རྩོམ་པ་པོ། ཇཱ་ཡཱ་པཱ་ལན།
སྒྱུར་པ་པོ། གྱི་ན་བ་ལྷ་མོ་སྐྱབས།
དུས་རབས་བཅོ་བརྒྱད་ཀྱི་ཕྱེད་ཙམ་ནས་ལོ་རྒྱུས་ཀྱི་རིག་གནས་ལྟ་སྟངས་གསར་བ་ཞིག་ཏུ་སླེབས། དེ་ལ་འཆར་ཡན་སེམས་གཙོ་སྨྲ་རིང་ལུགས་ཟེར། འཆར་ཡན་སེམས་གཙོ་རིང་ལུགས་ཀྱི་གདོང་འཆོང་བ་མཚན་ཉིད་རིག་པ་སྨྲ་བ་རོའུ་སོ་Jean Jacques Rousseau (1712-1778) ཡིན། ཁོང་རང་ཉིད་ཤེས་སྟོབས་ཀྱི་ལངས་ཕྱོགས་ཤིག་ཏུ་ཡོད་ནའང་ཝོལ་ཁྲར་དང་མོན་ཁྲེ་སི་ཁེའུ་གཉིས་ཀྱིས་སྲིད་གཞུང་གི་བྱ་བཞག་ལ་བཟུང་བའི་དགག་བཞག་ལ་འགྲེལ་བརྗོད་བྱས་ཡོད། ཡིན་ན་ཡང་། སྒེར་གཅོད་རིང་ལུགས་པའི་རིགས་སུ་གྱུར་བ་དག་ཁོང་གི་ཁ་གཏད་ཡིན་པ་ལ་མ་ལྟོས་པར་སྤྱིར་བཏང་ཁོང་གིས་འཆར་ཡན་རིང་ལུགས་པ་ཞིག་གི་ལྟ་བ་བཟུང་ཡོད། ཁོལ་ལེན་ཝོའུ་ཊི་ལ་མཚོན་ན་” རོའུ་སོ་ཡིས་ལོ་རྒྱུས་དང་འབྲེལ་བའི་རྩ་དོན་ནི་འཛམ་གླིང་ཤེས་རིག་དར་བའི་ཉེ་རབས་ལོ་རྒྱུས་ཙམ་ལ་བཀོད་སྤྱོད་བྱེད་པ་ཁོ་ན་མ་ཡིན་པར་མི་རིགས་ཡོད་དོ་ཅོག་གི་ལོ་རྒྱུས་ལ་དུས་གསུམ་ཀུན་ཏུ་བཀོལ་སྤྱོད་ཆོག་པ་ཞིག་ཡིན། དམུ་རྒོད་དང་རྙིང་ཞེན་གྱི་དུས་རབས་དེ་དག་ཀྱང་འགྲོ་བ་མིའི་ཤེས་རབ་ཀྱི་ལོ་རྒྱུས་ཤིག་ཏུ་མི་འགྱུར་ནའང་འགྲོ་བ་མིའི་རེ་འདུན་གྱི་ལོ་རྒྱུས་ལྟ་བུ་ཞིག་ཏུ་འགྱུར་ངེས་ཞེས་བརྗོད།
རོའུ་སོ་ཡི་སློབ་མ་ལས་གཞན་པའི་འཆར་ཡན་ལོ་རྒྱུས་སྨྲ་བ་ཚོའི་ཁྲོད་ནས་ལྕམ་ཊེ་སི་ཊལ་ Madame de Staël ལགས་ཀྱིས་ལོ་རྒྱུས་སྨྲ་བ་ཁར་ཡེལ་Thomas Carlyle (1795-1881) ལ་ཤུགས་རྐྱེན་ཐེབས་པར་བརྗོད་ཆོག སྙན་ངག་པ་སི་ཀོ་ཁྲི་Sir Walter Scott (1771-1832) ཡི་རྩོམ་རིག་བརྩམས་ཆོས་དག་འཆར་ཡན་དུས་རབས་བར་མའི་བསྐྱེད་འབྲས་རྨད་དུ་བྱུང་བ་ཞིག་ཏུ་འཁུམས་ལ་དེ་ལས་བྱུང་བའི་བྱ་བཞག་རླབས་ཆེན་ཞིག་ནི་དུས་རབས་བར་མར་ཁ་གཏད་བཟུང་བའི་རྟོགས་སད་དུས་རབས་ཀྱི་ཕྱོགས་ཞེན་པ་རྣམས་སྤ་བཀོང་བར་བྱས་པ་དེའོ།།
ཧྥ་རན་སོ་སི་ནི་ལོ་རྒྱུས་སྨྲ་བ་ཁེ་ཊེའུ་བྷི་རན་ཊ་François René de Chateaubriand (1768-1848) ཁོང་དང་ལྷན་དུ་བསྡུར་ཆོག་པ་ཞིག་ཡིན། སྐུ་ཞབས་མོན་ཁྲི་ལེ་John Lothrop Motley (1814 – 1877) ནི་<<འཇན་མན་སྤྱི་མཐུན་གྱི་དར་རྒྱས་>>ཞེས་པའི་ཨ་རིའི་རྩོམ་པ་པོ་ཞིག་ཡིན་ལ་འཆར་ཡན་ལོ་རྒྱུས་སྨྲ་བའི་ཁོངས་སུ་གཏོགས། འཆར་ཡན་རིང་ལུགས་ཀྱི་བྱས་རྗེས་གཙོ་བོ་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་སྤྲོ་བ་ཞིག་གིས་ལོ་རྒྱུས་སྨྲ་བ་ཚོའི་ཁྲོད་ཀྱི་རྒྱལ་གཅེས་རིང་ལུགས་པ་དག་ལ་སྐུལ་ལྕགས་བྱས་ཡོད་ཅིང་དུས་རབས་བཅུ་དགུ་བའི་ནང་དུ་ལྟ་གྲུབ་དེ་ཤུགས་ཆེར་དར།
འཆར་ཡན་སེམས་གཙོ་རིང་ལུགས་ཀྱིས་འདས་སོང་ལ་གཞིགས་ཏེ་གལ་འགངས་ཆེ་བའི་བསམ་བློ་དག་ཆེས་ཆར་སྤེལ། དེ་ལས་ཀྱང་འཕེལ་རྒྱས་དང་རྒྱུན་འཁྱོང་གི་རྩ་བའི་འགྲེལ་བརྗོད་ཅིག་འདས་སོང་གི་ལོ་རྒྱུས་རྣམས་ལ་བཀྲལ་ཐབས་བྱས། སྐད་ཆ་དེ་དག་བསྒྲགས་མཁན་གྱི་བྱ་འགུལ་འདིའི་རྩོམ་པ་པོ་སྙན་གྲགས་ཅན་དག་ནི་ཧུར་ཊར་དང་ཁན་ཊི། ཧི་གྷལ་བཅས་ཡིན།
ཇོང་ཇེ་ཁུ། རོའུ་སོ། Jean Jacques Rousseau (1712-1778)
རོའུ་སོ་ནི་སྤྱི་ལོ་1712 ལོའི་ཟླ་ 6 པའི་ཚེས་ 28 ཉིན་གྷེ་ནེ་བ་ཁྱིམ་ཚང་སྐྱོ་བོ་ཤིག་ཏུ་སྐྱེས།ཁོང་གཞོན་དུས་ནས་ཨ་མ་འདས་གྲོངས་སུ་གྱུར།ཁོའི་ཨ་ཕ་ཡང་སོ་ལྟ་བ་ཞིག་ཡིན་ཙ་ན་བུ་ཕྲུག་ལ་ཤེས་ཡོན་དུས་ཐོག་ཏུ་སྤྲོད་མ་ཐུབ། 1762 ལོར་སྤྱིར་བཏང་གི་རྩོམ་རིག་ཁྲོད་དུ་ཁོང་སྙན་གྲགས་རྒྱས། ཁོང་གི་བརྩམས་ཆོས་གྲགས་ཅན་དེ་ནི་<<སྤྱི་ཚོགས་གན་རྒྱའི་རྣམ་གཞག>>ཅེས་པ་ཡིན་ཞིང་1762 ལོར་པར་བསྐྲུན་བྱས། དེ་ནི་ཧྥ་རན་སི་གསར་བརྗེ་ཡི་ཡེ་ཤུ་གསུང་རབ་ལྟ་བུར་བརྩི། དེ་ནི་སྲོལ་རྒྱུན་རྩོམ་རིག་གྲགས་ཅན་ཞིག་ཡིན་ལ་ཁོང་ནི་འཆར་ཡན་རིང་ལུགས་ཀྱི་སྒོ་ཐེམ་དུ་བསྒྲངས་བ་ཞིག་དང་རྟོགས་སད་དུས་རབས་གཉི་ག་ཟུང་དུ་བསྡེབས་པའི་བསམ་བློ་མཁན་ཞིག་ཀྱང་ཡིན།
ཁོང་གིས་མིའི་ལྷན་སྐྱེས་་རང་གཤིས་བཟང་བོ་ཞིག་ཏུ་ཁས་མཆེ་བ་ཡིན་པས་ན་སྔོན་ཆད་ཀྱི་མི་དག་ལ་བཏོན་པའི་ལྟ་ཚུལ་ནི་ཧ་ཅང་འཆར་ཡན་ཆེས་ཆེར་ལྡན། ཁོ་རང་ཉིད་ཀྱིས་ལོ་རྒྱུས་ཀྱི་ལམ་ནས་ཅུང་ཟད་ལས་བྲིས་མེད་ན་ཡང་། ཁོང་གི་བསམ་བློ་དང་བརྩམས་ཆོས་ཀྱིས་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཐེབས། བྷར་གྷི་སོན་ལ་མཚོན་ན་ཌེ་ཁར་ཌི་ནས་བཟུང་འགྲོ་བ་མིའི་སེམས་ཀྱིས་ཉམས་མྱོང་མང་ཤོས་བསགས་ཤིང་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་རོའུ་སོ་ཡིན་ཞེས་ཀྱང་སྨྲས། ཁོང་གི་ཤུགས་རྐྱེན་གྱིས་མི་གཞན་དང་འདྲ་མཚུངས་སུ་འཇིག་རྟེན་ལ་ཤན་ཤུགས་ཐེབས་ཡོད། སྐུ་ཞབས་ཝེལ་པར་གྱིས་ཁོང་གི་ལྷན་སྐྱེས་ཀྱི་རིག་སྟོབས་ཀྱིས་སྲིད་དོན་རིག་པ་དང་སློབ་གསོ། ཆོས་ལུགས་དང་རྩོམ་རིག་བཅས་ཀྱི་ཁྲོད་དུ་མཚོན་རྟགས་ཤིག་བཞག་ཡོད་པ་རེད། ཁོང་ནི་བགྲོད་ལམ་མཐའ་དག་གི་འཛུལ་སྒོ་ལས་རྙེད་ཅིང་ད་ལྟ་བར་སྣེ་འདྲེན་པ་ཞིག་ཏུ་གྱུར། ཁོང་གི་བརྩམས་ཆོས་<<སྤྱི་ཚོགས་གན་རྒྱའི་རྣམ་གཞག>>གིས་ཁོང་ལ་མིང་བྱང་དང་སྙན་གྲགས་ལེགས་པོ་ཞིག་བསྟབས་པ་རེད་ཅེས་ལང་སོན་གྱིས་བཤད་པ་ཡང་ཐལ་མི་དྲགས་པར་སྙམ་མོ།།
མཚན་ཉིད་རིག་པ་སྨྲ་བ་ཧུར་ཊར། Johann Gottfried von Herder (1744-1803)
ཧུར་ཊར་ནི་ལོ་རྒྱུས་མཚན་ཉིད་རིག་པའི་སྲོལ་འབྱེད་པ་ཞིག་ཡིན་ལ་སྦྱོང་ཚན་དེའི་སྟེང་དུ་འཇར་མན་གྱི་དགེ་རྒན་ཆེན་མོ་ཞིག་ཡིན། ཁོང་གིས་རང་བྱུང་ཁོར་ཡུག་གི་སྔ་ཕྱི་འབྲེལ་བའི་བར་གྱི་འགྲོ་བ་མིའི་འདས་སོང་གི་ལོ་རྒྱུས་ལ་དོ་སྣང་བྱས་ཡོད།
ཁོང་གིས་ཆོས་ལུགས་རིག་པ་སློབ་གཉེར་གནང་ཞིང་ཚེ་སྟོད་དུ་ཁན་ཊིས་ཤུགས་རྐྱེན་བཞག་ཡོད་མོད། ཕྱིས་སུ་ཁོང་འཇན་མན་གྱི་མཚན་ཉིད་རིག་པ་ཚོ་དང་ལྷན་དུ་རྩོད་རྙོག་ཏུ་ཚུད། ཧུར་ཊར་ནི་རྩོམ་རིག སྒྱུ་རྩལ། སྐད་ཡིགཆོས་ལུགས། ལོ་རྒྱུས་ཀྱི་འཕེལ་རྒྱས་བཅས་ལ་སྤྲོ་སྣང་མངའ་ཞིང་ཁོང་གི་ལོ་རྒྱུས་གཞུང་ལུགས་ཐོག་ཏུ་བརྩམས་ཆོས་གྲགས་ཆེ་ཤོས་<<འགྲོ་བ་མིའི་ལོ་རྒྱུས་མཚན་ཉིད་རིག་པའི་བསམ་བློ་>>ཞེས་པ་དེ་ཡིན། ཁོས་རང་ཉིད་ཀྱི་བརྩམས་ཆོས་ནང་དུ་ཆོས་དང་རང་བྱུང་གི་འཇིག་རྟེན་བར་གྱི་འབྲེལ་བ་བསྟན་ཡོད། ཁོང་གིས་ལོ་རྒྱུས་ལ་བཟུང་བའི་ལྟ་ཚུལ་དག་གི་མདོར་བསྟན་གཤམ་གྱི་འདི་དག་ཡིན།
1) འགྲོ་བ་མིའི་རང་བཞིན་མཐར་ཐུག་དང་འགྲོ་བ་མི་ཡིན་པ་རྟོགས་སྲིད་ཅིང་དཀོན་མཆོག་གིས་ཁོང་ཚོའི་ལས་དབང་རང་ཉིད་ཀྱི་ལག་ཏུ་བཞག་ཡོད་པ་རྟོགས་པར་བྱེད་དགོས།
2) འདས་སོང་ལ་ཕྱིར་རྟོག་བྱེད་པ་དེས་མ་འོངས་པ་ཕུན་སུམ་ཚོགས་པ་ཞིག་ཏུ་འཁྲིད་ནུས་པ་ཡིན།
3) དཔལ་ཡོན་ནི་མེ་ཏོག་གི་རང་བཞིན་ཇི་བཞིན་མི་ཡིས་ཆེས་མཐོ་བའི་འཕེལ་རྒྱས་ཀྱི་ཚད་དེར་སླེབས་པར་རང་ཉིད་ཀྱིས་སྐྲུན་པར་བྱེད་དགོས།
4) འགྲོ་བ་མིའི་སེམས་ཀྱི་རང་གཤིས་དང་དཔྱོད་ཤེས། གནས་ལུགས་དང་དྲང་བདེན་དག་དུས་ཀྱི་འཕེལ་རིམ་ཁྲོད་དུ་མི་ལས་འབྱུང་ངེས་ལ་འགྲོ་བ་མའི་འཇིག་རྟེན་མཐོར་འདེགས་གཏོང་ངེས།
5) མི་བཟང་པོ་གཅིག་གིས་འགྲོ་བ་མིའི་ལས་དབང་བསྒྱུར་བར་བྱེད།
ཁོང་གིས་རང་བྱུང་དང་འགྲོ་བ་མིའི་བར་གྱི་དཀའ་ངལ་དག་གི་སྐོར་རིམ་གྱིས་བྱུང་བའི་རྩོམ་པ་པོ་རྣམས་ཀྱི་ལྟ་ཚུལ་ཕྱོགས་བསྡུས་བྱས་པ་ཞིག་ལས་མ་འདས།ཧུར་ཊར་ལ་མཚོན་ན་ནང་སེམས་ཀྱི་རྟོགས་པ་དང་རང་བཞིན་བསྔགས་པར་འོས་པ་ཞིག་ཡིན་ལ་ཁོང་གིས་མི་རིགས་འདྲ་མིན་ཁྲོད་ལྷན་སྐྱེས་ཀྱི་རང་བཞིན་དག་འགྲེལ་བརྗོད་བྱེད་པར་འབད་འབུངས་བྱས་ཡོད་དོ།།
མཚན་ཉིད་རིག་པ་སྨྲ་བ་ཨེམ་མེ་ནོལ་ཁན་ཌི། Immanuel Kant (1724-1804)
ཁན་ཌི་ནི་འཇར་མན་དུ་བྱུང་བའི་ཆེས་སྙན་གྲགས་ཅན་གྱི་མཚན་ཉིད་རིག་སྨྲ་བ་དེ་ཡིན། ཁོང་ཁོ་ནེ་གྷ་སི་བྷར་གྷི་ལ་སྐུ་འཁྲུངས་ཤིང་གཞི་རྩའི་ཁོང་ཆོས་ལུགས་རིག་པ་དང་མཚན་ཉིད་རིག་པ། ཨང་རྩིས་རིག་པ་བཅས་ཀྱི་སློབ་གཉེར་བ་ཞིག་ཡིན། ཁོང་གི་བརྩམས་ཆོས་གྲགས་ཅན་<<ལྷད་མེད་རིགས་པའི་མཐའ་དཔྱོད་>>ནང་དུ་ཚན་རིག་ལ་མཐུན་པ་དང་ཨང་རྩིས་རིག་པའི་ཤེས་བྱར་གཟབ་ནན་བྱས་ཡོད། སྤྱི་ལོ་1784 ལོར་འཛམ་གླིང་སྤྱི་ཡོངས་ཀྱི་ལྟ་སྟངས་ཤིག་གི་སྒོ་ནས་<<ཡོངས་ཁྱབ་ཀྱི་ལོ་རྒྱུས་>>ཞེས་པའི་ལྟ་བའི་སྐོར་ལ་བསྟན་བཅོས་ཤིག་བརྩམས་ཡོད། དེར་ཁོང་གིས་ལོ་རྒྱུས་ཀྱི་བྱ་འགུལ་ལ་ཁུངས་སྐྱེལ་བྱེད་རུང་བ་དག་ལ་བརྟེན་ནས་ཆོས་ལུགས་རིག་པའི་རྩ་དོན་ཞིག་གི་ལྟ་ཚུལ་བཏོན།
ཁན་ཌི་ལ་མཚོན་ན་འགྲོ་བ་མིས་དང་ལེན་བྱེད་དགོས་པའི་རང་བྱུང་གི་སྒྲིག་ཁྲིམས་ཤིག་ཡོད་པར་བསྙད། འདས་སོང་ལ་སློབ་སྦྱོང་བྱེད་པ་ནི་འགྲོ་བ་མིའི་ཀུན་སྤྱོད་དབང་སྒྱུར་བྱེད་པའི་ཁྲིམས་སྲོལ་ཞིག་ཏུ་འདོད། ཁོང་གིས་བྱས་ན་རང་བྱུང་གི་གདམ་གའམ་འཆར་འགོད་ནི་འགྲོ་བ་མིའི་འཕེལ་རྒྱས་ཡིན།
ཁོལ་ལེན་ཝོས་ཊི་ཡིས་ཁན་ཌིའི་རྩོད་གླེང་གི་ཚིག་འདི་དག་གི་ནང་དུ་བསྡུས་ཡོད་”ལོ་རྒྱུས་ནི་རྣམ་དཔྱོད་ལ་གཞོལ་བའི་འཕེལ་རྒྱས་ཤིག་རེད། རང་བྱུང་གི་དམིགས་བྱ་ནི་མིའི་དཔྱོད་ཤེས་མཐོར་འདེགས་སུ་སླེབས་རྒྱུ་ཙམ་མ་ཟད་དེ་ནི་མི་ཞིག་གི་མི་ཚེ་ཙམ་མ་ཡིན་པར་འགྲོ་བ་མིའི་ལོ་རྒྱུས་ཁྲོད་དུ་རྟོགས་དགོས་པ་འབའ་ཞིག་ཡིན་”ཞེས་དང་། ཁན་ཌིའི་ལོ་རྒྱུས་གཞུང་ལུགས་ཁོ་རང་ཉིད་ཀྱི་བསམ་ཕྱོགས་ཁྲོད་ནས་འགྲེལ་བརྗོད་བྱས་ཡོད་དེ་”སྤྱི་ཚོགས་ཀྱི་གནས་བབས་ལ་གཞོལ་བའི་འགྲན་རྩོད་ཀྱི་རྩ་དོན་ཞིག་ཡིན་”ཞེས་བརྗོད། བྷར་ནེ་སི་ཡིས་ཁན་ཊིའི་ལོ་རྒྱུས་གཞུང་ལུགས་སྟེང་དུ་རང་ཉིད་ཀྱི་བསམ་ཚུལ་བཏོན། ཁན་ཊིས་ཀུན་སྤྱོད་འཕེལ་རྒྱས་སྟེང་དུ་དོ་ཁུར་བྱས་ཡོད་ཅིང་དེ་ལྟ་བུའི་འཇིག་རྟེན་གྱི་གོ་རིམ་ནས་རྒྱབ་ཁབ་དག་ལ་དམག་འཁྲུག་མཚམས་བཞག་ཅིང་ཀུན་སྤྱོད་ཡར་རྒྱས་ཀྱི་གནས་སྟངས་ལེགས་པོ་ཞིག་སྐྲུན་པར་བྱེད་དགོས་པ་དེའོ། །
མཚན་ཉིད་རིག་པ་སྨྲ་བ་ཧྥ་རེ་ཊ་རི་ཆི། ཧི་གྷལ། Georg Wilhelm Friedrich Hegel (1770-1831)
སྤྱི་ལོ་ 1770 ལོར་ཧི་གྷལ་ནི་ལྷོ་འཇར་མན་གྱི་ཝར་ཁྲིམ་བྷར་གྷི་ནང་དུ་སི་ཊོམགྷར་ཊི་ལ་སྐུ་འཁྲུངས། ཁོང་གི་ཡབ་སྤྱི་ཚོགས་ཞབས་ཞུ་བ་ཞིག་རེད། སློབ་གྲྭའི་དུས་སྐབས་སུ་ཁོང་ནི་སྤྱང་གྲུང་ལྡན་པ་ཞིག་ཡིན། དེ་བཞིན་ཁོང་སློབ་གྲྭའི་བྱ་དགའ་ཡང་ཐོབ་མྱོང་ཡོད་ཅིང་ཏ་པི་ཇན་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་རིག་པ་སྦྱང་བརྩོན་གནང་། ཁོང་གི་གཞོན་དུས་ཧྥ་རན་སིའི་གསར་བརྗེའི་ཤུགས་རྐྱེན་ཐེབས་ཏེ་དེ་ནི་མཚར་སྡུག་ལྡན་པའི་སྐྱ་རེངས་ཤིག་ཏུ་སྨྲས། དུས་སྐབས་དེར་ཁོང་གིས་རོའུ་སོ་ཡི་བརྩམས་ཆོས་དག་དཔེ་ཀློག་བྱས། སྐབས་འགར་ཁོང་གིས་ཟུར་དགེ་ལྟ་བུ་ཞིག་གི་བྱ་བ་བསྒྲུབས་མྱོང་ལ་དེ་གར་ཁོང་གིས་ཡེ་ཤུ་སྟོན་པའི་མཛད་རྣམ་བྲིས། 1801 ལོར་ཁོང་ཇེ་ན་གཙུག་ལག་སློབ་གཉེར་ཁང་གི་གསུང་བཤད་པ་ཆགས་ཤིང་ཁན་ཊི་དང་ལྷན་དུ་འཇལ་འཕྲད་གནང་། ཧི་གྷལ་གྱིས་<<རྣམ་ཤེས་ཀྱི་སྣང་ཚུལ་རིག་པ་>>དང་<<གཏན་ཚིགས་རིག་པ་>>ཞེས་བྱ་བ། <<ཐོབ་ཐང་མཚན་ཉིད་རིག་པ་>>དང་<<ལོ་རྒྱུས་ཀྱི་མཚན་ཉིད་རིག་>>བཅས་མཛད།
ཧི་གྷལ་གྱི་སེམས་གཙོ་རིང་ལུགས་གསར་དུ་བཏོད་ནས་དངོས་སྟོབས་རྩོད་སྒྲུབ་རིག་པའི་མཚོན་ཆ་སྟོབས་ཤུགས་ཅན་ལ་བརྟེན་ནས་འཆར་ཡན་རིང་ལུགས་བརྩམས་ཆོས་རྫོགས་པར་བྱས། སྔོན་གྱི་བསམ་བློ་སྨྲ་བ་ཚོས་རང་བྱུང་བྱ་དངོས་དག་གི་བཀོད་པ་དང་ཀུན་སྤྱོད་ལྷན་དུ་འབྲེལ་ལམ་བསྐྱར་བསྒྲིགས་བྱེད་ཕྱིར་རྩོད་གླེང་ཤུགས་ཆེར་བྱུང་བས་ཧེ་གྷལ་ལ་བགྲོད་ལམ་ཞིག་གཏོད་ཡོད། སཱ་པ་ཡན་ G.H Sabine གྱིས་<<སྲིད་དོན་བསམ་བློའི་ལོ་རྒྱུས་>>ནང་དུ་”ཧི་གྷལ་གྱི་མཚན་ཉིད་རིག་པས་ཧྱུམ་དང་ཁན་ཊིའི་དཔྱད་ཞིབ་ཀྱིས་གང་ལོགས་སུ་དབྱེ་བ་རྣམས་དང་བཅས་པའི་དཔྱོད་ཤེས་ཀྱི་བརྗོད་དོན་རྒྱ་ཆེ་བ་ཞིག་སྩལ་ཡོད། སྒྲིག་གཞི་འདིའི་ལྟེ་བ་ནི་ཤེས་སྟོབས་ཀྱི་ཐབས་ལམ་གསར་བ་ཞིག་བསྐྲུན་པའི་གཏན་ཚིགས་གསར་མ་ཞིག་གིས་མཚོན་པ་ཡིན། འདི་ལ་ཁོང་གིས་རྩོད་སྒྲུབ་རིག་པ་ཟེར། ཧྥ་རན་སིའི་གསར་བརྗེ་ཡིས་ཁོང་གི་ལྟ་སྟངས་བསྒྱུར་ཡོད།
སེ་བྷན་ལ་མཚོན་ན་”ཧི་གྷལ་གྱི་རྩོད་སྒྲུབ་རིག་པ་ཞེས་པ་ནི་དོན་གྱིས་གསར་བརྗེ་དང་གསར་བསྐྲུན་གྱི་མཚོན་དོན་ཞིག་རེད། སྤྱི་ཚོགས་ཁྲོད་དུ་མིའི་རྩོལ་བ་མ་ཡིན་པའི་སྟོབས་ཤུགས་ལྷན་སྐྱེས་པ་དེ་ཡིས་དེའི་ལས་དབང་བསྒྱུར་བར་བྱེད་” ཅེས་བརྗོད། ཧི་གྷལ་ཆ་མཚོན་ན་འགྲོ་བ་མིའི་དཔལ་ཡོན་གྱི་འཕེལ་རྒྱས་དྲང་ཐིག་ཅིག་གི་ནང་ཡོད་པ་མ་ཡིན། དེ་ནི་ཀྱག་ཀྱོག་གི་གཡོ་འགུལ་ཞིག་ཏུ་མཆིས། མཚན་ཉིད་རིག་པའི་དམིགས་བྱ་ནི་རང་བྱུང་དང་ཉམས་མྱོང་མཐའ་དག་གི་བྱེད་སྒོ་ཀུན་གྱི་རང་བཞིན་རྟོགས་རྒྱུ་དང་དཔྱོད་ཤེས་ལ་གོ་རྟོགས་ཡོང་རྒྱུ་དེའོ།།
འཇིག་རྟེན་ནི་ཆེས་སྒུལ་ཤུགས་ཅན་ཞིག་ཡིན་ཞིང་མི་འགྱུར་བའི་རང་བཞིན་ཅན་ཞིག་མིན། བརྗོད་དོན་དངོས་ནི་ཡར་རྒྱས་ཀྱི་ཕྱོགས་སུ་ངང་ངམ་ཤུགས་ཀྱིས་བསྐྱོད་པའི་བརྒྱུད་རིམ་ཞིག་དང་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ཞིག་ཡིན། བྱུང་འཕེལ་གྱི་བརྒྱུད་རིམ་ཁྲོད་དུ་འཕེལ་རྒྱས་མ་བྱུང་བའི་ཆ་དེ་ནི་བསེལ་གྲོལ་ལ་བརྟེན་ནས་རྗེས་སུ་ལུས་པ་དག་འཕེལ་རྒྱས་ཅན་དུ་བསྒྱུར་བར་བྱ། དེ་ཡིས་ཆིག་སྒྲིལ་ལམ་གཅིག་གྱུར་དུ་སྒྱུར་བར་བྱེད་ལ་འཕེལ་རྒྱས་བྱུང་བའི་གནས་རིམ་མཐོ་ཤོས་དེ་ནི་དམའ་རིམ་གྱི་གོ་རྟོགས་ལ་རག་ལས་པ་ཡིན། དམའ་རིམ་གྱི་རྣམ་པ་དེ་མཐོ་རིམ་དང་ལྡོག་ཕྱོགས་སུ་ཡོད། ཧི་གྷལ་གྱིས་འཕེལ་འགྱུར་གྱི་བརྒྱུད་རམ་ཆ་ཚང་ཞིག་ལ་རྩོད་སྒྲུབ་རིག་པའི་མཚན་བྱང་སྩལ། རྩོད་སྒྲུབ་རིག་པ་ཞེས་པའི་ཐ་སྙད་དེ་ཐོག་མར་གྷི་རི་སིའི་བསམ་བློ་བ་དག་དང་སོ་ཧྥི་སི་ཊིའི་ལུགས་འཛིན་པ་རྣམས་ཀྱིས་བཀོད་སྤྱོད་བྱས།
ཧི་གྷལ་ལྟར་ན་རྩོད་སྒྲུབ་རིག་པ་ནི་འཛམ་གླིང་འདིར་འཕེལ་རྒྱས་བྱུང་ཟིན་པའི་ཐབས་ལམ་ཞིག་ཡིན། ལོ་རྒྱུས་ཀྱིས་མུ་ཁྱུད་ལྟ་བུ་ཞིག་དང་གོ་རིམ་ཅན་གྱི་འཕེལ་རྒྱས་ཤིག་སྟོན་པར་བྱེད། ཧི་གྷལ་གྱིས་ཁོང་གི་རྩོད་སྒྲུབ་རིག་པའི་ཁྲོད་ནས་བདེན་པ་ནི་ཆོས་གང་ཞིག་དེ་ཉིད་ཀྱི་ལྡོག་ཕྱོགས་ཀྱི་ཐབས་ཚུལ་གྱིས་རྟོགས་ནུས་པ་ཡིན་པའི་ངེས་ཤེས་རྙེད། དེ་བས་བཟང་པོ་ནི་ངན་པའི་ལྡོག་ཕྱོགས་དང་བསྡུར་ནས་རྟོགས་པ་ཡིན་ཏེ་ཚ་བ་དང་གྲང་མོ། སྤྱི་ཚོགས་ཀྱང་དེ་བཞིན་ཡིན། ཧི་གྷལ་ལྟར་ན་བདེན་པ་ནི་གནས་ལུགས་དང་ལྡན་པ་ཞིག་ཡིན། གནས་ལུགས་ནི་བདེན་པ་ཡིན།
འཇིག་རྟེན་གྱི་མྱོང་བ་མཐའ་དག་གི་རྒྱུན་རྟག་བརྟན་པ་ཞིག་ཏུ་གནས་ཤིང་དེ་ནི་ངེས་གཏན་གྱི་ཚད་གཞི་ཞིག་ཏུ་བསྐྱོད་ཀྱིན་ཡོད། བསྒྲུབ་བྱ་ དང་དགག་བྱ། ཕྱོགས་བསྡུས། བཅས་ངེས་གཏན་གྱི་རྩ་དོན་ཞིག་གིས་དེ་ཉིད་དབང་དུ་བསྡུས་ཡོད། ཁོང་ལྟར་ན། བསྒྲུབ་བྱ་ནི་ལྐོག་གྱུར་ཡོངས་སུ་ཁྱབ་པར་བྱེད་པའི་བརྗོད་དོན་ཞིག་ལ་གོ་བ་ཡིན། འགལ་འདུ་གླེང་བར་བྱེད་པའི་བརྗོད་དོན་ཞིག་ལ་དགག་བྱ་ཟེར། འགལ་འདུ་ཅན་གྱི་བརྗོད་དོན་དེ་བསྐྱར་བཅོས་སམ་ལེགས་སྒྲིག་བྱས་པའི་གོ་རིམ་གསུམ་པ་དེ་ལ་ཕྱོགས་བསྡུས་ཞེས་བརྗོད་པ་ཡིན་ལ་དེ་ནི་བརྗོད་དོན་གཞན་གཉི་གའི་བསྡུས་གཟུགས་ཤིག་ཡིན། རྩོད་སྒྲུབ་རིག་པའི་བརྒྱུད་རིམ་ཧྲིལ་བོ་མཐོང་ནུས་པ་ཡིན་ཏེ། དེ་ནི་བྱ་སྒོང་བྱུང་བའི་དཔེར་མཚོན་སླ་མོ་ཞིག་གིས་འཇོག་ཆོག བྱ་སྒོང་ལ་ཕྲ་འབུ་དང་ལྡན་པ་དེ་བསྒྲུབ་བྱ་ཡིན། དེ་སྨིན་པར་བྱས་པས་ན་བྱ་སྒོང་གི་རྣམ་པ་དེ་བཅོམ་པར་བྱ། འཇོམས་པར་བྱེད་པའི་བྱེད་ལས་འདིའི་མཇུག་འབྲས་འཆི་ལམ་མ་ཡིན་པར་དེ་ལས་སྔོན་གྱི་རྣམ་པ་དང་གཏན་ནས་མི་འདྲ་བའི་ཚེ་སྲོག་གསར་བ་བྱུང་བ་ཡིན། བྱེའུ་ཕྲུག་ཆུང་ཆུང་ཞིག་སྒོང་ཤུན་ལས་འཇུར་ཡོང་བ་དེ་ནི་ཕྱོགས་བསྡུས་ལྟ་བུ་ཡིན་ནོ།།
ཧི་གྷལ་གྱིས་བསམ་བློའི་སྒྲིག་གཞི་ནི་རང་བྱུང་གི་སྒྲིག་ཁྲིམས་དང་འདྲ་བར་བསྙད། བསྒྲུབ་བྱ་ནི་སྒེར་གཅོད་རིང་ལུགས་ཡིན་ཞིང་དེས་མང་གཙོ་རིང་ལུགས་ལ་འབོད་བརྡ་བཏང་བ་དེ་ནི་དགག་བྱ་ཡིན། དེ་གཉིས་ཀའི་ནང་དུ་གནས་བའི་ཁྲིམས་ཀྱི་དབང་ཆ་དེ་ནི་ཕྱོགས་བསྡུས་ཡིན་ཞེས་ཟེར།
དེ་མིན་ཁོང་གིས་ཁར་ཡེལ་ནང་བཞིན་བསམ་ཤེས་དང་དཔྱོད་གཉིས་ཀྱི་བར་ལ་ཁྱད་པར་ཕྱེ། ཧི་གྷལ་གྱིས་ཆབ་སྲིད་ཀྱི་གནད་དོན་དང་དཀའ་རྙོག་གཞན་དག་སེལ་ཕྱིར་ལོ་རྒྱུས་ཀྱི་དགོས་མཁོ་སྐོར་ལ་ནན་བཤད་བྱས།<<འཛམ་གླིང་ལོ་རྒྱུས་>>ནང་དུ་ཁོང་གིས་ང་ཚོར་གནས་ལུགས་ཀྱི་བརྒྱུད་རིམ་ཞིག་བསྟན་ཡོད། དཔྱོད་ཤེས་ཀྱི་བགྲོད་ལམ་ནས་དེའི་དམིགས་བྱ་བར་དུ་བརྟག་དཔྱད་མང་དག་ཅིག་བྱེད་དགོས་ཡོད། དེ་ནི་ག་ལེར་འཛམ་གླིང་གི་ལོ་རྒྱུས་བརྒྱུད་དེ་འཕེལ་རྒྱས་འགྲོ་ཞིང་མཐར་བདེན་པ་མཐར་ཐུག་ཞིག་ལ་ཐུག་འགྲོ་བར་ཆ་འཇོག་བྱེད། དེ་བས་དཔྱོད་ཤེས་ནི་བདེན་པ་དང་བདེན་ནི་དཔྱོད་ཤེས་ཡིན།
ཁོང་གི་གཞུང་ལུགས་ལས་རྩོད་སྒྲུབ་རིག་པའི་དམིགས་ཡུལ་ལྟེ་བ་ནི་ལོ་རྒྱུས་ཀྱི་གལ་གནད་སྟོན་རྒྱུ་དེ་ཡིན། ཁོང་གིས་རང་ཉིད་ཀྱི་གཞུང་ལུགས་དེ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དེའི་སྒྲིག་འཛུགས་དག་འགྲེལ་བརྗོད་བྱ་ཕྱིར་བསྟན་པར་བརྗོད། ཧི་གྷལ་གྱི་རྒྱལ་ཁབ་དག་ཡོངས་ཁྱབ་ཀྱི་སྒྲིག་གཞི་ཞིག་གི་ཁྲོད་དུ་ཡོད་ཅིང་མི་སྒེར་དག་གིས་རྒྱལ་ཁབ་ཀྱི་བྱེད་སྒོའི་རྣམ་བཞག་སྟོན་པར་བྱེད་པ་ཡིན། དེེའི་ཕྱིར། དུས་ཀྱི་བརྒྱུད་རིམ་ཁྲོད་ཁོང་གི་མཚན་ཉིད་རིག་པ་དང་ལོ་རྒྱུས་ཀྱི་ལྟ་སྟངས་གཉིས་ཀྱི་སྒོ་ནས་ཤུགས་རྐྱེན་བླ་ལྷག་པ་ཞིག་ཐེབས་ཡོད་དོ།།
འདི་ནི་<<ལོ་རྒྱུས་རིག་པ་>>ཞེས་པའི་དཔེ་ཆ་ལས་དུམ་བུ་ཞིག་ཕབ་བསྒྱུར་བྱས་པ་ཡིན་མོད། ཉེས་སྐྱོན་གྱི་ཆ་ཅི་ཡང་མཆིས་སྲིད་ན་མཐོལ་ལོ་བཤགས་ཞེས་ཞུ་སྙིང་འདོད་ལ་མཁྱེན་ལྡན་པ་རྣམ་པས་ཡོ་བསྲང་དང་ལམ་སྟོན་མཛོད་ཅིག་བཅས་སྤྱི་ལོ་༢༠༡༧ ཟླ་ ༡ ཚེས་ ༢ ་ཉིན་ཕྱི་ལུགས་ཀྱི་ལོ་སར་ལེགས་སྐྱེས་ཤིག་གི་དོད་དུ་གྱི་ན་བ་ལྷ་མོ་སྐྱབས་ནས་སྤེལ་ལོ།།
སྤྱི་ལོ་1770 ལོར་ཧི་གྷལ་ནི་ལྷོ་འཇར་མན་གྱི་ཝར་ཁྲིམ་བྷར་གྷི་ནང་དུ་སི་ཊོམགྷར་ཊི་ལ་སྐུ་འཁྲུངས། ཁོང་གི་ཡབ་སྤྱི་ཚོགས་ཞབས་ཞུ་བ་ཞིག་རེད། སློབ་གྲྭའི་དུས་སྐབས་སུ་ཁོང་ནི་སྤྱང་གྲུང་ལྡན་པ་ཞིག་ཡིན། དེ་བཞིན་ཁོང་སློབ་གྲྭའི་བྱ་དགའ་ཡང་ཐོབ་མྱོང་ཡོད་ཅིང་ཏ་པི་ཇན་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་རིག་པ་སྦྱང་བརྩོན་གནང་། ཁོང་གི་གཞོན་དུས་ཧྥ་རན་སིའི་གསར་བརྗེའི་ཤུགས་རྐྱེན་ཐེབས་ཏེ་དེ་ནི་མཚར་སྡུག་ལྡན་པའི་སྐྱ་རེངས་ཤིག་ཏུ་སྨྲས། དུས་སྐབས་དེར་ཁོང་གིས་རོའུ་སོ་ཡི་བརྩམས་ཆོས་དག་དཔེ་ཀློག་བྱས། སྐབས་འགར་ཁོང་གིས་ཟུར་དགེ་ལྟ་བུ་ཞིག་གི་བྱ་བ་བསྒྲུབས་མྱོང་ལ་དེ་གར་ཁོང་གིས་ཡེ་ཤུ་སྟོན་པའི་མཛད་རྣམ་བྲིས། 1801 ལོར་ཁོང་ཇེ་ན་གཙུག་ལག་སློབ་གཉེར་ཁང་གི་གསུང་བཤད་པ་ཆགས་ཤིང་ཁན་ཊི་དང་ལྷན་དུ་འཇལ་འཕྲད་གནང་། ཧི་གྷལ་གྱིས་<<རྣམ་ཤེས་ཀྱི་སྣང་ཚུལ་རིག་པ་>>དང་<<གཏན་ཚིགས་རིག་པ་>>ཞེས་བྱ་བ། <<ཐོབ་ཐང་མཚན་ཉིད་རིག་པ་>>དང་<<ལོ་རྒྱུས་ཀྱི་མཚན་ཉིད་རིག་>>བཅས་མཛད།
ཧི་གྷལ་གྱི་སེམས་གཙོ་རིང་ལུགས་གསར་དུ་བཏོད་ནས་དངོས་སྟོབས་རྩོད་སྒྲུབ་རིག་པའི་མཚོན་ཆ་སྟོབས་ཤུགས་ཅན་ལ་བརྟེན་ནས་འཆར་ཡན་རིང་ལུགས་བརྩམས་ཆོས་རྫོགས་པར་བྱས། སྔོན་གྱི་བསམ་བློ་སྨྲ་བ་ཚོས་རང་བྱུང་བྱ་དངོས་དག་གི་བཀོད་པ་དང་ཀུན་སྤྱོད་ལྷན་དུ་འབྲེལ་ལམ་བསྐྱར་སྒྲིག་བྱ་ཕྱིར་རྩོད་གླེང་ཤུགས་ཆེར་བྱུང་བས་ཧེ་གྷལ་ལ་བགྲོད་ལམ་ཞིག་གཏོད་ཡོད། སཱ་པ་ཡན་ G.H Sabine གྱིས་<<སྲིད་དོན་བསམ་བློའི་ལོ་རྒྱུས་>>ནང་དུ་”ཧི་གྷལ་གྱི་མཚན་ཉིད་རིག་པས་ཧྱུམ་དང་ཁན་ཊིའི་དཔྱད་ཞིབ་ཀྱིས་གང་ལོགས་སུ་དབྱེ་བ་རྣམས་དང་བཅས་པའི་དཔྱོད་ཤེས་ཀྱི་བརྗོད་དོན་རྒྱ་ཆེ་བ་ཞིག་སྩལ་ཡོད། སྒྲིག་གཞི་འདིའི་ལྟེ་བ་ནི་ཤེས་སྟོབས་ཀྱི་ཐབས་ལམ་གསར་བ་ཞིག་བསྐྲུན་པའི་གཏན་ཚིགས་གསར་མ་ཞིག་གིས་མཚོན་པ་ཡིན། འདི་ལ་ཁོང་གིས་རྩོད་སྒྲུབ་རིག་པ་ཟེར། ཧྥ་རན་སིའི་གསར་བརྗེ་ཡིས་ཁོང་གི་ལྟ་སྟངས་བསྒྱུར།
སེ་བྷན་ལ་མཚོན་ན་”ཧི་གྷལ་གྱི་རྩོད་སྒྲུབ་རིག་པ་ཞེས་པ་ནི་དོན་གྱིས་གསར་བརྗེ་དང་གསར་བསྐྲུན་གྱི་མཚོན་དོན་ཞིག་རེད། སྤྱི་ཚོགས་ཁྲོད་དུ་མིའི་རྩོལ་བ་མ་ཡིན་པའི་སྟོབས་ཤུགས་ལྷན་སྐྱེས་པ་དེ་ཡིས་དེའི་ལས་དབང་སྒྱུར་བར་བྱེད་” ཅེས་བརྗོད། ཧི་གྷལ་ཆ་མཚོན་ན་འགྲོ་བ་མིའི་དཔལ་ཡོན་གྱི་འཕེལ་རྒྱས་དྲང་ཐིག་ཅིག་གི་ནང་ཡོད་པ་མ་ཡིན། དེ་ནི་ཀྱག་ཀྱོག་གི་གཡོ་འགུལ་ཞིག་ཏུ་མཆིས། མཚན་ཉིད་རིག་པའི་དམིགས་བྱ་ནི་རང་བྱུང་དང་ཉམས་མྱོང་མཐའ་དག་གི་བྱེད་སྒོ་ཀུན་གྱི་རང་བཞིན་རྟོགས་རྒྱུ་དང་དཔྱོད་ཤེས་ལ་གོ་རྟོགས་ཡོང་རྒྱུ་དེའོ།།
འཇིག་རྟེན་ནི་ཆེས་སྒུལ་ཤུགས་ཅན་ཞིག་ཡིན་ཞིང་མི་འགྱུར་བའི་རང་བཞིན་ཅན་ཞིག་མིན། བརྗོད་དོན་དངོས་ནི་ཡར་རྒྱས་ཀྱི་ཕྱོགས་སུ་ངང་ངམ་ཤུགས་ཀྱིས་བསྐྱོད་པའི་བརྒྱུད་རིམ་ཞིག་དང་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ཞིག་ཡིན། བྱུང་འཕེལ་གྱི་བརྒྱུད་རིམ་ཁྲོད་དུ་འཕེལ་རྒྱས་མ་བྱུང་བའི་ཆ་དེ་ནི་བསེལ་གྲོལ་ལ་བརྟེན་ནས་རྗེས་སུ་ལུས་པ་དག་འཕེལ་རྒྱས་ཅན་དུ་བསྒྱུར་བར་བྱ། དེ་ཡིས་ཆིག་སྒྲིལ་ལམ་གཅིག་གྱུར་དུ་སྒྱུར་བར་བྱེད་ལ་འཕེལ་རྒྱས་བྱུང་བའི་གནས་རིམ་མཐོ་ཤོས་དེ་ནི་དམའ་རིམ་གྱི་གོ་རྟོགས་ལ་རག་ལས་པ་ཡིན། དམའ་རིམ་གྱི་རྣམ་པ་དེ་མཐོ་རིམ་དང་ལྡོག་ཕྱོགས་སུ་ཡོད། ཧི་གྷལ་གྱིས་འཕེལ་འགྱུར་གྱི་བརྒྱུད་རིམ་ཆ་ཚང་ཞིག་ལ་རྩོད་སྒྲུབ་རིག་པའི་མཚན་བྱང་སྩལ། རྩོད་སྒྲུབ་རིག་པ་ཞེས་པའི་ཐ་སྙད་དེ་ཐོག་མར་གྷི་རི་སིའི་བསམ་བློ་བ་དག་དང་སོ་ཧྥི་སི་ཊིའི་ལུགས་འཛིན་པ་རྣམས་ཀྱིས་བཀོད་སྤྱོད་བྱས།
ཧི་གྷལ་ལྟར་ན་རྩོད་སྒྲུབ་རིག་པ་ནི་འཛམ་གླིང་འདིར་འཕེལ་རྒྱས་བྱུང་ཟིན་པའི་ཐབས་ལམ་ཞིག་ཡིན། ལོ་རྒྱུས་ཀྱིས་མུ་ཁྱུད་ལྟ་བུ་ཞིག་དང་གོ་རིམ་ཅན་གྱི་འཕེལ་རྒྱས་ཤིག་སྟོན་པར་བྱེད། ཧི་གྷལ་གྱིས་ཁོང་གི་རྩོད་སྒྲུབ་རིག་པའི་ཁྲོད་ནས་བདེན་པ་ནི་ཆོས་གང་ཞིག་དེ་ཉིད་ཀྱི་ལྡོག་ཕྱོགས་ཀྱི་ཐབས་ཚུལ་གྱིས་རྟོགས་ནུས་པ་ཡིན་པའི་ངེས་ཤེས་རྙེད། དེ་བས་བཟང་པོ་ནི་ངན་པའི་ལྡོག་ཕྱོགས་དང་བསྡུར་ནས་རྟོགས་པ་ཡིན་ཏེ་ཚ་གདུག་དང་གྲང་ངར། སྤྱི་ཚོགས་ཀྱང་དེ་བཞིན་ཡིན། ཧི་གྷལ་ལྟར་ན་བདེན་པ་ནི་གནས་ལུགས་དང་ལྡན་པ་ཞིག་ཡིན། གནས་ལུགས་ནི་བདེན་པ་ཡིན། འཇིག་རྟེན་གྱི་མྱོང་བ་མཐའ་དག་གི་རྒྱུན་རྟག་བརྟན་པ་ཞིག་ཏུ་གནས་ཤིང་དེ་ནི་ངེས་གཏན་གྱི་ཚད་གཞི་ཞིག་ཏུ་བསྐྱོད་ཀྱིན་ཡོད། བསྒྲུབ་བྱ་ དང་དགག་བྱ། ཕྱོགས་བསྡུས། བཅས་ངེས་གཏན་གྱི་རྩ་དོན་ཞིག་གིས་དེ་ཉིད་དབང་དུ་བསྡུས་ཡོད། ཁོང་ལྟར་ན། བསྒྲུབ་བྱ་ནི་ལྐོག་གྱུར་ཡོངས་སུ་ཁྱབ་པར་བྱེད་པའི་བརྗོད་དོན་ཞིག་ལ་གོ་བ་ཡིན། འགལ་འདུ་གླེང་བར་བྱེད་པའི་བརྗོད་དོན་ཞིག་ལ་དགག་བྱ་ཟེར། འགལ་འདུ་ཅན་གྱི་བརྗོད་དོན་དེ་བསྐྱར་བཅོས་སམ་ལེགས་སྒྲིག་བྱས་པའི་གོ་རིམ་གསུམ་པ་དེ་ལ་ཕྱོགས་བསྡུས་ཞེས་བརྗོད་པ་ཡིན་ལ་དེ་ནི་བརྗོད་དོན་གཞན་གཉི་གའི་བསྡུས་གཟུགས་ཤིག་ཡིན། རྩོད་སྒྲུབ་རིག་པའི་བརྒྱུད་རིམ་ཧྲིལ་བོ་མཐོང་ནུས་པ་ཡིན་ཏེ། དེ་ནི་བྱ་སྒོང་བྱུང་བའི་དཔེར་མཚོན་སླ་མོ་ཞིག་གིས་འཇོག་ཆོག བྱ་སྒོང་ལ་ཕྲ་འབུ་དང་ལྡན་པ་དེ་བསྒྲུབ་བྱ་ཡིན། དེ་སྨིན་པར་བྱས་པས་ན་བྱ་སྒོང་གི་རྣམ་པ་དེ་བཅོམ་པར་བྱའོ།། འཇོམས་པར་བྱེད་པའི་བྱེད་ལས་འདིའི་མཇུག་འབྲས་འཆི་ལམ་མ་ཡིན་པར་དེ་ལས་སྔོན་གྱི་རྣམ་པ་དང་གཏན་ནས་མི་འདྲ་བའི་ཚེ་སྲོག་གསར་པ་ཞིག་འཁྲུངས། བྱེའུ་ཕྲུག་ཆུང་ཆུང་ཞིག་སྒོང་ཤུན་ལས་འཇུར་ཡོང་བ་དེ་ནི་ཕྱོགས་བསྡུས་ལྟ་བུ་ཡིན་ནོ།།
ཧི་གྷལ་གྱིས་བསམ་བློའི་སྒྲིག་གཞི་ནི་རང་བྱུང་གི་སྒྲིག་ཁྲིམས་དང་འདྲ་བར་བསྙད། བསྒྲུབ་བྱ་ནི་སྒེར་གཅོད་རིང་ལུགས་ཡིན་ཞིང་དེས་མང་གཙོ་རིང་ལུགས་ལ་འབོད་བརྡ་བཏང་བ་དེ་ནི་དགག་བྱ་ཡིན། དེ་གཉིས་ཀའི་ནང་དུ་གནས་བའི་ཁྲིམས་ཀྱི་དབང་ཆ་དེ་ནི་ཕྱོགས་བསྡུས་ཡིན་ཞེས་ཟེར།
དེ་མིན་ཁོང་གིས་ཁར་ཡེལ་ནང་བཞིན་བསམ་ཤེས་དང་དཔྱོད་གཉིས་ཀྱི་བར་ལ་ཁྱད་པར་ཕྱེ། ཧི་གྷལ་གྱིས་ཆབ་སྲིད་ཀྱི་གནད་དོན་དང་དཀའ་རྙོག་གཞན་དག་སེལ་ཕྱིར་ལོ་རྒྱུས་ཀྱི་དགོས་མཁོ་སྐོར་ལ་ནན་བཤད་བྱས།<<འཛམ་གླིང་ལོ་རྒྱུས་>>ནང་དུ་ཁོང་གིས་ང་ཚོར་གནས་ལུགས་ཀྱི་བརྒྱུད་རིམ་ཞིག་བསྟན་ཡོད། དཔྱོད་ཤེས་ཀྱི་བགྲོད་ལམ་ནས་དེའི་དམིགས་བྱ་བར་དུ་བརྟག་དཔྱད་མང་དག་ཅིག་བྱེད་དགོས་ཡོད། དེ་ནི་ག་ལེར་འཛམ་གླིང་གི་ལོ་རྒྱུས་བརྒྱུད་དེ་འཕེལ་རྒྱས་འགྲོ་ཞིང་མཐར་བདེན་པ་མཐར་ཐུག་ཞིག་ལ་ཐུག་འགྲོ་བར་ཆ་འཇོག་བྱེད། དེ་བས་དཔྱོད་ཤེས་ནི་བདེན་པ་དང་བདེན་ནི་དཔྱོད་ཤེས་ཡིན།
ཁོང་གི་གཞུང་ལུགས་ལས་རྩོད་སྒྲུབ་རིག་པའི་དམིགས་ཡུལ་ལྟེ་བ་ནི་ལོ་རྒྱུས་ཀྱི་གལ་གནད་སྟོན་རྒྱུ་དེ་ཡིན། ཁོང་གིས་རང་ཉིད་ཀྱི་གཞུང་ལུགས་དེ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དེའི་སྒྲིག་འཛུགས་དག་འགྲེལ་བརྗོད་བྱ་ཕྱིར་བརྗོད། ཧི་གྷལ་གྱི་རྒྱལ་ཁབ་དག་ཡོངས་ཁྱབ་ཀྱི་སྒྲིག་གཞི་ཞིག་གི་ཁྲོད་དུ་ཡོད་ཅིང་མི་སྒེར་དག་གིས་རྒྱལ་ཁབ་ཀྱི་བྱེད་སྒོའི་རྣམ་བཞག་སྟོན་པར་བྱེད་པ་ཡིན། དེེའི་ཕྱིར། དུས་ཀྱི་བརྒྱུད་རིམ་ཁྲོད་ཁོང་གི་མཚན་ཉིད་རིག་པ་དང་ལོ་རྒྱུས་ཀྱི་ལྟ་སྟངས་གཉིས་ཀྱི་སྒོ་ནས་ཤུགས་རྐྱེན་བླ་ལྷག་པ་ཞིག་ཐེབས་ཡོད་དོ།།
འདི་ནི་<<ལོ་རྒྱུས་རིག་པ་>>ཞེས་པའི་དཔེ་ཆ་ལས་དུམ་བུ་ཞིག་ཕབ་བསྒྱུར་བྱས་པ་ཡིན་མོད། ཉེས་སྐྱོན་གྱི་ཆ་ཅི་ཡང་མཆིས་སྲིད་ན་མཐོལ་ལོ་བཤགས་ཞེས་ཞུ་སྙིང་འདོད་ལ་མཁྱེན་ལྡན་པ་རྣམ་པས་ཡོ་བསྲང་དང་ལམ་སྟོན་མཛོད་ཅིག་བཅས་སྤྱི་ལོ་༢༠༡༧ ཟླ་ ༡ ཚེས་ ༤ ་ཉིན་ཕྱི་ལུགས་ཀྱི་ལོ་སར་ལེགས་སྐྱེས་ཤིག་གི་དོད་དུ་གྱི་ན་བ་ལྷ་མོ་སྐྱབས་ནས་སྤེལ་ལོ།།