ཁྲོ་གཏུམ།
སྐད་དང་ཡུལ་སྲོིལ་གྱིས་བཙན་འཛུལ་བྱེད་སའི་མཁའ་དབུགས་སུ
ངའི་རྐང་པའི་གོམ་ཁ་འཁྱར་མ་འཁྱོར
ངའི་མགོ་རྣའི་ལ་རྒྱ་བདེན་མ་བདེན
དལ་བུར་བསྐྱོད་ཅིང་ཤུགས་ཀྱིས་ལྡིང་བའི་སྙིང་གི་འཕར་རྩ
ངས་འབྲོང་གི་ཕ་ས་ནས་བྱིས་དུས་ཀྱི་རྩེད་ཆས
གཞོན་དུས་ཀྱི་རྩེད་རོགས་དགོད་རོགས
ཡུལ་སྲོལ་གཤིས་ཀར་འཁོར་བའི་ངའི་ལས་དབང་གི་དབྱངས
ཡོད་ཚད་ས་མཐའི་རྨི་ལམ་ངོས་སུ་འཁྲིད་ཅིང
ས་མཐའ་ནས་ལོ་ཟླའི་འཁོར་མོ་གདོང་ངོས་སུ་ཕབ་ཞོར
འཛམ་གླིང་གི་ཉི་འོད་ཅིག
གོ་ལའི་འཛུམ་མདངས་ཤིག
འཇིག་རྟེན་གྱི་སྒྲོན་མེ་གཅིག
ངའི་ཉན་ས་དང་ལྟ་སའི་ཡིད་ཁོངས་ཀྱི་བདེ་བ་ཡིན
ས་མཐའི་འཁོར་ཡུག་ལ་སེམས་པའི་རྒྱབ་རི་ཡོད་ཙང
ངའི་ལས་དབང་གི་འཁོར་ལོ་བར་མེད་འཁོར་ཞིང
དུས་རབས་ཀྱི་མིག་ཟུང་ལ་བློ་འདྲི་ཆོག
ཕྱི་ལོ་ ༢༠༡༨ ཟླ་ ༠༡ ཚེས་ ༢༢ ཉིན།