རྒྱང་མིག
ཁ་སང་དེ་རིང་གི་དྲ་ལམ་ཐོག་ནས་ཆེས་ལྟ་མི་བཟོད་ཅིང་སེམས་པར་གྲང་ཤུར་རྒྱག་འོངས་པ་ཞིག་ནི། བོད་ལུགས་ཀྱི་དགུང་ལོ་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པའི་༧གོང་ས་མཆོག་གི་སྐུའི་མཛད་བྲེལ་གྱི་རྣམ་པ་དེ་རེད། འཛམ་གླིང་འདིར་༧གོང་ས་མཆོག་མ་གཏོགས་ལོ་རྒན་བརྒྱད་ཅུའི་ནང་ན་ཡོད་པའི་བགྲེས་པོ་ཞིག་ལ་ཚེགས་ཆེའི་ལས་བྲེལ་འདི་འདྲ་ཞིག་ཡོད་དཀོན་པོ་ཡིན་ཞིང་། དོན་དངོས་སུ་ལས་བྲེལ་ཁག་པོ་དེ་འདྲ་མང་པོ་གང་འདོད་དུ་ཞུ་སྐུལ་ཆོག་པ་ཞིག་ཀྱང་མིན་པར་འདོད།
བགྲེས་སོང་ཁོང་རླངས་འཁོར་ནང་དུ་ཡར་བཞུགས་མར་འབབ་ཀྱི་སྐབས་དག་དང་། ཁྲི་སྟེགས་སོགས་སུ་ཡར་ཕེབས་མར་བཞུགས་ཀྱི་སྐབས་དག ཞབས་ཐང་དུ་ཕེབས་ས་ཀུན་པོར་མི་གསུམ་བཞི་རེའི་གཡས་སྐྱོར་གཡོན་སྐྱོར་གྱི་རམ་འདེགས་མེད་ན་ཕེབས་ཐུབ་ཀྱི་མེད་པའི་མིག་སྔའི་དོན་དངོས་དེ་ལ། མགོ་བཀའ་བློན་རང་འདོད་ཚ་བོ་ཅན་གྱིས་གཙོས་པའི་གནད་ཡོད་ལས་སྣེ་ཁག་དང་། བར་འཇིག་རྟེན་གྱི་གནས་ལུགས་མཐོང་དཀའ་བའི་ཆོས་ཕྱོགས་ཀྱི་མི་སྣ་ཁག མཇུག་རང་རྟོགས་མེད་པའི་རྨོངས་དད་ཅན་གྱི་མི་མང་བཅས་པས་བསམ་ཤེས་དྲན་འཇོག་ཅི་ཡང་མི་བྱེད་པ་ནི་ཧ་ཅང་ཡིད་ཆེས་བྱེད་དཀའ་བའི་ལས་ཁྱད་མཚར་ཞིག་ཅི་ལ་མ་ཡིན་ནམ།
ཁྱེད་ཚོ་བགྲེས་སོང་ཁོང་གི་ཉེ་འཁྲིས་སུ་བཅར་ཡོད་པས། ཁོང་གི་དཀའ་ཚེགས་དང་བཅས་པའི་སྐུ་ངལ་གྱི་རྣམ་པ་དེ་དག་ཁྱེད་ཚོའི་མིག་ལམ་དུ་གསལ་བོར་བརྒྱུད་ཡོད་ངེས་ཡིན་ལ། ཁྱེད་ཚོས་མགུལ་ཆམ་འདྲེས་པའི་ཁོང་གི་གསུང་སྐད་ལ་ཡང་རྣ་བས་ཉན་གྱིན་ཡོད་པས། ཁོང་གིས་ང་ཐང་ཆད་ཀྱི་འདུག་ཅེས་ཡང་ཡང་གསུངས་པ་དག་ཀྱང་དངོས་སུ་གོ་ཐོས་བྱུང་ཡོད་ལོས་ཆེ་ཨང་། ང་ནི་ཁྱེད་ཚོའི་སྣང་ཆུང་གི་ཨུ་ཚུགས་དེར་མགོ་བོ་ཡོངས་སུ་འཐོམས་པར་གྱུར། ལོ་རྒན་བརྒྱད་ཅུར་ཡར་བརྒལ་ནང་གི་བགྲེས་པོ་ཁོང་ལ་དཀའ་ཚེགས་དེ་འདྲ་ཇི་ལྟར་གཏོད་ཕོད་པར་གྱུར་པ་ཡིན་ནམ་སྙམ་པ་དྲན་ཡོང་།
གཡས་གཡོན་ནས་སྐྱོར་འདེགས་དགོས་པའི་མི་རྒན་ལོ་ན་བརྒྱད་ཅུར་བརྒལ་བ་ཞིག་ལ་ད་དུང་ཡང་ལྷོད་བཞུགས་ཀྱི་གོ་སྐབས་མི་སྤྲོད་པར། ཡར་ཅིག་ཅིག་གི་བཀའ་དབང་དང་གསུང་ཆོས། མར་ཅིག་ཅིག་མུར་མུར་གྱི་མཛད་སྒོ་དང་སྐུ་མགྲོན། དགེ་ཚུལ་སློང་གི་སྡོམ་འབོག་སོགས་ཆེས་གལ་གནད་ཆེ་མིན་ཅི་རིགས་ཀྱི་ས་རུ་དཀའ་བ་དང་ལེན་ངང་ཕེབས་རྐྱང་གནང་འཇུག་གི་ཡོད་པ་དེ་ནི་ཅི་འདྲའི་སྙིང་ཁམ་ཅན་གྱི་བྱེད་སྟངས་ཤིག་མ་ཡིན་ནམ། ལོ་རྒན་འདི་འདྲ་ཞིག་ལ་སྔོན་ཆད་ལོ་གཞོན་གྱི་དུས་སྐབས་ནང་བཞིན་ད་དུང་ཡང་ཉིན་ནས་ཉིན་བསྟུད་ཀྱི་དཀའ་ཚེགས་ཆེན་པོར་ཅིའི་ཕྱིར་སྦྱོར་གྱིན་ཡོད་པ་རེད་དམ།
༧གོང་ས་མཆོག་གི་ངོས་ནས་བོད་མི་ཚོར་སྔོན་ནས་དུས་ད་ལྟ་བར་དུ་གསོལ་རས་དང་བཀའ་སློབ། གསུང་ཆོས་དང་ལམ་སྟོན་སོགས་མ་གནང་བ་གཅིག་ཀྱང་མེད་པའི་ཚོད་དུ་ངེས་མོད་ཀྱང་། བོད་མི་ཚོས་ནི་ཁོང་ལ་ཚིག་འཁྲི་སྐམ་པོའི་བརྟན་བཞུགས་སྣ་ཚོགས་དང་སྐུ་ཚེ་བརྟན་པའི་ཁ་གཡང་ཙམ་ཞིག་ཡང་ཡང་འབུལ་སྒྲོག་བྱེད་པ་ཙམ་ལས། ༧གོང་ས་མཆོག་གི་ཚེགས་ཆེའི་མཛད་འཆར་དག་ཉུང་འཕྲི་གཏན་ནས་བྱེད་ཀྱི་མི་འདུག་ལ། དུས་མཚུངས་སུ་བགྲེས་སོང་ཁོང་གི་སྐུ་གཟུགས་ཀྱི་བདེ་ཐང་ལ་འགལ་རྐྱེན་དངོས་སུ་བཟོ་མཁན་ནི་རང་རེ་བོད་རིགས་ཚོ་ཅི་ནས་ཀྱང་རེད་འདུག་ཅེས་སྨྲས་ཆོག་པར་ཡོད་པ་འདི་འདྲ་རེད།
སྤྱིར་ན་བླ་མ་ལ་མཆོད་པའི་མཆོག་དང་། ཐུགས་མཉེས་པའི་གཞི་གཙོ་བོ་ནི་བླ་མའི་བཀའ་གསུང་ཇི་བཞིན་དང་བླངས་འབད་བསྒྲུབ་ཞུ་རྒྱུ་དེ་ལས་གཞན་གང་ཡང་མེད་ངེས་ན་ཡང་། དག་སྣང་དང་ཆོས་འབྲེལ། མིང་གྲགས་སོགས་གཙོ་གནད་དུ་འཇིན་པའི་མགོ་མཁྲེགས་ཨུ་ཚུགས་ཅན་ཚོའི་ངོར་གོང་གསལ་དེ་དག་ནི་གནས་ཚུལ་གཞན་ཞིག་ཏུ་དངོས་གནས་སུ་གྱུར་འདུག
འདི་ལྟར་བསམ་ཡོང་དུས། ཁྱེད་ཚོ་རྒྱལ་བ་རིན་པོ་ཆེ་ལ་ཤ་ཚ་རྣམ་དག་དང་གདུང་སེམས་རྣལ་མ་ཞིག་མེད་པ་གཏན་འཁེལ་རེད། ཁྱེད་ཚོས་ནི་དད་ཞེན་ལྟ་བུ་གཅིག་པོའི་དབང་གིས་༧གོང་ས་མཆོག་གི་གསུང་སྐད་དང་ཞལ་རས་ཙམ་ལས། རང་ཅག་མིའི་ཤ་ཚུགས་ཅན་གྱི་བགྲེས་སོང་ཁོང་གི་དཀའ་ཚེགས་ཆེ་བའི་མཛད་བྲེལ་དག་མིག་གིས་མི་མཐོང་བ་དེ་ནི་ཆེས་ཡ་མཚན་ཞིག་ཅི་ལ་མིན་ཨང་།
རང་ཅག་སྐྱེ་འགྲོ་སུ་ཞིག་ལ་མཚོན་ན་ཡང་། དོན་དངོས་སུ་དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཚོད་ཀྱིས་ལུས་སེམས་ཀྱི་བདེ་ཐང་ལ་གནོད་ཅིང་། ལུས་སེམས་ཀྱི་བདེ་ཐང་ལ་ཇི་ཙམ་གནོད་ན་དེ་ཚོད་ཀྱིས་རྙེད་དཀའ་ཞིང་འཇིག་སླ་བའི་མི་ལུས་རིན་པོ་ཆེའི་ཚེ་ཐག་ཐུང་དུ་འགྲོ་བ་ནི་ཆོས་ཉིད་ཅིག་ཅིས་ཀྱང་ཡིན།
དེས་ན་དད་པ་ཡོད་མེད་ཀྱི་གཙོ་ངོས་ནས་མ་ཡིན་པར་༧གོང་ས་མཆོག་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་སྤྱི་ནོར་རྩོད་མེད་ཅིག་ཡིན་པའི་ཆ་ནས། བགྲེས་སོང་ཁོང་སྐུ་ཚེགས་ཆེན་པོ་ལ་མང་དུ་གཏོད་ཀྱིན་པའི་སྐུ་པར་འདི་འདྲ་མཐོང་དུས་སེམས་ཀྱིས་བཟོད་མི་ནུས་པ་ཞིག་རེད།
༢༠༡༧ ། ༡༢ ། ༡༧ ཉིན།
ཁྱེད་ཀྱི་ལྷག་བསམ་ཡག་པོ་རེད། ཡིན་ནའང་བྱང་ཆུབ་སེམས་དཔའི་གཞན་དོན་ཁོ་ནར་དམིགས་པ་སུ་ཞིག་གིས་བཀག་ཐུབ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐུ་ལུས་མ་སྤང་བར་དུ་འགྲོ་དོན་མཛད་པར་མཚམས་འཇོག་མི་སྲིད་པ་ཞིག་རེད། རྒྱལ་བ་རིན་པོ་ཆེའི་དྲ་རྒྱའི་ཐོག་ཏུ་ཡོད་པའི་ཤོློཀ་དེར་ལྟོས་དང་ཁྱེད་ཀྱིས་རྟོགས་སྲིད། ། ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་བ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་བསྡུག་བསྔལ་སེལ་བར་ཤོག །
དགུང་ལོ་བགྲེས་པ་དང་། དབང་ཆ་མེད་པ་དེ་གཉིས།
དབང་འཛིན་པ་ཚོར་དུས་དྲན་ཉུང་དུ་གཏོང་བའི་གོ་སྐབས་རེག་པ་རེད།
དགུང་ལོ་བགྲེས་པ། མཛད་ཕྲིན་མང་བ།
འབྱོར་ལྡན་པ་ཚོར་ངོ་སོ་ཕྱི་ལ་བསྒྲགས་པའི་གོ་སྐབས་ཡག་པོ་ཞིག་བྱུང་བ་རེད།
ཡིན་ན་ཡང་གདན་ས་གསུམ་གྱི་ནང་གསུང་ཆོས་གནང་རྒྱུ་དཀོན་པོ་བྱུང་ཡོད་རེད།
ལགས་རེད། ༸གོང་ས་མཆོག སྐུ་ངལ་གསོ་རུ་འཇུག་རོགས། འོནད་ཀྱང་། གཞན་དོན་དང་། ཆོས་དོན་ལ་བར་ཆད་མི་མཛད་པར་འཚལ། མདོར་ན། ༸གོང་ས་མཆོག་གི་ཐུགས་འདོད་ལྟར་མཛད་རིམ་བཟོ་གནང་དགོས།
༧གོང་ས་མཆོག་བྱང་ཆུབ་སེམས་པ་ཆེན་པོ་ཡིན་པ་འཛམ་གླིང་ཡུད་གྲུ་ཀུན་གྱི་ཧ་གོ བྱང་ཆུབ་སེམས་པའི་ཐུགས་རྗེ་ལ་ཕྱི་ཤོལ་བྱི་སྲིས་ནམ་མཁའི་མཐར་ཐུག་བར་མེད་པ་དང་བྱིན་རླབས་ལའང་ནམ་མཁའ་མཐའ་ཡས་པར་འཁྱབ་ཀྱི་ཡོད་པ་ཀུན་གྱི་ཤེས། ༧གོང་ས་མཆོག་གི་ཞལ་མཇལ་འདོད་ན་ད་ལྟ་ད་ལྟ་གང་ནས་མཇལ་མཇལ་རེད། ༧གོང་ས་མཆོག་གི་བཀའ་སློབ་ཉན་འདོད་ན་ད་ལྟ་ད་ལྟ་གང་ནས་ཀྱང་ཉན་ཆོག་ཆོག་རེད། ༧གོང་ས་མཆོག་གི་སྐུ་གཟུགས་དེ་མི་ཡི་གཟུགས་སུ་ཤ་ཁྲག་ལས་བསྒྲུབ་པ་ཞིག་ཡིན་སྟབས་སྐུ་ན་འདྲེས་པོ་འདི་འདྲ་ཞིག་ལ་ཕེབས་ཡོད་དུས་ད་དུང་ག་ས་ག་ལ་གདན་འདྲེན་ཞུ་བ་དང་ཐ་ན་མི་སྒེར་པ་རེ་ཟུང་ནས་འཇིག་གཏན་ཆོས་རྒྱས་བྱ་ཆེད་འགོ་འདྲེན་ཐབས་ཤེས་རྒྱུད་ཟུར་འཇལ་ཞུ་ནས་ཁོང་གི་སྐུ་དང་གཉམ་དུ་པར་བརྒྱབ་ནས་ཞེ་པོ་ཅིག་གི་རྐྱོན་ཀུན་བྲལ་ཡོན་ཏན་ཀུནལྡན་ཡིན་འདོག་བཟོ་བ་སོགས་ལས་སྐུ་ཐང་ཆད་དང་ཆད། ད་ཆ་ང་ཚོ་བོད་པའི་གནད་ཏང་ཐབས་སྐྱོ་པོ་འདི་འདྲའི་སྐབས་ལ་ང་ཚོའི་མགོན་སྐྱབས་སླད་དུ་༧གོང་ས་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པའི་ཆེད་བོད་མི་ཀུན་གྱིས་དགོང་པ་ཡག་པོ་བཞེས་པའི་རེ་བར་སྨོན། ཐུགས་རྗེ་ཆེ།
མི་ཚང་མས་༧གོང་ས་མཆོག་གི་གསུང་ལག་ལེན་བལྟར་ན་ད་ལྟ་བར་གསུང་ཆོས་མང་མ་གྲག་ནའི་ཉུང་གྲག་ཡོད་པ་མ་རེད།
དངོས་གནས་བོད་མི་མང་དང་བོད་རྒྱལ་ཁབ་ཀྱི་ད་ལྟ་དང་མ་འོངས་པའི་དོན་གནད་གལ་ཆེ་ཤོས་ནི་༧གོང་ས་མཆོག་གི་ཐུགས་མ་དཀྲུག་ནས་ཁོང་ལ་སྐུའི་ངལ་གསོ་ལྷོད་ཡངས་ཤིག་གནང་འཇུག་རྒྱུ་དེ་རེད། ཁྱད་པར་དུ་བཙན་བྱོལ་ལས་ཀྱི་སྣེ་མོ་བའི་སྲིད་ཁྲམ་པ་དག་གིས་མནོ་བསམ་ཡག་པོ་གཏོང་དགོས།
སྐུ་མཁྱེན། ༧གོང་ས་མཆོག་སྐུ་ངལ་གསོ་རུ་འཇུག་རོགས།
་
https://www.facebook.com/jangchup.t.sempa/videos/1618296268232791/?hc_ref=ART3kuuJCBzk5_s3XH757ZtJs7ep-sgu1SOrqv1kIC3wwwyB5SFxp8-10XVHMbpY90M
ཅི་གསུངས་བཀའ་སྒྲུབ་ལས། ཅི་འདོད་གདན་འདྲེན་མ་ཞུ། ཅི་གནང་གཟབ་ཉན་ལས། ཅི་ཉན་རང་ཤེད་མ་གནོངས།
གོང་ས་མཆོག་གི་བཀའ་གསུང་སྒྲུབ་མཁན་མི་མང་ཉམས་ཆུངཚོ་རེད་ལ་ཆོལ་གསུམ་ཆིག་སྒྲིལ་སྲུང་མཁན་ཡང་མི་མང་ཉམས་ཆུང་ཚོ་རེད་གོང་ས་མཆོག་ལ་མཛད་དཀའ་བཟོ་མཁན་དང་ཆོལ་གསུམ་ཆིག་སྒྲིལ་ལ་རྒས་ཆགས་གཏོང་མཁན་མཐོ་རིམ་མི་སྣ་ཚོ་རེད་དེ་ཡིན་པ་བཀའ་ཤག་ནས་ཨ་དོན་འཕོ་འགྱུར་འོག་ཏུ་བཙན་བྱོལ་སྤྱི་ཚོགས་ནང་བཤད་རྒྱུ་གླེང་རྒྱུ་དང་བཀའ་ཤག་ལ་ངོ་རྒོལ་ད་ེཚོ་རྒྱལ་བའི་དགོང་པ་དཀྲུགས་རྒྱུ་དང་དགྲ་དགའ་གཉེན་སྡུག་མ་རེད་དམ་།།
རྒྱལ་བ་རིན་པོ་ཆེ་སྐུ་མཚམས་ལ་བཞུགས་ན་ཡག་པོ་ཡོད་ས་རེད། འོན་ཀྱང་བླ་ཆེན་ཚོས་བྱིན་རླབས་སྐམ་པོའི་དབང་ཆེན་རེ་གནང་ནས་སྡོད་པ་ལས་ཅི་ཞིག་སྒྲུབ་ཐུབ། བླ་ཆེན་ཚོ་བཤད་ན་མཁས་ཀྱང་། ལག་ལེན་ཏུ་བསྟར་ཐུབ་ཀྱི་མ་རེད། འདི་ནི་ངའི་བསམ་ཚུལ་ཙམ་ཡིན། དྲ་གྲོགས་ཚོའི་ཐུགས་ལ་ཕོགས་ན་དགོངས་དག་ཞུ། །
དགེ་ལུགས་པའི་ནང་ན་གྲོངས་ནས་ཐུགས་དམ་ལ་བཞུགས་མཁན་ཧ་ཅང་དཀོན་པོ་རེད་ཟེར་ཀྱིན་འདུག ཆོས་བཤད་དགོས་ན་དགེ་ལུགས་པའི་མཁས་ཤིག་གང་ན་ཡོད། འོན་ཀྱང་ཉམས་ལེན་དབེན་པས་ཐུགས་དམ་ལ་འདུག་མཁན་མེད་པ་རེད། །
#7 རང་བྱུང་རིག་པའི་རྡོ་རྗེ ་ལགས་དག་སྣང་མ་ཐུབ་ནའང་། དད་ལོག་མ་གྱིས། ངན་སོང་གི་རྒྱུར་འགྲོ་བས་་་་་
༧གོང་ས་མཆོག་སྐུ་བགྲེས་ཚུལ་མཇལ་ཡང་། གཞན་གདུལ་བྱའི་དོན་ཕྱིར། རང་ཉིད་བཞེད་པ་བཞིན་ཐག་རིང་ཕེབས་པས། སྐུ་ངལ་ཡང་སྐྱོན་མེད། ལ་དྭགས་པའི་གཏམ་དཔེར། བྱ་ཁུམས་པོ་གསོན། མི་ཁུམས་པོ་ཤི། ཟྲེར།
སྤྱོད་འཇུག་ལེའུ་ལྔ་པ་ན།
་
མཁས་དང་དད་དང་ལྡན་བྱས་ནས།
ལས་རྣམས་བདག་གིས་རྟག་ཏུ་བྱ།
ལས་རྣམས་ཀུན་ལ་སུ་ལ་ཡང་།
བལྟོས་པར་བྱ་མ་ཡིན་ནོ།།
་
ཁོ་བོ་ཡང་ལོ་ཆེན་པོར་ལོན་ཡང་ལས་བྱ་བར་འགྲུས་པས། ད་དུང་རྒས་ཡོལ་དུ་ཕྱིན་མེད།
ཁྱིར་རྒན་རང་བྱུང་རིག་རྡོར་ཐུག་པ་དཀྲུག་མ་ཡོང་ཨ་
ངས་ཤེས་པའི་འཆི་ཁར་ཐུགས་དམ་བཞུགས་མཁན་བླ་སྤྲུལ་ཚང་མ་དགེ་ལུགས་རེད་འདུག་པས་་་་
སངས་རྒྱས་སེམས་ཅན་གྱི་དོན་དུ་འོ་མི་རྒྱལ། ཟེར་བའི་དཔེ་ལ་བལྟས་ན་སྐྱོན་རང་ཨེ་ཡོང་།
དགོན་པ་ཚང་། ངས་ཅི་ཞིག་དཀྲུགས་སོང་། བོད་ཀྱི་བླ་ཆེན་ཚོས་ཡུན་རིང་ལ་མཚམས་ལ་འདུག་ཐུབ་ཀྱི་འདུག་གམ། རྗེ་ཙོང་ཁ་བ་ནི་རྡོ་རྗེ་འཇིགས་བྱེད་མིའི་ཤ་ཚུགས་ཅན་ནམ་དཔལ་ལྡན་ཤའི་སྤྲུལ་བ་དངོས་སུ་བྱོན་པ་ཡིན་ཀྱང་། དཀའ་སྤྱད་ཅི་ཙམ་གནངས་འདུག རྣམ་ཐར་ལ་མཇལ་ཉྱོང་ངམ། ཀློང་ཆེན་རབ་འབྱམས་པས་ཆོས་ཕྱིར་དཀའ་བ་ཅི་ཙམ་སྤྱད་འདུག རྣམ་ཐར་མཇལ་མྱོང་ངམ། དེང་དུས་ཀྱི་བླ་ཆེན་ཚོས་དབང་སྐུར་བ་ལས་མཚམས་ལ་ཡུན་རིང་བཞུགས་མཁན་འདུག་གམ། བོད་ཀྱི་ཆོས་བརྒྱུད་ཆེ་ཤོས་དེ་དགེ་ལུགས་པ་རེད། གྲོངས་ན་ཐུགས་དམ་ལ་བཞུགས་མཁན་འདུག་གམ། ཉེ་ཆར་རྡ་ས་ནས་རྒན་མོ་ཞིག་གྲོངས་ནས་ཐུགས་དམ་ལ་ཉིན་ཁ་ཤས་བསྡད་འདུག་ཟེར་ནས་དྲ་ཐོག་ཏུ་བཀོད་སོང་། དགོན་པ་ཚང་། ངས་རང་བཞིན་བརྗོད་པ་ཙམ་ཡིན། ང་ལ་ཆོས་ཀྱི་ཞེན་ཁོག་ཟེར་བ་དེ་མེད་ལ། ཆོས་བརྒྱུད་ཕན་ཚུན་བར་ལ་དཀྲུགས་སེམས་ཀྱང་དེ་བས་མེད། །
མི་ཡུལ་འདིར་བཞུགས་པའི་སྐབས་སུ་སུ་ཞིག་གིས་༧གོང་ས་མཆོག་ནང་བཞིན་བོད་ཀྱི་བསྟེན་་པ་དང་བདེ་སྡུག་ལ་འཕན་མཁན་ཞིག་བྱུང་བ་ལས་འཆི་ཚར་རྗེས་ཙོག་ཙོག་མ་ཚད་ཡར་ལང་ནས་སྡད་ནའང་ཅི་མི་འཕན་
དགོན་པ་ཚང་། ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེ་ཙོང་ཁ་བའི་ལྷག་གཅིག་རེད་ཟེར་གྱི་ཡོད་དམ། ངས་རྒྱལ་བ་རིན་པོ་གཅིག་བུ་ལ་ཟེར་གྱི་མེད། བོད་གྱི་བླ་ཆེན་ཡོངས་རྫོགས་ལ་ཟེར་གྱི་ཡོད། ཁོང་ཚོ་ཆུང་ནས་ཁྲི་མཐོན་པོར་བཞུགས་ནས་དབང་བསྐུར་ཐུབ་པ་ལས་དཀའ་སྤྱད་བྱེད་ཀྱི་མི་འདུག་ཟེར་གྱི་ཡོད། མ་དགའ་ན་སྡིག་ཅོང་ཡིན། ངས་ནི་དྲང་མོར་སྨོས་པ་ཙམ་ཡིན། །
གོང་ས་མཆོག་གི་ཞབས་བརྟན་ཏུ་ཇོ་ནང་ཀུན་མཁྱེན་དོལ་པོ་བའི་པདྨ་འབྱུང་གནས་བསྟོད་པ་འབུལ་བ་ནི། ༄༅།། གུ་རུའི་བསྟོད་པ་དགེ་ལེགས་འབྱུང་གནས་བཞུགས་སོ།།
ན་མཿཤྲཱི་བཛྲ་གུ་རུ་ཝེ། རྗེ་བཙུན་གུ་རུ་རིན་པོ་ཆེ་ལ་བསྟོད་ཅིང་གསོལ་བ་འདེབས་པ་དགེ་ལེགས་འབྱུང་གནས་ཞེས་བྱ་བ། །རྗེ་བཙུན་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། ། གང་ཞིག་འགྱུར་མེད་ཡོངས་གྲུབ་ཆོས་ཀྱི་དབྱིངས། །ཤེས་བཅུ་རྣམ་དག་རང་བྱུང་ཡེ་ཤེས་ལྔ། །དོན་དམ་འགོག་བདེན་མཁའ་ཁྱབ་བརྙེས་པ་ཡི། །པད་མ་བཟང་བོ་ཐོད་འཕྲེང་རྩལ་ལ་འདུད། །དབྱིངས་རིག་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ། །རྡུལ་དང་སྐད་ཅིག་རྣམ་ཤེས་རྟེན་འབྲེལ་ལས། །གདོད་མ་ཉིད་ནས་རབ་འདས་རྟག་པའི་སྐུ། །མངོན་དུ་མཛད་པ་དེ་ལ་ཕྱག་འཚལ་ལོ། །དོན་དམ་ཆོས་སྐུའི་ཡོན་ཏན་སྟོབས་ལ་སོགས། །གང་གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པ། །མཁའ་ཁྱབ་དབྱེར་མེད་གདོད་ནས་རྟག་བཞུགས་རྣམས། །ཁྱེད་སྐུས་མངོན་དུ་མཛད་ལ་སྐྱབས་སུ་མཆི། །མཐའ་གཉིས་མཐའ་བཞི་མཐའ་བརྒྱད་ལ་སོགས་པའི། །སྐྱོན་རྣམས་ཀུན་དང་གདོད་ནས་བྲལ་བའི་གཞི། །དབུས་མ་བར་མ་ཕུང་པོ་གསུམ་པའི་མཆོག །མ་ནིང་གོ་འཕང་བརྙེས་པ་ཁྱེད་ལ་འདུད། །བདུད་དང་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་ཀུན་ལས་གྲོལ་སྐུ་བཞི་རྡོ་རྗེ་བཞི། །མངོན་དུ་མཛད་ནས་སྣ་ཚོགས་སྤྲུལ་པའི་སྐུ། །གཞན་དོན་མཛད་པ་ཁྱེད་ལ་སྐྱབས་སུ་མཆི། །རྣམ་ཐར་སྒོ་བཞི་ཚངས་པའི་གནས་བཞི་དང་། །བསྙེན་བསྒྲུབས་རྣམ་བཞིའི་རྡོ་རྗེ་རྣལ་འབྱོར་བཞི། །གནས་སྐབས་རིགས་བཞིའི་ཀུན་རྟོག་ཀུན་བསལ་ནས། །འགྱུར་མེད་དགའ་བཞི་བརྙེས་པ་ཁྱེད་ལ་འདུད། །རླུང་སེམས་འཕོ་བའི་བག་ཆགས་རབ་འགགས་ནས། །འཕོ་མེད་ཆགས་ཆེན་བདེ་བ་ཆེན་པོ་ཡིས། །ས་ལམ་ཀུན་བགྲོད་ཡོན་ཏན་མ་ལུས་རྫོགས། །འཕྲིན་ལས་མཁའ་ཁྱབ་མངའ་བ་ཁྱེད་ལ་འདུད། །བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཅན། །དོན་དམ་ཆོས་སྐུ་དབུལ་བོའི་གཏེར་ཆེན་བཞིན། །ཀུན་ལ་ཁྱད་མེད་རྟག་ཏུ་བཞུགས་པ་སྟེ། །ཁྱེད་ཀྱིས་མངོན་སུམ་ཉིད་དུ་མཛད་པ་ལགས། །འབྲས་མཆོག་ཅན་གྱི་ལྗོན་ཤིང་མཆོག་བསྐྱེད་བཞིན། །དགེ་ཚོགས་རླབས་ཆེན་ཡུན་རིང་ལེགས་བསྒྲུབ་པས། །རྣམ་སྨིན་ཡོན་ཏན་སུམ་ཅུ་རྩ་གཉིས་ཅན། །གཟུགས་སྐུ་ཕུན་ཚོགས་བརྙེས་པ་ཁྱེད་ལ་འདུད། །ཁྱོད་ཀྱིས་རྣམ་དག་ཚོགས་གཉིས་ལེགས་བསྒྲུབ་པས།།སྐུ་གཉིས་ལེགས་ཐོབ་དོན་གཉིས་མཐར་ཕྱིན་པ།།རྩོད་མེད་ཡོངས་གྲགས་པད་མ་འབྱུང་གནས་དཔལ།།མགོན་སྐྱབས་དམ་པ་ཁྱེད་ལ་སྐྱབས་སུ་མཆི། །དངོས་སུ་འབྱོར་དང་ཡོད་ཀྱིས་སྤྲུལ་བ་དང་། །བདག་གིར་མ་བཟུང་མཆོད་རྫས་བཟང་དགུ་རྣམས། །ཡོན་གནས་དམ་པ་ཁྱོད་ལ་མཆོད་པ་འབུལ། །གཞན་གྱི་དོན་སླད་བརྩེ་བས་བཞེས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་དབང་སོང་བས། །ཆོས་དང་འགལ་བའི་བྱ་བ་སྣ་ཚོགས་བགྱིས། །རང་གནོང་འགྱོད་པས་དེ་ཀུན་ཁྱེད་ལ་བཤགས། །མྱུར་བ་ཉིད་དུ་དག་པར་མཛད་དུ་གསོལ། །དགེ་བ་ཀུན་ལ་དགའ་བས་རྗེས་ཡི་རང་། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཡུན་རིང་བཞུགས་ནས་གང་གིས་གང་འདུལ་བའི། །འཕྲིན་ལས་ཕུན་ཚོགས་མཛད་པར་གསོལ་བ་འདེབས། །བདག་ཅག་ལ་སོགས་སེམས་ཅན་ཐམས་ཅད་ཀྱིས། །འཁོར་བ་སྡུག་བསྔལ་ཉིད་དུ་ཤེས་པ་དང་། །དེ་རྒྱུ་ཀུན་འབྱུང་དབུགས་དང་ལྷན་ཅིག་ཏུ། །མྱུར་བར་འགགས་པའི་ལམ་མཆོག་རྩལ་དུ་གསོལ། །སྐུ་གསུང་ཐུགས་ཀྱིས་མྱུར་བར་བྱིན་རླབས་ནས། །དོན་མེད་བྱ་བ་ཐམས་ཅད་རབ་སྤངས་ཏེ། །བསམ་རྒྱུ་སྒྲུབ་རྒྱུ་ཆོས་ལས་མེད་པ་དང་། །ཆོས་མཆོག་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཁྱེད་ཀྱི་སྐུ་མཆོག་མྱུར་དུ་མཐོང་བ་དང་། །གསུང་མཆོག་ཐོས་ཤིང་ཐུགས་མཆོག་ཡེ་ཤེས་མཆོག །མྱུར་དུ་ཕེབས་པའི་དབང་བསྐུར་མཆོག་སྩོལ་ནས། །ས་བཅུ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །སྲིན་པོ་རྣམས་ལ་ཇི་ལྟར་མཛད་པ་བཞིན། །བསྟན་དགྲ་བསྟན་བཤིག་དམུ་རྒོད་མ་རུངས་པ། །གདུག་པ་ཅན་རྣམས་ཁྱེད་ཀྱི་མཐུ་རྩལ་གྱིས། །རབ་ཏུ་བཏུལ་ནས་ཆོས་ལ་དགོད་དུ་གསོལ། །དེ་མིན་དེར་འཛིན་ཕྲ་མ་སྔ་བཙན་གྱི། །ཆོས་མིན་ཆོས་ལྟར་བཅོས་པའི་སྟོབས་འཕེལ་ནས། །ཡང་དག་ཆོས་ལ་སྡང་ཞིང་སྨོད་པ་རྣམས། །ཁྱེད་ཀྱིས་ཡང་དག་ལམ་ལ་དགོད་དུ་གསོལ། །སངས་རྒྱས་བསྟན་པ་སེང་གེའི་ཁོག་པ་བཞིན། །རང་གི་ནང་ནས་ཉམས་པར་བྱེད་པ་རྣམས། །ཁྱེད་ཀྱིས་ཐབས་མཁས་ཐུགས་རྗེ་མཐུ་སྟོབས་ཀྱིས། །སླར་ཡང་བསྟན་པ་སྐྱོང་བར་བྱིན་གྱིས་རློབས། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །སྐྱེས་མཆོག་ཁྱེད་ཀྱི་ཞབས་དྲུང་ཉེར་བསྟེན་ནས། །ཁྱེད་གསུང་བདུད་རྩི་དཔལ་ལ་སྤྱོད་པ་དང་། །ཁྱེད་ཀྱིས་བཀའ་བཞིན་དོན་གཉིས་འགྲུབ་གྱུར་ཅིག། ཁྱེད་ཀྱིས་རྗེས་སུ་བཟུང་པའི་བྱིན་རླབས་ཀྱིས། །ཁྱེད་ཀྱི་ཐུགས་དང་འགལ་བ་ཀུན་སྤངས་ཤིང་། །ཁྱེད་ཀྱི་ཐུགས་དང་མཐུན་པ་ཀུན་སྒྲུབས་ཏེ། །ཁྱེད་ཀྱི་གོ་འཕང་ལྟ་བུ་མྱུར་ཐོབ་ཤོག །ཁྱེད་ལ་དད་གུས་བགྱིས་པའི་རྟེན་འབྲེལ་གྱིས། །ལས་རླུང་རབ་འགགས་རྣམ་ཤེས་རབ་འགགས་ཤིང་། །ཡེ་ཤེས་རླུང་འཕེལ་ཡེ་ཤེས་རབ་འཕེལ་ནས། །ཁྱེད་བཞིན་གཞན་དོན་རླབས་ཆེན་བྱེད་གྱུར་ཅིག །མཐའ་ཡི་རྩ་རྣམས་རླུང་གིས་རབ་སྟོང་ཞིང་། །དབུ་མའི་རྩ་བཟང་རླུང་གིས་རབ་གང་བས། །ཞུ་བདེ་འགྱུར་མེད་དགའ་བཞི་རབ་རྫོགས་ནས། །རང་བཞིན་འགྱུར་མེད་མཁའ་ཁྱབ་ཐོབ་གྱུར་ཅིག །ཇི་ལྟར་དེ་མ་ཐོབ་པ་དེ་སྲིད་དུའང་། །བསླབ་གསུམ་སྡོམ་པ་གསུམ་དང་དམ་ཚིག་རྣམས། །ཡོད་ཡེ་མི་ཉམས་ཕྱིར་ཞིང་འཕེལ་བ་དང་། །དགེ་ཚོགས་ཐམས་ཅད་ཀུན་ནས་རྒྱས་པར་ཤོག །གཞན་ལ་ཕན་ཕྱིར་བསོད་ནམས་ཚོགས་ཆེན་དང་། །འགྱུར་མེད་བདེ་རྒྱས་ཡེ་ཤེས་ཚོགས་ཆེན་གྱིས། །ལམ་མཆོག་སྒྲུབ་པའི་འགལ་རྐྱེན་མེད་པ་དང་། །མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་གྲུབ་གྱུར་ཅིག །ཡོངས་གྲུབ་ཡབ་ཡུམ་དབུ་མ་ཡབ་ཡུམ་དང་། །ཤེར་ཕྱིན་ཡབ་ཡུམ་དོན་དམ་ཡབ་ཡུམ་གྱི། །ལྷ་ཚོགས་ཀུན་གྱི་གཟུགས་ནས་རྣམ་མཁྱེན་བར། །རྣམ་པ་ཀུན་ལྡན་རྣམ་པ་མེད་པའོ། །རྨི་ལམ་སྒྱུ་མ་པྲ་ཕབ་བརྒྱད་ལྟ་བུ། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་པ། །མཁྱེན་བརྩེ་ནུས་མཐུ་སྟོབས་དང་འཕྲིན་ལས་མཆོག །དཔེར་བྱ་ཀུན་ལས་འདས་པ་མཁའ་ཁྱབ་ཏུ། །གདོད་ནས་རྟག་ཏུ་བཞུགས་པའི་བྱིན་རླབས་དང་། །དེ་དག་གཟུགས་སྐུ་རྟེན་གསུམ་བྱིན་རླབས་ཀྱིས། །བསྔོ་བའི་རྒྱལ་པོ་མཆོག་འདི་འགྲུབ་གྱུར་ཅིག །སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །སྟོན་པ་བཞི་ལྡན་གྱིས་སྨྲས་པའོ། །ཤུ་བྷཾ༎
རང་བྱུང་རིག་རྡོ་ལགས་དགོང་པ་མ་འཚོམ།
ཁྱེད་ཀྱི་བསམ་འཆར་གདེན་པ་རེད་སོ་སོར་བསམ་ཚུལ་མ་འདྲ་བ་་ཡོད་དུས། ་ངེས་ཀྱི་༧གོང་ས་མཆོག་རྗེ་རིན་པོ་ཆེ་དང་དབྱེར་མེད་ངོས་འཛིན་ཞུ་ཡི་ཡོད་ཁྱེད་རང་ཁྱེད་རང་གི་ལྟ་རྒྱུ་རེད། དེ་མིན་བླ་ཆེན་གཞན་པ་ཚོ་ངས་དེ་ཙམ་མི་ཤེས་མཐའ་ན་མི་དེ་ཚོ་ཆོས་ཁ་ལ་ཞེན་ཁོག་དེ་འདྲ་འདུག་ཆོས་ཁ་བྱེ་བྲག་པ་དེའི་ཁོངས་སུ་གཏོག་པའི་བླ་ཆེན་དེ་ཚོས་སྲིད་སྐྱོང་གི་བོད་མི་ཐུག་པ་དཀྲུག་ཀྱི་ཡོད་པར་བཀའ་སློབ་གང་གནང་མ་སོང་བ་གནང་ནའི་བློ་ེསེང་གི་ཆོས་མི་ཤེས་པར་གུང་གྲན་ཏང་ཡོན་ནང་བཞིན་དབང་ཆ་ལོག་སྤྱོད་བྱེད་ཀྱི་འདུག་པ།
དགོན་པ་ཚང་ལགས། ཁྱེད་ཀྱིས་ང་ལ་དགོངས་པ་མ་ཚོམས་ཟེར་བ་དེ། ཁྱེད་ཀྱི་ཡོན་ཏན་དང་གཟི་བརྗིད་གཅིག་རེད། འདི་ནི་ཡོན་ཏན་ཆུང་ཆུང་མ་རེད། ཆེན་པོ་རེད། སེམས་གཏིང་ནས་མིན་ཀྱང་ཁ་ཙམ་གྱིས་ཟེར་ནའང་དེ་ནི་ཡོན་ཏན་ཆེན་པོ་རེད། ང་ནི་སྤྲུལ་སྐུ་ངོས་འཛིན་གྱི་ལུགས་སྲོལ་འདི་མེད་པ་བྱེད་དགོས་ཟེར་མཁན་གྱི་གྲས་གཅིག་ཡིན། ཡིན་ཡང་སེམས་ཅན་གྱི་ལས་དབང་འདིར་སུ་ཞིག་གིས་ཁ་ལོ་བསྒྱུར་ཐུབ། འཛམ་གླིང་གི་ཆོས་ལུགས་ཐམས་ཅད་ཀྱི་གྲལ་ནས་སྡུག་ཤོས་ཏེ་ཁ་ཆེ་ཆོས་ལུགས་ཡིན་མོད། འོན་ཀྱང་དར་ཁྱབ་ཆེ་མགྱོགས་པའི་ཆོས་ལུགས་དེའང་ཁ་ཆེ་རེད་ཟེར་གྱི་འདུག འདི་ལ་བསམ་ན་དབང་མེད་དུ་ཡིད་མི་སྐྱོའམ། །
རིག་རྡོར་ལགས། དགོང་སེལ་ཞུས་པར་ངེས་པམ་ཤོར་དགོས་ཡག་གང་ཡང་མི་འདུག་ ཚམ་རེ་འགོ་ནས་སྟོད་རེང་འཕུད་པ་དང་དེའི་ཕྱོག་ཐོག་ཡིན་ཟེ་བ་དེ་ཚོས་དམར་རེང་འཕུད་ཡོང་དུས་སེམས་པ་སྣོན་མི་འཐུབ་པར་གཞན་ལ་ཚིག་ངན་བཤད་པར་ཤོར་གྱི་འདུག་་དེར
བསྟན་བློ་འཕམ་གྱི་ལས་ངན་བྱས་འདུག་ན་བློ་སེང་ལྟར་ངས་བྱས་ཚད་ཚང་མ་གདེན་པ་ཡིན་ངས་བྱས་རྗེས་ཡག་པ་མ་ཏོག་སྡུག་པ་མེད་ང་ཐམས་ཅད་མཁྱེན་པ་ཡིན་ལྟ་བུར་མ་ཡིན་པར་སྲང་མ་རྒྱལ་བར་དུ་ནོར་འཕྲུལ་་ཡོང་དང་ཡོང་དེར་བསྟན་ནོར་བ་ལ་དགོང་སེལ་ཞུས་ན་རྙོག་གྲ་མང་པོ་བསེལ་འཐུབ།
ངེས་རང་་རིག་རྡོར་གྱི་གྲོག་པོ་ཆགས་པའི་རེ་བ་ཡོད
བཀའ་དྲིན་ཆེ།
རང་བྱུང་རིག་པའི་རྡོ་རྗེ་ལགས།
ཁྱེད་རང་གིས་གསུངས་པའི་དགེ་ལྡན་པར་ཉམས་ལེན་མེད་ཟེར་བ་འདི་བདེན་པ་ཨེ་ཡིན་སྙམ། ཉམས་ལེན་ཟེར་ན་རི་ཁྲོད་གཅིག་པུར་ཕྱིན་པར་གོ་ན་འགྲིགས་ཀྱི་མིན་འདུག བོད་ནང་ལ་ལོ་གསུམ་དང་རི་ཁྲོད་ལ་ཕེབས་མཁན་མང་པོ་འདུག་རུང་། མང་པོ་ཞིག་ཆོས་ཐོས་པ་མེད་པས། ཆོས་ཀྱི་གནད་འགག་མ་མཁྱེན་མཁན་མང་པོ་འདུག ཁོང་ཚོ་ནི་མ་ནི་འབུམ་བསགས་པ་ཡིན་ཟེར། བཛྲ་གུ་རུ་འབུམ་ཕྱིན་སོང་ཟེར། དམིགས་བརྩེ་མ་འབུམ་ཕྱིན་སོང་ཟེར། དོན་ངོ་མ་ནང་ཆོས་ནི་ནང་གི་སེམས་རྒྱུད་འདུལ་བའི་ཆེད་དུ་ཡིན་པ་མཁྱེན་གྱི་མིན་འདུག
ཁྱེད་རང་གིས་རང་གི་རྩ་བའི་བླ་མའི་སྐོར་ལ་ཕྱག་དེབ་གཅིག་བྲིས་འདུག དེའི་ནང་ལ་ཁྱེད་ཅག་གི་བླ་མ་རྩ་ཆེན་པོ་དེ་ཡང་ཉམས་ལེན་བ་ཆེན་པོ་ཞིག་རེད་མི་འདུག ངས་ཐེངས་རྗེས་མ་དེབ་འདི་ཁ་བརྡའི་ཐོག་ཁྱེར་ནས་བགྲོ་གླེང་ཞུས་ཆོག ཁྱེད་ནས་ང་ལ་ཆོག་མཆན་ཞིག་གནང་རོགས།
མཐོད་རྒལ་ལགས། ཁྱེད་ཀྱིས་ང་ངོ་མི་ཤེས། ངས་བླ་མའི་སྐོར་ལ་དེབ་ཀྱང་བྲིས་མྱོང་མེད། ངས་གཙོ་བོ་དེ་བརྗོད་རྒྱུ་བླ་ཆེན་ཚོས་ཉམས་ལེན་གང་ཡང་མ་བྱས་པར་དབང་ལུང་སྐུར་བའི་སྐྱོན་ཡིན་སྙམ་གྱི་ཡོད། ང་རྡ་ས་ནས་ལོ་མང་བསྡད་མྱོང་། དགེ་ལུགས་པའི་མཚམས་པ་མང་པོ་ཡོད། མཚམས་པ་ཕལ་མོ་ཆེས་ཡོན་ཏན་གང་ལ་གང་ལ་གང་འཚམས་ཡོད་མཁན་དག་རེད། འོན་ཀྱང་ཐུགས་དམ་ལ་འདུག་མཁན་ཧ་ཅང་དཀོན་པོ་འདྲ་མཐོང་གི་ཡོད། རྒྱུ་མཚན་ནི་གདམས་ངག་ལ་བྱིན་རླབས་མེད་པ་ཨེ་ཡིན་སྙམ་པའི་དོགས་པ་ཞིག་རང་བཞིན་གྱི་སྟེར་གྱིན་ཡོད། འདི་ནི་ངེད་ཀྱི་རྨོངས་འཆར་ཙམ་ཡིན། དགོངས་འགལ་མེད་པར་མཁྱེན། །
དགོན་པ་ཚང་ལགས། ངེད་གཉིས་གྲོགས་པོ་ཡིན་ད་ཡིན། ཐུགས་རྗེ་ཆེ། །