་གནས་ཀླད་པ་ཡིན་སྟབས་སྤྱི་བོའི་ཀླད་ཞོ་ནས་རྐང་པའི་མཐིལ་བར་དུ་ང་དང་ངའི་ཤོག་ཁག་ཞེས་པའི་དྲན་པ་གཅིག་པུ་ལས་ཅི་ཡང་དྲན་ཤེས་མེད་པར་ཆགས། མཁྲིས་པའི་རྒྱུ་ཞེ་སྡང་ཡིན་པས་ཞེ་སྡང་ཡང་མ་རིག་པ་ལས་བྱུང་། དེའི་གནས་མཆིན་མཁྲིས་ཡིན་པ་དང་ཟས་བཅུད་ཀྱི་དྭངས་མ་འདྲེན་པའི་རྩ་རྣམས་དེར་ཡོད་སྟབས་ང་དང་ངའི་ཤོག་ཁག་ཞེས་པའི་དྲན་ཤེས་ལས་གཞན་མི་ཚོར་བའི་ཟས་ཀྱི་སྙིགས་མ་ཞིག་དྭངས་མའི་གནས་སུ་ཤོར། དུས་དེ་ནས་སྤྱི་བོ་ནས་བཟུང་ལུས་ཀྱི་རྩ་ཆེན་དང་རྩ་ཕྲན་ཡོད་ཚད་མཁྲིས་པ་རྒྱས་ནས་ཕྱོགས་གཅིག་ལས་མི་མཐོང་བའི་དབང་རྩའི་མ་ལག་གི་ནད་གཞི་ཚབ་ཆེན་ཞིག་ཏུ་གྱུར་ཏེ། འཇིག་རྟེན་གྱི་ཁ་དོག་ཡོད་ཚད་རང་ཉིད་ཀྱིས་མཐོང་བའི་ཁ་དོག་སེར་པོ་སེར་རྐྱང་ལས་གཞན་ཁ་དོག་ཐམས་ཅད་ཁ་དོག་མ་ཡིན་པར་འབུར་འཇོམས་བྱེད་དགོས་པའི་ཀུན་སློང་རྣལ་མ་ཞིག་བྱུང་བ་རེད། ནད་དེ་ལ་དོགས་ཟོན་བྱེད་མཁན་ཚོས་སྔ་ས་ནས་༸གོང་ས་མཆོག་གིས་འགོས་ནད་དེའི་སྐོར་གསུང་ཡོད་པ་ལ་ཉན་དེ་འཕྲོད་བསྟེན་གང་ལེགས་བྱས་རྐྱེན་འགོས་ནད་དེས་གནོད་པ་མ་ཐེབས་པ་རེད། ཡིན་ནའང་། འགོས་ནད་ཡོད་མཁན་ཚོས་ང་ཚོ་ལ་གཞན་གྱིས་ནད་འགོས་བཅུགས་སོང་བསམ་གྱི་ཡོད། དོན་དངོས་ཐོག་ནད་དེ་རང་ཉིད་ཀྱི་ཟས་སྤྱོད་དམན་ལྷག་ལོག་པ་ལས་བྱུང་བ་རེད། གནས་སྐབས་རིང་ནད་པ་ཚོར་བད་མཁྲིས་ལ་ཕན་པའི་སྨན་ཞིག་བཏང་བ་རེད། སྨན་དེས་གནས་སྐབས་ཙམ་ལས་ཕན་མ་ཐོགས་པ་རེད། སྟབས་ལེགས་པ་ཞིག་ལ་རྟ་ཤ་ཚི་ལུ་ཅན་གྱི་ཚོང་སྒོ་བརྒྱབ་ཟིན་པ་རེད། བར་སྐབས་༢༠༡༧ ལོའི་ཕྱི་ཟླ་ ༣ པའི་ནང་གྲོས་ཚོགས་ར་བ་ནས་བཀྲ་མི་ཤིས་པའི་ནད་རྟགས་ཡ་མཚན་ཞིག་བྱུང་བ་རེད། ༸གོང་ས་མཆོག་ལ་རྒྱུས་ཡོད་ཤོས་གནས་ཆུང་ཡིན་པ་དང་། གནས་ཆུང་ལ་རྒྱུས་ཡོད་ཤོས་༸གོང་ས་མཆོག་ཡིན་པ་༸རྒྱལ་པའི་ཞལ་ཡངས་པོ་ལས་གསུང་དྲོན་མོ་ཞིག་གནང་ཡོད་པ་རེད། དོགས་པ་དང་རྣམ་རྟོགས་ལངས་མི་དགོས་པ་ཞིག་ཆགས་ཡོད་པ་རེད། ཡིན་ནའང་ནད་རྟགས་རྫོབ་ཆེ་བ་ཞིག་ལ་དཔལ་ལྡན་གནས་ཆུང་ཆོས་རྒྱལ་ཆེན་པོར་མི་བཤད་དགུ་བཤད་ཀྱིས་ངན་སྨྲས་བྱས་པ་རེད། ད་དུང་༸གོང་ས་མཆོག་ལ་དད་པ་ཡོད་ཚུལ་དང་། བཀའ་དང་འགལ་མེད་ཚུལ་སྔོན་གླེང་གི་ཐོག་ནས་ལྟས་ངན་གཡང་ལ་བསྒྱུར་པ་རེད། འདི་ནི་ཐོལ་བྱུང་གི་ནད་རྟགས་ཤིག་མ་ཡིན་པར་སྔོན་མ་ནས་གྲ་སྒྲིག་ཨང་གསར་ཡོད་པའི་ཨེ་སིའི་ནད་རྟགས་ཤིག་ཡིན་པ་རེད། ནད་འདིའི་སྐོར་གཟབ་དགོས་པ་ཞོར་འཕྲོས་སུ་བྱུང་བ་རེད། ད་ལོ་༢༠༡༧་སྤྱི་ཟླ་ ༡༡ པའི་ནང་ཡང་བསྐྱར་བད་མཁྲིས་ཀྱི་ནད་རོ་དེ་ཁ་ཕྱོགས་གཞན་ཞིག་ནས་བསླང་བ་རེད། ད་རེ་ནད་དེའི་རྒྱུ་རྐྱེན་ཨ་རིའི་སྒྲོ་ལོ་ས་ཡ་གཅིག་དང་ཕྱེད་ཀ་ལས་བྱུང་བ་རེད། ནད་དེ་ལ་ནད་རྟགས་བུན་ལོན་ཡིན་དང་མིན་ཞེས་པ་དེ་ཆགས་པ་རེད། ནད་དེ་མཐོ་རིམ་ནད་ཞབས་ཐོ་འགོད་ཁང་གི་ཡུན་རིང་རྒྱུན་འབྱམས་སུ་སོང་ཡོད་པའི་ནད་རྟགས་མ་ཡིན་པར་ནད་མེད་ལ་ནད་ཡོད་པའི་ནད་རྟགས་ཡིན་པ་ལྟར་ཆགས་པ་རེད། ནད་རྟགས་དེ་ལ་ནང་གསེས་དབྱེ་བ་བཅུར་དབྱེ་བ་དང་། ཚབ་ཆེ་བའི་ནད་རྟགས་གསུམ་གཙོ་བོར་བཟུང་སྟེ་མཐོ་རིམ་ནད་ཞབས་འགན་འཛིན་གྱི་མགྲིན་ཚབ་པ་ནད་གཡོག་རྒན་པས་གསལ་བསྒྲགས་གནང་བ་རེད། ཡིན་ནའང་དོན་རྩ་གཙོ་བོ་ས་ཡ་གཅིག་དང་ཕྱེད་ཀ་{ཐོག་མར་བུན་གཡར་སྐབས་ཕྱོགས་གཉིས་ཀས་དུས་ཡུན་གང་འཚམས་རྗེས་བུན་ལོན་ཧྲིལ་པོ་སྤྲོད་མཇལ་མ་དགོས་པར། བོད་མིའི་སྒྲིགས་འཛུགས་ལ་རོགས་སྐྱོར་གྱི་ཚུལ་དུ་འབུལ་ཐུབ་པའི་རེ་བ་བྱས་ཡོད་ཀྱང་། བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་རྒྱུའི་ལོ་དུས་སོགས་ཞིབ་ཕྲའི་གོ་བསྡུར་དང་། མོས་མཐུན་གང་ཡང་བྱུང་མེད་ཅིང་། ཕྱོགས་གཉིས་ནས་ལས་ཀ་མཉམ་དུ་བྱས་པའི་མྱོང་ཚོར་གཞི་ལ་བཞག་སྟེ། དུས་ཚོན་རན་མཚམས་སུ་བུན་ལོན་རོགས་སྐྱོར་དུ་བསྒྱུར་རྒྱུར་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་རེ་བ་ཞུ་གི་ཡོད། ཅེས་པ་དེ་དང་། བོད་མིའི་སྒྲིག་འཛུགས་ནས་བུན་དངུལ་ཡིག་ཆའི་འབྲུ་དོན་རྩ་འཛིན་དང་། བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིགས་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་ཐུབ་པའི་རེ་འདུན་ལ་མུ་མཐུད་བསམ་ཞིབ་ཞུ་བཞིན་པ་བཅས། }ཞེས་པ་དེ་རེད། མཐོ་རིམ་ནད་ཞབས་ནད་རྟགས་ཐོ་འགོད་ཁང་དུ་ནད་གཞི་རྩ་བ་ནས་མེད་པའི་དཔང་ཡིག་རེད། ཉིན་འགའི་རིང་ནད་དེ་ནད་མེད་ལ་ཕོགས་པ་ཡིན་ཤག་བྱས་པ་རེད། ནད་མེད་དེས་ན་ཟུག་གཏོང་སྟངས་མང་པོ་ཞིག་ཡིག་ཐོག་ཏུ་བཀོད་དེ་ཤོག་ལྷེ་༩༧ ཅན་ཞིག་བསྒྲགས་པ་རེད། དེའི་དོན་རྩ་གཙོ་བོ་{ ༡༽བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་དོན་གཅོད་ལས་ཁུངས་གསར་གཟིགས་(འཛུགས)གནང་རྒྱུའི་ཐོག་བོད་ཀྱི་ཐེབས་རྩ་ནས་མཐུན་རྐྱེན་སྦྱོར་བའི་ཆེད་ཕྱི་ལོ་ ༢༠༡༤ཕྱི་ཟླ་ ༣ ཚེས་ ༣༡ ཉིན་སྐུ་ཚབ་དོན་གཅོད་ཁང་དང་བོད་ཀྱི་ཐེབས་རྩའི་དབར་བུན་དངུལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་མོས་མཐུན་གན་ཡིག་བཞག་སྟེ། སྐྱིན་ཚབ་ལོ་སུམ་ཅུའི་ནང་ཕྱིར་སློག་གནང་རྒྱུའི་དུས་བཀག་བཟོས་ཐོག བུན་གཡར་དང་འབྲེལ་བའི་ཆ་རྐྱེན་ཡོངས་རྫོགས་ཡིག་ཐོག་གཏན་འབེབས་ཀྱིས་ནིའུ་ཡོག་མངའ་སྡེའི་ཁྲིམས་སྲོལ་དང་མཐུན་པ་བྱུང་ཡོད། སྐུ་ཚབ་དོན་གཅོད་ཁང་གི་རེ་འདུན་བཞིན། བུན་དངུལ་དེ་དག་ཆ་ཚང་(Tibetan Community Development Fund inc)ཞེས་པའི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཕུལ་ཡོད། ཅེས་པ་དེ་དང་། ༢༽བོད་མིའི་སྒྲིགས་འཛུགས་ལ་རོགས་སྐྱོར་གྱི་ཚུལ་དུ་འབུལ་ཐུབ་པའི་རེ་བ་བྱས་ཡོད་ཀྱང་། བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་རྒྱུའི་ལོ་དུས་སོགས་ཞིབ་ཕྲའི་གོ་བསྡུར་དང་། མོས་མཐུན་གང་ཡང་བྱུང་མེད་ཅིང་། ཕྱོགས་གཉིས་ནས་ལས་ཀ་མཉམ་དུ་བྱས་པའི་མྱོང་ཚོར་གཞི་ལ་བཞག་སྟེ། དུས་ཚོན་རན་མཚམས་སུ་བུན་ལོན་རོགས་སྐྱོར་དུ་བསྒྱུར་རྒྱུར་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་རེ་བ་ཞུ་གི་ཡོད། ཅེས་པ་དེ་དང་། ༣༽བོད་མིའི་སྒྲིག་འཛུགས་ནས་བུན་དངུལ་ཡིག་ཆའི་འབྲུ་དོན་རྩ་འཛིན་དང་། བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིགས་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་ཐུབ་པའི་རེ་འདུན་ལ་མུ་མཐུད་བསམ་ཞིབ་ཞུ་བཞིན་པ་བཅས།}ཞེས་པ་དེ་རེད། དང་པོ་བུན་ལོན་ཐག་བཅད་པ་དང་། མཐའ་མ་གཉིས་དེ་སྒྲུབ་ཀྱང་ཆོག་ལ་མ་སྒྲུབ་ནའང་ཆོག་པའི་ཐེ་ཚོམ་གྱི་རྣམ་པའི་སྒོ་ནས་བཀོད་ཡོད་པ་དེ་རེད། གལ་སྲིད་ས་ཡ་གཅིག་དང་ཕྱེད་ཀའི་ཐོག་ནས་མ་འོངས་པར་ང་ཚོའི་སྤྱི་ཚོགས་ཁྲོད་ཡུལ་ཁྲིམས་དང་འགལ་བའི་གནོད་སྐྱོན་བྱུང་ན་འགན་ཆ་ཚང་ད་ལྟའི་མཐོ་རིམ་ནད་ཞབས་པ་ཚོ་ལ་ཡོད་པ་གསལ་བོ་བརྗོད་པ་རེད། སྐབས་དེར་ནད་པ་ནི་སྔོན་མའི་ནད་པ་དེ་ཆགས་པ་རེད། མཐོ་རིམ་ནད་ཞབས་ཐོ་འགོད་ཁང་གི་འགན་འཛིན་གྱི་ཚབ་བྱས་ཏེ་ནད་ཞབས་རྒན་པས་ད་དུང་ནད་ཞབས་ཐོ་འགོད་ཁང་གི་ན་ཚ་མིན་ཚུལ་གྱི་འགྲེལ་བཤད་ཅིག་གནང་བ་རེད། ན་ཚ་ནི་ནད་ཞབས་ཐོ་འགོད་ཁང་གི་དབང་རྩའི་ན་ཚ་ཞིག་ཡིན་པ་གསལ་རུ་བཏང་བ་ལས་གཞན་གང་ཡང་འགྲེལ་མ་ཐུབ་པ་ཞིག་ཆགས་པ་རེད། ཡིན་ནའང་ནད་མེད་དེ་གསོན་པོའི་ནང་གི་ཤི་བོ་སྟེ་མི་སེམས་དང་བྲལ་བའི་མིང་ཐོག་ནས་མི་ཚེ་ཇི་སྲིད་འཚོ་ན་དེ་སྲིད་བར་དུ་འགོས་ནད་རང་བཞིན་གྱི་ནད་པའི་མིང་ཐོག་ཏུ་སྡོད་དགོས་བྱུང་ཡོད་པ་རེད། ཨོ་ཡ་ད་སྒྲུང་དེ་རྫོགས་སོང་ཨེ་སྙན་གི
གཡུ་སྒང་དགེ་འདུན་གྱིས་༢༠༡༧། ཟླ་ ༡༢ ཚེས་ ༡༣ ཉིན།
སྒྲུང་ནི་སྒྲུང་རང་རེད་འདུག་བབས་སྒྲུང་རེད་དམ་རྩོམ་སྒྲུང་རེད་བཤད་སྒྲུང་དམ་ཡང་ན་དངོས་སྒྲུང་རེད་
Tibetan Community Development Fund Inc
Washington, DC | EIN: 13-4104757 | bridge Number: 0966585608
To Help Tibetan Refugees Establish Themselve …
GROSS RECEIPTS
$54,425
ASSETS
$2,770,046 དྲ་གྲོགས་་མཚོ་རབ་དུ་བྱུང་ན་ དང་པོ་དབྱིན་སྐད་ནང་(guidestar.org) དེ་ནས་—>(Tibetan community development fund Inc.)དེ་ནས་རིམ་བཞིན་གནས་ཚུལ་གསལ་པོ་མཐོང་ཐུབ།
༄༅། དཔྱད་རྩོམ་ཚང་མ་་་་་ཚོད་དཔག་དང། བསམ་གྱི་འདུག་ ཡིན་ས་རེད། མིན་ནམ་སྙམ་པ།
དེ་མིན་ནམ། ཁོང་ནས་བྲིས་འདུག་་ ཡིན་པ་འདྲ་སོགས་ཤ་སྟག་རེད་འདུག་པ་ལས་
ཁུངས་ལུང་དང། བདེན་སྤང་། རྒྱབ་ལྗོངས། ར་འཕྲོད་སོགས་གང་ཡང་མེད་པ་མིས་ཟེར་རྗེས་
སུ་འགྲོ་མཁན་ཤ་སྟག་རེད་འདུག་། ཆོ་ཅང་མི་འདུག་དེ་ལས་ཉལ་འགྲོ་ན་ཡག་ས་རེད།
བོད་ཀྱི་གཏམ་དཔེ་ལ་་་་སྐྱག་པ་ལ་ལག་པ་འཇུ་ན་སྐྱག་དྲི་ཁ་བ་མ་གཏོགས་གཞན་ཅི་ཡང་
མེད་ཟེར་བ་བདེན་ནོ།
དེ་སྔོན་ང་ཚོའི་བཙན་བྱོལ་གཞུང་གི་གནོད་ཡོད་མི་སྣའི་ནང་ལ་འང་གྲྭ་པས་བུད་མེད་བརྟེན་ན་ལོག་རྒྱུ་མེད་མཁན་དང་ཟ་རྒྱུས་རྟ་ཤ་འདྲ་ཡང་ཟ་མཁན་མ་འདྲ་བས་ད་དུང་འང་ནད་རྟགས་ཕྱིར་མ་འཐོན་མཁན་ཡོད་ནི་རེད། ད་དེ་ཚོ་བཤད་ནས་དགོས་པ་ཡོད་ནི་མ་རེད་དེ་ཚོ་ལ་དམིགས་གསལ་རེད། ད་ལྟའི་ཨ་རིའི་གླང་ཤའི་སྐོར་དེའང་དེ་དང་གཅིག་མཚུངས་རེད། མི་འགའ་རེས་གླང་ཤ་དེ་མི་ལ་ཤོར་དོག་བྱས་ནས་སྤྱི་ཚོགས་ཐོག་འུར་ཟིན་སློང་བཞག་པ་ཞིག་ལས་གླང་ཤ་དེ་ད་དུང་འཁྱགས་སྒམ་ནང་དུ་གཟེར་རྒྱབ་ནས་གཞག་ཡོད་པ་གླང་ཤ་བདག་པོས་གསལ་བཤད་བྱས་ཟིན་པ་དང་ འུར་སློང་པ་པོས་ཀྱང་མཐའ་མ་གླང་ཤ་དེ་སུ་གང་གིས་ཟས་མེད་པ་གསལ་པོ་གསུང་མ་སོང་ངམ།