བོད ལྷ་ཀླུ་གཉན་གསུམ།
སྤྱིར་བཏང་བོད་ཀྱི་མཛངས་མ་ཟེར་བའི་ལས་གཞི་འདི་འགོ་བཙུགས་མ་ཐག བཀའ་བློན་ཁྲི་བས་ཀྱང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ལ། མི་མང་གིས་ཀྱང་གཏན་ནས་འདོད་བློ་མེད་ཚུལ་ཤུགས་ཆེན་གླེང་བ་ལ་བརྟེན་ནས་ད་ལྟའི་ བར་དུ་བློ་བཟང་དབང་རྒྱལ་ལགས་ཀྱི་ལས་གཞི་འདི་ལ་ལམ་ལྷོངས་ཡག་པོ་ཞིག་གཏན་ནས་ བྱུང་མེད། རྒྱུ་མཚན་ནི་ཆ་ཤས་ལེན་མཁན་གྱི་བོད་ཀྱི་བུད་མེད་ཀྱི་གྲངས་ཀ་ཉུང་བ་ནས་དེ་ཡང་ སྤུས་ཀ་ཡོད་པ་ཞིག་གཏན་ནས་བྱུང་མེད་པ་ཡིན།
གལ་སྲིད། ལས་གཞི་གང་ཞིག་ཡིན་ཡང་བཟང་ངན་དང་ལེགས་པའི་ཆ་གང་ཡོད་དེ་ལ་ལས་གཞི་དེ་རྩོམ་ མཁན་གྱི་འགན་ཡོངས་རྫོགས་འཁུར་དགོས་པ་དང་དེ་ལ་སྔོན་དཔག་གི་བསམ་བློ་ཞིག་ཀྱང་ མེད་དུ་མི་རུང་བ་ཡིན་ལ། བློ་བཟང་དབང་རྒྱལ་ཁོ་རང་ལ་ཡང་བསམ་བློའི་སྔོན་དཔག་དང་ལས་གཞི་དེ་འགན་ཡོངས་སུ་ འཁུར་བའི་སྤོབས་པ་ཞིག་ཏན་ཏན་ཡོད་ངེས་ཡིན། དེ་འདྲ་ཞིག་མིན་ན་ལས་གཞི་འདི་ད་ལྟའི་བར་དུ་གནས་ཐུབ་མི་ཡོང་།
ང་ཚོས་གསལ་བོ་ཞིག་ཤེས་དགོས་པ་དེ་ནི་བོད་ཀྱི་མཛངས་མ་འཚོལ་གྱི་ཡོད་པ་ ལས། མི་རིགས་གཞན་གྱི་མཛངས་མ་ཞིག་གཏན་ནས་འཚོལ་གྱི་མེད་ངེས་ཡིན། དེ་ཡིན་དུས་མི་རིགས་གང་ཞིག་གི་མཛངས་མ་འཚོལ་བ་མ་མཐའི་ཆ་རྐྱེན་དང་བོ་དེ་ནི་ མི་རིགས་དེ་ཡི་སྐད་ལ་བྱང་ཆ་ཡོད་པ་ཞིག་ཡིན་དགོས་ལ། དེ་མེད་པ་ཡིན་ན་མི་རིགས་དེ་ཡི་མཛངས་མའི་འགྲན་བསྡུར་གྱི་ཆ་ཤས་གཏན་ནས་ཐོབ་མི་ རུང་བར་འདོད། དེ་ཡིན་དུས་བོད་སྐད་མི་ཤེས་པའི་མཛངས་མ་ཞིག་ལ་བོད་ཀྱི་མཛངས་མའི་མིང་ཞིག་གཏན་ ནས་སྟེར་མི་རུང་བ་ཡིན་ལ། དེ་རིགས་ནི་ལས་གཞི་འདི་སྤེལ་མཁན་གྱི་འགན་འཁུར་དགོས་པ་ཡིན།
བོད་ཀྱི་མཛངས་མའི་འགྲན་བསྡུར་ཡིན་པ་ལས། བོད་ཀྱི་མཛེས་མའི་འགྲན་བསྡུར་ཡང་མིན་པ་དང་བོད་ཀྱི་མཛངས་མ་ཞིག་ལ་བོད་ཀྱི་རང་ གི་སྐད་ཡིག་རྨིང་གཞི་དངོས་ནས་མེད་དུ་མི་རུང་བ་དེ་ནི་ཅིས་ཀྱང་མེད་དུ་མི་རུང་ བ་དང་ཅིས་ཀྱང་ཤེས་དགོས་པའི་གནད་འགག་དུ་ངེས་འཛིན་བྱེད་རྒྱུར་བོད་རིགས་སྤུན་ ཟླ་ཡོངས་ལ་འབོད་སྐུལ་ཞུས་པ་ཡིན།
ངའི་བསམ་ཚུལ་དེ་ག་རང་ཡིན།
Dear Tibetans,Wisdom Light Trust(NGO)is going to collect the brief bio data of Tibetan scholars from in side and out side tibetan communities ,so please forward the bio data of tibetan professional ,specialized and experts/sholars if you know and if you are one of them.thanks for your act as we wish. for detail information Please visit at http://www.wisdomlighttrust.webs.com
བོད་ཀྱི་མཛངས་མའི་འགྲན་བསྡུར་དགོས་བགྱིད་ཡོད་མེད་མི་ཤེས་ཀྱང་། བོད་ཀྱི་མཛེས་མའི་འགྲན་བསྡུར་ངེས་པར་དགོས་འདུག་གོ །
ད་བར་དུ་བློ་བཟང་དབང་རྒྱལ་ལགས་ནས་མཛངས་མ་ཡིན་ནམ་མཛེས་མ་ཡིན་ན་དེ་མང་བོ་ཞིག་བསྡམས་ཚར་བ་རེད། ཡིན་ནའང་དེའི་ནང་ན་མཛངས་མ་ཟེར་ན་མི་འགྲིག་རྒྱུ་མེད་པའི་བུ་མོ་གཅིག་ལས་ཡོད་ནི་མ་རེད།
ད་བར་ངེད་ཚོ་ལ་བོད་ཀྱི་མཛངས་མའི་ལས་དོན་འདིའི་བོད་དོན་ཐད་དུ་གྲུབ་འབྲས་ཐོན་ཡོད་དམ། སྤུན་ཟླ་ཚོ། ཁྱེད་ཅག་གིས་ག་རེ་དགོངས་ཀྱི་འདུག་གམ།
བཞིན་ཚིག་རྣམ་འགྱུར་སྐྱུར་མོ་སྟོན་ན་ཡང།
ཐུགས་ཀྱི་གཏད་སོ་དེ་ལས་གཞན་དུ་མིན།
ཤག་ཐུབ་གཤེན་རབ་ལས་སོགས་སྐྱེས་འཕགས་ཡོངས།
ཐམས་ཅད་འབྱུང་གནས་དག་ལ་དམོད་རུང་ངམ།
འདི་ནི་དྲང་པོའི་གཏམ་ལས་ཕྱི་ནང་མིན།
འོན་ཀྱང་སྐྱེ་ལུས་འདི་ན་བསམ་ཀྱང་བསྐལ་བ་དབེན།
ཉེར་གཅིག་གསར་པའི་དུས་ཀྱི་འགྱུར་འགྲོས་ལ།
ཉི་ཤར་སྤར་མོས་འགེབ་རེ་བྱིས་པའི་ཡིད།
གསར་པའི་བྱ་བར་ཐོག་མར་ཀུན་གྱིས་སྨོད།
མི་རིང་དགེ་ཆོས་ཇི་བཞིན་ཀུན་གྱིས་བསྔགས།
དེ་ལྟར་བློ་བཟང་དཔའ་བོ་ཁྱོད་ཀྱང་བཟོད་སྒོམ་བགྱི།
ཐོལ་བྱུང་དུ་སྨྲས་སོ།་
བོད་ཀྱི་མཛངས་མ་ཟེར་བའི་མིང་འདི་བཙན་བྱོལ་བོད་ཀྱི་མཛངས་མ་ཟེར་ནས་མིང་བརྗེ་བོ་བརྒྱག་ཐུབ་པ་ཡིན་ན་དངོས་ནས་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་མཐོང་གི་འདུག སྤུན་ཟླ་ཁྱེད་ཅག་གིས་གཟིགས་ཚུལ་གང་འདྲ་ཡིན་ནམ།
བོད་ཀྱི་མདྷཛངས་མ་ཞེས་བརྗོད་ན་ཅི་ཞིག་སྐྱོན་ཡོད་དམ།
ངས་ལྟས་ན་བརྩན་བྱོལ་བོད་གཞུང་འདི་ནི་བོད་ཀྱི་གཞུང་ཞེས་བརྗོད་དགོས་པ་རེད།་
འདི་ནི་བོད་ཀྱི་དབུ་ཁྲིད་དང་བཀའ་སྤྱི་འདུས་པའི་གཞུང་ཞིག་ཡིན་པས་དེ་ལ་ངེས་པར་དུ་བོད་ཀྱི་གཞུང་ཞེས་བརྗོད་ན་འགྲིག་་་འདི་ནི་བོད་ཕྱི་ནང་གཉིས་ཀའི་ངོ་ཚབ་ཞིག་ཡིན་པ་རེད།
དེ་བཞིན་བོད་ཀྱི་མཛངས་མའམ་བོད་ཀྱི་མཛངས་མའི་འགྲན་འདུར་ཞེས་བརྗོད་ན་ལེགས།
བོད་ཀྱི་མཛངས་མའི་འགྲན་འདུར་འདི་ཡིས་བརྒྱུད་ནས་བོད་དོན་སྐོར་ལ་དྲིལ་བསྒྲགས་ཤུགས་ཆེན་པོ་ཞིག་བྱུང་ཡོད་བསམ།
ངོས་རང་ཨ་རི་ཡི་houston་ལ་ཡོད་སྐབས་ཞིག་ལ་ཨ་རི་བ་མང་པོ་ཞིག་གིས་བོད་དོན་སྐོར་གསར་འགྱུར་ཌྷའདི་ཡིས་བརྒྱུད་ནས་ཤེས་རྟོགས་ཐུབ་པ་མཐོང་སོང།
དཔེར་ན།་bbc ལས་སོགས་གསར་འགྱུར་མང་པོའི་ནང་དུ་ཐོན་པ་མཐོང་དེ་ཡང་བོད་དོན་སྐོར་ལ་དྲིལ་བསྒྲགས་དང་བོད་ཀྱི་སྐོར་མི་རྣམས་ཀྱི་ཤེས་རྟོགས་འབྱུང་རྒྱུའི་རྒྱུ་རྐྱེན་བྱས་པ་རེད་བསམ
་
མཛངས་མའི་ཆ་རྐྱེན་གལ་ཆེན་ཞིག་ལ་བོད་སྐད་དང་བོད་ཡིག་འབྲི་ཀློག་བཅད་ངེས་པར་ཡོད་ན་གཞོན་སྐྱེས་ཚོར་བག་ཆགས་ཏོག་ཙམ་བཞག་ཐུབ་རེད་སྙམ།