ཁྲོ་གཏུམ།
བུ་ཆུང་རྡོ་རུག་སྤུངས་པར་བྲེལ་ཞིང
རྡོ་རུག་བརྩེགས་རིམ་ལས་མཐོང་བ་ནི
མི་ཚེ་ཞིག་སྟེ
ངའི་བྱིས་དུས་ཀྱི་འབྲོག་ཐང་གི་རྩེད་མོ་དེའོ
ས་རྡོ་ལ་རྩེད་པར་དགའ་ཞིང་དེའི་དཀྱིལ་ལ་འཐིམས་པ་ཁོ
ཞི་དུལ་གྱིས་འདུག་སྟངས་གཅིག་པུ་དེ་མངོན་ཡོང
ཡར་རྒྱུག་མར་རྒྱུག་གིས་ཁོ་ཐང་མ་ཆད་རུང
ང་ནི་ངལ་དུབ་ལ་ལྷུང་བར་ཉེ
རྡོ་རུག་མང་ས་ནས་ཁོ་ནི་ཆེས་སྡོད་ཚུགས་པའི་བྱིས་པ་དེ་རུ་འགྱུར
རྡོ་ཆུང་དག་ཕར་བསྐྱལ་ཞིང་ཕྱིར་བསྡུ་བའི་ལས་ཀ
རྡོ་ཆུང་དག་གནས་གཅིག་ལ་སྤུངས་པའི་ལས་ཀ
གང་དུ་རྡོ་ཆུང་མང་ན་དེ་རུ་སྡོད་པའི་ལས་ཀ
རྡོ་ཆུང་གིས་ཁྲིད་འགྲོ་བའི་བུ་ཆུང
ངས་མིག་འཚོས་ཀྱིས་ཇ་འཐུང་གིན་ཡོད
དྲོད་འཇམ་ལྡན་པའི་ཉི་འོད་ཀྱི་འོག་ཏུ
གནམ་སྔོན་པོ་བུ་ཆུང་གི་སྦྲ་གུར་དང
ས་དོག་མོ་བུ་ཆུང་གི་རྩེད་ཁང
ཆུ་དྭངས་མོའི་བཞུར་སྒྲའི་གླུ་དབྱངས་བུ་ཆུང་གི་རྣ་བར་སིམ
བྱིས་པའི་གྲོད་བུ་རྒྱགས་རྗེས་ཀྱི་འཚོ་བ་ནི་རྩེད་མོ་སྟེ
རྩེད་མོ་ནི་ཁོ་ཚོའི་འཚོ་བ་དང་ངའི་འདས་པའི་ཉམས་མྱོང
འདི་ལྟར་བྱིས་དུས་ལ་ལྟ་སྐོར་བྱས་ཤིང
ངའི་བྱིས་དུས་དྲན་པར་ཤར་དུ་བཅུག་པ
རོལ་མྱོང་ཡ
ངའི་མིག་མདུན་གྱི་རོལ་མྱོང
ངའི་འདས་པའི་རོལ་མྱོང
མ་འོངས་པ་ཡང་རོལ་མྱོང་ཁྲོད་ནས་ཞིག་སྲིད
2017/12/30རྒྱལ་སྤྱིའི་ལོ་གསར་ལ།
༄༅། ཁྲོ་གཏུམ་ལགས་ཁྱེད་གང་དུ་བཞུགས་ཡོད།
ཁྱེད་ཀྱི་རྩོམ་ཡིག་དེ་རང་མི་རིགས་ཀྱི་སྐད་ཡིག་ཐོག་ཕུལ་དུ་བྱུང་བ་བྲིས་འདུག་པ་
ལེགས་སོ་དང། གུས་བཏུད་ཞུ་བ་མ་ཚད་་་ཕྱི་ལོ་གསར་པར་བཀྲིས་བདེ་ལེགས་ཡོད།
ཆུང་དུས་བྱིས་པའི་རྩེད་ཆས་རྡོ་ལ་བཅོལ་།
ཨབ་རྡོ་རྩེད་ནས་ར་ལུག་རི་འགོར་འཚོ་།
དེ་འབྲོག་ཕྲུག་ཀུན་གྱི་མི་ཚེའི་མདུན་།
ཕལ་ཆེར་བོད་ཡུལ་གཅིག་རྒྱུར་འདྲ་།
༄༅། སྤྲིན་པ་དཀར་རེ་ནག་རེ།
བཞུད་ལམ་ཁག་ཁག་སོ་སོ།
སྙིང་སྡུག་ཆུ་འཛིན་དཀར་པོ།
འདབ་མ་གཡུ་ཡི་ཉི་གདུགས།
འདབ་གཤོག་གྲིབ་མའི་འཁོར་ལོ།
བདག་གི་ཕྱོགས་ལ་འཁོར་བྱུང།
ལས་ཀྱིས་བསྐོས་པ་མ་གཏོགས།
རང་དགར་འཁོར་བ་མ་རེད།