རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
བོད་ཕྱི་ལོགས་སུ་ཡོད་པའི་བོད་རིགས་གསར་འགོད་པ་ཚོའི་ཁྲོད་ན། ཤེས་ཡོན་གྱི་སྒང་ནས་ཆེད་ལས་གསར་འགོད་པ་ཧ་ཅང་ཉུང་ཉུང་ཡིན། འོན་ཀྱང་། ཉམས་མྱོང་གི་སྒང་ནས་ཆེད་ལས་གསར་འགོད་པ་ཆགས་བསྡད་པ་གང་འཚམས་ཡོད། བོད་པའི་གསར་འགོད་པ་ཚོའི་ཆེད་ལས་དེ་ཆེད་ལས་ཀྱི་ངོ་བོའི་སྒང་ན་འདུག་གི་མེད། བོད་པའི་གསར་འགོད་པ་ཚོའི་ཁྲོད་ན། གསར་འགྱུར་སྤེལ་དུས་གནས་ཚུལ་དང་བསམ་ཚུལ་བསྲེས་བསྲེས་གཏོང་མཁན། བདེན་པ་དང་བསམ་ཚུལ་མཉམ་བསྲེས་བྱེད་མཁན་སོགས་ཀྱང་ཡོད། ད་དུང་། བཅར་འདྲི་བྱེད་སྐབས་དྲི་བ་མི་གསལ་བ་དང་དྲི་བ་རིང་བ། དྲི་བ་འདྲི་མཁན་རང་གིས་བཤད་འདོད་པ་ཞིག་དྲི་བ་འདྲི་ཡུལ་ལ་བཤད་དུ་འཇུག་ཆེད་སྐོར་བཤད་རིང་པོ་རྒྱག་པ། དྲི་ཚིག་བསྐྱར་ཟློས་བྱེད་པ། ཐ་ན། སྐད་ཆ་རིང་པོ་ཞིག་མ་བཤད་ན། དྲི་བ་གཏོང་མི་ཤེས་བའི་གོམས་གཤིས་ངན་པ་ཞིག་ཡོད། གོམས་གཤིས་ངན་པ་འདི་ན་ཚ་ཡང་རེད། ན་ཚ་འདིའི་རྐྱེན་པས། མཚམས་ལན་རེར་གསར་འགོད་པ་རང་ཉིད་དྲི་བ་གཏོང་མཁན་མིན་པར་དྲི་ལན་རྒྱག་མཁན་གྱི་སར་ལངས་ནས་བསམ་ཚུལ་བཤད་གི་ཡོད། གནད་དོན་འདི་དག་གི་ཐད་ལ་།
ངེད་ཀྱིས་ཚིག་འགའ་ཞུ་གི་ཡིན། རྩོམ་ཐུང་འདི་གང་ཟག་སྒེར་ལ་དམིགས་པ་ཞིག་མིན། རྩོམ་ཐུང་འདི་གསར་འགོད་པ་སྒེར་པ་ཞིག་དཔེ་མཚོན་དུ་བཞག་ནས་བོད་རིགས་གསར་འགོད་པ་གཞན་པ་ཚོར་བྲིས་བ་ཞིག་ཡིན།
ངེད་ཀྱི་བསམ་ཚུལ་བཤད་ས་དེ། ཀུན་གླེང་གསར་འགོད་པ་རྣམ་རྒྱལ་ཤཱསྟི་ལགས་ཀྱི་བཅར་འདྲིའི་སྐོར་ལ་ཡིན། ཕྱི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཀུན་གླེང་གསར་འགོད་པ་
རྣམ་རྒྱལ་ཤཱསྟི་ལགས་ནས་ཟམ་གདོང་རིན་པོ་ཆེར་གནང་བའི་བཅར་འདྲི་དེ་ཡིན། བཅར་འདྲིའི་དུས་ཡུན་ཁྱོན་བསྡོམས་སྐར་མ་༣༧དང་སྐར་ཆ་༢ཙམ་རེད། དུས་ཡུན་དེའི་ནང་དྲི་བ་བཅུ་གཅིག་བཏང་ཡོད། དྲི་བ་གཅིག་ལ་གནས་ཚུལ་གྱི་ཁུངས་མེད་པར་ཚོད་དཔག་བརྒྱབ་འདུག དྲི་བ་གཅིག་དེ་གནས་ཚུལ་ནོར་ནས་བཏང་འདུག དྲི་བ་གསུམ་ལ་དྲི་བའི་བཟོ་འདྲ་ཞིག་འདུག དྲི་བ་དྲུག་དྲི་བ་ཐད་གཏོང་མ་བྱས་པར། སྒེར་གྱི་བསམ་ཚུལ་དང་སྐད་ཆ་རིང་པོ་བཤད་ནས་རྫོགས་པར་བྱས་ཡོད། དེ་ཚོ་རེ་རེ་བཞིན་འདི་རུ་འགོད་འདོད་བྱུང་། གཅིག་བྱས་ན། བོད་རིགས་གསར་འགོད་པ་གཞན་དག་ཚོར་ཡང་བསམ་བློ་གཏོང་གཞི་ཞིག་རྙེད་སྲིད། བསམ་བློ་ཞིག་འཁོར་སྲིད།
རྣམ་རྒྱལ་ཤཱསྟི་ལགས་ཀྱིས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་དང་པོ།
“རིན་པོ་ཆེ། ད་ཕྱི་ལོ་༢༠༠༨ལོའི་ནང་ལ་ལྷ་ས་ནས་མར་ཞི་བའི་ལས་འགུལ་ངོ་རྒོལ་འགོ་བཙུགས་ཡོད་པ་རེད། དེའི་རྗེས་ལ་བོད་ས་ཡོངས་རྫོགས་ལ་ཞི་བའི་ལས་འགུལ་ངོ་རྒོལ་འགོ་བཙུགས་ནས་། ད་ལྟ་ཡང་ཕལ་ཆེར་བོད་ཀྱི་ས་ཆ་ག་ས་གང་ལ་ལས་འགུལ་ཁ་མ་འཐོར་བ་བཅས་ནས་ཡོང་བསྡད་ཡོད་པ་རེད་འདུག ལས་འགུལ་འདི་ཚོ་བརྒྱུད་ནས་ད་གང་ལྟར་གཞིས་བྱེས་གཉིས་ལ་གནས་བའི་བོད་མིའི་དབར་ལ་འབྲེལ་བ་ཟེར་གོ་རེད། ད་འབྲེལ་ལམ་ཤུགས་ཉེ་རུ་ཕྱིན་པ་དང་དེ་འདྲའི་ཆ་རྐྱེན་གང་ལ་གང་འཚམ་བྱུང་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་གཞུང་གིས་བོད་ནང་ལ་དྲག་གནོན་གྱི་སྲིད་ཇུས་དེ་ད་ལྟ་ཡང་སྔར་ལས་རྩུབ་ཏུ་རྩུབ་ཏུ་བཏང་ཡ་གི་གནས་སྟངས་ཤིག་ཆགས་བསྡད་ཡོད་དེས་ཙམ་ནས། ཏན་ཏན་བོད་ནང་ལ་བཞུགས་མཁན་གྱི་བོད་མི་རེད། དེ་ག་ནང་བཞིན་། བཙན་བྱོལ་ལ་བཞུགས་མཁན་གྱི་བོད་མི་ཚོ་ལ་གདོང་ལེན་བྱེད་དགོས་བའི་གནད་དོན་དེ་འདྲ་ཏན་ཏན་ཡོད་སྲིད་པ་རེད། བྱས་ཙང་། རིན་པོ་ཆེའི་དགོངས་པ་ལ་གནད་དོན་དེ་ཚོ་བརྒྱུད་ནས་གཞིས་བྱེས་གཉིས་སུ་གནས་བའི་བོད་མི་ཚོ་ལ་གནད་དོན་འདྲ་བོ་དེ་ག་རེ་གཟིགས་ཀྱི་ཡོད་ན། རིན་པོ་ཆེ”
གོང་གི་འདི་ཕྱི་ལོ་༢༠༠༨ལོའི་ཚུན་གྱི་བོད་ཕྱི་ནང་གི་གནས་སྟངས་ཟམ་གདོང་རིན་པོ་ཆེར་ངོ་སྤྲོད་རེད་དམ་ཡང་ན་དྲི་བ་རེད། ངོ་སྤྲོད་ལྟ་བུ་ཞིག་མཉམ་སྦྱར་མ་བྱས་ན། དྲི་བ་གཏོང་སྲོལ་མེད་པ་རེད་དམ། སྐད་ཆ་རིང་པོ་ཞིག་མ་བཤད་པར་དྲི་བ་ཐུང་ཐུང་ཞིག་གཏོང་མི་ཤེས་བ་འདི་ཅི་རེད།
དྲི་བ་འདིའི་མདོ་དོན་ནི་རྒྱ་ནག་གཞུང་གི་སྲིད་ཇུས་དེར་ད་ལྟའི་བོད་གཞིས་བྱེས་གཉིས་སུ་བཞུགས་མཁན་བོད་མི་ཚོས་གདོང་ལེན་གསར་བ་ག་རེ་བྱེད་དགོས་ཀྱི་འདུག་གམ་ཟེར་བ་འདི་ལྟ་བུ་ཞིག་རེད། འོན་ཀྱང་། སྐད་ཆ་རིང་པོ་ཞིག་མ་བཤད་ན་དྲི་བ་གཏོང་མི་ཤེས་བའི་དཀའ་ངལ་དེ་ག་རེ་རེད་དམ།
རྣམ་རྒྱལ་ཤཱསྟི་ལགས་ཀྱིས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་གསུམ་པ།
“ཡིན་ན་ཡང་། རིན་པོ་ཆེ། ད་ས་གནས་མི་མང་གི་རེ་འདོད་རེད། ལྷག་པར་དུ་གནས་ཚུལ་ཐོན་ཡ་བྱས་བ་ཡིན་ན། སྐྱེ་རྒུ་མདོའི་ས་ཁུལ་གྱི་མི་མང་ངོས་ནས་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གྱི་མཚན་ཐོག་ལ་སྙན་ཞུ་ཕུལ་བ་རེད། དེ་ཚོའི་ཐོག་ལ་རེད། དེ་ག་ནང་བཞིན་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལ་ཡིན་ན་ཡང། ས་གནས་སུ་ཞབས་བཅགས་རྒྱུའི་དགོངས་གཞི་གནང་བཞུགས་ཡོད་པ་རེད། ད་ལྟའི་ཆ་ལ་གཞུང་འབྲེལ་གྱི་ངོས་ནས་སྐྱབས་མགོན་རིན་པོ་ཆེ་ཕ་གིར་ཆིབས་བསྒྱུར་གནང་ཡ་གི་ གནད་དོན་ཐོག་ལ་གསལ་ཁ་འདྲ་བོ་ཞིག་ཕལ་ཆེར་མེད་པའི་བཟོ་འདྲ་བོའི་གནས་སྟངས་དེ་འདྲ་ཞིག་ཆགས་བསྡད་འདུག བྱས་དེས་ཙམ་ལ། སྐྱབས་མགོན་རིན་པོ་ཆེ་ཕ་གིར་ཆིབས་བསྒྱུར་གནང་རྒྱུའི་གནད་དོན་དེའི་ཐོག་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་རེད། དེ་ག་ནང་བཞིན་འདི་བ་ནས་ཕར་ཕྱག་ལས་ཀྱི་རིམ་པ་ག་འདྲ་ཞིག་གནང་ཡོད་ན། ད་ལྟའི་ཆ་ལ་ཕེབས་ཐུབ་ཡ་གི་གནས་སྟངས་ཆགས་ཡོད་རེད་དམ་མ་རེད།”
གདོང་ལེན་གྱི་སྐད་ཆ་ནས་༧གོང་ས་མཆོག་ཆིབས་བསྒྱུར་གྱི་གནད་དོན་སྒང་ལ་མཆོངས།
དྲི་བ་གཏོང་མཁན་གྱིས་ཡང་བསྐྱར་སྔོན་གླེང་ལྟ་བུའི་རིམ་པ་ཞིག་སྔོན་ལ་བཞག དྲི་བ་ངོ་མ་དེ་རྗེས་ལ་བཏང་།
དྲི་བ་རྡོག་རྡོག་ནི་༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་ཐུབ་མིན་གྱི་གནས་སྟངས་ག་འདྲ་ཆགས་ཡོད་དམ་ཟེར་བ་འདི་ཡིན་པ་འདྲ། དྲི་བ་གཏོང་མཁན་གྱིས་དྲི་བ་མ་བཏང་པར་ཕྱོགས་གཉིས་ཀྱི་གནས་སྟངས་ངོ་སྤྲོད་བྱས། ད་དུང་དེས་ག་ལ་ཚད། གནས་སྟངས་ཇི་འདྲ་ཞིག་ཆགས་ཡོད་དེ་ཡང་སོ་སོའི་བསམ་ཚུལ་གྱི་ཁོངས་སུ་བཅུག ཆིབས་བསྒྱུར་གྱི་གནད་དོན་ཐོག་ཁ་གསལ་མི་འདུག་ལབ་ནས་སོ་སོས་བརྗོད། དེ་འདྲ་ཡིན་ན། བསྐྱར་དུ་སྐད་ཆ་ནར་ནར་འདྲ་བཤད་ནས་དྲི་བ་གཏོང་དགོས་འདུག་གམ།
རྣམ་རྒྱལ་ཤཱསྟི་ལགས་ནས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་ལྔ་པ།
“དེ་ནས་བཀའ་བློན་ཁྲི་བ་རིན་པོ་ཆེ། བོད་རྒྱ་གཉིས་ཀྱི་བར་ལ་འབྲེལ་མོལ་བརྒྱུད་ནས་གྲོས་མོལ་ཐེངས་དགུ་བ་དེ་གནང་ཟིན་པ་རེད། དེའི་གོང་ལ་སྐུ་ཚབ་རྣམས་པས་བོད་ས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཡ་གི་དགོངས་འཆར་ཡིག་ཆ་ཅིག་གནང་ཡོད་པ་རེད། དེ་ག་ནང་བཞིན། དེའི་རྗེས་ལ་གསལ་བཤད་ཕྱག་བྲིས་ཤིག་ཀྱང་གནང་ཡོད་པ་རེད།
ཡིན་ན་ཡང་། སྐྱབས་མགོན་རིན་པོ་ཆེས་ཡང་ཡང་བཀའ་སློབ་གནང་ཡ་ལ། གང་ལྟར། དབུ་མའི་ཐབས་ལམ་བརྒྱུད་ནས་བོད་རྒྱ་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འགྱུར་བ་མེད་ཞེས་བཀའ་གནང་འདུག དེ་ག་ནང་བཞིན། བཀའ་ཤག་གི་གསུང་བཤད་རིམ་པའི་ནང་ལ་ཡང་འདིའི་ཐོག་ལ་གསལ་བོ་བྱས་ནས་བཀའ་གནང་འདུག ཐབས་ལམ་འདི་བརྒྱུད་ནས་རྒྱུན་འཁྱོངས་གནང་ཡ་ལ་ཐུགས་རེ་གནང་ཡ་དང་། ཐུགས་སྤོབས་སྐྱེས་གནང་ཡ་གི་རྒྱུ་མཚན་གཙོ་བོ་དེ་ག་རེ་གཟིགས་གནང་གི་ཡོད་ན།”
དྲི་བ་འདོན་མཁན་དེ། བོད་མིའི་གདོང་ལེན་གྱི་སྐད་ཆ་ནས་སྐྱེ་རྒུ་མདོའི་ཆིབས་བསྒྱུར་གྱི་གནད་དོན་སྒང་ལ་མཆོངས། དེ་ནས་ཡང་མ་བསྡད་པར་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་སྒང་ལ་མཆོངས། མཆོངས་སྟངས་དེ་ཡང་ཇི་འདྲའི་ཁྱད་མཚར་ཞིག ད་དྲི་བ་གཏོང་མཁན་གྱི་ངོས་ནས་དྲི་བ་གཏོང་མཚམས་བཞག་ནས། སྒེར་གྱི་བསམ་ཚུལ་ཚང་མ་རིན་པོ་ཆེའི་མདུན་ལ་སྤུངས་ན་དགའ་ས་རེད། རྒྱུ་མཚན། དྲི་བ་གཏོང་མཁན་གྱིས་ངོས་ནས། འདས་བའི་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་ཡང་ངོ་སྤྲོད་གནང་སོང་། ༧གོང་ས་མཆོག་གི་དགོངས་གཞི་གང་ཡིན་པ་དེ་ཡང་བརྗོད་ཁུལ་བྱས་སོང་། བཀའ་ཤག་གི་གསུང་བཤད་ཁག་ཀྱང་གསལ་འདོན་བྱས་སོང་། ད་སྐད་ཆ་ཉ་རེ་ཉོག་རེ་མང་པོ་ཞིག་བཤད་ནས་དྲི་བ་བཏང་ན་ཡང་།
ཟམ་གདོང་རིན་པོ་ཆེ་ལ་བཀའ་ཤག་ལས་ལྷག་པའི་སྐད་ཆ་བཤད་རྒྱུ་ཡོད་དམ།
རྣམ་རྒྱལ་ཤཱསྟི་ལགས་ནས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་བརྒྱད་པ།
“ལགས་སོ་རིན་པོ་ཆེ། དེ་ནས་ད་བོད་མི་ཚོ་བཙན་བྱོལ་ལ་གནས་ནས་མི་ལོ་ལྔ་བཅུ་ཕྱིན་པ་རེད། ལོ་ལྔ་བཅུའི་རིང་ལ་བོད་མིའི་ཆོས་དང་རིག་གཞུང་། གང་ལྟར་ངོ་བོ་དང་བཅས་བ་སྲུང་སྐྱོབ་བྱེད་ཐུབ་ཡ་གི་རྨང་གཞི་གཙོ་བོ་དེ་སྐྱབས་མགོན་རིན་པོ་ཆེ་ལྔ་བཅུ་ང་དགུ་ལོར་བཙན་བྱོལ་ལ་ཆིབས་བསྒྱུར་གནང་མ་ཐག་ཏུ། སློབ་གྲ་ཁག་གསར་འཛུགས་གནང་ཡ་དང་དེ་ག་ནང་བཞིན།
གཞིས་ཆགས་ཁག་གསར་འཛུགས་གནང་ཡ་དང་། ད་དེ་འདྲའི་སྲིད་ཇུས་ཕུགས་རྒྱང་རིང་པོའི་སྲིད་ཇུས་ཤིག་བྱུང་བ་ལ་བརྟེན་ནས། ད་ལྟ་བར་དུ་ཚགས་ཚུད་པ་ཞིག་གནས་སྟངས་ཆགས་བསྡད་ཡོད་པ་རེད། ད་ཡིན་ན་ཡང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བསྡད་ཡ་གི་དུས་ཚོད་ཞིག་ཤར་ཡོང་དུས། ད་བར་དུ་བོད་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བཤད་ཐུབ་པ་ནང་བཞིན། མ་འོངས་བའི་ལོ་བཅུ་། བཅོ་ལྔ་། ཉི་ཤུ་ཞིག་བོད་པའི་དཀའ་རྙོག་དེ་མ་སེལ་བར་ལྷག་པ་ཡིན་ན། དེའི་གནས་སྟངས་དེ་ག་བ་ཆགས་ཡོང་བསམ་པའི་མང་པོ་ཞིག་གིས་དེའི་ཐོག་ལ་སེམས་ཁྲལ་དེ་འདྲ་ཡོང་བསྡད་གི་འདུག དེ་འདྲ་ཡིན་ཙང་། བཀའ་ཤག་ནས་དེ་འདྲའི་གནས་སྟངས་ཤིག་གཟིགས་གནང་གི་ཡོད་དམ། ཡང་ན་འགྱུར་བ་ཕྱིན་པ་དེའི་ཐོག་ནས་ཐབས་ལམ་གསར་བ་དང་དགོངས་པ་གསར་བ་དེ་འདྲ་གཟིགས་གནང་གི་ཡོད་ན།” ཉན་མཚམས་འདིར་སླེབས་དུས། ངེད་ལ་བསམ་ཚུལ་ཁྱད་མཚར་ཞིག་བྱུང་། དྲི་བ་གཏོང་མཁན་གྱིས་ཀུན་གླེང་བལྟ་ཉན་བྱེད་མཁན་ཚོར་རང་ཉིད་ཀྱི་ཤེས་རྒྱ་ངོམས་ཀྱི་ཡོད་པ་རེད་དམ། ཡང་ན་ཀུན་གླེང་བལྟ་ཉན་བྱེད་མཁན་དང་ཟམ་གདོང་རིན་པོ་ཆེར་ལོ་རྒྱུས་ངོ་སྤྲོད་གནང་གི་ཡོད་པ་རེད་དམ། དེ་མིན་ན། ངོ་སྤྲོད་ལྟ་བུའི་སྐད་ཆ་རིང་པོ་དེ་འདྲ་མ་བཤད་ན་དྲི་བ་གཏོང་ཐབས་མེད་པ་རེད་དམ། དྲི་བ་གཏོང་ས་འགག་ནས་ཡོད་པ་རེད་དམ།
འདི་གཏོང་མི་ཤེས་བའི་དྲི་བ་ཞིག་ཨེ་ཡིན་དྲན། དྲི་བ་དངོས་ནི། བོད་རྒྱའི་དཀའ་རྙོག་འདི་མུ་མཐུད་དུ་ལྷག་པ་ཡིན་ན། དེ་ལ་བཀའ་ཤག་ནས་ཐབས་ལམ་གསར་བ་དང་དགོངས་པ་གསར་བ་ཡོད་མེད་ཀྱི་སྐོར་རེད། འོན་ཀྱང་། དྲི་བ་གཏོང་མཁན་གྱིས་། འགྲེལ་བཤད་རིང་པོ་ཞིག་མ་བརྒྱབ་པར་དྲི་བ་གཏོང་གི་མེད། འདི་ཡ་མཚན་རེད།
རྣམ་རྒྱལ་ཤཱསྟི་ལགས་ནས་ཟམ་གདོང་རིན་པོ་ཆེར་བཏང་བའི་དྲི་བ་དགུ་པ།
“རིན་པོ་ཆེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བཀའ་བློན་ཁྲི་བའི་འོས་བསྡུའི་གནད་དོན་དང་འབྲེལ་བའི་སྐོར་ལ་འུར་ལངས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས། རྩ་བའི་བཀའ་བློན་ཁྲི་བའི་འོས་ཆོས་དེ་ག་རེ་ཡིན་པ་དེ་བཅའ་ཁྲིམས་ནང་ལ་གསལ་བོ་གལས་ཡོད་པ་རེད་དེ། ཡིན་ན་ཡང་། རིན་པོ་ཆེས་འདས་བའི་ལོ་བཅུ་ལ་ཉེ་བ་བཀའ་བློན་ཁྲི་བའི་ཐུགས་འགན་བཞེས་པ་དང་། དེ་ག་ནང་བཞིན། དེའི་གོང་ལ་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་དུས་ཙམ་པ། བཙན་བྱོལ་གཞུང་གི་འཛིན་སྐྱོང་དང་ཁྲིམས་བཟོའི་ལས་དོན་ཐོག་ལ་ཐུགས་ཉམས་མྱོང་ཆེན་པོ་ཡོད་པ་རེད། དེ་ཚོ་ལ་ཕར་ཕྱིར་བལྟས་བྱས་བ་ཡིན་ན། ད་མ་འོངས་པའི་བཀའ་བློན་ཁྲི་བ་དེ་བཅའ་ཁྲིམས་ནང་གསལ་བའི་ཆ་རྐྱེན་ཙམ་མ་ཡིན་པར་ད་ལྟའི་བོད་མིའི་གནས་སྟངས་། བོད་ཀྱི་འཐབ་རྩོད་ཀྱི་གནས་སྟངས། དེ་ཚོ་གཙོ་བོ་གཞི་བརྩར་བཞག་པ་ཡིན་ན། བཀའ་བློན་ཁྲི་བ་དེའི་འོས་ཆོས་དེ་བསམ་བློ་གཏོང་དུས་ཙམ་ལ། བོད་མི་ཚོའི་ངོས་ནས་བསམ་བློ་ག་འདྲའི་ཞིག་གི་ཐོགལ་བཏང་ནས་མི་དེ་འདེམས་སྒྲིག་བྱེད་དགོས་ཡོད་ན།”
དེ་ཕྱིར་འཁོར་ནས་རྩིས་བརྒྱབ་ན། དྲི་བ་གཏོང་མཁན་འདིའི་དྲི་བ་རེ་རེའི་བརྒྱ་ཆ་བརྒྱད་ཅུ་དེ་སྒེར་གྱི་བསམ་ཚུལ་དང་ངོ་སྤྲོད་ཀྱི་སྐད་ཆ་རིང་པོ་དེ་འདྲ་རེད། དྲི་བ་དངོས་ཀྱིས་བརྒྱ་ཆ་ཉི་ཤུ་ཙམ་ཡང་ཟིན་ཡོད་མེད་བཤད་དཀའ་བ་འདུག སྐད་ཆ་རིང་པོ་རེ་མ་བཤད་ན་དྲི་བ་གཏོང་མི་ཤེས་བའི་དཀའ་ངལ་འདི་ག་རེ་རེད་དམ། ངོ་སྤྲོད་ལྟ་བུའི་སྔོན་གླེང་རེ་མེད་ན་དྲི་བ་གཏོང་མི་ཤེས་བའི་དཀའ་ངལ་འདི་ག་རེ་རེད་དམ།
རང་ཉིད་སྒེར་གྱི་བསམ་ཚུལ་རིང་པོ་དེ་འདྲ་མ་བཤད་ན་དྲི་བ་གཏོང་མི་ཤེས་བ་འདི་ག་རེ་རེད་དམ།
འོ་ན། བོད་ཀྱི་གསར་འགོད་པ་ཚོར། སྐད་ཆ་རིང་པོ་ཞིག་མ་བཤད་ན་དྲི་བ་གཏོང་མི་ཤེས་བའི་གོམས་གཤིས་ངན་པ་ཞིག་ཡོད་པ་རེད་དམ།
ཡང་ན། རང་གིས་གང་ཤེས་བ་དང་མཁྱེན་པ་དེ་ཚོ་སྔོན་ལ་བཤད། དྲི་བ་དངོས་དེ་དེའི་རྗེས་ལ་འཇོག་པ་འདི་བོད་ཀྱི་གསར་འགོད་པ་ཚོའི་ལེགས་བྱང་རེད་དམ།
དྲི་བ་ཐུང་ཐུང་དྲིས། བསམ་ཚུལ་ཉུང་ཉུང་ཤོད། སྐུ་མཁྱེན།
ཀུན་གླེང་གི་འབྲེལ་ཐག་དེ་འདི་ན་འདུག
http://www1.voanews.com/tibetan-english/video-audio/
མྱི་ལྡང་། ལེགས་བྱང་ཞེས་པའི་ཚིག་འདིའི་དོན་ག་རེ་རེད། ངས་ཁྱོད་ལ་རྣམ་རྒྱལ་ནང་བཞིན་སྐོར་ར་ཆེན་པོ་ཞིག་བརྒྱབ་ནས་དྲི་བ་དྲིས་མེད་པས། ལན་ཡང་ཁ་ཐུག་རྒྱོབས། སྐོར་ར་མ་རྒྱག བུ་རེ་བ་ཅན་པོ།
ད་དུང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་དང་ཨེ་ཤ་རང་དབང་རླུང་འཕྲིན་ཁང་གིས་བཤད་པའི་སྐད་ཆ་དེ་དག་གི་རིན་ཐང་ག་ཚད་ཡིན་རྒྱུ་རེད། མ་མཐའ་ཡང་སྐར་ཆ་རེ་རེ་ལ་ཨ་སྒོརར་སུམ་བརྒྱ་གནས་ཀི་ཡོད་རྒྱུ་རེད། སྒོར་མོ་དག་ཨ་རིའི་གཞུང་གིས་བོད་མི་དམངས་ལ་རོགས་སྐྱོར་ལ་སྤྲད་པ་ལས་བོད་མི་འགའ་ཤས་ཀྱི་སྒེར་ལ་སྤྲད་པ་མ་རེད། ཚིག་ལྷག་རིང་པོ་དང་བསྐྱར་བཤད་ཡང་བཤད་བྱས་ནས་བོད་པའི་སྤྱི་དངུལ་འཕྲོག་བརླགས་ལ་མ་གཏོང། སྐར་ཆ་རེ་རེ་ཨ་སྒོར་མང་པོ་མང་པོ་རེད་ད། བཤད་མི་ཤེས་ན་དགོངས་པ་ཞུས་ཞོགས།
མགོ་རུལ་ལགས།
ངེད་ཀྱིས་གོང་དུ། “རང་གིས་གང་ཤེས་བ་དང་མཁྱེན་པ་དེ་ཚོ་སྔོན་ལ་བཤད། དྲི་བ་དངོས་དེ་དེའི་རྗེས་ལ་འཇོག་པ་འདི་བོད་ཀྱི་གསར་འགོད་པ་ཚོའི་ལེགས་བྱང་རེད་དམ།”ཟེར་བ་འདི་ལྡོག་ཕྱོགས་ནས་བཤད་པ་ཡིན།
ལེགས་བྱང་ཟེར་བའི་གོ་དོན་ལ། ཟམ་གདོང་རིན་པོ་ཆེས། “ང་ཚོས་ལེགས་བྱང་ཞེས་པ་ཡུལ་མིའི་ལེགས་སྤྱོད་ཡོངས་སུ་སྨིན་པ་དང་། རྟག་ཏུ་དང་མཐའ་གཅིག་ཏུ་ལེགས་པའི་ཆ་དང་གསར་བསྐྲུན་གྱི་ཕྱོགས་ཤིག་ལ་ངོས་འཛིན་བྱས་ཡོད། དེའི་ལྡོག་ཕྱོགས་ཀྱི་ཆ། དཔེར་ན། དམག་འཐབ་དང་། འཁྲུག་འཛིངས། འཚེ་བའི་ལེགས་བྱང་ཟེར་བ་ལ་སོགས་པ་ནུབ་ཕྱོགས་པའི་ལྟ་སྟངས་དེ་ནི་བོད་མིའི་ལེགས་བྱང་གི་བསམ་ཚུལ་ལས་མཐའ་གཅིག་ཏུ་ཐ་དད་ཡིན་:ཞེས་”འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང་”ཞེས་བ་རུ་བརྗོད་འདུག
དེ་ཙམ་ཡིན།
ངེད་ཀྱིས་གོང་དུ། རྩོམ་ཐུང་འདི་གང་ཟག་སྒེར་ལ་དམིགས་པ་ཞིག་མིན་བརྗོད་པ་བཞིན། རྩོམ་ཐུང་འདིར་སྒེར་ལ་དམིགས་པའི་བརྣབ་སེམས་དང་གནོད་སེམས། ལོག་ལྟ་སོགས་མེད།
དེས་ན། ྐློག་པ་པོ་ཚོས་ཀྱང་དོན་མེད་དུ་གང་ཟག་སྒེར་དང་ཚོགས་པ་སྒེར་ལ་དམོད་པ་དང་སྡིགས་པ་སོགས་མ་བྱེད་རོགས་གནང་།
ལེགས་ལ་འགྲེལ་བཤད་ཅིག་ཡོད་ཡོད་པ་རེད། བྱང་ལ་འགྲེལ་བཤད་ཅི་ཡང་མི་འདུག ཟམ་གདོང་བླ་མ་དེ་ཚིག་ལ་མཁས་པ་ཞིག་ཡིན་ས་མ་རེད། ལེགས་ནི་མེ་ཏོག་ལེགས་པོའམ་སྙིང་རྗེ་བོ་ཞིག་ཅེས་པ་དང་། བྱང་ནི་མེ་ཏོག་དེ་ལུང་པ་ཁ་བྱང་བསྟན་ཞིག་ཏུ་སྐྱེས་འདུག་ཅེས་པ་མིན་ནམ། དེ་ཡིན་ན་ནི་དགེ་འདུན་ཆོས་འཕེལ་གྱི་མི་ཚེའི་སྡོམ་ཚིག་ཅིག་རེད། མིན་ན་ནི་ལེགས་ཀྱིས་མཐུན་ཕྱོགས་ཤིག་སྟོན་པ་དང་། བྱང་གིས་མི་མཐུན་ཕྱོགས་ཤིག་སྟོན་གི་ཡོད་པ་མིན་འགྲོ དེ་མིན་ལེགས་བྱང་གོ་རྒྱུ་ཅང་མི་འདུག XXXདེས་ཝར་ན་ནས་འདི་མོ་གོ་རྒྱུ་མེད་པའི་ཐ་སྙད་གསར་བཟོ་བྱེད་རྒྱུ་མང་དྲགས་ནས་ཝར་ན་ནས་སློབ་དཔོན་དང་ངེས་སྟོན་པའི་ལག་ཁྱེར་རྫིག་པོ་བླངས་ཡོད་པའི་ཤེས་ཡོན་ཅན་ཉི་ཚེ་བ་དེ་དག་གི་ཁྲོད་དུ་བོད་རྩོམ་སྙན་པོ་ཚིག་བཞི་ཞིག་འབྲི་ཐུབ་མཁན་ཡང་དཀོན་པོ་ཆགས་པ་མིན་འགྲོ
ངོ་མ་རིག་འབྱུང་ལགས་ཀྱིས་གནད་དོན་ཆེན་པོ་ཞིག་གླེང་འདུག ངས་ཀྱང་དེའི་སྐོར་ལ་སྔ་ཕྱི་བར་གསུམ་ལ་ཐད་ཀར་རླུང་འཕྲིན་གྱི་འབྲེལ་ཡོད་མི་སྣར་བཤད་མྱོང་། ཡིན་ནའི་ད་བར་ལེགས་བཅོས་བྱུང་མ་སོང་།
ཨེ་ཤ་ཡའི་རྒྱ་སྐད་རླུང་འཕྲིན་དང་ཨ་རིའི་རླུང་འཕྲིན་ལས་ཁུངས་ཀྱི་རྒྱ་སྐད་རླུང་འཕྲིན་ཉོན་དང་། བོད་སྐད་རླུང་འཕྲིན་དང་སྡུར་དང་། ཁྱད་བར་ལ་གནམ་ས་ལྟ་བུ་རེད།
རྒྱ་སྐད་རླུང་འཕྲིན་ཤོད་མཁན་རྣམས་ཤེས་ཡོན་གྱི་ཆུ་ཚད་མཐོ་བ། རང་གི་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་མངའ་ཆེ་བ། དེང་དུས་སྤྱི་ཚོགས་ཀྱི་གནས་སྟངས་ལ་ལེགས་ཐག་ཆོད་ཤེས་པ་དང་མྱངས་པ། ད་དུང་། འཛམ་གླིང་གི་སྲིད་དཔལ་གནས་སྟངས་ལ་ཐོས་རྒྱ་ཆེ་བ་བཅས་ལ་སོང་། ཁོང་ཚོས་རྒྱ་ནག་གི་སྐོར་ལ་གཏམ་གླེང་བྱེད་དུས། རྒྱུན་དུ། ཨ་ཙི་ཙི། ང་ཚོ་བོད་པར་རླུང་འཕྲིན་པ་འདི་ལྟ་བུ་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་འཚོར་བ་ཞིག་སྦྱིན།
ཁོང་ཚོའི་རླུང་འཕྲིན་པ་རྣམས་ཀྱི་གསུང་རྣ་བར་ཐོས་སྐབས། ཡ་འདིར་ངོ་མ་ང་རྒྱལ་དང་ཁྱད་སོད་ཅན་གྱི་རྣམ་པ་སྤུ་ཙམ་མེད་པའི་རླུང་འཕྲིན་གཏོང་མཁན་ཞིག་འདུག་སྙམས།
མགོ་རུལ་གྱིས་བཤད་པ་བཞིན་ཟམ་གདོང་གི་ལེགས་བྱང་ཟེར་བ་དེ་ལ་ངས་ཀྱང་གོ་བ་མ་རྙེད་པར་བསྡད་ཡོད། བཙན་བྱོལ་ནང་ནས་ནམ་རྒྱུན་ཆོས་རིག་ལེགས་བྱང་ཞེས་བེད་སྤྱོད་གཏོང་གི་འདུག དེ་ལྟར་ཚིག་གི་གོ་བབ་ལ་བལྟས་ན་བོད་ཀྱི་གོམས་གཤིས་ལ་ངོས་འཛིན་པ་ལྟ་བུ་ཞིག་རེད་མོད། ན་ནིང་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེ་རྒྱ་ནག་ལ་སྤྲོད་སྐབས་ལེགས་བྱང་ཞེས་པ་རྒྱ་ནག་སྐད་ཀྱི་(བུན་ཧྭ་)ཞེས་པ་དེ་ལ་བསྒྱུར་འདུག དེ་ལྟ་ན་རིག་གཞུང་རེད། དེ་རིག་གཞུང་ལ་ངོས་འཛིན་གྱིན་ཡོད་ན་ཆོས་རིག་ལེགས་བྱང་ཞེས་སྡེ་ཚན་གསུམ་བགོས་པ་ལ་སྙིང་བོ་ཅི་ཡང་མེད་པ་ཆགས་འདུག་སྙམ། དོན་ལ་ལེགས་བྱང་ཞེས་པ་ཅི་ཞིག་རེད། གང་གང་རེད། ལན་རེ་ཡོད་པའི་རེ་བ་ཆེ།
ཟམ་གདོང་གིས་རྒྱ་སྐད་ནང་གི་བིན་ཧྭ་ཞེས་པ་དེ་བོད་སྐད་དུ་ལེགས་བྱང་ཟེར་ནས་སྒྱུར་དགོས་པར་དགོངས་ཀྱི་འདུག བོད་ནང་དུ་རིག་གནས་ཞེས་བསྒྱུར་བ་རེད། མི་མཐུན་ས་འདི་རེད། ཟམ་གདོང་གིས་ལེགས་བྱང་ཞེས་པ་འདི་གོམས་གཤིས་དང་ཅུང་ཙམ་ཁད་ཉེ་བའི་སྣང་བ་བྱུང་།
རྒྱའི་བིན་ཧྭ་ཞེས་པ་དེ་དབྱིན་ཡིག་ལས་Culture ནས་བསྒྱུར་བ་དང་། དེ་བོད་ནང་དུ་རིག་གནས་དང་ཟམ་གདོང་གིས་ལེགས་བྱང་ཟེར་བ་དེ་ཡིན་པ་འདྲ། ད་དབྱིན་ཡིག་ལས་Culture དང་རྒྱའི་ཡི་གེ་ལས་བིན་ཧྭ་ཟེར་བ་འདི་གཉིས་ཀྱི་དོན་ཅི་རེད། རིག་གནས་རེད་དམ་ཡང་ན་ལེགས་བྱང་ངམ་༼གོམས་གཤིས༽ལྟ་བུ་ཞིག་རེད། དེ་ནས་ཐག་གིས་ཆོད་ཀི་རེད་སྙམ། ཡང་ཚིག་མཛོད་ལ་ལར་རིག་གནས་ལ་学科,学问。ཞེས་ཀྱང་འདུག་ན་ཤེས་ལྡན་ཚོས་དཔྱོད་དང་། ང་ལྟ་བུར་བློ་སྐྱེད་རེག་གི་འདུག
དྲྭ་གྲོགས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱི་དགོངས་ཚུལ་ལ་བསམ་ཚུལ་ཞིག་བྲི་འདོད། ང་ཚོའི་སྤྱི་ཚོགས་ནང་དྲི་བ་ཐུང་ཐུང་དང་། བསམ་ཚུལ་ཉུང་ཉུང་ཤོད་རྒྱུའི་གོམས་གཤིས་འཇགས་པར་ད་དུང་མི་ལོ་གང་མཚམས་འགོར་སྲིད། དེ་ནི་གསར་འགོད་པ་གཅིག་པུར་འཕོག་པའི་ནད་ཚ་ཞིག་ནི་ག་ལ་ཡིན། དེ་ལྟར་ངོས་འཛིན་གནང་བ་ཡིན་ན་ནོར་འཁྲུལ་ཆེན་པོ་རེད། དངོས་གནས་དེ་ནད་ཚ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཡོངས་ལ་འཕོག་པའི་ནད་ཚ་ཞིག་རེད། གསར་འགོད་པས་གསར་འགྱུར་དང་དྲི་བ་དྲི་ལན་ཚང་མ་རྒྱ་ཆེའི་མི་མང་གི་ཆེད་དུ་ཡིན་ལའང་གཙོ་བོ་རྒྱ་ཆེའི་མི་མང་གི་གོ་ཤེས་བྱ་ཐུབ་པ་ཞིག་ཡོངས་བར་ངེས་པར་འབད་བརྩོན་བྱ་དགོས། ང་ཚོའི་སྤྱི་ཚོགས་ནང་རྒྱ་ཆེའི་མི་མང་དག་ནི་སྲིད་དོན་ལ་ཤིན་ཏུ་རྨོངས་པས་དྲི་བ་ཐུང་ཐུང་དང་བསམ་ཚུལ་ཉུང་ཉུང་ཞིག་མི་མང་གིས་གོ་མི་ཐུབ་ལགས་དྲི་བ་འདྲི་ཡུལ་དག་གི་ཡང་གོ་ཐུབ་མིན་ཤེས་དཀའ་བས་གསར་འགོད་པ་རྣམས་ཀྱི་དྲི་བ་དག་རང་བཞིན་གྱི་རིང་པོ་ཆགས་པ་ཞིག་ལས་རིང་པོ་བཏང་བ་མ་རེད་མཉམ།
ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་སྐུ་དྲག་གི་ལག་པ་ནས་བོད་གཞུང་གི་འོག་ལ་ལེན་དགོས་བ་མ་ཟད་ལས་བྱེད་རྙིང་པ་རྣམས་དང་འགོ་འཁྲིད་བརྗེ་བོ་བརྒྱབ་ནས་ལས་བྱེད་གསར་བ་བདམས་ན་གསར་འགོད་པར་ཕོག་པའི་ན་ཚ་འདི་མྱུར་ཏུ་དྲགས་བསྐྱེད་ཡོང་ཐུབ།
ཤེས་ཡོན་ཅན་གྱི་སྤུན་ཟླ་ཚོ།་ལྷན་རྒྱས་ཀྱིས་གདེང་སྤོབས་ངང་ནས་ལེགས་བྱང་ཞེས་པའི་ཚིག་འབྲུ་དེར་འགྲེལ་བརྗོད་གནང་བར་བཀའ་དྲེན་ཆེ་ཞུ་འདོད་བྱུང་ལ།་བླ་མེད་ཀྱི་བཀའ་དྲིན་དང་མཁྱེན་རྒྱ་ཡངས་པའི་རིན་པོ་ཆེར་སྐྱོན་བརྗོད་ཞུ་བར་ཨ་ཁ་ཁ་ཞེས་ཟེར་འདོད་བྱུང།་བདག་ལ་ལྷན་རྒྱས་ལྟ་བུའི་བློ་གྲོས་ཀྱི་གོ་ཆ་ཡེ་ནས་མི་ལྡན་ཡང་།་རང་ངོར་ལེགས་ཞེས་པ་དེ་ནི་ཡིན་སྨོན་དང་ཕུལ་བྱུང་ཞིག་ཏི་གོ་བ་དང་བྱང་ཞེས་པ་དེས་བྱང་དུ་ཆུབ་པ་ཟེར་བ་དེ་བཞིན་མེས་པོ་གོང་མ་དག་ནས་རྒྱུད་པ་བར་མི་ཆད་པར་ཡོང་སྟེ་ད་ཆ་ང་ཚོའི་གཤིས་རྒྱུན་དུ་བཟང་སྤྱོད་དང་སྙིང་རྗེའི་བསམ་པ་སོགས་ལེགས་པའི་སྤྱོད་ཚུལ་ཁག་བྱང་དུ་ཆུབ་པ་བཞིན་ཡོད་པས་དེ་ལ་ལེགས་བྱང་ཞེས་ངོས་འཛིན་ཞུ།
ལེགས་བྱང་ཞེས་པ་ལེགས་པར་བྱང་ནས་ཡོད་པ་ཞིག་ལ་གོ་ན་འགྲིག་གི་རེད་འདོད།
འདི་ལེགས་སྦྱར་རམ་ཧིནྡཱི་ནས་ཐད་བསྒྱུར་བྱས་པའི་ཚིག་ཅིག་ཏུ་འདོད།་ལེགས་སྦྱར་དང་ཧིནྡཱི་ལ་སཾསྐྲྀཏིམ྄་འམ་ཡང་ན་སཾསྐྲྀཏི་ཟེར་སྙམ།
བདག་གིས་བསམས་ན་ལེགས་བྱང་ཞེས་པ་ནི་ལེགས་པར་བྱང་བ་གང་ངོ་༎
དེ་ང་ཚོར་ལོབ་ཡོད་པའི་མིང་ཚིག་རིག་གཞུང་ངམ་རིག་གནས་ལ་གོ་དོན་གཅིག་རེད།
མི་རིགས་དང་རྒྱལ་ཁབ་གང་ཞིག་ལ་ལེགས་པར་བྱང་ཡོད་པ་དེ་མི་རིགས་དང་རྒྱལ་ཁབ་དེའི་རིག་གཞུང་ངམ་ལེགས་བྱང་ངོ་༎
རིག་འབྱུང་གིས་གོང་དུ་དྲངས་པ་དེ་བོད་མིའི་ལེགས་བྱང་ཅི་འདྲ་ཞིག་ལ་ངོས་འཛིན་ཡོད་མེད་ཀྱི་སྐོར་བཤད་ཀྱིན་ཡོད་པ་ལས་ལེགས་བྱང་རང་ལ་འགྲེལ་བ་རྒྱག་གིན་མེད་པ་འདྲ།
འདི་ལྟར་གོ་བ་བླངས་ན་གང་འདྲ་འདུག
རིག་འབྱུང་ལགས་ཀྱི་བསམ་ཆར་དེ་དངོས་ནས་བདེན་པ་རེད་ བརྒྱ་ཆ་བརྒྱ་མོས་མཐུན་ཡོད་ འོན་ཀྱང་བསམ་ཆར་དེ་ཆུའི་ནང་དྲི་མ་བཏང་བ་བཞིན་ སྤུ་ལུག་ སྤུ་ལུག་ ཟེར་ནས་ཡལ་འགྲོ་རྒྱུ་ལས་ ལེགས་སྤེལ་ཉེས་འགོག་ཡོང་ཆེད་དོ་ཁུར་དང་ལེན་བྱས་ཨེ་ཡོང་བསམ་ ༼ གསན་ཁན་རྣམས་ནས་ང་ཚོའི་ལས་རིམ་ཁག་ལ་དགོངས་ཆར་ཡོད་ན་ཐད་ཀར་ཁ་པར་འམ་ཡང་ན་ང་ཚོའི་ཁ་སྤྱངས་ཐོག་དགོངས་ཚུལ་ལྷུག་པོ་གནང་རོགས་ ༽ཞེས་་སྤྱིར་བཏང་འདྲ་ཆགས་ཆགས་སམ་ འགྲོ་ལུགས་ལྟར་ཟེར་ཙམ་ཞིག་ལས་ དངོས་འབྲེལ་སྐྱོན་ཆའི་བསམ་ཆར་བཏོན་ན་ངོས་ལེན་བྱེད་ཀྱི་མིན་འདུག་ དཔེ་ན་ ལོ་ངོ་འགའ་ཤས་གོང་ བཙན་བྱོལ་བོད་གཞུང་གི་བཀལ་བློན་ མཁས་དབང་གཟམ་གདོང་རིན་པོ་ཆེ་མཆོག་ནས་ གཏམ་གླེང་ཞལ་པར་གྱི་ ཁྱེད་རང་ཚོའི་སྙིང་གཏམ་ཇི་ཡོད་གསུངས་གསལ་གྱི་ལས་རིམ་ཟེར་བ་དེར་ ལེགས་བཅོས་ཆེད་དགོངས་ཚུལ་གསུངས་གསལ་༼སྙིང་གཏམ་ ཞེས་པ་མི་སྨྱོན་པ་ཡིན་ན་མ་གཏོགས་གཞན་ལ་བཤོད་ཡ་མ་རེད༽
དེས་ན་ སྙིང་གཏམ་ཇི་ཡོད་གསུངས་གསལ་ ཟེར་བ་དེ་ཅུང་འགྲིགས་མིན་བསྐོར་གསུངས་མྱོང་ཡོད་ཀྱང་ ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་མཁས་དབང་དཔལ་ལྡན་བཀའ་བློན་མཆོག་གི་དགོངས་ཚུལ་ཡན་ལ་བདག་མེད་ཡ་མེད་བཞག་སྟེ་ད་བར་ལེགས་ཆའི་འགྱུར་བ་གང་ཡང་བཏང་ཡོདམ་རེད་
དེ་བཞིན་ཀུན་གླེང་ལས་རིང་གཙོ་སྐྱོངས་བ་ལགས་ནས་ཁ་པར་གཏོན་མཁན་མི་རེ་ངོ་རེར་ ཁྱེད་རང་ཚོས་དྲི་བ་ཡོད་ན་རེད་ བསམ་ཚུལ་ཡོན་ན་རེད་ ཐུང་གཙམ་གསལ་པོ་ཞིག་གསུངས་རོགས་གནང་ ཟེར་ཞིང་ འགའ་རེས་དེ་གསལ་པོ་མ་གོ་དུས་སླར་ཡང་བསྐྱར་ཟློས་དྱེད་དགོས་པ་སོགས་ལས་རིམ་གྱི་དུས་ཡུན་ཐུང་བའི་ཁར་དུས་ཡུན་སྐར་ཆ་མང་པོ་འཕྲོ་བརླག་འགྲོ་བཞིན་སྟབས་ ལས་རིམ་གཙོ་སྐྱོངས་ལགས་རང་ཉིད་ཀྱི་དྲི་བ་དེ་དག་ བསྐྱར་ཟློས་མེད་པ་ ཐུང་ཙམ་ གསལ་པོ་ དོན་དང་མཐུན་པ་ཞིག་བྱུང་ན་ དུས་ཡུན་བེད་སྤྱོད་བཏང་འཛིན་ལའང་ཕན་ལ་ རླུང་འཕྲིན་ཉན་ཁན་རྣམས་ནས་ཀྱང་ གཙོ་སྐྱོང་བ་གཅིག་གི་བཀའ་ཆོས་བལྟ་བུའི་དྲི་བ་རིང་པོར་ཉན་པའི་ཚབ་ལ་དྲི་བ་དྲི་སའི་སྐུ་མགྲོན་རྒྱ་ཆེ་མང་ཚོགས་ཀྱི་བསམ་ཚུལ་གང་མང་ཤེས་རྟོགས་ཐུབ་པར་དེ་ཕན་ཐོག་་ཆེ་གི་ཡ་་།
བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ཡིག་གི་ཊི་ཝི་ཊར་དྲ་ཐོག་བརྒྱུད་ཐེངས་དང་པོར་རྒྱ་རིགས་རྣམས་ཀྱི་དྲི་བར་
བཀའ་ལན་མཛད་པ།
༢༠༡༠ ཕྱི་ཟླ་ ༥ ཚེས་ ༢༩ རེས་གཟའ་སྤེན་པ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༄༅།?།བོད་ཀྱི་གནད་དོན་ཐོག་མཁས་པ་དང་།?སྙན་གྲགས་ཅན་གྱི་རྩོམ་པ་པོ་ཝང་ལི་ཞུང་གིས་གོ་སྒྲིག་འོག་བཙན་བྱོལ་དུ་བཞུགས་པའི་བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕྱི་ཟླ་?༥?ཚེས་?༢༡?ཉིན་ཊི་ཝི་ཊར་དྲ་ཐོག་ནས་རྒྱ་ཡིག་དྲ་གྲོགས་རྣམས་དང་ཆུ་ཚོད་གཅིག་རིང་སྐུའི་ཡང་སྲིད་ཕེབས་ཕྱོགས་དང་།?པེ་ཅིང་དང་བཀའ་མོལ་གནང་བའི་སྐོར།?རྒྱ་བོད་འབྲེལ་བའི་སྐོར་སོགས་ལ་དྲི་ལན་གནང་ཡོད།?དྲ་ངོས་སུ་འགྲིམ་བཞིན་པ་རྣམས་འཐུས་ཚང་དེ་ཙམ་མེད་རུང་བླངས་བས་སྒྲ་བཅུག་བྱས་པ་རྣམས་བསྐྱར་དུ་རྩོམ་སྒྲིག་བྱས་རྗེས་ཀྲོའུ་ཡན་ནས་སྦོའུ་ཤུན་དྲ་ཐོག་ཏུ་བཏང་བའི་གཏམ་གླེང་ཆ་ཚང་གཤམ་དུ་ཕབ་སྒྱུར་ཞུས་ཡོད།?
ཝང་ལི་ཞུང་གིས།??ཐོག་མར་གུས་པར་འོས་པའི་བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཉིན་རེའི་བྲེལ་ཟིང་གི་མཛད་རིམ་ནས་དུས་ཚོད་བཏོན་ཏེ་རྒྱ་ཡིག་དྲ་གྲོགས་དང་གཏམ་གླེང་གནང་བ་ཐུགས་རྗེ་བཀ྄ྭའ་དྲིན་ཆེ་ཞུ་རྒྱུ་ཡིན།?
?? ? པེ་ཅིང་གི་དུས་ཚོད་ཟླ་བ་?༥?པའི་ཚེས་?༡༧?སྔ་དྲོ་ཆུ་ཚོད་?༡༠།༣༠?ནས་མགོ་བརྩམས་ཏེ་རྒྱ་ཡིག་དྲ་གྲོགས་རྣམས་ཀྱི་?‘‘ཊི་ཝི་ཊར་དྲ་ཐོག་ནས་བོད་ཀྱི་ཏཱ་ལའི་བླ་མ་མཆོག་དང་གཏམ་གླེང་’’?ཞུ་རྒྱུའི་དྲི་བ་རྣམས་གྷུ་གྷལ་ནང་ཕྱོགས་སྒྲིག་བྱས་པ་རྣམས་སྐུ་ཉིད་ལ་འབུལ་རྒྱུ་ཡིན།?ཉིན་?༤?ཙམ་གྱི་དུས་ཚོད་ནང་གྷུ་གྷལ་གྱིས་མ་གཞི་བར་མཚམས་རེར་ལས་ཀ་མ་བྱས་པར་བཀག་ཀྱང་།?དེ་དང་བསྟུན་ནས་རྒྱ་ནག་གི་ངོས་ནས་གྷུ་གྷལ་ནང་ཕྱོགས་སྒྲིག་གི་དྲི་བ་ཁག་བཀག་སྡོམ་བྱས་པ་སོགས་བྱུང་ཡོད་ནའང་།?མི་གྲངས་?༡༢༥༣?ཙམ་ནས་དྲི་བ་?༢༨༩?ཙམ་ཕུལ་འདུག་པ་དང་།?འོས་ཤོག་གྲངས་?༡༢༤༧༣?ཙམ་གཡུགས་ནས་དྲི་བ་བདམས་གསེས་བྱས་པ་རེད།?ད་རེས་སྐུ་ཉིད་མཛད་བྲེལ་ཆེ་སྟབས་གླེང་མོལ་གྱི་དུས་ཚོད་འཐུས་ཚང་ཞིག་ཡོང་དཀའ་བས་དྲི་བ་གང་མང་ཞིག་ལ་ལེན་འདེབས་ཞུ་རྒྱུ་རེ་བའང་རྒྱག་གི་མེད།?ད་ཐེངས་ནི་མགོ་བཙུགས་ཙམ་ཞིག་ཡིན།?ལམ་ཁ་འདི་ལྟ་བུ་ཞིག་གསར་བསྐྲུན་བྱས་པས་ད་ནས་བཟུང་བྱ་ཐབས་འདི་ལ་བརྟེན་ནས་སྐུ་ཉིད་དང་རྒྱ་ནག་དམངས་ཁྲོད་སྤྱི་ཚོགས་དབར་མུ་མཐུད་རང་དབང་ངང་ཕན་ཚུན་དགོངས་འཆར་བརྗེ་རེས་གནང་ཆོག་པས་ཕྱོགས་གཉིས་ཀྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཐུབ་རྒྱུར་ཕན་པ་ངེས་ཅན་ཡོད།?གནད་དོན་འདིར་དྲ་ཐོག་ཏུ་མཉམ་ཞུགས་གནང་མཁན་ཡོངས་ནས་གྷུ་གྷལ་ནང་དྲི་བ་རེ་རེ་བཞིན་?༼འགྲིག་གི་འདུག༽?ཡང་ན་?༼དེ་ཙམ་ཡག་པོ་མི་འདུག?༽?ཅེས་པའི་འདེམས་སྒྲུག་ཐོག་འོས་འཕེན་བྱས་ཡོད།?དེ་ནས་འོས་གྲངས་གོ་རིམ་གཞིར་བཟུང་གི་སྐུ་ཉིད་ལ་དྲི་བ་ཁག་འབུལ་རྒྱུ་ཡིན།
༸ཎནསྣྲཀགོང་ས་མཆོག་གིས།?ཧ་ཅང་ཡག་པོ་འདུག
ཝང་ལི་ཞུང་གིས།??གཤམ་དུ་ངས་ཊི་ཝི་ཊར་དྲ་ཐོག་ནས་གྷུ་གྷལ་ནང་ཕྱོགས་སྒྲིག་བྱས་པའི་དྲི་བ་ཁག་རྒྱབ་སྐྱོར་གྱི་ཨང་རིམ་གཞིགས་ཏེ་སྐུ་ཉིད་ལ་དྲ་གྲོགས་ཚོའི་དགོངས་འཆར་བརྒྱུད་འབུལ་ཞུ་རྒྱུ་ཡིན།?མཆན།?༼དྲི་བ་འདོན་མཁན་ཕལ་མོ་ཆེས་བཅོས་མིང་བེད་སྤྱོད་བྱས་འདུག་པས་རེ་རེ་བཞིན་ངོ་སྤྲོད་བྱ་རྒྱུ་མིན་ལ་རྒྱབ་སྐྱོར་ཚད་རིམ་འདི་དག་གིས་དྲ་གྲོགས་སྤྱིའི་རྣམ་འགྱུུར་ཚབ་མཚོན་བྱེད་ཐུབ་ཀྱི་ཡོད།༽
༸ཎནསྣྲཀགོང་ས་མཆོག་གིས།?འགྲིག་གི་རེད།
༸ཎནསྣྲཀགོང་ས་མཆོག་གིས།?དེ་རིང་སྐུ་ཞབས་ཝང་ལི་ཞུང་གིས་འདི་ལྟ་བུའི་གལ་གནད་ཆེ་བའི་གཏམ་གླེང་གི་གར་སྟེགས་ཤིག་བསྐྲུན་རྐྱེན།?ང་ཚོར་རྒྱ་ནག་མི་དམངས་དང་སྐད་ཆ་ཤོད་རྒྱུའི་གོ་སྐབས་འདི་འདྲ་ཞིག་བྱུང་བར་ཤིན་ཏུ་དགའ་པོ་བྱུང་།?འོན་ཀྱང་།?བློ་ཕམ་སྐྱེས་དགོས་པ་ཞིག་ལ།?འདས་པའི་ལོ་མང་རིང་ང་ཚོས་རྒྱ་ནག་གཞུང་དང་འབྲེལ་ལམ་བཟང་དུ་འགྲོ་ཆེད་དཀའ་ལས་བརྒྱབ་པ་དག་ལ་དངོས་ཡོད་ཀྱི་གྲུབ་འབྲས་ཐོན་མེད།?ཡིན་ནའང་།?ངོས་ནས་རྒྱ་ནག་མི་དམངས་ལ་སྔར་བཞིན་རེ་བ་ཆེན་པོ་རྒྱག་བཞིན་ཡོད་ལ་ཡིད་ཆེས་གཏིང་ཚུགས་བྱེད་ཀྱི་ཡོད།?དེར་བརྟེན།?ད་ཐེངས་རྒྱ་ནག་མི་དམངས་དང་འབྲེལ་ལམ་བྱེད་རྒྱུ་བྱུང་བ་འདི་ཧ་ཅང་དགའ་པོ་བྱུང་།
ཝང་ལི་ཞུང་གིས།?བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་ཁམས་བཟང་།?སྐུ་ཉིད་ལ་ངས་ཐད་ཀར་བཀའ་འདྲི་ཞུ་རྒྱུ་འདི་དག་ལ་དགོངས་ཡངས་གནང་རོགས།?ད་རེས་རྒྱབ་སྐྱོར་གྱི་འོས་གྲངས་ཆེས་མང་ཤོས་ཐོབ་པའི་དྲི་བ་ཁག་གཉིས་ཡོད་པ་སྟེ།?
?? ? དང་པོ།?བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་ཁམས་བཟང་།?ངས་ཁྱེད་ལ་འབྱུང་འགྱུར་བོད་ཀྱི་ཆོས་ལུགས་དབུ་ཁྲིད་སྐོར་བཀའ་འདྲི་ཞུ་རྒྱུ་ཡིན།?སྐུ་ཉིད་འཚོ་བཞུགས་མེད་པའི་གནས་སྐབས་སུ་ད་ལྟའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གཉིས་ཡོད་པ་ནང་བཞིན་ཆགས་སྲིད་པས།?དེའི་ཐད་གང་ཉིད་མཆོག་ལ་དགོངས་འཆར་ག་རེ་ཡོད་དམ།?འདི་ཐད་ཁ་སྣོན་བྱེད་རྒྱུ་ཞིག་ལ།?རྒྱབ་སྐྱོར་གྱི་གྲངས་ཚད་ཨང་དགུ་པར་སླེབས་པའི་དྲི་བར་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་མེད་སྐབས་རྒྱ་གཞུང་གིས་རྒྱལ་ནང་དུ་སྤྲུལ་སྐུ་ཞིག་འདེམས་རྒྱུ་གཏན་འཁེལ་བ་ཟེར་བའི་དྲི་བ་འདི་གཉིས་སྤྱིའི་ཆ་ནས་གཅིག་མཚུངས་རེད།?དྲི་བ་འདི་གཉིས་བསྡོམས་པའི་རྒྱབ་སྐྱོར་བའི་མི་གྲངས་?༥༥༦?ཟིན་ཡོད།?མིག་སྔའི་ནང་རྒྱབ་སྐྱོར་ཚད་གྲངས་ཆེས་མང་ཤོས་སླེབས་ཡོད།?འདི་ཐད་ནས་སྐུ་ཉིད་ལ་དགོངས་ཚུལ་ག་རེ་ཡོད་དམ།?
༸ཎནསྣྲཀགོང་ས་མཆོག་གིས།?ཕྱི་མོ་?༡༩༦༩?ལོར་ངོས་ནས་ཕྱི་ཕྱོགས་སུ་དངོས་གཞིའི་ཁྱབ་བསྒྲགས་ཤིག་བྱས་ཡོད།?དེ་ནི་ཏཱ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་བྱེད་ཕྱོགས་ཀྱི་སྒྲིག་གཞི་འདི་ཕྱིས་འབྱུང་རྒྱུན་སྐྱོང་བྱེད་རྒྱུ་ཡིན་དང་མིན་ཟེར་བ་འདི་རེད།?ཨ་ཅང་ཅང་དོན་གནད་འདི་བོད་མི་དམངས་ལ་སྐད་ཆ་འདྲི་དགོས་པ་རེད་ལ་བོད་མི་དམངས་ཀྱི་ཐག་གཅོད་ལ་རག་ལུས་ཡོད།?གཞན་ཡང་ཕྱི་ལོ་?༡༩༩༢?ལོར་ངོས་ནས་གཞུང་འབྲེལ་ཐོག་དངོས་སུ་ཁྱབ་བསྒྲགས་ཀྱང་བྱས་ཡོད།?དེའི་ནང་དུ་འབྱུང་འགྱུར་བོད་ཀྱི་གནད་དོན་ཐག་གཅོད་བྱུང་མཚམས།?བོད་གཞུང་གི་གོ་གནས་ཀྱང་འཁུར་རྒྱུ་མིན་པར་ངོས་ནས་གསལ་བརྗོད་བྱས་ཡོད།?བོད་ཀྱི་ལས་དོན་མཐའ་དག་བོད་ནང་དུ་གོ་གནས་འཛིན་བཞིན་པའི་དབུ་ཁྲིད་ཚོས་མུ་མཐུད་འགན་འཁུར་བྱས་མཆོག?ངོས་ཀྱིས་གོ་དབང་ཡོད་ཚད་མི་དམངས་ཀྱིས་བདམས་ཐོན་བྱུང་བའི་བོད་ཀྱི་དབུ་ཁྲིད་དེར་རྩིས་སྤྲོད་བྱེད་རྒྱུ་ཡིན།?ཕྱི་ལོ་?༢༠༠༡?ནས་བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འཛིན་བཀའ་བློན་ཁྲི་པ་མི་དམངས་ཀྱིས་བདམས་ཐོན་བྱུང་ཡོད།?གཞུང་འཛིན་བཀའ་ཁྲིའི་འགན་ཁུར་གྱི་ཡུན་ཚད་ལོ་ལྔ་རེ་ཡིན།?དེའི་རྐྱེན་གྱིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་སྒྲིག་གཞི་མ་ལག་འདི་དེ་ཙམ་གྱི་གལ་ཆེན་མ་རེད་བསམས་ཀྱི་ཡོད།?ངོས་རང་བདེ་ཐང་ངང་གནས་ཡོད་པས་འདིར་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་སྐོར་ཇི་ལྟར་བྱེད་དགོས་མིན་འབད་བརྩོན་བྱེད་ཀྱི་ཡིན།?ཡིན་ནའང་།?འདི་ཐད་ནས་རྒྱ་ནག་སྲིད་གཞུང་ལ་ངོས་ལས་ལྷག་པའི་ཐུགས་འཁུར་བྱེད་ཀྱི་ཡོད།?༼བཞད་གད་མཛད?༽?རྒྱུ་མཚན་འདི་འདྲར་སོང་པཎ་ཆེན་གཉིས་ཐོན་པ་ནང་བཞིན་ཡོང་སྲིད་པ་རེད།?འོན་ཀྱང་།?འདི་ལྟ་བུས་དངོས་དོན་ལ་དེ་འདྲའི་རོགས་པ་ཐོན་གྱི་མ་རེད།?
ཝང་ལི་ཞུང་གིས།?རྒྱབ་སྐྱོར་གྲངས་ཚད་དང་པོའི་ཕྱི་མ།?རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་ལ་ལྟ་ཚུལ་ཅི་འདྲ་ཡོད།
༸ཎནསྣྲཀགོང་ས་མཆོག་གིས།?ངས་ཤེས་པ་ལྟར་ན་ཁོང་སྤྱང་གྲུང་ལྡན་པ་དང་།?ནང་ཆོས་སློབ་གཉེར་ལ་ཡང་འབད་བརྩོན་བྱེད་ཀྱི་ཡོད།?ཡིན་ནའང་།?མི་དམངས་ཀྱི་ཁོང་ལ་ད་དུང་ཡང་དོགས་པའི་རྣམ་འགྱུར་ཞིག་བཟུང་ཡོད།?ངས་ཀྱིས་བསམས་པར།?གཙོ་བོ་དེ་ཁོ་རང་ལ་ཐུག་ཡོད་པ་རེད་སྙམ་གྱི་ཡོད།?ནང་ཆོས་ཉམས་ལེན་ལ་བྱས་རྗེས་ཡོད་མཁན་ཞིག་ཆགས་ཐུབ་དང་མི་ཐུབ་དེ་ཧ་ཅང་གི་གལ་ཆེན་པོ་རེད།?འདི་ནི་རང་ཉིད་ལ་བརྟེན་དགོས་པ་ཡིན།?
ཝང་ལི་ཞུང་གིས།?རྒྱབ་སྐྱོར་ཨང་གཉིས་པའི་དྲི་བ་འདིར་མི་གྲངས་?༤༤༤?མོས་མཐུན་བྱས་ཡོད།?དེ་ཡང་རྒྱ་ཡིག་དྲ་གྲོགས་ཚོས་ཚད་མཐོར་དོ་སྣང་བྱེད་པའི་དྲི་བ་ཞིག་རེད།?བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བྱས་པའི་སྐོར་ཡིན།?གྲོས་མོལ་ཐེངས་ག་ཚོད་བྱས་ན་ཡང་མཇུག་འབྲས་མེད་དོན་ཅི་ཞིག་རེད།?དོན་དམ་པས་ཕྱོགས་གཉིས་ཀྱི་གནད་དོན་གང་ཞིག་གི་ཐོག་ནས་འདོད་མཐུན་ཡོང་གི་མེད་པ་རེད་དམ།?མི་ལོ་བཅུ་ཕྲག་རིང་འདི་དོན་གྲོས་མོལ་བྱས་ནའང་གྲུབ་འབྲས་མེད་དོན་གང་ཡིན་ནམ།
༸ཎནསྣྲཀགོང་ས་མཆོག་གིས།?དོན་དག་གལ་ཆེ་ཤོས་ནི་རྒྱ་ནག་གཞུང་གིས་བོད་ལ་གནད་དོན་ཡོད་པ་མ་རེད་ཅེས་ཤོད་རྐྱང་བྱེད་ཀྱི་ཡོད།?ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཁོ་ན་རེད་ཅེས་ཤོད་ཀྱི་ཡོད་པ་རེད།?དོན་དངོས་ཐོག་ང་མི་སྒེར་ལ་གནད་དོན་གང་ཡང་མེད།?གཙོ་བོ་བོད་མི་ས་ཡ་དྲུག་གི་རིག་གཞུང་དང་།?ཆོས་ལུགས།?དེ་བཞིན་ཁོར་ཡུག་བཅས་ཀྱི་གནད་དོན་ལ་ཐུག་ཡོད།?དུས་ནམ་ཞིག་ལ།?དབུས་གཞུང་གིས་ཤར་ཏུར་ཁི་སི་ཐན་ལ་གནད་དོན་ཡོད་པ་ཁས་ལེན་བྱས་པ་བཞིན།?བོད་ཀྱི་གནད་དོན་ཁས་ལེན་བྱེད་རྒྱུ་མ་ཟད།?དོན་གནད་འདིར་གདོང་ལེན་ཡང་བྱེད་དགོས།?འབད་བརྩོན་གྱིས་གནད་དོན་འདི་ཐག་གཅོད་བྱེད་པ་དེའི་ཚེ།?ངོས་ནས་ཕྱར་གྲུ་མཉམ་འདེགས་བྱེད་ཀྱི་ཡིན།?ཅིའི་ཕྱིར་ཞེ་ན།?དེའི་ཚེ་ང་ཚོའི་དམིགས་འདུན་གཅིག་ཏུ་བབས་ཡོད་པ་ཡིན་ལ།?བོད་ཀྱི་འཛུགས་སྐྲུན་དང་ཡར་རྒྱས།?མཐུན་སྒྲིལ་བཅས་ཀྱི་སླད་དུའང་ཡིན།?མིག་སྔར་རྒྱ་ནག་གཞུང་གི་བྱེད་བབས་བཙན་ཤེད་རང་བཞིན་གྱི་ལག་ཐབས་སྤྱད་ཡོད།?ཁོང་ཚོས་བོད་ཀྱི་བརྟན་ལྷིང་ནན་བཤད་བྱེད་ཀྱི་ཡོད་ནའང་།?ངོས་ཀྱི་བསམས་པར་བརྟན་ལྷིང་ནི་མིའི་སེམས་གཏིང་ནས་ཡིད་ཆེས་དང་བློ་གཏད་བྱས་ནས་ཡོང་དགོས་པ་ཞིག་རེད་སྙམ་གྱི་ཡོད།?
ཝང་ལི་ཞུང་གིས།?རྒྱབ་སྐྱོར་ཚད་གཞི་གསུམ་པར་སླེབས་པའི་ནང་དུ་དྲི་བ་གསུམ་ཡོད་པ་སྟེ།?དང་པོ།?བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་ཁམས་བཟང་།?མ་འོངས་པར་རྒྱ་ནག་གི་ཆབ་སྲིད་འགྲོ་ཕྱོགས་ཇི་ལྟར་འཕེལ་རྒྱས་ཕྱིན་པ་ཡིན་ནའང་།?ད་ལྟའི་རྒྱ་མི་རིགས་དང་བོད་ཀྱི་མི་སེར་དཀྱུས་མའི་དབར་འཁོན་སེམས་ཆེ་རུ་འགྲོ་བཞིན་ཡོད།?བོད་མི་གང་མང་གཅིག་ནས་གནད་དོན་དེ་དག་སྟབས་བདེ་བོའི་སྒོ་ནས་རྒྱ་མི་རིགས་ལ་ནག་ཉེས་གཡོག་གི་ཡོད།?དོན་ངོ་མར་ང་ཚོ་རྒྱ་མི་ཡིན་ཡང།འདི་ལྟ་བུའི་སྲིད་དབང་གཅིག་སྡུད་ཀྱི་གནོད་འཚེ་མྱོང་མཁན་ཡིན་པ་གཅིག་མཚུངས་ཡིན།?ཁྱེད་ཀྱི་གནད་དོན་འདིར་དགོངས་ཚུལ་ག་རེ་ཡོད་དམ།?
༸ཎནསྣྲཀགོང་ས་མཆོག་གིས།?རྒྱ་བོད་དབར་གྱི་འབྲེལ་བ་དེ་ཕྱི་ལོ་?༡༩༤༩?དང་།?ཡང་ན།?༡༩༥༠?ནས་བྱུང་བ་ཞིག་མིན།?མི་རིགས་གཉིས་ཀྱི་འབྲེལ་བ་དེ་ལོ་ངོ་སྟོང་ཚོ་གཅིག་ལྷག་གོང་ལ་ཁུངས་འདེད་བྱེད་དགོས་ཀྱི་ཡོད།?འདི་འདྲའི་འབྲེལ་བ་དེར་ལོ་རྒྱུས་ནང་སྐབས་རེ་ཧ་ཅང་མཐུན་པོ་བྱུང་ཡོད་ལ།?ཡང་སྐབས་རེ་རྩོད་འཛིང་ཡང་བྱེད་མྱོངས་ཡོད།?ད་ཆ།?རྩོད་རྙོག་ཅིག་གི་སྐབས་སུ་གནས་ཡོད་ཅེས་བརྗོད་ཆོག་པ་ཡིན།?རྩ་བའི་གནད་དོན་དེ་གཞུང་གི་བཟོས་པ་ཞིག་ཡིན་པ་ལས་མི་དམངས་ཀྱི་བཟོས་པ་མིན།?དེས་ན།?ང་ཚོ་མི་དམངས་དང་མི་དམངས་དབར་གྱི་འབྲེལ་བ་ནི་ཆེས་ཤིན་ཏུ་གལ་ཆེན་རེད།?དེ་དག་ལ་བསམ་ཏེ་ང་ཚོས་རང་དབང་ཅན་གྱི་རྒྱལ་ཁབ་ནང་དུ་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་གསར་སྐྲུན་བྱ་རྒྱུར་འབོད་སྐུལ་དང་བསམ་འཆར་བཏོན་ཡོད་ལ་གྲུབ་འབྲས་ཀྱང་གང་ཙམ་ཐོན་ཡོད།?དཀའ་ངལ་ཆེ་ཤོས་ཤིག་ནི།?ཏེང་ཞའོ་ཕིང་གིས་བཏོན་པའི་དངོས་ཐོག་བདེན་འཚོལ་ལ་ལག་བསྟར་མ་བྱེད་པ་དེ་རེད།?ཧུའུ་ཡོ་པང་ལྟ་བུས་གནད་དོན་དངོས་ལ་རྒྱུས་ལོན་བྱ་ཆེད།?འབད་བརྩོན་ཆེན་པོ་བྱས་པ་རེད།?ཉེ་བའི་ཆར་སྲིད་བློན་ཝུན་ཅ་པའོ་ཡི་རྩོམ་ཡིག་ཅིག་ནས་ཧུའུ་ཡོ་པང་གི་ལས་ཀའི་སྤྱོད་ཚུལ་ལ་གདེང་འཇོག་གནང་བ་རེད།?གཞུང་ཕྱོགས་ཀྱི་ཡིག་ཆ་རྐྱང་རྐྱང་ལ་ཁུངས་འཛིན་མ་བྱས་པར་དོན་དངོས་ལ་རྒྱུས་ཡོད་བྱས་པ་རེད།?དེ་བཞིན་དུ།?རྒྱ་ནག་ནང་ཁུལ་དུ་དོན་དངོས་གནས་ཚུལ་ཤེས་རྟོགས་མེད་པ་དང་།?སྤྱི་ཚོགས་ནང་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་གྱིས་གནད་དོན་ཆེན་པོ་ཞིག་བཟོས་པ་རེད།?གལ་ཏེ་ཕྱི་གསལ་ནང་གསལ་ཆགས་པ་ཡིན་ན་གནད་དོན་ཐག་གཅོད་བྱ་རྒྱུ་དང་།?ལྐོག་བཟའ་རུལ་སུངས་ཉུང་དུ་གཏོང་བ་བཅས་ལ་ཕན་ཆ་ཆེན་པོ་ཡོང་གི་རེད།?
ཝང་ལི་ཞུང་གིས།?རྒྱབ་སྐྱོར་ཁ་གྲངས་གསུམ་པའི་དྲི་བ་ཕྱི་མ།?རྒྱ་བོད་མི་རིགས་དབར་གྱི་མཛའ་མཐུན་འབྲེལ་བ་སྲུང་སྐྱོང་བྱ་རྒྱུར་སྐུ་ཉིད་ལ་ཐབས་ཤེས་གང་ཡོད་དམ།?
༸ཎནསྣྲཀགོང་ས་མཆོག་གིས།?མ་གཞི་ངོས་རང་འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་གང་དུ་སླེབས་པ་ཡིན་ནའང་།?མི་ཞིག་གི་སེམས་ཁམས་ཁུར་ནས་ཡོད་དུས།?གང་མང་མང་ཞིག་ནས་བརྩི་བཀུར་དང་ངོས་ལེན་ཐོབ་བྱུང་།?གལ་ཏེ།?རྒྱ་བོད་མི་རིགས་གཉིས་ལ་གཅིག་མཚུངས་ཀྱི་བསམ་པ་དང་།?འདྲ་མཉམ་གྱི་རྨང་གཞི་ཞིག་ཡོད་ན།?གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ་ཀྱི་རེད།?ངོས་ནས་རྒྱུན་པར་སྐམ་ས་ཆེན་མོ་ནས་ཡོང་བའི་མི་དམངས་དང་ཐུག་འཕྲད་བྱེད་ཀྱི་ཡོད།?ཕྲན་ནས་ཁོང་ཚོ་ཧ་ཅང་བསམ་པ་རྣམ་དག་ཅིག་རེད་བསམ་གྱི་ཡོད།?དེའི་རྐྱེན་གྱིས་ང་ཚོ་ཕན་ཚུན་འབྲེལ་གླེང་བྱ་རྒྱུར་དཀའ་ཚེགས་གང་ཡང་འཕྲད་ཀྱི་མེད།?མི་དང་མིའི་བར་དུ་དོགས་པ་རྣམ་རྟོག་སྐྱེས་པ་འདི་ནི་རྒྱ་བོད་མི་རིགས་གཉིས་གཅིག་པུའི་གདོང་དུ་འཕྲད་པ་ཞིག་མ་རེད།?འདི་ནི་འཛམ་གླིང་ཡོངས་རྫོགས་གཅིག་མཚུངས་རེད།?དེའི་ཕྱིར་ང་ཚོ་ཕན་ཚུན་འབྲེལ་གཏུག་བྱེད་རྒྱུ་ཙམ་མ་ཟད་དོགས་པ་རྣམ་རྟོག་དག་ཀྱང་གསལ་དགོས་པ་རེད།?ངོས་ནས་སའི་གོ་ལའི་སྟེང་གི་མི་སུ་འདྲ་ཞིག་ཕྲད་པ་ཡིན་ནའང་།?མི་དང་མིའི་དབར་གྱི་འཆམ་མཐུན་ལ་ནན་བརྗོད་བྱེད་ཀྱི་ཡོད།?འདི་ལྟར་བརྗོད་དགོས་དོན་རྒྱུ་མཚན་གཉིས་ཡོད།?གཅིག་ནི།?ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་ཡིན་པས་རེད།?འདི་ནི་རྨང་གཞི་ལྟ་བུ་ཞིག་རེད་ལ།?གལ་འགངས་ཀྱང་ཧ་ཅང་ཆེན་པོ་རེད།?གཉིས་སུ།?ཆོས་ལུགས་དང་རིག་གནས།?སྐད་ཡིག་བཅས་ཐ་དད་དུ་ཡོད་པས་ཡིན།?ཕྱི་ལོ་?༡༩༥༤?དང་?༡༩༥༥?ལོར་ངོས་རང་པེ་ཅིང་དུ་ཡོད་སྐབས།?ཕྲན་གྱིས་མག་ཁེ་སིའི་གཞུང་ལུགས་ནས་རྒྱལ་མཚམས་མེད་པའི་རིང་ལུགས་ནན་བརྗོད་བྱེད་ཀྱི་ཡོད་པ་ཤེས་ཡོད།?དེས་མི་ཚང་མ་གཅིག་མཚུངས་ཡིན་པ་བསྟན་པ་རེད།?གནད་དོན་དེར་ངོས་ནས་མོས་མཐུན་ཆེན་པོ་ཡོད།
ཝང་ལི་ཞུང་གིས།?རྒྱབ་སྐྱོར་ཨང་བཞི་པའི་དྲི་བ་སྔ་མ།?བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་?༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་འབྲེལ་བའི་ཡིག་ཆ་?༽?ཞེས་པའི་ཇི་ལྟར་བྱས་ཏེ་བོད་ནང་གི་རྒྱ་མི་རིགས་ཚོའི་ཁེ་དབང་སྲུངསྐྱོབ་བྱ་མིན་སྐོར་བཀོད་མི་འདུག་པས།?ཁྱེད་ཀྱི་རང་སྐྱོང་ཐོབ་རྗེས་ད་ལྟ་བོད་ཁུལ་དུ་གནས་སྡོད་བྱེད་བཞིན་ཡོད་པའི་རྒྱ་མི་རིགས་འདི་ཚོ་མུ་ཐུད་གནས་སྡོད་བྱེད་ཆོག་པར་ངོས་འཛིན་གནང་གི་ཡོད་དམ།?རྒྱབ་སྐྱོར་ཨང་བཞི་པའི་དྲི་བ་ཕྱི་མ།?སྐུ་ཉིད་ཀྱིས་?༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་འབྲེལ་བའི་ཡིག་ཆ?༽?ཞེས་པ་ནས་བོད་ཁུལ་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་མི་རིགས་ཚོ་ཇི་ལྟར་བྱས་ནས་འདྲ་མཉམ་ངང་ཐོན་སྐྱེད་དང་འཚོ་བ་སྐྱེལ་རྒྱུའི་ཁེ་ དབང་ལ་འགན་ཐེག་ཡོད་མིན་སྐོར་འགྲེལ་བརྗོད་ཅིག་གནང་ཐུབ་བམ།?རྒྱ་མི་མང་པོ་ཞིག་གིས་ཁྱེད་ཀྱི་རང་སྐྱོང་ནི་རྣམ་པ་བསྒྱུར་བའི་རང་བཙན་དུ་ངོས་འཛིན་བྱེད་བཞིན་ཡོད།?གང་ལགས་ཞེ་ན།?རང་སྐྱོང་སྲིད་གཞུང་གིས་རྒྱ་མིར་མཐོང་ཆུང་དང་ཕྱིར་འབུད་བྱ་རྒྱུར་དོགས་པ་ཟ་བཞིན་ཡོད་པ་རེད།?
༸ཎནསྣྲཀགོང་ས་མཆོག་གིས།?སྔ་དུས་སམ་ཕྱི་ལོ་?༡༩༥༠?གོང་དུ་བོད་ཡུལ་ན་རྒྱ་མི་གནས་སྡོད་བྱེད་མཁན་ཡོད།?ངོས་རང་གི་སྐྱེས་ཡུལ་ནའང་ཁ་ཆེའི་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་ཧུའུ་མི་རིགས་ཡོད་ལ་རྒྱ་མི་རིགས་ཀྱང་ཡོད།?འབྱུང་འགྱུར་ནང་རྒྱ་མི་རིགས་གནས་སྡོད་བྱེད་མཁན་ཏན་ཏན་ཡོང་གི་རེད།?ཡིན་ནའང་།?གནད་འགག་ཐུག་ས་ཞིག་ནི་ད་ལྟའི་ནང་སོག་ལྟ་བུ་ཆགས་མི་རུང་བ་དེ་རེད།?སོག་རིགས་ཚོ་གྲངས་ཉུང་བ་ཆགས་ཡོད་པ་རེད།?འདི་ལྟར་བྱས་ཚེ་རང་སྐྱོང་གི་དོན་སྙིང་བོར་བ་རེད།?བོད་ས་འགའ་ཞིག་ཏུ་རྒྱ་མི་རིགས་ཀྱི་མི་འབོར་ཇེེ་མང་ལ་ཕྱིན་སྟབས་བོད་ཀྱི་སྐད་ཡིག་རིག་གཞུང་འཇིག་ཉེན་ཚབས་ཆེན་འཕྲད་ཡོད།?
ཝང་ལི་ཞུང་གིས།?རྒྱབ་སྐྱོར་ཨང་རིམ་ལྔ་པའི་དྲི་བ།?སློབ་དཔོན་ཆེན་མོ་མཆོག?སྐུ་ཉིད་ཀྱི་ཕྱག་དེབ་ནང་བཀོད་པ་ལྟར་ན།?བོད་ཡུལ་ནི་ཞི་འཇམ་ལྡན་པའི་ནང་པའི་རྒྱལ་ཁབ་ཅིག་ལ་འགྲེལ་བརྗོད་གནང་པ་དང་།?རྒྱ་ནག་གཞུང་གིས་མུན་ནག་དང་ཞིང་བྲན་ས་ཁུལ་ཞིག་ཏུ་འགྲེལ་བཤད་བྱས་པ་གཉིས་བར་ཐག་ཧ་ཅང་རིང་པོ་འདུག་པ་མ་ཟད།?པར་རིས་དང་བརྙན་ཕབ་མང་པོ་ཞིག་ནས་དེ་སྔོན་གི་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་དང་མུན་ནག་དངོས་ར་འཕྲོད་ཡོད།?སློབ་དཔོན་ཆེན་མོ་མཆོག་ནས་ཧེ་བག་འདི་ཙམ་ཇི་ལྟར་བྱས་ནས་བྱུང་བ་ཡིན་པ་འགྲེལ་བཤད་ཅིག་གནང་ན་འགྲིག་གམ།?
༸ཎནསྣྲཀགོང་ས་མཆོག་གིས།?སྔ་དུས་ཀྱི་བོད་ཟེར་ནའང་འདྲ་ཕྱི་ལོ་?༡༩༥༠?གོང་དུ་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་རེད།?སྒྲིག་ལམ་འཐུས་ཚང་མེད་པ་ང་ཚོས་ངོས་ལེན་བྱེད་ཀྱི་ཡོད།?སྔ་མོའི་བོད་ནི་ལྷྷ་ཡུལ་རེད་ཅེས་སུས་ཀྱང་ཤོད་ཀྱི་མེད་པ་རེད།?ད་ལྟའི་བོད་ཕྱི་ནང་གི་རྩམ་ཟན་ཁྲོད་དུ།?མི་སུ་ཞིག་གིས་ཀྱང་ལམ་ལུགས་རྙིང་པར་བསྐྱར་ལོག་བྱེད་བསམ་གྱི་མེད་པ་རེད།?དེ་ནི་རྨི་ལམ་ནང་དུ་ཡང་རྨིས་ཡོད་ཀྱི་མ་རེད་ཅེས་བཤད་ཆོག་པ་ལྟ་བུ་ཡིན།?ཕྱོགས་གཞན་ཞིག་ནས་རྒྱ་ནག་སྲིད་གཞུང་གིས་སྔ་མོ་བོད་ཀྱི་སྤྱི་ཚོགས་ནི་དམྱལ་ཁམས་ནང་བཞིན་རེད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད།?འདི་ལྟ་བུའི་འགྲེལ་བརྗོད་དང་དངོས་ཡོད་གཉིས་ལའང་བར་འགྱངས་ཧ་ཅང་ཆེན་པོ་ཡོད།?དེར་བརྟེན་དེ་སྔོན་རྒྱ་ནག་གིས་?༼སྐྱེ་མི་མཆོག་པའི་མི?༽?ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་པ་དེ་ཡང་ཁྱབ་བསྒྲགས་འབའ་ཞིག་གི་ཆེད་དུ་ཡིན་པ་རེད།?བོད་མི་གང་མང་མང་ཞིག་གིས་ཁས་ལེན་བྱེད་ཐབས་ཡོད་པ་མ་རེད།?ཅི་ཕྱིར་ཞེ་ན།?གློག་བརྙན་གྱི་ནང་དོན་དང་དོན་དངོས་མཐུན་གྱི་མེད་པས་རེད།?དཔེར་མཚོན་ན།?རིག་གསར་སྐབས་སུ་རིག་གནས་གསར་བརྗེ་བྱས་པས་རྒྱལ་ཁ་ཆེན་པོ་ཐོབ་པ་ནན་བཤད་བྱེད་ཀྱི་ཡོད།?ཡིན་ནའང་།?དེའི་རྗེས་ནས་དངོས་ཡོད་གནས་ཚུལ་ལ་སྦ་གསང་བྱ་ཐབས་མེད་པ་ཆགས་དུས།?དེ་ལྟ་བུའི་དྲིལ་བསྒྲགས་ལ་སྟོབས་ཤུགས་གང་ཡང་ཡོད་པ་མ་རེད།?དེ་བཞིན་དྲུག་བཞིའི་གནད་དོན་ཡང་གཅིག་མཚུངས་རེད།?འཛམ་གླིང་ཡོངས་ཀྱིས་ཧ་གོ་ནས་ཡོད་པ་རེད།?འོན་ཏེ།?རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱེད་སྐབས་ཕལ་ཆེར་གནས་ཚུལ་ཅི་ཡང་བྱུང་མེད་པ་ལྟར་བརྗོད་ཀྱི་ཡོད།?གནད་དོན་ཆེས་གལ་འགངས་ཆེ་ཤོས་ཤིག་ནི།?ཁྱེད་ཚོ་མི་རེ་ངོ་རེ་ནས་དྲང་བདེན་དང་།?དངོས་ཡོད།?ཚན་རིག་བཅས་ཀྱི་སྒོ་ནས་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་ངེས་རེད།?འདི་ནི་ཧ་ཅང་གཙིགས་ཆེན་རེད།?ངོས་ཀྱིས་ནམ་རྒྱུན་བོད་མི་ཚོར་བརྗོད་ཀྱི་ཡོད།?ངོས་ཀྱིས་བཤད་པ་ལ་བརྟེན་ནས་ཁྱོད་ཀྱི་ཁས་ལེན་དང་དང་ལེན་བྱེད་མི་དགོས།?ཁྱེད་ཀྱིས་རྟོག་ཞིབ་བྱོས་ཞེས་བརྗོད་ཀྱི་ཡོད།?ནང་པ་ཞིག་ཡིན་པའི་ཆ་ནས་ཁྱེད་ཚོས་ངོས་ཀྱིས་་བཤད་པའི་བསླབ་བྱ་ལ་ཡང་དབྱེ་ཞིབ་དང་ཤེས་རྟོགས་གཏིང་ཚུགས་བྱ་དགོས།?
ཝང་ལི་ཞུང་གིས།?རྒྱབ་སྐྱོར་ཨང་རིམ་དྲུག་པའི་དྲི་བ།?གལ་ཏེ་རྒྱ་ནག་གཞུང་གིས་སྐུ་ཉིད་ཕྱིར་བོད་དུ་ཕེབས་བཅུག་པ་དང་།?བོད་རང་སྐྱོང་བྱ་བཅུག་པ་ཡིན་ན།?སྐུ་ཉིད་ཀྱིས་བོད་དུ་ཆབ་སྲིད་ཀྱི་ལམ་ལུགས་གང་འདྲ་ཞིག་བསྣམས་ཕེབས་རྒྱུའི་རེ་བའམ་འཆར་གཞི་ཡོད་དམ།?
༸ཎནསྣྲཀགོང་ས་མཆོག་གིས།?འདི་ནི་གཙོ་ཆེ་ཤོས་བོད་ནང་དུ་ཡོད་པའི་བོད་མི་ཚོ་དང་།?ལྷག་པར་དུ་ཤེས་ཡོན་པ་ཚོས་དངོས་ཐོག་བདེན་འཚོལ་གྱི་རྣམ་པ་ལ་བལྟས་ནས་ཐག་གཅོད་བྱེད་རྒྱུ་རེད།?འདས་པའི་མི་ལོ་ལྔ་བཅུའི་ནང་ང་ཚོས་བཙན་བྱོལ་སྤྱི་ཚོགས་སུ་སྤྱི་ཆོགས་ཀྱི་ལམ་ལུགས་མང་གཙོ་ཅན་དུ་མངོན་གྱུར་ཟིན་པ་རེད།?
ཝང་ལི་ཞུང་གིས།?རྒྱབ་སྐྱོར་ཨང་རིམ་བདུན་པའི་དྲི་བ་སྔ་མ།?དྲི་བ་འདི་ནི་ཕལ་ཆེར་རྣོ་ངར་ཅན་ཞིག་རེད་འདུག?ངས་བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་རྒྱུའི་འདོད་པ་ཆེན་པོ་ཡོད།?རྒྱ་ནག་གཞུང་ཕྱོགས་ནས་སྐུ་ཉིད་ལ་སྐྱོན་བརྗོད་ཤུགས་ཆེ་ཤོས་ཤིག་ཀྱང་རེད།?དེ་ནི་སྐུ་ཉིད་ཀྱི་བོད་དུ་དམག་དཔུང་བཅའ་འདོད་མི་བྱེད་པའི་རེ་བ་བཏོན་ཡོད་པ་རེད།?འདི་ནི་རྣམ་པ་བསྒྱུར་བའི་རང་བཙན་གྱི་རྩ་བའི་སྣང་ཚུལ་ཞིག་རེད་ཟེར་གྱི་ཡོད།?སྐུ་ཉིད་ཀྱི་ད་ལྟ་ཡང་འདི་ལྟར་བོད་དུ་དམག་དཔུང་བཅའ་འདོད་མ་བྱེད་རྒྱུའི་ཐུགས་རེ་གནང་གི་ཡོད་དམ།?བདུན་པའི་དྲི་བ་ཕྱི་མ།?དམག་དཔུང་བཅའ་འདོད་བྱེད་ཆོག་རྒྱུ་ནི་ས་ཁོངས་བདག་དབང་གི་དབང་ཆ་གལ་ཆེན་ཞིག་རེད།?བོད་དུ་དམག་དཔུང་སྡོད་མི་ཆོག་པའི་ལངས་ཕྱོགས་འདི་ནི་རྒྱ་ཆེའི་མི་དམངས་ཡོངས་རྫོགས་ཀྱིས་ཕལ་ཆེར་དངས་ལེན་བྱ་ཐུབ་ཀྱི་མ་རེད།?སྐུ་ཉིད་ཀྱིས་གཟིགས་ཚུལ་འདི་མཚམས་འཇོག་གནང་སྲིད་ཀྱི་རེད་དམ།?
༸ཎནསྣྲཀགོང་ས་མཆོག་གིས།?སྤྱིར་ང་ཚོ་རང་སྐྱོང་ཤོད་ཀྱི་ཡོད།?ཡིན་ནའང་ཕྱི་འབྲེལ་དང་རྒྱལ་སྲུང་དབུས་གཞུང་ནས་འགན་འཁུར་དགོས་ཞེས་ནམ་རྒྱུན་ནས་ཁ་གསལ་གཏིང་གསལ་བརྗོད་ཡོད།?སྔ་དུས་ནས་ཕྲན་གྱིས་བརྗོད་མྱོང་།?རྒྱ་གར་དང་བལ་ཡུལ་བཅས་མཐའ་འཁོར་རྒྱལ་ཁབ་ཁག་དང་མཛའ་གྲོགས་ཆགས་པ་ཡིན་དུས།?ཕན་ཚུན་ཡིད་ཆེས་ཡོད་པ་རེད།?དེའི་དུས་སུ་བོད་ཞི་བདེའི་ས་ཁུལ་ཞིག་ཆགས་པ་རེད།?འདི་ནི་རེ་བ་དང་ཕུགས་བསམ་ཞིག་རེད།?གཅིག་པ་རེད།?འཛམ་གླིང་ཡོངས་གཅིག་པ་རེད།?དེར་བརྟེན་སེམས་ཁྲལ་བྱེད་དགོས་པ་མ་རེད།?
ཝང་ལི་ཞུང་གིས།?རྒྱབ་སྐྱོར་ཨང་བརྒྱད་པའི་དྲི་།?མིག་སྔའི་གནས་བབ་ནས་བལྟས་པ་ཡིན་ན།?བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་རིང་ཞི་བའི་ངང་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེ་བ་མེད་པ་ལྟར་ཆགས་ཡོད།?སྐུ་ཉིད་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་ཇི་ལྟར་གཟིགས་ཀྱི་ཡོད་དམ།
༸ཎནསྣྲཀགོང་ས་མཆོག་གིས།?རྒྱ་ནག་དམར་ཤོག་དབུ་བརྙེས་ནས་ལོ་ངོ་དྲུག་ཅུའི་ནང་བལྟས་པ་ཡིན་ན།?ཕྲན་ནས་མའོ་ཡི་དུས་རབས་དང་།?ཏེང་གི་དུས་རབས།?ཅང་གི་དུས་རབས།?ཧུའུ་ཡི་དུས་རབས་བཅས་དབྱེ་བ་ཕྱེ་ཀྱི་ཡོད།?
?? ? འགྱུར་བ་ཧ་ཅང་ཆེན་པོ་ཐེབས་པ་རེད།?དེའི་ཕྱིར་མི་རིགས་སྲིད་བྱུས་འགྱུར་བ་འགྲོ་ངེས་ཡིན་པ་ངོས་ལ་ཡིད་ཆེས་བརྟན་པོ་ཡོད།?ལྷག་པར་དུ་བོད་ཀྱི་གནད་དོན་ཕན་ཚུན་རོགས་རེས་ཀྱི་རྨང་གཞིའི་ཐོག་ཐག་གཅོད་བྱེད་ཐུབ་ཀྱི་རེད།?དེ་སྔོན་བོད་དུ་ལས་ཀ་བྱེད་ནས་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ནས་བཞུགས་ཡོད་པའི་ལས་བྱེད་དང་ཏང་ཡོན།?དེ་བཞིན་རྒྱ་ནག་གི་ཤེས་ཡོན་པ་ཚོས་མི་རིགས་སྲིད་ཇུས་ལུགས་མཐུན་མེད་པའི་བསམ་འཆར་འདོན་མགོ་བརྩམས་ནས།?མི་རིགས་སྲིད་བྱུས་ལ་བསྐྱར་ཞིབ་དང་ཡར་རྒྱས་གཏོང་དགོས་པ་བརྗོད་ཡོད།?དེས་ན།?ངོས་ཀྱི་བསམ་པར་རིང་མིན་ནང་འགྱུར་བ་ཏན་ཏན་འགྲོ་གི་རེད་ལ།?གནད་དོན་ཐག་གཅོད་བྱེད་ཐུབ་ཀྱི་རེད།?
ཝང་ལི་ཞུང་གིས།?གུས་བཀུར་འོས་པའི་བོད་ཀྱི་༸ཎནསྣྲཀསྐྱབས་མགོན་ཏཱ་ལའི་བླ་མ་མཆོག?རྒྱ་ཡིག་དྲ་གྲོགས་ཚོས་བཏོན་གནང་བའི་དྲི་བ་?༢༧༠?ནས་དེ་རིང་ང་ཚོས་ཉུང་ངུ་ཞིག་བཏོན་ནས་མགོ་བརྩམས་པ་རེད།?སྐུ་ཉིད་མཆོག་གི་བཀའ་ལན་གནང་བ་ཁག་ལ་ལྟ་ཚུལ་དང་གནད་དོན་གསར་པ་བཅས་ད་དུང་ཡང?༼ཏཱ་ལའི་བླ་མ་དང་ཊི་ཝི་ཊར་དྲ་ཐོག་གི་གཏམ་གླེང?༽?ནང་མུ་མཐུད་འཕར་སྣོན་ཡོང་གི་རེད་དམ།?སྐུ་ཉིད་ནས་མུ་མཐུད་ཐུགས་སྣང་ཡོང་བ་ཞུ་རྒྱུུ་མ་ཟད།?ང་ཚོས་ཐུན་མོང་ནས་འབད་བརྩོན་དང་།?དུས་རབས་ལ་འགྱུར་བ་གཏོང་ནུས་ཀྱི་དྲ་རྒྱའི་ལག་རྩལ་འདི་བཀོལ་སྤྱོད་མཐར་ཕྱིན་པ་བྱས་ཏེ།?བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འབད་བརྩོན་གྱི་ཁ་ཕྱོགས་དེ་དཔོན་རིགས་ཚོའི་བར་གྱི་ལྐོག་གྲོས་ནས་རྒྱ་བོད་མི་དམངས་ཚོས་ལྷག་བསམ་ཟོལ་མེད་དང་དམངས་གཙོའི་གྲོས་མོལ་ནང་རྒྱ་སྐྱེད་བྱེད་དགོས་པ་བཅས།?ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།?
༸ཎནསྣྲཀགོང་ས་མཆོག་གིས།?སླད་མར་ཡང་འདི་ལྟ་བུའི་གཏམ་གླེང་རྒྱུན་པར་བྱེད་ཐུབ་ན་སྙམ་གྱི་ཡོད།?ཅེས་ཐད་ཀར་བཀའ་ལན་སྩལ་བ་བཅས།།
བཟོད་པ་ལྷ་རྩེར་ཞུ་རྒྱུར།
དང་པོ།
ངེད་ཀྱིས་འདི་རུ། དྲི་བ་གཏོང་མཁན་དེས་བསམ་ཚུལ་ཉུང་ཉུང་བཤད། དྲི་བ་ཐུང་ཐུང་དྲིས་ན་དགེ་ཕན་ཆེ་བ་ཡོད་རེད་ཟེར་གི་ཡོད།
དྲི་བ་གཏོང་མཁན་དེས་དྲི་བ་བཏང་ན། དྲི་ལན་གནང་མཁན་དེས་ལན་རྒྱག་གི་རེད། མི་མང་གི་རྨོངས་པ་དེ་ཡང་དྲི་ལན་གནང་མཁན་གྱི་ཕྱོགས་ནས་སེལ་རྒྱུའི་རེ་བ་བསྟེན་དགོས་རེད་དྲན།
གཉིས་།
ན་ཚ་འདི་གསར་འགོད་པ་གཅིག་པ་མ་ཡིན་པར་མི་མང་ལ་ཡང་ཡོད་ན། གསར་འགོད་པ་ཚོས་ན་ཚ་འདི་ཉུང་དུ་གཏོང་དགོས་རེད་མ་གཏོགས། མང་དུ་བཏང་ན་དེ་མི་མང་གི་ན་ཚ་དེའི་ཁ་སྣོན་ལྟ་བུ་ཆགས་འགྲོ་གི་རེད། ན་ཚ་ཁ་སྣོན་བྱས་ན་ན་ཚ་སྡུག་ཏུ་འགྲོ་གི་རེད།
གསུམ་།
གོང་གི་དྲི་བ་གཏོང་མཁན་གྱིས་དྲི་བ་དེ་ཚོར་དཔྱད་ཞིབ་བྱས་ན། དྲི་བ་གཏོང་མཁན་གྱིས། སྒེར་གྱི་བསམ་ཚུལ་བཤད་རྒྱུ་གཙོ་འདོན་བྱས་འདུག་མ་གཏོགས་དྲི་བ་གཏོང་རྒྱུ་གཙོར་འདོན་བྱས་མི་འདུག སྒེར་གྱི་བསམ་ཚུལ་གཙོ་བོ་དང་དྲི་བ་ཕལ་བར་བཞག་འདུག དེར་བརྟེན། བསམ་ཚུལ་འདི་བྲིས་བ་ཡིན། དེ་ཙམ་ཡིན།
this is truth. too much long. it s made bore.
རིག་འབྱུང་ལགས་ཀྱིས་གནས་ལུགས་དང་རྒྱུ་མཚན་ལྡན་པ་ཞིག་བྲིས་གནང་འདུག་་་་ཐུགས་རྗེ་ཆེ།
རེད་ཡ་་ དུས་ཚོད་ལ་དམ་འཛིན་བྱ་དགོས་སོ།
ད་དུང་དཔེ་མཚོན་འགའ་རེ་ཞུས་ན། ཀརྨ་རྒྱ་མཚོ་ཟེར་བ་དེས་་་ ངས་སྐུ་ངོ་ལགས་ལ་དྲི་བ་འདི་ཞུ་ན་འདོད་སོང་། དེ་འདྲའི་ཚིག་དགོས་མཁོ་མི་འདུག དྲི་བ་ཐད་ཀར་དྲིས་བཞག་ན་ཅི་ལ་མ་འགྲིག་པ་རེད།
ཡང་བོན་རྒྱ་ཟེར་བའི་ཨ་མདོའི་གསར་བུ་དེས་་་་་་་་་རྒྱལ་ས་ཅིག་ཅིག་ན་ཡོད་པའི་ཅིག་ཅིག་ལ་ཁྱེད་ཀྱིས་ང་ལ་བཅར་དྲིས་སྐབས་གནང་བ་ལ་ངས་འདི་ན་ཁྱེད་ལ་ཐུགས་རྗེ་ཞུ་གི་ཡོད་ཟེར། ཐུགས་རྗེ་་་་་་ཅི་ལ་མ་ཆོག་རེད་།།འདིའི་རིགས་ངོ་མ་་་་་་་་་་་་ཆུ་ཚོད་འཕྲོག་བརླགས་རེད། སྒོར་མོ་འཕྲོག་བརླགས་རེད།
ནོར་བཅོས ཐུགས་རྗེ་གཅིག་བུའི་ ཅི་ལ་མ་ཆོག་རེད་དམ།
འདི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། དྲི་བ་འདི་ལྟར་དྲིས་ན་རང་ཉིད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོང་སློང་བཞིན་པ་དང་གཅིག་མཚུངས་མ་རེད་དམ།
ཕྱི་བསྡོད་བོད་ཀྱི་གསར་ལམ་ཁག་ལ་ཉན་ཐེང་རེར་རིགས་འབྱུང་ལེགས་ཀྱི་དགོང་ཚུལ་དེ་སེམས་ལ་ཐེང་རེར་འཁོར་། ཡིན་ན་ཡང་། གཞི་ནས་མེད་པ་ལས་ཡོད་པ་དང་། ཡོད་པ་དེ་ཡར་རྒྱས་སུ་འགྲོ་བས་རེ་བ་ཞིག་གིས་བསམ་ཚུལ་དེར་ཕྱིར་མ་བཏོན་པར་བསྒུགས། དེ་རིང་འདིར་སྐུ་ཞབས་རིགས་འབྱུང་ལེགས་ཀྱིས་གནད་དོན་དེ་རྗེན་པར་བཏོན་པར་མ་ཚད་དྲ་གྲོགས་རྣམས་ཀྱིས་ཀྱང་དེར་དགོང་ཚུལ་འཐུགས་པོ་ཞིག་གནང་ཡོད་པས་ངས་ཀྱང་ཁ་སྣོན་ཞིག་རྒྱག།
བསམ་ཚུལ་དང་པོ།
ཕྱི་བསྡོད་བོད་ཀྱི་གསར་འགོད་པ་ཞིག་ཡིན་ན། ངེས་བར་དུ་བོད་ཆོ་ག་གསུམ་ཀྱིས་སྐད་དེ་ཚུར་བཤད་མི་ཐུབས་ན་ཡང་། ཕར་བཤད་པ་དེ་ཚོ་ཆ་ཚང་གོ་ཐུབ་པ་ཞིག་ངེས་བར་དུ་དགོས། དེ་ལྟར་མི་འཇོན་ན་། ཁ་པར་ལས་དགོང་ཚུལ་གསུང་སྐབས་ཁ་པར་གཏོང་མཁན་དེས་དྲི་བ་དེ་ཆོ་གསུམ་སྐད་གང་གི་ཐོག་ནས་དྲི་རྒྱུ་ཡིན་པ་དང་། དེ་གོ་མཁན་ཞིག་གི་ཉན་རྒྱུ་ལས་། ཐེང་མང་པོར་ཨམ་སྐད་ཐོགས་ནས་དྲིས་བས་དྲི་བ་མང་པོར་དབུ་སྐད་ཐོགས་གསར་འགོད་པས་བཤད་སྐབས་ནང་དོན་གོ་ལྡོག་བྱས་བ་ཐེང་མང་བྱུང་། དེ་ཡག་པོ་མི་འདུག།
བསམ་ཚུལ་གཉིས་པ།
གསར་འགྱུར་བཤད་སྐབས་དང་དྲི་བ་འདོན་སྐབས་བོད་སྐད་བོད་གཙང་་མ་ཞིག་གི་ཐོག་འདུག་དགོས་པ་ལས་། སྐད་རིགས་གཞན་པས་འབྲེལ་བཤད་རྒྱབ་པ་དེ་ཡག་པོ་མི་འདུག།
བསམ་ཚུལ་གསུམ་པ།
ཕྱི་བསྡོད་བོད་ཀྱི་གསར་ལམ་ཁག་དེ་བོད་རྒྱ་ཆེ་མི་མང་གི་གོ་རྟོགས་དང་། གནས་ཚུལ་ཤེས་རྟོག་ཡོང་རྒྱར་དམིག་ནས་བཙུག་པ་ཞིག་ཡིན་པས་། གསར་ལམ་ཁག་གི་བརྗོད་གཞི་གཙོ་བོ་དེ་བོད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་རྒྱུ་ལས་། ཝ་ཤིང་གྲོང་གིས་གནམ་གཤེས་གནས་ཚུལ་སོགས་བོད་དོན་དང་འབྲེལ་བ་མེད་པ་ཁག་བཤད་ནས། དུས་ཚོད་ཉུང་ཉུང་ཞིག་ལས་མེད་པ་དེ་ཡང་ཆུད་ཟོས་སུ་བཏང་ན་། དེ་ཡག་པོ་མི་འདུག།
བསམ་ཚུལ་བཞི་བ་།
བོད་ཀྱི་གསར་འགོད་པར་བཏོན་པས་་བསམ་ཚུལ་འདི་དག་ལ་བཟང་ཕྱོགས་གི་གོ་བ་ཞིག་བླང་ནས་མཐུན་ཕྱོགས་ནས་འགྱུར་ཞིག་མགོ་བརྩོམས་རྒྱུ་ལས་། མི་བུ་རེ་ཟུང་བ་ཞིགས་ཕན་ཚུན་མ་དགའ་བ་དང་ཕྲགས་དོག་གིས་གཏམ་དུ་གོ་བ་མི་ལེན་པར་རེ་བ་དྭངས་མོ་ཞིག་བཅང་ཡོད་། ལོ་འགའི་སྔོན་དེར་ཨ་རིས་གྲོས་ཚོགས་ལས་ང་ཚོ་བོད་ཀྱི་གསར་ཁང་དེ་དག་གིས་སྔོན་འགྲོའི་མ་དངུལ་དེ་ཉུང་རུ་གཏོང་རྒྱུ་ཡིན་པས་གནས་ཚུལ་ཞིག་ཐོས་ནས་ང་རང་ཉིད་ཀྱི་ས་གནས་འདིར་ཡོད་བྱང་ཀ་ལི་ཕོ་ཉའི་ནང་གི་བོད་རིགས་རྣམས་ཀྱིས་སར་ནས་མཚན་རྟགས་འདུ་འགོད་ཀྱིས་ལྕམ་རྣམས་སྲས་ཕོ་ལྷ་སྲས་དང་། འདས་བོ་སྐུ་ཞབས་ཁྲོམ་ལམ་འགྲོད་ཚང་སོགས་ཀྱི་ལས་ཁུང་སུ་བཏང་ནས་ “གསར་ཁང་གི་སྔོན་འགྲོའི་འཆར་དངུལ་ཉུང་རུ་མ་གཏོང་རོགས་། གསར་ཁང་འདི་ནི་བོད་ཕྱི་ནང་གཉིས་ཀྱི་འགྲིན་པ་ལྟ་བུ་ཞིག་ཆགས་ཡོད་”ཞེས་འབོད་སྐུལ་བྱས་། འགྲིན་པ་དེ་ཕྲ་རུ་སོང་བ་འམ་། ཡང་ན་འགག་ན་ཡག་པོ་མི་འདུག།
རིགས་འབྱུང་གི་བསམ་ཚུལ་དེ་གསར་ཁང་འགན་འཛིན་པས་ཤེས་དགོས་ངེས་ཞིག་རེད། གོང་དུ་ཅིག་གི་བཤད་པ་བཞིན་དུ་སྔོན་མ་གསར་འགོད་པ་སོགས་བོད་དོན་སྐོར་གྱི་གསར་ལམ་ཨ་རིའི་གཞུང་གིས་ཉུང་འཕྲིལ་བྱེད་པའི་རྒྱུ་རྐྱེན་ཡང་འདི་འདྲ་ལོས་ཡིན། འོན་ཀྱང་ང་ཚོ་ས་གནས་སོ་སོར་ཡོད་པའི་བོད་རིགས་སྤྱི་མཐུན་དང་དེ་འབྲེལ་ཨ་རིའི་སྒེར་གྱི་ཚོགས་པ་མང་པོས་སྙན་ཞུ་ཕུལ་བ་ལ་རྟེན་ནས་རྒྱུན་འཁྱོངས་ཐུབ་པ་བྱུང་བ་རེད། དེ་ནི་བོད་སྤྱི་བ་ལ་མཚོན་ན་དགའ་འོས་པ་ཞིག་རེད། འོན་ཀྱང་གསར་འགོད་པ་རེ་ཟུང་གིས་ག་དུས་ཡིན་ན་ཡང་རང་གི་བསམ་ཚུལ་བཤད་བསྡད་ནས་གནས་ཚུལ་ངོ་མ་དེ་འཚོལ་བའི་ཐབས་ཤེས་མི་བྱེད། ངས་ཤེས་པ་ཞིག་ལ་ཕྱོགས་བསྐྱོད་གསར་འགོད་པ་དེ་ཚོ་སླེབས་ན། ས་གནས་དེ་གར་རྒྱུས་ཡོད་པ་ཚོར་སྐད་ཆ་མི་འདྲི་བར་ས་གནས་དེར་རང་གི་ངོ་ཤེས་ཚོར་ཐུག་ཕྲད་ཀྱི་དུས་ཚོད་རྫོགས་རྗེས། གསར་འགྱུར་བཤད་སྐབས། རང་གིས་བཅོས་ནས་ཅིག་བཤད་ཀྱི་རེད། སྐོར་ལོག་རྐྱང་རྐྱབ་བཤད་བསྡད་ཀྱི་རེད།
ཡང་བསམ་བློ་གཞན་ཞིག་བཏང་ན་མི་ཚང་མ་འཚོ་བའི་ཆེད་དུ་རེད། རང་ཉིད་འཚོ་དགོས་ན་རང་ཉིད་ཀྱིས་མི་ཤེས་ན་ཡང་ཤེས་མདོགས་མང་པོ་སྟོན་དགོས་པ་རེད། དེའི་རྐྱེན་གྱིས་གནས་ཚུལ་ནང་ལ་བསམ་ཚུལ་དཀྲུགས་པ་ལོས་ཡིན་སྙམ། དཔེར་ན་གསར་འགོད་པ་བསྡུ་བའི་བརྡ་ཐོ་ནང་དུ་ཡང་གནས་ཚུལ་ཡོང་རྫོགས་མཁྱེན་རྟོགས་ཐུབ་མཁན་དགོས་ཟེར་ཡོད་པ་རེད། ཤེས་ཡོན་གྱི་ཆ་རྐྱེན་ཡོད་པ་རེད། བསམ་ཚུལ་ཅུང་ཟད་མ་བཤད་དུས་མི་ཤེས་པ་ལྟ་བུར་གོ་ནས་ལས་གནས་ནས་གཏན་ཕུད་བྱེད་རྒྱུའི་ཉེན་ཁ་ཡང་ཡོད་ཀྱི་རེད། དེ་འེ་རེད་ལགས། རིགས་འབྱུང་། གསར་འགོད་པའི་སྒྲིགས་གཞི་བཟོས་པ་དེ་ཡག་པོ་ཞིག་འདུག གོང་གི་འདི་དག་སྟངས་འཛིན་བྱེད་མཁན་གྱིས་ཤེས་དགོས་པ་རེད་དེ། སྟངས་འཛིན་བྱེད་མཁན་དེ་བོང་བུ་ལྟ་བུ་ཞིག་ཡིན་ལས་ཆེ། ཡང་བསྐྱར་ཨ་རི་གཞུང་ནས་དུས་ཚོད་ཉུང་འཕྲིལ་མི་བྱེད་པའི་སྨོན་ལམ་འདེབས་ཡ།
ངེད་ཀྱིས་རྩོམ་ཐུང་འདིའི་ཁོངས་སུ། དྲི་བ་གཅིག་ཚོད་དཔག་གི་སྐད་ཆ་རེད་ལབ་ཡོད། དྲི་བ་གཅིག་གནས་ཚུལ་ནོར་བ་རེད་ལབ་ཡོད།
དེ་ནི། ཚོད་དཔག་གི་སྐད་ཆ་དེ་དབུ་མའི་ལམ་ལ་ངོ་རྒོལ་དང་རང་བཙན་གྱི་བསམ་ཚུལ་འཛིན་མཁན་གྱི་བརྒྱ་ཆ་ཧ་ཅང་མཐོ་བོ་ཡོད་པའི་སྐོར་དེ་རེད།
གནས་ཚུལ་ནོར་བ་དེ་ནི། ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲིའི་འོས་ཁོངས་སུ་འཇོག་དགོས་བའི་གྲོས་ཆོད་ཟེར་བའི་སྐད་ཆ་དེ་རེད། དེ་གནས་ཚུལ་ནོར་བ་རེད་ལ་བདེན་པ་ཡང་མ་རེད། བདེན་པ་མིན་པ་དེ་ཟམ་གདོང་རིན་པོ་ཆེས་ཐད་ཀར་གསལ་བཤད་གནང་སོང་། གོང་གི་ནོར་འཁྲུལ་འདི་གཉིས་ཀ་ཡོང་རྐྱེན་ཡང་ཕུགས་དེད་ན། སྒེར་གྱི་བསམ་ཚུལ་བཤད་རྒྱུ་མང་དྲགས་པའི་དབང་གིས་རེད་འདོད། སྐད་ཆ་རིང་པོ་དེ་འདྲ་བཤད་ནས་མ་བསྡད་པར་ཐད་ཀར་དྲི་བ་བཏང་ན། གནས་ཚུལ་ནོར་བ་དང་བསམ་ཚུལ་ཁུངས་མེད་་དེ་འདྲ་བཤད་དགོས་ཐུག་གི་མ་རེད་འདོད། འདི་ལ་ཡང་བསམ་བློ་གཏོང་རྒྱུ་ཞིག་འདུག་དྲན།
དངོས་གནས་བཤད་ན། གནས་ཚུལ་འདིའི་རིགས་ལ་ང་ཚོས་བགྲོ་གླེང་བྱེད་པ་ལས་གསར་འགོད་པ་ཚོ་ཡོང་ནས་བགྲོ་གླེང་དང་བསམ་ཚུལ་བཤད་དགོས་རེད།
གསར་འགོད་པ་ནང་ཁུལ་ལ་བསམ་ཚུལ་བརྗེ་རེས་དང་ལེགས་ཆ་ལེན་རེས་བྱེད་དགོས་རེད། འོན་ཀྱང་། དེ་འདྲའི་བསམ་བློ་འཁོར་གི་ཡོད་མེད་མི་ཤེས།
ཁྱེད་ཚོས་གང་གསུང་པར་རྒྱབ་སྐྱོར་ཡོད། གསར་འགོད་པའི་སློབ་སྦྱོང་དང་གསར་འགོད་པའི་ཆ་རྐྱེན་ཆ་ཚང་མ་ལོན་ན་ཡང་། བོད་ཡིག་ཡག་པོ་མི་ཤེས་པའི་ཐོག་བོད་ཀྱི་ས་ཁོངས་སོ་སོའི་སྐད་ཀྱང་ཁྱོན་ནས་མི་ཤེས་མཁན་དེ་ཚོ་གད་རྙིགས་རང་རེད། ཨ་རི་དང་ཨེ་ཤ་ཡའི་རླུང་འཕྲིན་གཉིས་ཀྱི་ནང་། བོད་ཡིག་ཡག་པོ་མེད་པ་དང་ཆོལ་ཁ་གཅིག་གི་སྐད་མ་གཏོགས་མི་ཤེས་མཁན་མི་ག་ཚོད་འདུག ཁྱོད་ཚོས་མཛུབ་མོས་ཅིག་བགྲོངས་དང་།
རྩ་བའི་བོད་ཡིག་ཡག་པོ་ཡོད་པའི་ཐོག ཆོལ་ཁ་གསུམ་གྱི་སྐད་བཤད་མ་ཤེས་ཀྱང་གོ་ཐུབ་མཁན་ཞིག་ངེས་པར་དགོས་པར་མཐོང་། དེ་མིན་ཆོལ་ཁ་རེ་རེར་མི་ག་ཚོད་དགོས་ཀྱི་འདུག ཆོལ་ཁ་གསུམ་གྱི་སྐད་ཤེས་མཁན་རྐྱང་རྐྱང་ཡིན་ན། མི་ཉུང་ཉུང་ཞིག་གིས་ལས་གཞི་རྒྱ་ཆེན་པོ་ཞིག་བྱེད་ཐུབ་གི་རེད་སྙམ།
ད་ལྟའི་ཆར། དབྱིན་ཡིག་དང་རྒྱ་ཡིག་གི་ཐོག ཆོལ་ཁ་གསུམ་གྱི་སྐད་མིན་ནའང་། ཆོལ་ཁ་གཉིས་ཀྱི་སྐད་བཤད་མཁན་མང་པོ་ཡོད་པ་རེད་འདོད། སྐད་ལ་བལྟས་ཏེ་ལས་མི་འཚོལ་བ་མ་གཏོགས་ཆོལ་ཁ་ལ་བལྟས་ཏེ་ལས་མི་འཚོལ་བ་ནི། དབྱེ་འབྱེད་རེད། འདིར་མཚོན་ན་དེ་རིགས་ཁྲིམས་མཐུན་མ་རེད།
རིག་འབྱུང་གིས་བཤད་པ་དེ་ཚོ་དངོས་གནས་བདེན་པ་རེད་ད། སྐོར་བ་རྒྱབ་རྒྱབ་ནས་དྲི་བ་གང་རིང་རིང་ཞིག་དྲིས་ཡོང་མཁན་དེ་ཚོས་ཁ་གདངས་པ་དང་ང་མགོ་ན་གི་འདུག
ཕར་ཕྱོགས་ཀྱིས་ལན་འདེབས་རྒྱུ་ཡིན་པ་དེ་ཚོ། ཁོ་རང་གིས་དྲི་བ་གཏོང་སྐབས། རྒྱ་བཤད་རྒྱས་བཤད་མང་པོ་ཞིག་བྱས་ནས། མཐའ་མཇུག ལན་འདེབས་མཁན་ནས། རེད། ཁྱེད་རང་གི་གསུང་པ་ནང་བཞིན་རེད་ཟེར་ནས་ཞེ་དྲག་ཐལ་བ་དང་གསར་པ་དེ་འདྲ་མང་པོ་བཤད་རྒྱུ་ལྷག་མི་འདུག་ཀྱང་། ལན་འདེབས་མཁན་ནས་ཀྱང་། ཨུ་ཚུགས་རྒྱབ་ནས་ད་རུང་སྐྱར་ཟློས་ཡང་ཟློས་མང་པོ་ཞིག་བྱེད་གི་མི་འདུག་གམ།
ང་ཡིན་ན། རྡོག་རྡོག་བྱས་ནས། ཁྱེད་རང་གི་དྲི་བ་དེར་ང་ལ་ལན་མེད། ག་རེ་རེད་ཟེར་ན། ཁྱེད་རང་གིས་དྲི་བ་གཏོང་སྐབས། ཁྱེད་རང་གིས་ལན་རྒྱབ་པ་དེ་ག་རང་ཡིན། དེ་ལས་ལྷག་པ་ང་ལ་ཅང་བཤད་རྒྱུ་མེད་ཟེར་ས་རེད། དེ་འདྲ་མ་རེད་དམ་གྲོགས་པོ་ཚོ།
ཆོལ་ཁ་གསུམ་གྱི་སྐད་རྒྱག་མ་ཤེས་རུང་སྐད་གོ་མཁན་ཞིག་དགོས་ཀྱི་འདུག་ཟེར་བ་འདི་གལ་ཆེན་རེད།
ཤེས་ཡོན་གྱི་སྒང་ནས་ཆེད་ལས་གསར་འགོད་པ་མིན་རུང་ཉམས་མྱོང་གི་སྒང་ནས་ཆགས་དགོས་རེད་དྲན།
སོ་སོའི་ལས་ཀའི་ཞོར་ལ་ལས་ཀའི་ཕྱོགས་ལ་སློབ་སྦྱོང་བྱེད་དགོས་རེད་དྲན། གཅིག་བྱས་ན་དེ་ལྟར་བྱེད་རྒྱུའི་གོམས་གཤིས་འདི་ང་ཚོ་བོད་པའི་རྒྱུད་ལ་མེད་པ་འདྲ།
སྐད་ཆ་རིང་པོ་མ་བཤད་ན་དྲི་བ་གཏོང་མི་ཤེས་བ་འདི་དངོས་གནས་དྲང་གནས་ན་ཚ་ཆགས་འདུག ན་ཚ་ཧ་ཅང་སྡུག་ཅག་ཅིག་རེད་འདོད།
གོང་གི་དཔེ་མཚོན་འདི་གཅིག་པ་མ་རེད། དཔེ་མཚོན་ཧ་ཅང་མང་པོ་རེད།
དྲི་བ་ཉུང་ཉུང་དང་། བསམ་ཚུལ་ཐུང་ཙམ་ཤོད་རོགས་གནང་ཟེར་ནས་ཨ་རི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་གཙོ་སྐྱོང་བས་མི་མང་ལ་འབོལ་བསྐུལ་ཞུས་དང་ཞུ་བཞིན་པ་ག་དུས་ཡིན་ན་ཡང་གོ་རྒྱུ་འདུག
ཡིན་ན་ཡང་། ད་རེས་མི་མང་གིས་ཁ་ཕར་ལོག་ནས་དྲི་བ་ཐུང་ཐུང་གི་འབོད་བསྐུལ་འདི་ཞུས་བ་ཞིག་རེད།
དེ་གལ་ཆེན་པོ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། དྲི་བ་ཐུང་ཙམ་དྲིས་ནས་དྲི་ལན་རིང་ཙམ་འདེབས་རྒྱུ་ཡོད་ཞིག་བཟོ་དགོས་གི་རེད། དེ་ནི་ཧ་ཅང་གལ་ཆེན་པོ་རེད། དེར་གསར་འགོད་པ་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་རེད། ཡིན་ན་ཡང་།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་འདི་ནི་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པའི་གལ་གནད་ཆེ་བའི་རྩ་དོན་བགྲོ་གླེང་བྱེད་སའི་མཛོད་ཁང་ལྟ་བུ་ཞིག་ཏུ་སོང་བས། ལས་རིམ་འདིར་དོ་སྣང་ཡོད་པའི་རྒྱ་ཆེའི་བོད་མི་མང་བོ་ཞིག་ལ་ཕན་པ་ཆེན་པོ་ཡོད་པ་ཞིག་ཡིན།
ཁྱེད་ཅག་གིས་ཁོང་ཚོར་ལེགས་བཅོས་ཉེས་འགོག་གི་འབོད་པ་དང་བསྐུལ་མ་བྱེད་འོས་ན་ཡང་། མ་རུང་གུས་མེད་ཀྱི་ཚིག་མཚོན་གང་དྲན་དྲན་དུ་འདེབས་མི་རུང་ཡ། མཁྱེན་ལྡན་དྲ་གྲོགས་རྣམ་པ།
གསར་འགོད་པས་ཁྱོན་རང་ནས་བསམ་ཚུལ་བཤད་མི་ཆོག་པ་ཅི་ལ་ཡིན། འོན་ཀྱང་། བསམ་ཚུལ་བཤད་དུས་བསམ་ཚུལ་བཤད་སའི་གནས་ཚུལ་ལ་རྒྱུས་ལོན་ཡོད་དགོས་རྒྱུ་གལ་ཆེ་གི་འདོད། གནས་ཚུལ་ལ་རྒྱུས་ལོན་མེད་པར་བསམ་ཚུལ་བཤད་ན། བསམ་ཚུལ་དང་གནས་ཚུལ་འགལ་བ་ཆགས་འགྲོ་རྒྱུའི་ཉེན་ཁ་ཡོད་རེད།
གོང་དུ། ཀུན་གླེང་གི་གསར་འགོད་པས་གྲོས་ཆོད་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་མེད་ཙང་། བསམ་ཚུལ་གང་བཤད་པ་དེ་དངོས་ཡོད་གནས་ཚུལ་དང་འགལ་བ་རེད། འགལ་བ་ཡིན་ཙང་། དྲི་ལན་གནང་མཁན་ཟམ་གདོང་རིན་པོ་ཆེེས་གྲོས་ཆོད་སླེབས་ཡོད་པ་མ་རེད་ཞེས་ཁ་གསལ་བོའི་སྒོ་ནས་གསུངས་སོང་།
ཉེ་ཆར་(LarryKing)ལགས་ནས་༧གོང་ས་མཆོག་ལ་བཅར་འདྲི་བྱས་དེར་ཅིག་གཟིགས་དང་། http://www.youtube.com/watch?v=OF9F5E4gRpo དྲི་བ་གཏོང་སྟངས་ཀྱི་ལེགས་ཆ་ལེན་རྒྱུ་དེ་ན་འདུག་བསམ།
གསར་འགོད་པས་དྲི་བ་མ་དྲིས་གོང་དཔྱད་གླེང་བྱེད་རྒྱུའི་གནས་དོན་སྒང་འགྲེལ་བཤད་གང་མཚམས་རྒྱག་དགོས་རྒྱུའང་གལ་ཆེན་པོ་རེད།
ཀུན་གླེང་ལྟ་བུར་མཚོན་ན། བཙལ་བྱོལ་ནང་གི་བོད་པ་ཙམ་ཟད། བོད་ནང་ནའང་ཉན་མཁན་མང་པོ་ཡོད་པས། ཕྱི་ལོགས་ཀྱི་བོད་པ་ཚོས་བགྲོ་གླེང་གི་བརྗོད་གཞི་གང་མཚམས་ངེས་ཀྱིན་ཡོད་ནའང་། བོད་ནང་གི་བོད་མི་ཚོར་བགྲོ་གླེང་དངོས་གཞིའི་སྔོན་དུ་འགྲེལ་བརྗོད་དམ་ངོ་སྤྲོད་ཅིག་ཏན་ཏན་དགོས་གི་ཡོད་ཙང་། ཀུན་གླེང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་གསར་འགོད་པས་སྐབས་སུ་སྐབས་སུ་དྲི་བ་དངོས་ཀྱི་སྒང་མ་སླེབས་སྔོན་འགྲེལ་བརྗོད་གང་མང་བྱེད་ཀྱིན་པའང་ངོམ་སོ་བྱེད་པ་དང་མཁས་ཉམས་སྟོན་པ་མི་ཡིན་པར། བོད་ནང་གི་གསར་འགྱུར་ཉན་མཁན་རྣམས་ལ་བསམས་ཤིང་དམིགས་པ་ཡིན་པ་མ་རེད་དམ།
ཀུན་གླེང་ཚང་གི་རྡོ་རྗེ་ཚེ་བརྟན་ཡག་པོ་འདུག ཚང་མས་ཁོང་ལ་སློབ་སྦྱོང་བྱོས།
ད་མོ་མོ་བཟོ་བའི་ཤ་འཐག་གི་ཡོད་ས་རེད། ངས་ཀྱང་འཐག་རོགས་བྱེད། དཔེ་མཚོན་ཁ་ཤས་གསར་བ་བཤད་རྒྱུ་ཡོད་མོད། མི་སྒེར་བར་གནོད་སྲིད་པས་སྤྱི་བཤད་བྱེད་ཀྱི་ཡིན། སོ་སོས་ས་གནས་གཞན་ཞིག་གི་གནས་ཚུལ་ལེན་དགོས་ན། ས་གནས་དེའི་མི་ལས་རྒྱུས་ཆེ་བ་ཡོད་པ་མ་རེད། དེའི་རྐྱེན་གྱིས་དྲི་བ་བཀོད་ས་དེས་འགྲེལ་བཤད་ཡག་གི་རེད། གསར་འགོད་པས་འདྲ་ཆགས་པོ་བཟོས་པ་ཡིན་པའི་ཁུངས་ཡིན་ན་ཡང་། གསར་འགྱུར་ཟེར་བ་དེ་བཅོས་སྒྲུང་མ་རེད། དེ་གནས་ཚུལ་གསལ་བོར་བཤད་དགོས་པ་རེད། དེའི་རྐྱེན་གྱིས་གེ་སར་སྒྲུང་གླུ་ལྟར་ལེན་དགོས་པ་མ་རེད་ལ། བྱ་སྤྲེལ་གཏམ་རྒྱུད་ལྟར་ཡང་བཤད་དགོས་པ་མ་རེད་།
བོད་ཀྱི་བུ་ཡི་བསམ་ཚུལ་ལ་ལན་འདི་ཡིན།
དང་པོ།
གལ་སྲིད་བཅར་འདྲིའི་བརྗོད་གཞི་དེ་བོད་ནང་གི་རྒྱ་ཆེའི་མི་མང་ལ་དམིགས་ཀྱི་ཡོད་ན། གསར་འགོད་པས་བོད་ནང་གི་མི་མང་ལ་དམིགས་ནས་དྲི་བ་གཏོང་དགོས་རེད།
གསར་འགོད་པས་བོད་ནང་གི་མི་མང་ལ་དམིགས་པའི་དྲི་བ་གྲ་སྒྲིག་བྱེད་དགོས་རེད། དེ་གཉིས་ཐུབ་ན། གང་ལ་དམིགས་པ་དེས་གོ་ཐུབ་རྒྱུའི་རེ་བ་ཡོད་རེད།
དྲི་ལན་གནང་མཁན་གྱིས་ལན་ཁ་གསལ་སྐྱོན་གི་མེད་ན། དམིགས་སའི་གནད་དོན་རང་གི་སྒང་ལ་དྲི་བ་བཏང་ཆོག་གི་རེད། དྲི་ལན་བར་གཅོད་བྱས་ནས་བསྐྱར་དུ་དྲི་བ་བཏང་ཆོག་གི་རེད། གང་ལྟར། དྲི་བ་གཏོང་མཁན་གྱི་བསམ་ཚུལ་གལ་ཆེན་པོ་མ་རེད། དྲི་ལན་གནང་མཁན་གྱི་བསམ་ཚུལ་གལ་ཆེན་པོ་རེད། འདི་གཉིས་མ་ནོར་བ་བྱེད་དགོས།
གཉིས།
གལ་སྲིད་འདྲི་བྱའི་གནད་དོན་དེ་བོད་ནང་གི་མི་མང་གིས་མཁྱེན་གི་མེད་ན། དེ་ལ་འགྲེལ་བརྗོད་དྲི་བ་གཏོང་མཁན་གྱིས་བྱེད་དགོས་མ་རེད། དྲི་ལན་གནང་མཁན་ལ་བྱེད་འཇུག་དགོས་རེད། དཔེར་ན། བོད་རྒྱ་འབྲེལ་མོལ་ཟེར་བ་འདི་བོད་ནང་གི་ཉན་མཁན་རྣམས་ལ་གསར་བ་ཡིན་ན། དྲི་བ་གཏོང་མཁན་གསར་འགོད་པས། དྲི་ལན་གནང་མཁན་ལ། བོད་རྒྱ་འབྲེལ་མོལ་ལབ་ན་ག་རེ་རེད་ཞེས་དྲི་བའི་ངོ་བོར་བཟོས་ནས་བཏང་ཆོག་གི་རེད། དེའི་འགྲེལ་བཤད་དེ་དྲི་ལན་གནང་མཁན་གྱི་རྩ་ནས་ཡོང་གི་རེད།
གསུམ་།
དྲི་བ་གཏོང་མཁན་གསར་འགོད་པའི་ལས་འགན་གཙོ་བོ་དེ་དྲི་བ་གྲ་སྒྲིག་བྱེད་རྒྱུ་དེ་རེད། ཉན་མཁན་རྣམ་པའི་སླད་དུ་དྲི་བ་བཟོ་རྒྱུ་དེ་རེད།
སྐད་ཆ་རིང་པོ་བཤད་པ་དང་སྒེར་གྱི་བསམ་ཚུལ་བཤད་སྟངས་དེ་དྲི་བ་གཏོང་མཁན་གྱི་ལས་ཀ་མ་རེད།
རིག་འབྱུང་ཁ་མང་།
ངས་གསར་འགོད་པས་བགྲོ་གླེང་གནང་བྱའི་སྒང་འགྲེལ་བརྗོད་གང་མཚམས་ཤིག་ཏན་ཏན་དགོས་ཀི་རེད་ལབ་ཡོད་པ་ལས། དྲི་བ་འདོན་མཁན་གྱི་བསམ་ཚུལ་གལ་ཆེན་པོ་རེད་དང་། དྲི་བ་གཏོང་མཁན་གསར་འགོད་པ་སྒེར་གྱི་བསམ་ཚུལ་རིང་པོ་བཤད་དགོས་རེད་ཅེས་གང་ན་ལབ་འདུག
ཕྱི་རྒྱལ་གསར་འགོད་པ་དེ་ཚོས་ཀྱང་དྲི་བ་རེ་རེ་མ་དྲིས་གོང་གླེང་བྱའི་སྒང་འགྲེལ་བཤད་རྒྱག་ཀྱིན་པ་མ་མཐོང་ངམ།
ཨ་རི་རྒྱལ་སའི་བོད་མི་གསར་འགོད་པ་དེ་ཚོ་གསར་འགོད་སློབ་་སྦྱོང་ཆེད་ཐོན་པ་དེ་འདྲ་ཡིན་ཚོད་མི་འདུག་ད།།
འོ། ད་དུང་དོན་བཀྲ་ལགས་ཀྱིས་དྲི་བ་གཏོང་མཁན་གྱིས་ལས་ཀ་འདི་རེད་དང་དེ་ནི་མ་ཡིན་ནོ་ཞེས་ཁྲིམས་དཔོན་ཆེན་མོས་ཐོ་བས་གཞུས་ནས་ཐག་བཅད་འདུག
ཁྱེད་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་འདྲ་ཞིག་ཀྱང་ཡོད་འདུག་པས། གསལ་བཤད་གནང་བའི་ཁོམ་ལོང་འདྲ་་ཡོད་ན་བདག་ལྟ་བུར་་ཕན་ཐོགས་ས་རེད་འདུག
ལས་ཀ་གང་ཞིག་ཡིན་ན་ཡང་རང་རང་གི་ལག་ཏུ་བཞག་ན་ད་གཟོད་ཤེས་ཐུབ། འདི་ནི་ངའི་ཉམས་མྱོང་ཡིན།
ཡ་ཡ། ད་ང་ལ་བཀའ་བཀྱོན་གཏོང་རོགས། མུ་མཐུད་དུ་གཏོང་རོགས་གནང། ངའི་བསམ་ཚུལ་འདིའི་ཐོག་ལ་དགག་པ་ཆར་བ་འབབ་གནང་རོགས།
ངེད་ཀྱིས་དང་པོ་ནས་བཤད་ཡོད། རྩོམ་འདི་གང་ཟག་སྒེར་ལ་དམིགས་པ་ཞིག་མིན་པ་མ་ཟད། འདི་སྒེར་ལ་དམིགས་པའི་བརྣབ་སེམས་དང་གནོད་སེམས། ལོག་ལྟ་སོགས་མིན་ལབ་ཡོད།
དེར་བརྟེན། བསམ་ཚུལ་མི་མཐུན་པ་བཤད་ན་དགའ་བསུ་ཡོད། བཀའ་བཀྱོན་བཏང་ན་བརྩི་བཀུར་ཡོད། དེ་ཙམ་ཡིན།
ཉེ་ཆར་(LarryKing)ལགས་ནས་༧གོང་ས་མཆོག་ལ་བཅར་འདྲི་བྱས་དེར་ཅིག་གཟིགས་དང་། http://www.youtube.com/watch?v=OF9F5E4gRpo
zôh-ˆÛ-¾ïGÅ-‚P-Pô-¤-ÁïÅ-qºÛ-zôh-¤Û-±ô-¶×¼×a-ÅÛ×-¾-wïzÅ-ÁôG Pô-vôh-»G-qô-ŸÛG-‚ïh-VôG
བོད་ཀྱི་ལེགས་བྱང་ངོ་མ་ཤེས་པའི་བོད་མི་ཚོ་ཝཱརཱཎ་སཱི་ལ་ཕེབས་ཤོག ངོ་སྤྲོད་ཡག་པོ་ཞིག་བྱེད་ཆོག
གསར་འགྱུར་བཤད་པ་། དྲི་བ་འདོན་པ། བསམ་ཚུལ་བཤད་པ་འདི་གསུམ་རྩ་་པ་ནས་ཁ་ཁ་རེད་། དེ་ཆེད་ལས་པ་ཞིག་པར་ཞོག་ཀ་རྟ་མགོ་ཙན་ཡང་མི་ཤེས་མཁན་ཞིག་ཡིན་རུང་།འདི་གསུམ་ལ་ཁྱད་པར་ཕྱེ་ཐུབ་གི་རེད་། འདི་གསུམ་ལ་དབྱེ་འབྱེད་བྱེད་ཐུབ་གི་མེད་ན་མི་དེ་ཧ་ཅང་གི་ཉན་ཁ་ཚ་བོ་ཞིག་ལ་སླེབ་ཡོད་པ་རེད་ད།
དཔེརན། ཚང་མས་ཇ་འཐུང་གྱིན་འདུག། ཚང་མས་ཇ་འཐུང་བཞིན་ཡོད་དམ། ཚང་མས་ཇ་འཐུང་ན་ལེགས་། སྐད་ཆ་འདི་གསུམ་ལ་ཁྱད་པར་ཕྱེ་ཐུབ་གི་མེད་ན་། མཉན་མྱོང་མ་མྱོང་གི་སྐད་ཆ་ཕར་ཞོགས། རིན་འགྲོ་ཞིག་སྒྲུབས་མི་ཐུབ་ན་ཡང་། སྨན་པ་ལ་སྟོན་རན་པ་ཐག་གི་ཆོད་པ་རེད་།
ལེགས་བྱང་གི་དོན་དེ་ཝཱརཱཎ་སཱི་ནས་མ་གཏོག་བཤད་ཆོག་གི་མེད་པ་རེད་དམ། དེ་ཡིན་བདེན་པས་འུ་ཚུགས་ནང་གི་རྙན་རྒྱུད་གསང་བས་དུམ་བུ་ཞིག་ཡིན་རྒྱ་རེད་། སྐབས་ཞིག་རང་ཝཱརཱཎ་སཱི་་ཡོང་མི་ཐུབ་པས་གཏེར་ལ་སྦས་རོགས་། ཨ་ལ་རྩེ་མོ་ཞུས་གི་ཡོད་། དྲ་ཐོག་འདིར་འབྲེལ་བཤདགནང་ན་མི་ཉུང་བ་ཞིག་ལ་ཕན་ཐོག་གི་རེད་།
རྩོམ་འདི་བྲིས་ནས་ཉིན་གསུམ་ཕྱིན་པའི་དེ་རིང་དགོངས་དག་ཚིག་གཅིག་ཞུ་དགོས་བྱུང་།
དེ་ནི་ངེད་ཀྱིས་རྩོམ་འདིའི་མཇུག་ཏུ་(བོད་ཀྱི་གསར་འགོད་པ་ཚོ་)ཞེས་བའི་ཚིག་གཅིག་ཤོར་འདུག་པས་ཡིན། ངེད་རང་སྒེར་གྱི་བསམ་བློ་དང་ཀུན་སློང་གི་ངོས་ནས་རྩོམ་ཐུང་འདི་བོད་ཀྱི་གསར་འགོད་པ་ཚང་མར་རྒྱུགས་པ་ལེབ་རྡུང་མིན་རུང་། ཚིག་གི་ངོས་ནས་དེ་འདྲ་ཞིག་ཆགས་ཡོད་པ་འདྲ། དེར་བརྟེན། ཚིག་འདི་ལག་ནས་ཤོར་བ་ལ། ཐག་ཉེ་རིང་གི་གསར་འགོད་པ་ཚང་མར་དགོངས་དག་ཞུ་བཞིན་ཡོད། དེ་ཙམ་ཡིན།
ེངོས་རང་སྤྱིར་འཛམ་གླིང་གི་འཛམ་གླིང་གི་གསར་འགྱུར་དང།
བྱེ་བྲག་ཏུ་བོད་གསར་འགྱུར་ཉན་གྱུར་དགའ་མོས་ཡོད་མཁན་ཞིག་ཡིན། འོན་ཀྱང་ rfatibetanཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་དང་ voatibetan/ སོགས་ཀྱི་སྒྲ་མཛོད་དང་ཡིག་གེའི་གསར་འགྱུར་གཉིས་ཀ་ལ་བལྟ་དུས།
དེར་འཛམ་གླིང་གི་གསར་འགྱུར་གལ་ཆེ་ཁག་མཐོང་དང་ཐོས་རྒྱུ་ཤིན་ཏུ་དཀོན། དེར་བརྟེན་ང་ཚོའི་གསར་འགོད་པ་ཚོས་འཛམ་གི་འཛམ་གླིང་གསར་འགྱུར་གལ་ཆེ་ཁག་བཤད་རྒྱུ་ཤིན་ཏུ་གལ་ཆེ། དེ་མིན་བྱང་ཀོར་ཡི་ཡ་དང་རྒྱ་ནག་གི་གསར་འགྱུར་བཤད་པ་དང་གཅིག་མཚུངས་ཆགས་པའི་ཉན་ཁ་འདུག
གསར་འགོད་པས་ཚོས་ཀྱང་གསར་འགྱུར་བཤད་སྐབས་སུ། དཔེར་ན་གོང་ས་མཆོག་ཇ་མུ་ཀ་ཤི་མིར་ཁུལ་དུ་ཕེབས་སྐབས་སུ་ཆ་བཞག་ནས་གསར་འགྱུར་ཤོད་སྐབས།
ས་གནས་དེ་ཡི་ཕྱི་རོལ་དུ་གནས་པའི་འཛམ་གླིང་མི་རྣམས་ཀྱི་གསར་འགྱུར་ཉན་སྐབས་ས་གནས་དེ་ཡི་གནས་སྟངས་སམ་ལོ་རྒྱུས་ཁྲ་ལམ་མེར་འཆར་ཐུབ་པའི་གསར་འགྱུར་ཤོད་དགོས་འདུག
དཔེར་ན། བི་བི་སི་ཡི་གསར་འགོད་པས་གསར་འགྱུར་ཤོད་དུས་མགོ་བརྗོད་སོགས་རྒྱས་ཤོད་མི་བྱེད་པར་ཁ་རི་ཁ་ཐུག་གི་གནས་ཚུལ་བཤད་དུས་ས་གནས་དེ་ཡི་གནས་སྟངས་ཆ་ཚང་འདི་འདྲ་ཞིག་རེད་སྙམས་པའི་བློ་ངོར་འཆར་བདེ་བ་ཡོང་གི་འདུག་པས་མིག་དཔེ་བལྟ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བའོ།
ཀྱེད་རྣམས་ཀྱང་ཉམས་མྱོང་རིམས་པར་བསགས་ཏེ་ཡར་རྒྱས་གཏོང་པའི་རེ་བ་ཡོད
འདི་ནི་སྐྱོན་བརྗོད་མ་ཡིན
འདི་ནི་ཉམས་མྱོངས་ཡིན།
འདི་ནི་དགག་པ་མ་ཡིན།
འདི་ནི་བསྒྲུབ་པ་ཡིན།
ནོར་བཅོས།
འཛམ་གླིང་གི་ཞེས་གཉིས་འབྲི་ནོར་ཤོད་འདུག
འཛམ་གི་ཞེས་བསུབ་རོགས
བྱིས་པ་ཆུང་ཆུང་བསམ་བློ་རྒས་འདུག ཧ་ཅང་ཡག་པོ་འདུག མུ་མཐུད་དུ་འགོད་རོགས
བོད་ནང་ནས་ཁ་བརྡ་ྐློག་མཁན་དང་ཁ་བརྡའི་སྒང་ལ་མཆན་བུ་རྒྱག་མཁན་ཚོར་ང་ཚོས་དགའ་བསུ་ཞུ་བཞིན་ཡོད།
འོན་ཀྱང་། ཁྱེད་ཚོས་དངོས་མིང་མ་བཀོད་པར་སྨྱུག་མིང་དང་གསང་མིང་གང་རུང་འགོད་རོགས།
འདི་གཙོ་བོ་ཁྱེད་ཚོའི་བདེ་འཇགས་ཀྱི་སླད་དུ་ཡིན། ཁྱེད་ཚོས་ཁ་བརྡར་རྩོམ་ཡིག་བསྐུར་ན།
གློག་འཕྲིན་ཁ་བྱང་གཤམ་གསལ་ཡིན།
info@khabdha.org
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།