བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས་ཟུར་བ་སྒོ་མང་བསྟན་པ་ལགས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད།
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས་ཟུར་བ་སྒོ་མང་བསྟན་པ་ལགས་སྤྱི་ཟླ་༥པའི་ཚེས་༢༧ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་རང་ཤག་ཏུ་མཆིན་པའི་གཉན་སྐྲན་གྱི་སྙུང་གཞིའི་རྐྱེན་སྐུ་གྲོངས་ཡོད་པ་དང་།དགུང་ལོ་བདུན་ཅུ་དོན་གཉིས་ཡིན་པ་རེད་། སྤྱི་ཟུར་སྒོ་མང་བསྟན་པ་ལགས་སྤྱི་ལོ་༡༩༣༨ལོར་མདོ་སྨད་མང་རའི་ཀླུ་ཚང་དུ་སྐུ་འཁྲུངས་པ་དང་། དགུང་ལོ་བཅུ་གཉིས་སྟེང་ཀླུ་ཚང་དགོན་པར་ཚོགས་ཞུགས་དང་། དགུང་ལོ་བཅུ་བདུན་སྟེང་བོད་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་པ་དང་། སྤྱི་ལོ་༡༩༥༩ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་། ལོ་རབས་བདུན་ཅུའི་ནང་མོན་གྷོ་ཌི་ས་གནས་བོད་རང་དབང་བདེན་པའི་ཚོགས་ཆུང་དུ་ཚོགས་གཙོ་སོགས་ཀྱི་འགན་བཞེས་ཏེ་སྲི་ཞུ་སྣ་མང་བསྒྲུབ་མྱོང་ཡོད་པ་མ་ཟད་། སྤྱི་ལོ་༡༩༨༢ལོ་ནས་བཟུང་བོད་མི་མང་མདོ་སྨད་སྤྱི་འཐུས་ལོ་ལྔར་གནང་བ་དང་། ༡༩༨༧ལོར་གོང་ས་མཆོག་གིས་ཐད་བསྐོས་གནང་སྟེ་མདོ་སྨད་སྤྱི་འཐུས་སྐབས་དགུ་བ་དང་། དེ་ནས་སྐབས་བཅུ་བའི་དགེ་ལུགས་པའི་སྤྱི་འཐུས་དང་། སྐབས་བཅུ་གཅིག་པའི་མདོ་སྨད་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་ཀྱི་ཕྱག་ལས་གནང་ནས་སྤྱི་ལོ་༡༩༩༥ལོའི་བར་ངྷ་རམ་ས་ལར་བཞུགས་པ་དང་།ཡང་དེའི་ཐད་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ཀླུ་འབུམ་ཁང་ཚན་གྱི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་རང་དབང་རླུང་་འཕྲིན་ཁང་ལ་འདི་ལྟར་གསུང་དོན་།སྐབས་བཅུ་གཅིག་པའི་སྤྱི་འཐུས་ཚར་ནས་ཡང་བསྐྱར་འོས་འདེབས་དང་འོས་ཤོག་ནང་ཁོང་གི་མཚན་མང་པོ་ཞིག་ཡོང་གི་ཡོད་ཀྱང་། ཁོང་གིས་ད་རྩ་བ་ཉིད་ནས་བྱེད་ཀྱི་མིན་།ད་ལྟ་བར་དུ་ང་ཚོ་མདོ་སྨད་ལ་མི་མེད་ཟེར་ན་འགྲིག་གི་འདུག ང་ཚོ་ཤེས་ཡོན་མེད་པའི་མི་རྒན་པ་རྐྱང་རྐྱང་གིས་ལག་ཏུ་བཞག་ནས་ཁུར་མ་བླངས་རང་བླངས་ཆགས་པ་རེད་། ད་ལྟ་ཡིན་དུས་ཤེས་ཡོན་ལྡན་པ་གཞོན་སྐྱེས་མང་པོ་ཞིག་སླེབས་ཡོད་པས། ད་ང་རང་གི་ངོས་ནས་ཀྱང་ས་མིག་འཛིན་གྱི་མིན་ཞེས་གསུངས་ནས་དགོངས་པ་ཆ་ཚང་ཞུས་ཏེ་། ཕྱིར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སླེབས་ནས་བཞུགས་པ་རེད་ཟེར། དེ་བཞིན་སྤྱི་ཟུར་སྒོ་མང་བསྟན་པ་ལགས་ནི་འབྲས་སྤུངས་དགོན་པའི་ཚོགས་ཆེན་འདུ་ཁང་གསར་བཞེངས་ཀྱི་གཙོ་འགན་བཞེས་མཁན་དང་གྲྭ་ཚང་འཐུས་ཚང་སོགས་དགོན་པ་ཡར་རྒྱས་ཐད་ལག་རྗེས་མི་དམན་པ་ཕུལ་མཁན་ཞིག་ཡིན་པ་དང་། གྲྭ་ཚང་གི་མ་འོངས་འཛིན་སྐྱོང་ཚོགས་པའི་འགན་འཛིན་ཐེངས་གསུམ་ལ་གནང་པའི་རིང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སྒྲིག་གཞི་གཏན་འབེབས་དང་དགེ་འདུན་པ་སུམ་སྟོང་ཙམ་གྱི་མ་འོངས་འཚོ་རྟེན་མཁོ་སྒྲུབ་སོགས་ཀྱི་འཆར་གཞི་འཐུས་ཚང་སྐོར་གྱི་དེབ་བཞི་ལྔ་ཞིག་ཁོང་ཚོས་བཟོས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་།
རྒན་དམ་པ་འདི་ནི་བོད་མི་རིགས་ཀྱི་ལ་རྒྱ་ཆེ་བ་དང་། བོད་གཞུང་དང་བསྟན་སྲིད་ལ་ཤ་ཞེན་ཆེ་བ། དེ་བཞིན་རྒྱལ་ཁབ་ཀྱི་རྩ་དོན་ལ་ཐུག་སྐབས་དཔའ་བོའི་བློ་སྤོབས་ལྡན་པ་ཞིག་ཡིན་ཞེས་སྐབས་འདིའི་རྡ་སའི་ཁོར་ཡུག་ན་སྙན་པ་ཆེ་བ་འདུག ཁོང་སྐུ་གཤེགས་པ་ལ་མྱ་ངན་གུས་འདུད་ཞུ། གུས་བཅས།
ཨོྃམཎིཔདྨེཧྰུྃ། ཨོྃམཎིཔདྨེཧྰུྃ། ཨོྃམཎིཔདྨེཧྰུྃ། ཨོྃམཎིཔདྨེཧྰུྃ། ཨོྃམཎིཔདྨེཧྰུྃ། ཨོྃམཎིཔདྨེཧྰུྃ། ཨོྃམཎིཔདྨེཧྰུྃ། ཨོྃམཎིཔདྨེཧྰུྃ། ཨོྃམཎིཔདྨེཧྰུྃ།
ཁོང་སྒོ་མང་གྲ་ཚང་གི་མ་འོངས་འཛིན་སྐྱོང་ཚོགས་པའི་འགན་འཛིན་གནང་དུས་གྲ་ཚང་ལ་མ་དངུལ་ཧིན་སྒོར་འབུམ་བཅུ་གཅིག་ཙམ་ལས་མེད་ཟེར། སྒོ་མང་བསྟན་པ་ཁོང་གིས་འཆར་འགོད་ལྟར་དཔལ་འབྱོར་འདུ་འགོད་བྱས་ནས་ད་སྐབས་གྲ་ཚང་དེར་མ་དངུལ་ཧིན་སྒོར་འབུམ་ཆིག་སྟོང་ལྷག་ཡོད་པར་ཐོས་མྱོང། ཁོང་ས་ཁ་ཟླ་བའི་བཅོ་ལྔ་ཉིན་ཕེབས་སོང་བ་དེ་ཁོང་རང་དབང་གིས་ཕེབས་པ་རེད་དམ། ལྟབས་ལེགས་ནས་ཁེལ་བ་རེད། འདི་ཟེར་མ་ཉན་བཙན་བྱོལ་ནང་གི་ཆོས་མེད་སྨྲ་བ་ཚོས་ངའི་ལྕེ་གཅོད་གི་ཡིན་ཟེར་ན་ཐིངས།
གྲོངས་པའི་དུས་ཚོད་ག་རེ་ཡིན་ན་ཡང་། །
མ་གྲོངས་སྔོན་དུ་བཞག་པའི་བྱས་རྗེས་ཚོལ། །
མཛད་རྗེས་དང་ལྷག་བསམ། ཤ་ཞེན་ཅན་གྱི་དམ་པ་ཁོང་སྐུ་གཤེགས་པར་ཡིད་སྐྱོ་བའི་ངང་ནས་མྱ་ངན་ཞུ།
སྐུ་གཤེགས་དགེ་བཤེས་བསྟན་པ་ལགས་ནི། བོད་མི་རིགས་ལ་ཤ་ཞེན་དང་ལྷག་བསམ་ལྡན་པའི་མི་སྣ་གལ་ཆེན་ཞིག་ཡིན་པ་མ་ཟད་ཡང་སྒོས་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་
བྱས་རྗེས་བླ་ན་མེད་བའི་མི་སྣ་གལ་ཆེན་ཞིག་ཡིན་པས། ཁོང་མ་བཞུགས་པ་ལ་བློ་ཕམ་ཚད་མེད་ཡོད།
འོན་ཀྱང་ངའི་བསམ་ན། རྒན་དམ་པ་ཁོང་ནི་སྤྱི་དོན་ཆེད་གཉེར་གྱིས་གཞུང་དྲང་ལྷག་བསམ་གྱི་
ཕྱུག་བའི་གཞན་དོན་ཁུར་ཁྱེར་གྱིས་མཉམ་བཞེས་ལག་ལེན་དོན་གྱིས་གནང་མཁན་ཞིག་ཡིན་པས།
ཚེ་རབས་སྐྱེ་བའི་ཕྲེང་པར་༸འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་སྨོན་ལམ་ཡོད།།
ཁོང་དགོངས་པ་རྫོགས་པའི་དུས་ཚེས་ཡང་ངོ་མཚར་དགོས་པ་ཞིག་རེད་སྙམ་མོ།
བློ་ཕམ་ཚད་མེད་དང་བཅས་མྱ་ངན་ཞུ།
དམ་པ་ཁོང་ཞིངགཤེགས་པར་བློ་ཕམ་ཚད་མེད་བྱུང་། གང་ཡིན་ཟེར་ན་ཁོང་ནི་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་བཀའ་ཤིན་ཏུ་ཆེ་པས་རྒན་ཞིག་ཡིན་པ་སྨྲོས་མེད་རེད་། ད་དུང་མདོ་སྨད་སྤྱི་མཐུས་ལྷན་ཚོགས་སུ་ཡང་ལྷག་བསམ་རྣམ་དག་གི་ཕྱག་ལས་མང་པོ་གནང་ཡོད་རེད། བློ་ཕམ་ཚད་མེད་ཡོད།
ཚེ་རབས་རྗེས་མར་ཡང་བསྐྱར་བོད་མི་རིགས་རང་དབང་སླར་གསོའི་ཆེད་དུ་ཤེས་མཇོན་གཉིས་ལྡན་གྱི་སྐྱེས་བུ་ཁྱད་པར་བ་ཞིག་གི་སྐྱེ་བ་ལེན་ཐུབ་པའི་རེ་བ་སྙིང་ནས་ཡོད།
ཨོ་ཨོ། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་གཤེགས་ན་དམིགས་བསལ་ཞིག་རེད། འོན་ཀྱང་ཆོས་མེད་སྨྲ་བ་ཚོས་གོ་མི་ཉན་ཡ།
དམ་པ་འདིའི་མཚན་ཉིད་ཡང་ཡང་གོ་མྱོང་ལ། བཙན་བྱོལ་ལོ་རྒྱུས་ཁྲོད་ཀྱི་དཀྱོགས་མཚམས་ ༩༦། ༩༧ ལོའི་བར་དེར་དམིགས་བསལ་བཙན་བྱོལ་གཞུང་བབ་བརླིང་བརྟན་གསུམ་ཡོང་ཐབས་ཀྱི་ལས་རིམ་ནང་ནུས་བ་བླ་ན་མེད་པ་ཐོན་སྐད་འདུག་ལ། རྣམ་དཔྱོད་ཆེ་བ། མི་གཤིས་དྲང་བ། བཀའ་མོལ་ཐད་ཀར་གནང་མཁན་ཞིག་ལ་ཤེས་རབ་ཀྱི་བྲོ་བ་དང་ལྡན་པ་ཞིག་ཡིན་ཞེས་རྒན་པོ་དག་གིས་སྨྲ། རྟེན་གྱི་དབང་དུ་བྱས་ཀྱང་གནས་བརྟན་འདུལ་བ་འཛིན་པའི་རྗེས་སུ་མཐུན་ཅིང་འདོད་ཆུང་ཆོག་ཤེས་ཀྱི་སྐུ་ཚེ་བསྐྱལ་བས་ཕྱི་རབས་པར་བསླབ་བྱ་བཟང་བོ་བཞག་ཡོད་པ་རེད། ཁོང་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་ཞུ་རྒྱུ་དང་། བོད་ཀྱི་མིང་འདི་གང་དུའང་ལུས་དང་དང་གྲིབ་མ་བཞིན་སོང་བས་འོས་འགན་ལྟར་ཆེ་ཚིག་མིན་པར་ཉམས་ཆུང་ངང་སྤུན་མཆེད་གཉེན་ཉེ་ལྷན་རྒྱས་ལའང་འཚམས་འདྲི་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །
ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །
མྱ་ངན་གུས་འདུད་ཞུ།
དགེ་བའི་ལས་ཚོགས་གང་བྱས་ཕྱི་མ་ལ།།
བཞག་པའི་མཛད་རྗེས་གསེར་གྱི་རིན་ལས་ལྷག།
དེ་ཉིད་ལོངས་སུ་སྤྱོད་པའི་སྐྱེ་འགྲོའི་ཚོས།།
ཁོང་ཉིད་ཐུགས་སུ་འཇག་པ་ཨེ་མ་སྨད།།
ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ།
གསེར་དངུལ་
དགེ་བཤེས་བསྟན་པ་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་མྱངས་ངན་དང་ཚེ་རབ་ཐམས་ཅད་དུ་༸རྒྱལ་དབང་ཕྱག་ན་པདྨོའི་རྗེས་སུ་འཛིན་པའི་སྨོན་འདུན་ཞུ༎
་་ང་ཚོ་ཤེས་ཡོན་མེད་པའི་མི་རྒན་པ་རྐྱང་རྐྱང་གིས་ལག་ཏུ་བཞག་ནས་ཁུར་མ་བླངས་རང་བླངས་ཆགས་པ་རེད།་་
མྱ་ངན་གུས་དུད་དང་། དལ་འགྲོའི་དལ་རྟེན་བཟང་བརྒྱུད་མཐར་རྣམ་མཁྱེན་གོ་འཕང་ཆེན་པོ་མྱུར་དུ་ཐོབ་པའི་སྨོན་འདུན་ཞུ།
གསོན་པའི་ཚེ་ན་བསྟན་འགྲོར་སྲི་ཞུ་སྒྲུབས། །འཆི་བའི་ཚེ་ན་ས་ཟླའི་དུས་བཟང་འདམས། །ཤི་རྗེས་བཀའ་དྲིན་གཞིས་ལུས་སྙིང་ལ་བཞག །བོད་མི་འདི་འདྲས་བོད་ཁམས་གང་བར་ཤོག །གཤིན་པོ་དམ་པ་དེ་ལ་རྒྱུས་མེད་ཀྱི་བོད་པའི་རྒན་པོ་ལྷག་བསམ་གྱིས་ཕུལ།
མྱ་ངན་ཞུ།
ང་རང་དབུས་པ་ཞིག་གི་ངོས་ནས་ཞུས་ན། དངོས་གནས་ཨ་མདོ་བའི་མི་རྒན་རབས་བྱས་རྗེས་ཅན་དེ་ཚོར་སྨོན་གྱི་འདུག རྒན་དེས་བྱས་རྗེས་ཆེན་པོ་བཞག་འདུག དགེ་བའི་བྱ་བ་ཚང་མར་རྗེས་སུ་ཡི་རངས་དང་མགྱོགས་མྱུར་སླར་ཡང་བོད་མི་ཞིག་གི་སྐྱེ་བ་ལེན་ནས་བོད་ལ་ཕན་པ་ཤོག
ཡིན་ནའང་སེམས་ཤིན་དུ་སྐྱོ་དགོས་པ་ཞིག་ལ། ཨ་མདོ་བའི་ལོ་ན་ཆུང་ལ་ཤེས་ཡོན་ཏོག་ཙམ་ཡོད་པའི་མི་རབས་གསར་པའི་སྤྱི་འཐུས་འདི་ཚོའི་ནང་། ཆོལ་ཁའི་དུག་སྐྱོན་ཆེ་ཞིང་། ང་རྒྱལ་དང་ཁྱད་ཟོད་ཆེ་ཞིང་། སྤྱི་ལ་ཕན་པའི་ཚབ་ལ་བོད་ཀྱི་མཐུན་སྒྲིལ་ལ་གནོད་པའི་བྱ་བ་མང་པོ་ཞིག་སྤེལ་སྟབས། ཟམ་སྟོང་རིན་པོ་ཆེ་ཡང་སྐད་ཤོར་ནས། ལོ་ཆུང་ཤེས་ཡོན་ཡོད་པ་འདི་ཚོའི་ནང་ལའང་ཆོལ་དུག་ཆེན་པོ་ཤོར་འདུག་གསུངས་པ་མ་རེད་དམ།
ཨེ། ངས་བལྟས་ན། ཆོལ་དུག་ད་རྒན་པ་ཚོ། གྲྭ་པ་ཚོ། དེ་ནས་གྲྭ་ལོག་ཚོ་ཆེ་རྒྱུ་རེད་གོ ལྷག་པར་དུ། གདན་ས་གསུམ་འགྲིམ་མ་མྱོང་བའི་ལུག་ཁུག་གི་གྲྭ་པ་དང་རྒན་པ་ཚོ།
དེང་རབས་ཀྱི་སློབ་གྲྭ་རབ་འབྲིང་ཐ་གསུམ་བརྒྱུད་ཡོང་མཁན་ཞིག་ཡིན་ན་ཅུང་ཟད་བསམ་བློ་གུ་ཡངས་པོ་འདྲ་ཞིག་ཏུ་མཐོང་། མི་རབས་གསར་པའི་ནང་ཡང་ཡོད་ད་ཡོད། སྤྱི་འཐུས་ནང་དེ་འདྲ་ཡོད་ན། མིང་བཏོན་ནས་སྐྱོན་བརྗོད་བྱེད་ཐུབ་ན་ཡག་པོ་འདུག
དེ་ནས་ཆོལ་དུག་འདི་འགོས་ནད་བཞིན་གཞན་ལ་འགོ་རྒྱུའང་ཡོད་པ་རེད། ཆོལ་ཁ་གཅིག་གི་ནང་ཆོལ་དུག་ཅན་གྱི་མི་གཅིག་ཡོད་ན། དེའི་ན་ཚ་དེ་ཆོལ་ཁ་གཞན་པའི་མི་ཡང་མོ་དེ་ཚོར་ལམ་སང་འགོས་འགྲོ་གི་རེད། དེ་ནས་གཅིག་ནས་གཅིག་ལ་བརྒྱུད། གཅིག་གིས་གཅིག་གི་གཤོག་འོག་ལ་རླུང་རྒྱབ་ནས། མཐར་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་འགྲོ་བ་ལྟར་རེད། དེ་བས་ཆོལ་དུག་ཅན་གྱི་མི་ཞིག་ཡིན་ཕྱིན་སྤྱི་འཐུས་ལ་མ་འདེམས་ན་བཟང་།
མི་རེ་རེ་བྱས་ནས་བཤད་ན། ངེད་ཚོ་ཨ་མདོའི་ནང་ཕྱོགས་ཞེན་ཅན་མང་པོ་ཡོད་པ་རེད་ད། ཡིན་ན་ཡང་། ཆོལ་ཁའི་ཚོགས་པའི་ངོས་ནས་བཤད་ན། ཆུ་སྒང་རྙིང་པ་བཞིན་ར་ལུག་ཁྱུར་ཚུད་དཀའ་བ་དེ་འདྲ་མ་རེད། ཆུ་སྒང་རྙིང་པ་དེ་ད། སྐོར་ལོག་ཚ་སེ་འདུག་ད། ངོ་མ་ཡིན། ངས་རང་གི་གྲོགས་པོ་ཚོར་ཡང་། ཁ་ཐུག་ལ་བཤད་གི་ཡོད།
ཆོལ་ཁའི་དོན་དག་འདིར་འཇུ་མི་ཉན་པར་རྙོག་དྲ་ལངས་ཆོག་ཆོག་འདྲ་ཞིག་ཡོད་པ་རེད་དེ། མ་འཇུས་པར་བཞག་པ་ཡིན་ནའང་འགྲིག་གི་མི་འདུག ང་ཚོས་རྩོད་དགོས་པ་ཚང་མ་ཚང་མའི་མདུན་དུ་བླངས་ཏེ་དཀར་ས་དཀར་དང་ནག་ས་ནག་བྱས་ནས་དཀར་ནག་དབྱེ་འབྱེད་བྱེད་ཐུབ་ན་ཡག་པོར་མཐོང་།
ཨ་ལེ། དགོངས་དག ངས་དང་ཐོག སྤྱི་ཟུར་སྒོ་མང་བསྟན་པ་ལགས་ཀྱི་ཆེད་དུ་མ་ཎི་ཚིག་གསུམ་འདོན་རྒྱུའང་བརྗེད་ཤག
ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ། ཨོྃ་མཎི་པདྨེ་ཧྰུྃ།
མ་ཡོང་ན། ཞི་བའི་སྐུར་བཞེངས། ཡོང་ན། དྲག་པོའི་སྐུར་བཞེངས། ངོ་བོ་ཞི་བར་བཞེངས། རྣམ་པ་དྲག་པོར་བཞེངས།
ཨ་པ་ཚང་ལ་མཚོན་ན། ཞི་བའི་སྐུར་བཞེངས་ཁུལ་བྱས་ན། ཆོས་སྲིད་གཉིས་ཀ་ཤི་འགྲོ་བ་ལས་འོས་མི་འདུག་སྙམ། ད་བདེ་མོ་གྱིས་ལ། རང་གང་དགའ་བའི་ས་ཆ་ཞིག་ལ་བཞུད་ཅིག
མི་ལོ་བརྒྱད་ཀྱི་ཡར་སྔོན་ཞིག་ནས་ཡང་ཡང་མཇལ་བའི་སྐལ་བ་བྱུང་།།
ཆོས་སྲིད་གཏམ་གྱིས་མགོ་འདོན་གནང་བ་ད་དུང་རྣ་བའི་ལམ་ན་གྲག།
འདི་ལྟར་མཁོ་ཞིང་མཁོ་བ་གང་ཞིག་འདི་ལྟར་བཞུད་པའི་དེ་རིང་ནི།།
ཁོང་དང་མཇལ་བའི་དུས་ཚོད་རེ་རེ་བདག་གིས་སེམས་ཀྱི་ཟབ་སར་ལྷུང་།།
མཆོད་མེའི་མདུན་གྱི་གསོལ་འདེབས་འདི་དག་རྒན་གྱི་ཆེད་དུ་བསྔོ་བ་ཡིན།།
སེན་མོའི་བར་གྱི་ཕྲེང་བ་འདི་ཡང་རྒན་གྱི་ཆེད་དུ་འདྲེན་པ་ཡིན།
མདའ་ཚན།
ལོ་ན་གཞོན་ཞིང་། སློབ་སྦྱོང་ཐོབ་མྱོང་བའི་མདོ་སྨད་ཀྱི་སྤྱི་འཐུས་ནང་ལ་ཆོལ་དུག་ཤུགས་ཆེ་ཡོད་པ་མི་འགའ་ཡོད་པ་ནས། ཁྱེད་ཀྱི་རེ་བ་བཞིན་མིང་འདོན་ན། ཁ་བརྡ་ཚང་གི་ཁྲིམས་དང་འགལ་འགྲོ་གི་འདུག
ཁྱེད་ཀྱི་གསུངས་པ་བཞིན་ཁམས་པ་དང་དབུས་གཙང་ནང་ཆོལ་ནད་ཡོད་པ་བདེན། ཡིན་ནའང་དེ་ཚོ་མི་རྒན་པ་དེ་ཚོའི་ནང་ལས་གཞོན་པའི་ནང་ཉུང་ཉུང་འདུག
ད་ཡིན་ནའང་དྲང་པོ་ཞིག་ཤོད་དགོས་པ་ནི། མདོ་སྨད་པ་ཚོ་སྤྱི་ཕན་གྱི་ལས་ཀ་ཡང་ཆོལ་ཁ་གཞན་ལས་མང་བ་སྒྲུབ་ཀྱི་འདུག འདི་ཡང་བདེན་པ་ཡིན། ༢༠༠༨ལོར་ཨ་མདོའི་ས་ཆ་གང་ས་ནས་རྒྱ་ལ་ངོ་རྒོལ་བྱེད་སྐབས། སེམས་འགུལ་ཐེབས་ནས་གཤེགས་ཟིན་པའི་དཔའ་བོ་དེ་ཚོར་ཆོལ་ཁའི་ནད་དུག་གིས་མ་ཟིན་པའི་དམ་བཅའ་བཞག་ཡོད། དེ་བཞིན་བཙན་བྱོལ་ནང་ལ་ཡང་། ཨ་མདོ་བ་ཚོས་བོད་ཡིག་གི་ཆུ་ཚད་ལེགས་སུ་བཏང་སོང་། འདི་བདེན་པ་ཡིན་ལ། ལེགས་སོ་དུ་མ་ཡོད། ཨ་མདོ་བའི་ན་གཞོན་ཤེས་ཡོན་ཅན་རྣམས་ལ་སེམས་གཏིང་ནས་གུས་ཞབས་ཡོད།
ཡིན་ནའི་དེང་སང་གི་སྤྱི་འཐུས་ཉུང་ཤས་ཤིག་གིས་མགོ་ཁྲིད་ནས་ཆོལ་ཁའི་ནད་གསར་པ་སྤེལ་གྱི་འདུག ཁོང་ཚོ་ཚང་མར་ཁ་གཏད་བཅག་གི་ཡིན།
ཁྱེད་ཀྱི་གསུངས་པའི་ཆུ་སྒང་གི་རྩོད་རྙོག་དེ་ད་ཆ་གསལ་རུ་ཕྱིན་ནས་ཁམས་པ་ཚོའི་ནང་ལ་ཡང་ཆུ་སྒང་གི་སྐོར་གླེང་ན་ངོ་ཚ་འགྲོ་མཁན་འདུག དཔེར་ན། སངས་རྒྱས་ཀྱི་དཔའ་བརྟུལ་ཞེས་པའི་དེབ་འདི་ཀློག་དང་། དགྲ་རྒྱ་མི་ཡན་པོར་བཞག་ནས་ཁམས་པ་ནང་ཁུལ་དངུལ་དང་དབང་ཆའི་སྐོར་ཇི་ཙམ་གསོད་རེས་བཏང་མིན་འདུག་གམ། སྔོན་མ་ང་ཚོས་འདི་མ་ཤེས་པའི་སྐབས་ལ། ཁམས་པ་ཚོས་གསང་དབང་བྱས་ནས་རྙོག་དྲ་འདི་ཚོ་སྦས་གང་ཐུབ་བྱས་ཡོད།